Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁམས་བྲག་འགོའི་དམར་གསོད་དོན་རྐྱེན་ཐད་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།

Posted on 2012-01-23 By ཤར་ཕྱོགས་ཁུག་རྟ། 17 Comments on ཁམས་བྲག་འགོའི་དམར་གསོད་དོན་རྐྱེན་ཐད་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།

༢༠༡༢ ཟླ་ ༡ ཚེས་ ༢༣ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན། ཁམས་བྲག་འགོ་རྫོང་ཐོག་ཏུ་བོད་རིགས་ཕོན་ཆེ་འདུ་འཛོམས་ཐོག་བོད་ལ་རང་དབང་དགོས་ ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། རྒྱ་གཞུང་གིས་ཉེན་རྟོག་པས་མང་ཚོགས་ལ་མེ་མདའ་བརྒྱབ་སྟེ། མི་ཁ་ཤས་བསད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། གནས་ཚུལ་ཡོང་ཁུངས་གཞན་དུ་མི་དྲུག་བསད་ཡོད་པའི་གནས་ཚུལ་ཐོན་ཡོད། འདས་གྲོངས་ཕྱིན་པའི་མི་གཅིག་གི་མིང་ལ་ཡོན་ཏན་ཟེར་བ་དང་། མི་སྐྱ་ཡིན་འདུག་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ད་དུང་གསལ་ཁ་མི་འདུག་ལ། གཞན་རྣམས་ཀྱི་གནས་ཚུལ་ད་དུང་རག་སོན་མ་བྱུང་ཞིང་། ས་གནས་སུ་བོད་མི་བརྒྱ་ཕྲག་དུ་མ་འཛིན་བཟུང་བྱས་ཡོད་སྐད།

དེ་བཞིན་དུ་མདོ་སྨད་དྷི་ཚ་དགོན་པའི་དགེ་བཤེས་དགུང་ལོ་ ༤༧ ཅན་ཚུལ་ཁྲིམས་རྒྱ་མཚོ་ལགས་ཆབ་སྲིད་ལ་བསྙད་བཏགས་འཛིན་བཟུང་བཀག་བསྐྱིལ་སྐབས་ གཅར་རྡུང་ཚོད་མེད་བཏང་སྟེ། རང་ཁྱིམ་དུ་གློད་གྲོལ་གྱིས་ཟླ་བ་གཉིས་རིང་སྨན་གཏུགས་ཅི་ཙམ་བྱས་ཀྱང་ནད་ངོ་མ་ ཟིན་པར་ཕྱི་ཚེས་ ༢༢ ཉིན་གློ་བུར་རང་ཁྱིམ་དུ་དགོངས་པ་རྫོགས་འདུག

བྲག་འགོའི་དམར་གསོད་དོན་རྐྱེན་གྱི་དུས་ཚེས་ནི་རྒྱ་ནག་གི་དཔྱིད་གསར་དུས་ ཆེན་ཏེ། ལོ་གསར་འཁེལ་ཡོད་པ་དང་། ཕྱི་ལོ་༢༠༠༩ ལོར་བོད་མི་གཅིག་དང་། ༢༠༡༡ ལོར་བོད་མི་ ༡༢ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ཟླ་ངོ་ཁ་མ་གང་བའི་དུས་ཚོད་ནང་བོད་མི་བཞི་ཡིས་སྔ་རྗེས་སུ་རང་ལུས་མེར་ བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་ཡོད་ཅིང་། རྒྱ་ནག་རྒྱལ་ཡོངས་སུ་ལོ་གསར་གྱི་སྤྲོ་དགར་རོལ་བཞིན་པའི་སྐབས་འདིར། འགོ་ལོག་དར་ལག རྔ་བ། བྲག་འགོ་སོགས་སུ་དྲག་ཆས་ཉེན་རྟོག་པ་དང་དམག་མིའི་དམ་དྲག་གིས་སྲོག་ནམ་འཕྲོག་ མི་ཤེས་པའི་འཇིགས་དངངས་འོག་ལུས་ཡོད།

གང་ན་གཉའ་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོང་རྒྱུ་ཡིན་པ་ཆོས་ཉིད་ཡིན་ཞིང་། ད་ལྟའི་ཆར་རྒྱ་གཞུང་གི་བྱེད་བབ་ནི། འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དང་། རྒྱ་ནག་གི་རྩ་ཁྲིམས་ལ་ལྟོས་མེད་ཀྱིས། དྲག་གནོན་འབུར་འཇོམས་བྱེད་རྐྱང་དང་། བོད་མི་ངོ་རྒོལ་བྱེད་མཁན་གང་ན་སུ་བྱུང་ལ་བསད་བཟུང་བྱེད་པ་མ་ཟད། ད་དུང་དེ་དག་གི་མི་གཤིས་ལ་དམའ་འབེབས་དང་། བསྙོན་འཛུགས་ཅི་རིགས་ཀྱིས་ཞི་རྒོལ་དོན་རྐྱེན་གྱི་ངོ་བོ་ཁ་བསྒྱུར་གྱི་བྱེད་ སྟངས་སྐྱུག་བྲོ་བོ་ཞེ་ཅིག་རྩོམ་བཞིན་ཡོད།

ད་ནི་རྒྱ་གཞུང་གིས་ད་བར་ཞི་རྒོལ་ལས་འགུལ་རིམ་བྱུང་གི་འབྱུང་རྐྱེན་ལ་གཟུ་ བོའི་སྒོ་ནས་བརྩད་ཞིབ་དང་། བོད་མིའི་ཁྲིམས་མཐུན་ལུགས་མཐུན་གྱི་དགོས་འདུན་ཁག་ལ་བསམ་ཞིབ་བྱ་རྒྱུའི་དུས་ ལ་བབས་ཡོད་པ་དང་། དེའི་ཆེད་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་དང་གསར་འགོད་པ་སོགས་ ས་གནས་སུ་དངོས་དོན་རྟོག་ཞིབ་ཏུ་འགྲོ་རུ་འཇུག་དགོས་པའི་འབོད་སྐུལ་ནན་ཏན་ཞུ་ རྒྱུ་དང་།

རང་དབང་ཡུལ་གྲུའི་རྒྱལ་ཁབ་ཁག་ནས་རྒྱ་གཞུང་ལ་བོད་མིའི་ཐོག་ཡོངས་ཁྱབ་འགྲོ་ བ་མིའི་ཐོབ་ཐང་དང་། རྒྱ་ནག་གི་རྩ་ཁྲིམས་སུ་འགན་ལེན་བྱས་པའི་ཐོབ་ཐང་ཁག་ལག་ལེན་དོན་འཁྱོལ་དགོས་ པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ལ།།

གསར་འགྱུར།

Post navigation

Previous Post: གལ་ཆེའི་རྩོམ་ཡིག་བསྡུ་བའི་གསལ་བསྒྲགས།
Next Post: དྷཱིཿཚ་དགོན་ཆེན་གྱི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་སྐུ་གྲོངས་པ།

Comments (17) on “ཁམས་བྲག་འགོའི་དམར་གསོད་དོན་རྐྱེན་ཐད་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།”

  1. མདའ་ཚན་པ། says:
    2012-01-23 at 2:24 pm

    དུས་ཐོག་གསར་གནས་མཁོ་སྤྲོད་གནང་བ་ཐུགས་རྗེ་ཆེ།

  2. མི་རྐང་གླིང་བུ། says:
    2012-01-23 at 2:54 pm

    གསང་བ་བྱེད་དགོས་པའི་གནད་འགག་ག་རེ་རེད། སྤྱི་རྒྱུ་སྒེར་བདག་དང་ལག་འབྲེལ་ཡོད་པ་མ་རེད་དམ།

  3. ཅོ་རི་ཉི་མ། says:
    2012-01-23 at 3:55 pm

    ངོ་མ་བསམ་བློ་ཞིབ་ཏུ་བཏང་ན་བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་ལུས་མེར་བསྲེགས་བཏང་ནས་ངོ་རྒོལ་བྱས། བྱས་པ་དེ་དག་འཛམ་གླིང་གི་ཐོག་ཏུ་ཁྱབ། དེ་ལ་འགྲེལ་བཤད་རིང་ཐུང་སྣ་ཚོགས་ཤིག་བརྒྱབ་དང་རྒྱབ་བཞིན་པ་རེད། ཁ་ཅིག་གིས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་འུ་ཐུག་ནས་བྱས་པ་རེད་ཟེར། དེ་ཡང་གུང་ཁྲན་ཏང་གིས་དྲག་གནོན་བྱས་དང་བྱེད་བཞིན་པ་ལ་བརྟེན་ནས་བྱུང་བ་རེད་ཅེས་ཁ་བདེ་བདེ་དང་མགོ་མཁས་མཁས་ཀྱི་བཤད།
    འདིའི་ལུགས་སུ་བལྟས་ན་གུང་ཁྲན་ཏང་གིས་དྲག་གནོན་མ་བྱས་ན་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་མི་བྱས་པ་ཤུགས་བསྟན་བྱས་པ་འདིར་བདེན་ན་རང་ལུས་མེར་བསྲེགས་པའི་རྒྱལ་གཅེས་པ་ཚོའི་འབོད་སྒྲ་དང་ཁ་ཆེམས་ནང་དུ་གུང་ཁྲན་ཏང་གིས་དྲག་གནོན་བྱས་པས་རང་ལུས་མེར་བསྲེགས་པ་ཡིན་ཞེས་གོ་རྒྱུ་དང་མཐོང་རྒྱུ་མེད་དོན་གང་ཡིན་ནམ་ཞེས་པའི་དྲི་བ་ཞིག་བསླེབས་ཡོད།

    ཡང་ཁ་ཅིག་གིས།

    རང་ལུས་མེར་བསྲེགས་པའི་རྒྱལ་གཅེས་པ་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་བཀྲ་བྷེ་རྣམ་གཉིས་ཀྱི་མཚན་དུས་དབང་སྐབས་སུ་མ་བསྒྲགས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད། རྒྱལ་གཅེས་པ་ཁོང་རྣམ་པ་གཉིས་རྩ་བ་ཆེན་པོ་ཡིན་པར་བདེན་ན་ཁོང་རྣམ་པ་གཉིས་ཀྱི་སྙིང་ཤ་མེ་ཡིས་ཚུག་པའི་སྙིང་ཁུང་གི་འབོད་སྒྲ་བོད་རང་དབང་རང་བཙན་དང་༧གོང་ས་མཆོག་བོད་ཀྱི་མི་རྗེ་རྒྱལ་ཁང་པོ་ཏ་ལའི་ནང་དུ་གདན་འདྲེན་ཞུ་དགོས་པ་འདིར་རེད། འདི་ནི་ཀུན་གླེང་དང་བོད་ཡིག་གི་གསར་ལམ་ཁག་ཏུ་ཞིབ་འཇུག་པ་ཚོས་བསྒྲགས་ཀྱི་མེད། གཞན་དག་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་བསྒྲགས་བསྡད་ཀྱི་འདུག

    ཅིའི་ཕྱིར་་་མི་རབས་ནས་མི་རབས་རྒྱལ་གཅེས་པ་ཚོའི་སྙིང་ཁུང་གི་འབོད་སྒྲ་ལ་མཐོང་ཆུང་བྱས་པ་ཡིན་ནམ། རང་ལུས་མེར་བསྲེགས་པའི་རྒྱལ་གཅེས་པ་ཚོས་རང་སྲོག་བློས་བཏང་གནང་ཡང་ཁོང་རྣམས་པའི་རེ་འདུན་དང་འབོད་སྒྲ་ལ་རིན་ཐང་མི་བརྩི་བ་དང་། ཡིད་ཆེས་མི་བྱས་པ། རྒྱབ་སྐྱོར་མི་བྱས་པ་ཡིན་ནམ། ཁོང་རྣམས་པ་ལས་ལྷག་པའི་སྙིང་སྟོབས་ཆེན་བའི་མི་ཞིག་བོད་མི་རིགས་ནང་དུ་སུ་ཡོད། སྙིང་སྟོབས་ཡོད་པའི་མིའི་འབོད་སྒྲ་ལ་ཡིད་ཆེས་མ་བྱས། འཐབ་རྩོད་ཐུབ་པའི་མིའི་ལམ་ཕྱོགས་ལ་འགྲོ་རོགས་མ་བྱེད། བློས་བཏང་ཐུབ་པའི་མིའི་རེ་འབོད་ལ་རིན་ཐང་མ་བརྩིས་ན་བོད་མི་རིགས་འདི་ལ་མཇུག་འབྲས་ངན་པ་ག་འདྲ་ཞིག་སླེབས་མི་ཡོང་ངམ་ཞེས་པའི་དྲི་བ་ཞིག་ཀྱང་བསླེབས་ཡོད།

    རང་ལུས་མེར་བསྲེགས་བཏང་ནས་བོད་རང་བཙན་རྩོད་དགོས་པའི་དགོས་འདུན་སྟོན་ཡང་མོས་མཐུན་མ་བྱས། རང་ཉིད་བློས་བཏང་ནས་རང་བཙན་འབོད་ཀྱང་ཡིད་ཆེས་མ་བྱས། རང་གི་སྙིང་ཤ་མེར་བསྲེགས་ནས་བོད་རང་བཙན་ཡིན་ཞེས་འབོད་ཀྱང་དོ་སྣང་མ་བྱས། རང་ཉིད་ཀྱི་བདེ་སྐྱིད་བློས་བཏང་བྱས་ནས་བོད་རང་བཙན་འབོད་ཀྱང་དཔང་རྟགས་མ་འགྲིགས། འོ་ན་མགོ་འཁྲེགས་པ་འདི་ཚོ་ལ་བོད་མི་རིགས་ཀྱི་སྙིང་ཁུང་གི་དགོས་འདུན་རང་དབང་རང་བཙན་དང་༧གོང་ས་མཆོག་རྒྱལ་ཁང་པོ་ཏ་ལའི་ནང་དུ་འདྲེན་ཞུ་དགོས་པ་འདིར་ངོས་ལེན་ཡང་ཐབས་ག་འདྲ་བྱེད་ན་བཟང་ངམ། ལས་རྒྱུ་འབྲས་ནི་མེད། ཤ་ཚ་སྙིང་རྗེ་ནི་མེད། ངོ་ཚ་རྒྱུ་ནི་མེད། མགོ་འཁྲེགས་འདི་ཚོའི་ཀླད་པ་ཅི་འདྲ་བྱེད་ན་སྒྱུར་ཐུབ་བམ། གཅིག་གསུང་དང་སྤུན་ཟླ་ཚོ།།

  4. ཅོ་རི་ཉི་མ། says:
    2012-01-23 at 4:00 pm

    སྤྱི་འཐུས་རྒྱུན་ལས་རྣམས་པ་ལགས་་་དེ་རིང་གི་གནས་ཚུལ་ལ་ལོག་འགྲེལ་བརྒྱབས་འདུག་་་བྲག་འགོ་རྫོང་ཐོག་གི་ངོ་རྒོལ་བས་གུན་ཁྲན་ཏང་གི་འོག་བསྡད་འདོད་མེད་ཅེས་སྐད་འབོད་གནང་འདུག ཐུགས་རྗེ་གཟིགས་་་་ལོག་འགྲེལ་མ་རྒྱབ་རོགས་ཀྱིས་་་་་སྙིང་ནས་ཞུ་བ་ཕུལ་གྱི་ཡོད། གསན་ཚུལ་ཆ་ཚང་བཀོད་རོགས་ཀྱིས།

  5. འཇིགས་མེད། says:
    2012-01-23 at 5:44 pm

    བོད་ནང་གི་བོད་མི་ཚོ་སྙིང་རྗེ། འདི་ན་ཁྱི་ཕྲུག་རེ་འགའ་ནང་ཁུལ་ལ་ཟུག་བཞིན་འདིག འདི་ཚོ་ཡང་སྙིང་རྗེ།

  6. ཅོ་རི་ཉི་མ། says:
    2012-01-23 at 5:57 pm

    གནད་ལུགས་ཡོད་ན་བཤད་རོགས་བྱོས་་་་དེ་མིན་ན་གུན་ཁྲན་ཏང་གི་རྒྱུག་ཁྱི་འཇིགས་མེད་ཁ་བཙུམ།

  7. འདོད་ལྷ་ཁམས་པ། says:
    2012-01-23 at 9:49 pm

    ཛ་དྲག་གི་གནས་ཚུལ་དག་འདི་ལྟར་གཅིག་མཇུག་གཉིས་མཐུད་དུ་ཐོན་ཡོང་དུས་ཅི་ཞིག་གང་མགྱོག་གིས་ཉིན་མ་གཅིག་ཡིན་ན་ཡང་སྔོན་ལ་ཐག་གཅོད་བྱེད་དགོས་པའི་དུས་ལ་བསླེབས་ཡོད་པ་ཏན་ཏན་རེད།
    ཡིན་ཡང་ཁག་ཅིག་གིས་རང་ཉིད་གདན་ཐོག་བདེ་ས་ནས་མགོ་མཁྲེགས་པོ་བྲག་ནང་བཞིན་ཁ་རྒྱགས་པ་ལུང་པར་མི་ཤོང་བ་ཤོད་བཞིན་དུ་ཛ་དྲག་གི་གནད་དོན་ཐག་གཅོད་ཡོང་བར་བསམ་བློ་སྤུ་ཙམ་གཏང་འདོད་བྱེད་གི་མེད། ད་དུང་དེའི་ཐོག་མགོ་མཁྲེགས་དང་མགོ་མཁྲེགས་ཟེར་བཞིན་གཞན་དག་གི་ཆབ་སྲིད་བསམ་བློ་ལྟར་བོད་རྒྱའི་གནད་དོན་མགྱོགས་ནས་མྱུར་དུ་ཐག་གཅོད་ཡོང་བ་དང་། རང་རེའི་བོད་མིའི་ཚེ་སྲོག་ཤོར་བ་མགྱོགས་ནས་མྱུར་དུ་མཚམས་ཆོད་ན་བསམ་པའི་སྲིད་ཇུས་ལ་ཁ་རྡུང་དྲག་པོ་གཏོང་བཞིན་ཡོད།
    བོད་དོན་དང་བོད་མིའི་སྤྱི་ཚོགས་གནད་དོན་ནི་དངོས་ཡོད་ལགཞི་ལ་བཞག་ནས་ཆབ་སྲིད་དང་སྲིད་ཇུས། འཆར་གཞི་དང་ཐབས་ཤེས་སོགས་བོད་མིའི་ལག་ལེན་གི་རིག་པ་དང་མཐུན་པར་བྱས་ནས་སྟོང་བསམ་གི་རེ་བ་དེ་རེ་ཞིག་བཞག་ན་ཡག་གི་རེད།

  8. མིག says:
    2012-01-24 at 2:54 am

    ཅོ་རི་ཉི་མས་ད་རིང་གནས་ལུགས་གསུང་འདུག ཡ་ཡ་བུ་རྒོད།
    (ཅིའི་ཕྱིར་་་མི་རབས་ནས་མི་རབས་རྒྱལ་གཅེས་པ་ཚོའི་སྙིང་ཁུང་གི་འབོད་སྒྲ་ལ་མཐོང་ཆུང་བྱས་པ་ཡིན་ནམ། རང་ལུས་མེར་བསྲེགས་པའི་རྒྱལ་གཅེས་པ་ཚོས་རང་སྲོག་བློས་བཏང་གནང་ཡང་ཁོང་རྣམས་པའི་རེ་འདུན་དང་འབོད་སྒྲ་ལ་རིན་ཐང་མི་བརྩི་བ་དང་། ཡིད་ཆེས་མི་བྱས་པ། རྒྱབ་སྐྱོར་མི་བྱས་པ་ཡིན་ནམ། )
    གོ་རྒྱུ་འདུག

  9. ཚེ་བསམ་ says:
    2012-01-24 at 5:09 am

    དུས་ཐོག་ལ་གསར་འགོད་གསལ་བསྒྲགས་དཔེལ་བརབཀའ་དྲེན་ཆེ་ཞུ་རྒྱུ་ཡིན་།

  10. རེ་བ་ says:
    2012-01-24 at 5:33 am

    སྤྱི་འཐུས་ལྷན་ཚོགས་ནས་དུས་ཐོག་བསྒྲགས་གཏམ་སྤེལ་བར་བསྔགས་བརྗོད་ཡོད། བཀའ་ཤག་ནས་གང་ཡང་མ་གསུངས་པའི་རྒྱུ་མཚན་ཅི་ཡིན་ནམ།། །།

  11. ཁྱུང་དཀར says:
    2012-01-24 at 7:26 am

    དྲང་མོ་བཤད་ན་ཁ་སང་ནི་བོད་ཀྱི་ལོ་གསར་མ་རེད་དེ། ཨ་མདོ་དང་ཁམས་ཀྱི་ས་ཆ་ལ་ཤས་སུ་རྒྱུན་ལྡན་གྱི་ལོ་གསར་ལྟ་བུ་མྱོང་རོལ་བྱེད་ཀི་འདུག་ཟེར། ཟླ་གྲངས་ཧོར་ཟླ་ལྟར་བརྩི་ཀི་ཡོད་པའི་གོམས་གཤིས་ལྟ་བུ་ཞིག་ཀྱང་ཆགས་ཡོད། ལྟ་རྒྱ་ཐོས་རྒྱ་དང་བསམ་བློའི་ནུས་སྟོབས་དབེན་པའི་མི་ཞིག་ལ་མཚོན་ན་ད་ལོའི་ལོ་གསར་རོལ་རྒྱུའང་ཁག་མེད་པ་ཞིག་ཀྱང་རེད། ཡ་ང་བ་ཞིག་ལ་ཁ་སང་གི་ཉིན་མོར་ཀན་མཛེས་ཡུལ་མིས་བོད་རང་དབང་དང་༧གོང་ས་མཆོག་ཕ་ཡུལ་དུ་གདན་འདྲེན་ཞུ་དགོས་པའི་རང་དབང་སྐད་འབོད་སྒྲོག་སྐབས་གོ་མཚོན་ཐོག་པའི་དམག་མིས་མེ་མདའ་ཕངས་ནས་བོད་མི་དམར་གསོད་དང་འཛིན་བཟུང་བཙོན་འཇུག་བྱས་པ་ཧ་ཅང་ཡིད་སྐྱོ་བའི་གནས་ཤིག་རེད། གུས་པས་ངོས་ནས་མྱ་ངན་གུས་འདུད་རེ་ཞུ་རྒྱུ་ལས་གང་ཡང་་འཇོན་མ་སོང་།

  12. ཚེ་བསམ་ says:
    2012-01-24 at 8:37 am

    ༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན། ཁམས་བྲག་འགོ་རྫོང་ཐོག་ཏུ་བོད་རིགས་ཕོན་ཆེ་འདུ་འཛོམས་ཐོག་བོད་ལ་རང་དབང་དགོས་ ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། རྒྱ་གཞུང་གིས་ཉེན་རྟོག་པས་དྲག་་གནོན་བྱེད་བཞིན་པའི་འདྲ་པར་ཞིག་ངོ་དེབ་ཐོག་ལ་བསྟོནའདུག་།

  13. ཅོ་རི་ཉི་མ། says:
    2012-01-24 at 3:23 pm

    འདོད་ལྷ་ཁམས་པ་ལགས།
    ༧གོང་ས་མཆོག་གིས་དོན་ཆེན་བསྒྲུབ་པར་ངག་རྒྱུན་རིང་དགོས་གསུངས་པ་ལྟར་བོད་དང་གུན་ཁྲན་ཏང་གཉིས་བར་གྱི་གནད་དོན་འདིར་ལས་སླ་པོའི་ཐོག་ནས་ཐག་གཅོད་ཐུབ་པ་ཞིག་མ་རེད། གནད་དོན་འདིར་ཐག་གཅོད་ཐུབ་དང་མི་ཐུབ་གུན་ཁྲན་ཏང་གི་ལག་པ་ལ་ཡོད། གུན་ཁྲན་ཏང་གིས་བོད་གངས་ཅན་པའི་ཕ་མ་དང་སྤུན་ཟླ་དམར་བསད་བྱས་། ཕ་ས་དང་ཕ་ཡུལ་བཙན་ཕྲོགས་བྱས། རྩ་བའི་བླ་མ་ས་མཐའ་ཕུད། བོད་མི་རིངས་ས་མཐའི་གཡོག་པོ་བཟོས། བོད་ཀྱི་གཏེར་ཁ་དང་རྒྱུ་ནོར་ཟས་དང་ཟ་བཞིན་པ་རེད།

    གནད་དོན་འདིར་མགྱོགས་པོ་ཐག་གཅོད་དགོས་ན་བོད་གངས་ཅན་པའི་ཕ་ས་ཕ་ཡུལ་ཕྱིར་སྤྲོད་དགོས། བོད་ཀྱི་རྒྱལ་ཁང་ཕོ་བྲང་པོ་ཏ་ལའི་ནང་དུ་༧གོང་ས་མཆོག་གི་གཙོ་བོ་བྱས་པའི་བཙན་བྱོལ་གཞུང་བཀའ་ཤག་མ་ལག་དང་བཅས་པ་གདན་འདྲེན་ཞུ་དགོས། དེ་མིན་ན་གནད་དོན་འདིར་དུས་ནམ་ཡང་ཐག་ཆོད་ཀྱི་མ་རེད།

    ཁྱེད་རང་གིས་ཁ་བདེ་བདེ་དང་མགོ་མགོ་མཁས་མཁས་བྱས་ཀྱི་བཞག་ན་དགའ་གི་རེད་དྲན། རྒྱལ་གཅེས་པ་ཚོའི་འབོད་སྒྲ་ནག་སུབ་གཏོང་དགོས་ན་དུས་ནམ་ཡང་ཁས་ལེན་གྱི་མིན། ཁྱོད་རང་ཚོ་་་རང་སྐྱོང་འདོད་མཁན་ཚོའི་ཤེས་དགོས་པ་ཞིག་ནི་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་ཡིན་ནའང་རང་བཙན་རྩོད་ལེན་གྱི་འབོད་སྒྲ་དུས་ནམ་ཡང་མཚམས་ཆོད་མི་སྲིད་་་་་་འདིར་ཤེས་པ་གྱིས།།

    གཞན་མང་པོ་མེད། འཐབ་ཕྱོགས་གཅིག་འགྱུར་ཚང་ལ་ངོ་དགའ་བཤད་མ་བསྡད། ཁྱོད་ཀྱི་སྙིང་ཁྲག་དེ་ཡང་བོད་ཁྲག་ཡིན་མདོག་ཁ་པོ་རེད།

  14. ཅོ་རི་ཉི་མ། says:
    2012-01-24 at 3:25 pm

    སྤུན་ཟླ་མིག་ལགས་་བདེན་པའི་གནད་ལུགས་སུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།་་་་་་་་་

  15. འདོད་ལྷ་ཁམས་པ། says:
    2012-01-25 at 10:27 am

    ཅོ་རི་ལགས། ཁྱེད་ཤོད་པ་དེ་ཚོ་བྱབ་ཆུང་གི་སྐད་ཆ་དག་དག་རེད། གུང་ཁྲན་གྱིས་བོད་ས་བོད་ཡུལ་བཙན་འཕྲོག་བྱས་མི་འདུག་ཟེར་ང་ཚོས་ཤོད་མྱོང་མེད་ལ། རང་སྐྱོང་གི་དགོས་འདུན་འདོན་པ་ལས་རང་བཙན་སྤྲད་ན་མི་དགོས་ཀྱང་ཟེར་ཀིན་མེད། འོ་ན་ག་རེ་ཤོད་ཀིན་ཡོད་ཟེར་ན། སྟག་གིས་བཟའ་བཞིན་པའི་གཡག་ཤ་མཚོན་པོ་དེ་སྟག་གི་ཁ་ནས་ཚུར་ལེན་དགོས་ན་མ་མཐར་ཡང་ལུག་ཤ་ཤ་གོག་ཅིག་ག་མེད་ཐུག་གི་རེད། ལག་སྟོང་པས་སྟག་གི་ཁ་ནས་ཤ་རྡོག་ཕྱིར་འཕྲོག་རྒྱུའི་ཐབས་ཤེས་གཞན་ཁག་ཙམ་ཡོད། ཡོད་ན་བཟང་གི ཐབས་དང་གྲ་སྒྲིག་གྱིས་དང་རྒྱབ་སྐྱོར་ཡོད་དང་ཡོད།
    ད་དུང་ཁྱེད་ཀྱིས་བྱབ་ཆུང་གི་སྐད་ཆ་གཞན་ཞིག་ཤོད་འདུག བོད་རྒྱའི་གནད་དོན་ཐག་ཆོད་མ་ཆོད་ད་བཙན་བྱོལ་གཞུང་བོད་ནང་ལ་ལོག་ཐུབ་མ་ཐུབ་དང་རག་ལས་ཡོད་མེད་ཤོད་འདུག སྐད་ཆ་འདི་རྒྱ་གཞུང་གི་དྲིལ་བསྒྲགས་དང་འབྲེལ་བའི་སྐད་ཆ་རྫབ་ཆེན་ཅིག་རེད། རྒྱ་གཞུང་གིས་རྟག་ཏུ་བོད་མིའི་གནད་དོན་དེ་བཙན་བྱོལ་གཞུང་ལ་ཁ་གཡར་ས་ཅིག་འདི་འདྲ་བ་རྐྱང་ཤོད་ཀིན་ཡོད།
    ཅོ་རི་ལགས། སྐད་ཆ་སོམས་ལ་ཤོད།

  16. ཅོ་རི་ཉི་མ། says:
    2012-01-25 at 2:17 pm

    འདོད་ལྷ་ཁམས་པ་ལགས་་་གུན་ཁྲན་ཏང་གིས་རྟག་ཏུ་བཙན་བྱོལ་བོད་གཞུང་ལ་ཁ་གཡར་བྱས་ཀྱི་ཡོད་ན་འགྲིག་པ་རེད། ངས་བལྟས་ན་གུན་ཁྲན་ཏང་གིས་བཙན་བྱོལ་བོད་གཞུང་ཁས་ལེན་མ་བྱས། ༧གོང་ས་མཆོག་བོད་ཀྱི་དབུ་འཁྲིད་ཡིན་པར་ཁས་ལེན་མ་བྱས་པ་མ་གཏོགས་དེ་དག་ཁས་ལེན་ན་འགྲིག་པ་རེད།

    བཙན་བྱོལ་བོད་གཞུང་འདི་བོད་མི་རིགས་ཀྱི་གཞུང་དང་བོད་མི་རིགས་ངོ་ཚབ་ཡིན་ཞེས་བཤད་བསྡད་པ་རེད་ལ་དོན་དངོས་པོའི་ཐོག་ཏུ་ཡང་རེད། གནད་དོན་འདི་ཚོ་འཛམ་གླིང་རྒྱལ་སྤྱི་དང་ལྷག་པ་ཏུ་གུན་ཁྲན་ཏང་གིས་ངོས་ལེན་བྱེད་ན་འགྲིག་པ་རེད། བཙན་བྱོལ་བོད་གཞུང་འདི་བོད་མི་རིགས་ཀྱི་ངོ་ཚབ་ཡིན་པར་བདེན་ན་བཙན་བྱོལ་བོད་གཞུང་ལ་ཁ་མི་གཡར་ན་སུ་ལ་ཁ་གཡར་དགོས་པ་རེད་དམ།

    ང་ཅོ་རི་ལ་ཁ་གཡར་དགོས་པ་རེད་དམ་ཁྱོད་འདོད་ལྷ་ལ་ཁ་གཏར་དགོས་པ་རེད། གཅིག་གསུང་དང་། བཙན་བྱོལ་གཞུང་ལ་ཁ་གཡར་བ་ལྟར་འགུལ་ཁུར་དགོས་པ་འདོད། བཙན་བྱོལ་བོད་གཞུང་ལ་ཁ་གཡར་ན་འགྲིག་གི་མེད་ཟེར་ན་འགན་ཁུར་གྱི་མིན་ཞེས་པའི་དོན་རེད་་་སྐད་ཆ་བྱབ་ཆུང་དེ་འདྲ་མ་བཤད་ཨ་་་བསམ་བློ་ཐོངས།

  17. ལོ་ལོ says:
    2012-01-27 at 5:18 pm

    ག་རེ་བྱས་ན་དེ་བཟང་ག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme