Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁང་གཉེར་གཙང་བཟོ་དང་འབྲེལ་བའི་ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID-19 ཐད་ཀྱི་ཤེས་བྱ།

Posted on 2020-06-092020-06-10 By འཚོ་བྱེད་བུ No Comments on ཁང་གཉེར་གཙང་བཟོ་དང་འབྲེལ་བའི་ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID-19 ཐད་ཀྱི་ཤེས་བྱ།

སྨན་པ་གཡང་འབུམ་རྒྱལ་གྱིས་བསྒྱུར།

ཏོག་དབྱིབས་ནད་ཡམས་ཀྱི་ནད་མགོ་རིམ་པ་རིམ་པས་མར་ཆགས་ལ་ཉེ་བ་ནའང་ད་དུང་གཞུང་དམངས་གཉིས་ནས་སྔོན་འགོག་གི་ཐབས་ལམ་ཡོད་དགུ་རྩལ་སྤྲུགས་ཀྱིས་ནད་ཡམས་ཀྱི་འཇིགས་པ་ལས་ཐར་ཐུབ་ཀྱི་འབད་བརྩོན་མུ་མཐུད་དུ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན། འཛམ་གླིང་ཡུལ་གྲུ་གང་སར་རང་རིགས་བོད་མི་རྣམས་ལས་རིགས་སྣ་ཚོགས་ལ་བརྟེན་ནས་གནས་སྡོད་བྱེད་ཀྱི་ཡོད་ཅིང་།

ལས་རིགས་གཅིག་ནི་གཙང་བཟོའམ་(custodian)ཁང་པ་བདག་གཉེར་(Housekeeping)གྱི་ལས་ཀ་ཡིན་པས། ནད་ཡམས་ཀྱི་ཆེས་ཆེར་བདོ་བའི་གཉན་འཕྲང་གི་དུས་སྐབས་འདིར་རང་གཞན་གཉིས་ཀ་ནད་ཀྱི་འཇིགས་པ་ནས་སྲུང་སྐྱོབ་བྱ་ཆེད། འདིར་ཁང་གཉེར་གཙང་བཟོ་དང་འབྲེལ་བའི་ཏོག་དབྱིབས་ནད་འབུའི་གཉན་རིམས་– ༡༩  COVID-19 ཐད་ཀྱི་གོ་བདེའི་ཤེས་བྱ་རེ་ངོ་སྤྲོད་ཞུ་རྒྱུ་ཡིན།

༡། ཏོག་དབྱིབས་ནད་འབུའི་གཉན་རིམས་– ༡༩ COVID – 19 (Coronavirus) ཟེར་བ་ཅི་ཞིག་ཡིན་ནམ།

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ ༢༠༡༩ ལོ་མཇུག་ལ་ཐོག་མར་ཐོན་པའི་ནད་འབུ་ཞིག་ཡིན་པ་དང་།རིམ་པས་འཛམ་གླིང་ཡོངས་ལ་ཁྱབ་གདལ་དུ་ཕྱིན་ཞིང་ད་ལྟ་ཨ་རིའི་ནང་དུ་དར་ཁྱབ་ཏུ་འགྲོ་བཞིན་ཡོད། ཏོག་དབྱིབས་ནད་འབུ་གསར་པ་ COVID-19 ནི་ཆམ་རིམས་མིན་ལ་གློ་ཚད་ལྟ་བུའི་གཉན་ཁ་ཅན་གྱི་ནད་ཅིག་རེད།

༢། ཏོག་དབྱིབས་ནད་འབུའི་གཉན་རིམས་– ༡༩ COVID-19 ཇི་ལྟར་འགོ་ཁྱབ་འགྲོ་གི་ཡོད་དམ།

མི་ནས་མི་ལ་འགོ་བ།

  • ནད་འབུ་འདི་གཙོ་བོ་མི་ནས་མི་ལ་འགོ་གི་ཡོད་ཚུལ་འདུག
  • མི་ཕན་ཚུན་ཐག་ཉེར་བཅར་ནས་འདུག་མཁན་བར་ལ་འགོ་གི་ཡོད། (ཕི་ཊི་༦ ནང་ལོགས)
  • ནད་གཞི་ཕོག་པའི་མི་ཞིག་གློ་ལུ་བའམ་ཧབ་སྦྲིད་བརྒྱབ་པ་ནས་ཐོན་པའི་དབུགས་ལམ་གྱི་མཆིལ་སྣབས་དང་ཁ་ལུད་ཐིགས་པ་བརྒྱུད་ནས་འགོ་བ།
  • མཆིལ་སྣབས་དང་ཁ་ལུད་ཐིགས་པ་འདི་དག་ཐག་ཉེར་ཡོད་པའི་མི་ཚོའི་ཁ་སྣར་ཕོག་པའམ་འཛག་པ།ཡང་ན་གློ་བའི་ནང་དུ་རྔུབ་སྲིད།

འགོས་ཕོག་བྱུང་སྟེ་ཡོད་པའི་དངོས་པོའི་སྒང་ངོས་སམ་ཅ་དངོས་ལ་ཐུག་རེག་བྱས་ཏེ་འགོས་ཁྱབ་འགྲོ་བ།

  • མི་ཞིག་གིས་ནད་འབུ་འགོས་ཕོག་བྱུང་སྟེ་ཡོད་པའི་དངོས་པོའི་སྒང་ངོས་སམ་ཅ་དངོས་ལ་ལག་པ་འཆང་སྟེ་དེ་ནས་སོ་སོའི་ཁ་སྣ་དང་མིག་ལ་རེག་ཐུག་བྱས་པ་ནས་ཏོག་དབྱིབས་ནད་འབུའི་གཉན་རིམས་– ༡༩ COVID-19 འགོ་སྲིད། ཡིན་ནའང་ནད་འབུ་འགོ་སྟངས་གཙོ་བོ་འདི་མིན་པར་བཤད།

༣། ཏོག་དབྱིབས་ནད་འབུའི་གཉན་རིམས་– ༡༩ COVID-19 ལ་ནད་རྟགས་ཅི་ཞིག་ཡོད་དམ།

ནད་འབུ་འགོས་ཕོག་བྱུང་སྟེ་ཉིན་ ༢ ནས་ ༡༤ རྗེས་ནས་གཤམ་གསལ་ནད་རྟགས་ཐོན་སྲིད།

  • ཚ་བ།
  • གློ་ལུ་བ།
  • དབུགས་འབྱིན་རྔུབ་བྱེད་དཀའ་བ།

ཁྱེད་ལ་གཤམ་གསལ་དོན་རྐྱེན་འཕྲད་ཚེ་སྨན་པར་ཁ་པར་གཏོང་རྒྱུ།

  • ནད་རྟགས་ཐོན་པ།
  • ཏོག་དབྱིབས་ནད་འབུའི་གཉན་རིམས་– ༡༩ COVID-19 ཅན་གྱི་ནད་པ་ཞིག་དང་ཐག་ཉེའི་འབྲེལ་ཐུག་བྱུང་ཡོད་པ།

 ༤། ནད་གཞི་སྔོན་འགོག་བྱེད་ཐབས།

ནད་གཞི་སྔོན་འགོག་བྱེད་ཐབས་ཡག་ཤོས་ནི་ནད་འབུ་དང་འབྲེལ་ཐུག་མི་བྱེད་པར་གཡོལ་ཐུབ་བྱ་རྒྱུ་དེ་ཡིན།

ཀ  རང་ཉིད་སྲུང་སྐྱོབ་བྱེད་ཐབས་ལག་ལེན་བྱ་རྒྱུ།

       ལག་པ་ཡང་ནས་ཡང་དུ་གཙང་མ་བཟོ་རྒྱུ།

  • ཁྱེད་རང་སྤྱི་དམངས་ས་ཆར་ཕྱིན་པ་དང་།སྣབས་འབུད་པ། གློ་ལུ་བ། ཧབ་སྦྲིད་བརྒྱབ་རྗེས་འདག་རྫས་དང་ཆུ་ཡིས་སྐར་ཆ་ ༢༠ རིང་ལག་པ་གཙང་འཁྲུ་བྱ་རྒྱུ།
  • མི་དང་ཐག་ཉེའི་འབྲེལ་ཐུག་མ་བྱེད།
  • ནད་མནར་བྱུང་བའི་མི་དང་ཐག་ཉེའི་འབྲེལ་ཐུག་མ་བྱེད།
  • ཁྱེད་ཀྱི་ཚོགས་སྡེའི་ནང་དུ་ཏོག་དབྱིབས་ནད་འབུའི་གཉན་རིམས་– ༡༩ COVID-19 འགོས་ཁྱབ་འགྲོ་གི་ཡོད་ཚེ།
  • མི་གཞན་དང་ཁྱེད་རང་བར་དུ་བར་ཐག་འཇོག་པའམ་རྒྱང་བཀྱེད་བྱ་རྒྱུ། འདི་ལྟར་བྱ་རྒྱུ་ནད་གཞི་སྡུག་པོ་ཕོག་པའི་ཉེན་ཁ་ཆེ་བའི་མི་ཚོར་ཧ་ཅང་གལ་ཆེན་ཡིན།
  • གལ་ཏེ་ཆུ་དང་འདག་རྫས་མེད་པ་དང་། ལག་པ་དེ་ཙམ་བཙོག་པ་མེད་ཚེ། ཨ་རག་བརྒྱ་ཆ་ ༦༠ འདྲེས་པའི་ལག་འཁྲུད་དུག་སེལ་འདག་ཆུ་ hand sanitizer བེད་སྤྱོད་བྱ་རྒྱུ། ལག་པའི་ཕྱི་ནང་ཚང་མར་དུག་སེལ་འདག་ཆུ་བྱུག་སྟེ་མ་སྐམ་བར་དུ་འཕུར་བརྡར་བྱ་རྒྱུ།
  • ལག་པ་མ་བཀྲུས་པར་མིག་དང་ཁ་སྣར་ཐུག་རེག་བྱེད་མི་རུང་།

ཁ། མི་གཞན་པ་སྲུང་སྐྱོབ་བྱེད་ཐབས་ལག་ལེན་བྱ་རྒྱུ།

ཁྱེད་རང་ན་གི་ཡོད་ཚེ་ནང་ཁྱིམ་དུ་སྡོད་རྒྱུ།

ག  རང་ཉིད་སྲུང་སྐྱོབ་བྱེད་ཐབས་ལག་ལེན་བྱ་རྒྱུ།

  • གློ་ལུ་བ་དང་ཧབ་སྦྲིད་འགེབ་སྲུང་བྱ་རྒྱུ།
  • གློ་ལུ་བ་དང་ཧབ་སྦྲིད་རྒྱག་སྐབས་གཙང་ཤོག་གིས་ཁྱེད་ཀྱི་ཁ་སྣ་འགེབ་རྒྱུ།ཡང་ན་གྲུ་མོའི་ཁུག་ཏུ་གློ་དང་ཧབ་སྦྲིད་རྒྱག་རྒྱུ། གཙང་ཤོག་དེ་གད་སྙིགས་བླུག་སྣོད་ནང་དུ་གཡུག་དགོས་པ་མ་ཟད་ལག་པ་གཙང་མ་བཀྲུ་དགོས།
  • བེད་སྤྱོད་བྱས་ཚར་བའི་གཙང་ཤོག་གད་སྙིགས་བླུག་སྣོད་ནང་དུ་གཡུག་རྒྱུ།
  • ལམ་སེང་འདག་རྫས་དང་ཆུ་བེད་སྤྱོད་ཀྱིས་ཁྱེད་ཀྱི་ལག་པ་སྐར་ཆ་༢༠ རིང་བཀྲུ་དགོས། གལ་ཏེ་ཆུ་དང་འདག་རྫས་མེད་ཚེ། ཨ་རག་བརྒྱ་ཆ་ ༦༠ འདྲེས་པའི་ལག་འཁྲུད་དུག་སེལ་འདག་ཆུ་ hand sanitizer ཡིས་ལག་པ་གཙང་མ་བཟོ་རྒྱུ།

༥། ཁང་གཉེར་གཙང་བཟོའི་བདེ་འཇགས་ལས་ཀ་བྱེད་སྟངས།

  • ཨ་རི་ནད་རིགས་འགོག་སྲུང་ལྟེ་གནས་(CDC) ཀྱིས་ད་ལྟའི་དུས་ཚོད་ལ་ང་ཚོས་མཐུན་རྐྱེན་ཁང་ཁུངས་དང་སྤྱི་དམངས་ས་ཆར་གཙང་བཟོ་ཅི་ཞིག་དང་ཇི་ལྟར་བྱེད་དགོས་པའི་ཐད་འགྱུར་བ་གཏོང་དགོས་པའི་བཀོད་ཁྱབ་ལམ་སྟོན་ཅི་ཡང་བྱས་མེད།
  • ལས་ཀ་བྱེད་ཕྱོགས་ཡིག་ཆར་འཁོད་དོན་ལྟར་ད་ལྟའི་དུས་སྐབས་འདིར་དགོས་ངེས་མི་སྒེར་སྲུང་སྐྱོབ་ཡོ་ཆས་(PPE)ཚང་མའི་ཁོངས་ནས་ལག་ཤུབ་བེད་སྤྱོད་བྱ་རྒྱུ་ངོ་སྤྲོད་མཚམས་སྦྱོར་བྱེད་ཀྱི་ཡོད།  རྟག་པར་ལག་ཤུབ་སྤུད་ཚར་བ་དང་ལག་པ་བཀྲུ་རྒྱུ་མ་བརྗེད་པ་གནང་རོགས།
  • ཨ་རི་ནད་རིགས་འགོག་སྲུང་ལྟེ་གནས་(CDC) ཀྱིས་ནད་མེད་བདེ་ཐང་གི་མི་ཚོས་ཁ་རས་ཡག་པོ་གོན་ཚེ་གློ་བའི་དབུགས་ལམ་ནད་གཞི་དང་ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID 19 སྔོན་འགོག་བྱེད་ཐུབ་ལུགས་ངོ་སྤྲོད་མཚམས་སྦྱོར་བྱེད་ཀྱི་མེད།
  • ང་ཚོས་གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྲི་ཞུ་ཁང་(University Health Services) གི་ལྷན་དུ་ལས་དོན་མཉམ་སྒྲུབ་བྱེད་ཀྱི་ཡོད་ལ།ཉམས་ཞིབ་བྱ་བའམ་ས་གནས་འཕྲོད་བསྟེན་ལས་ཁུངས་ངོས་ནས་དགོས་ངེས་ཆ་རྐྱེན་བཏོན་ཚེ་ལས་ཀ་བྱེད་ཕྱོགས་ལ་འགྱུར་བཅོས་གཏོང་འོས་གཏོང་ངེས།

ཨ་རི་ནད་རིགས་འགོག་སྲུང་ལྟེ་གནས་(CDC) ཀྱིས་མཐོ་སློབ་དང་གཙུག་ལག་སློབ་ཆེན་རྣམས་ལ་གཤམ་འཁོད་འཕྲལ་སེལ་ལམ་སྟོན་གནང་ཡོད་པར།

  • ཁོར་ཡུག་གཙང་བཟོ་རྒྱུན་ལྡན་ལྟར་བྱ་རྒྱུ།
  • རྒྱུན་ལྡན་གཙང་མ་བཟོ་བྱེད་ཀྱིས་ཐུག་རེག་བྱེད་སའི་དངོས་པོའི་ཕྱི་ངོས་འཆར་ཅན་གཙང་བཟོ་བྱ་རྒྱུ (དཔེར་ན།སྒོ་ལོང་ doorknobsདང་། གློག་སྤར་གསོད་ཆས light switches ། བང་ཁྲི་སྒང་ངོས countertops) ། གཙང་མ་བཟོ་བྱེད་དངོས་རྫས་ཡོངས་རྫོགས་སྣོད་སྒམ་ཐོག་གི་སྦྱར་ཡིག་སྟེང་ཡོད་པའི་གསལ་བཤད་ལམ་སྟོན་ལྟར་བེད་སྤྱོད་བྱ་རྒྱུ།
  • ལག་ལེན་ཡག་ཤོས་ཤིག་ནི་ནད་འབུ་འགོ་ཁྱབ་སྔོན་འགོག་བྱེད་ཆེད་བཀྲུ་བྱེད་གཏོར་ཆུ་དངོས་པའི་སྒང་ངོས་ལ་མི་གཏོར་བར་འཕྱི་རས་ཐོག་གཏོར་རྒྱུ་དེ་ཡིན།
  • རྒྱུན་དུ་བེད་སྤྱོད་བྱེད་པའི་དངོས་པོའི་ཕྱི་ངོས་རྣམས་གཙང་མ་བཟོ་བར་གཡུག་ཆོག་འཕྱི་རས་མཁོ་སྤྲོད་བྱ་རྒྱུ། (དཔེར་ན།ཀམ་པུ་ཊར་མཐེབ་གཞོང་དང་། མདུན་ཅོག རྒྱང་སྦྲེལ་ཚོད་འཛིན་ཡོ་ཆས་ remote controls) དེ་ཡང་སློབ་ཕྲུག་དང་། ལས་བྱེད། དགེ་རྒན་ཚོས་བཀོལ་སྤྱོད་མ་བྱེད་གོང་ཕྱིས་བརྡར་བྱེད་ཆོག ང་ཚོས་འཕྱི་རས་མཁོ་སྤྲོད་ཇི་ལྟར་བྱ་རྒྱུར་ཐབས་ཤེས་བྱེད་ཀྱི་ཡོད།

༦། སྡོད་གནས་ནང་ཁྱིམ་དང་ལས་ཀ་བྱེད་སར་ནད་མེད་བདེ་ཐང་ངང་སྡོད་པ།

  རང་ཉིད་དང་ནང་མི། ལས་རོགས་རྣམས་ལ་འཕྲོད་བསྟེན་ཡག་པོ་ཡོང་བར་ཁྱེད་ཀྱིས་ཅི་ཞིག་བྱེད་ཐུབ་བམ།

  • བདེ་ཐང་ཡོང་ཆེད་ཉིན་རེར་སྔོན་འགོག་བྱེད་ཐབས་ཉམས་ལེན་བྱ་རྒྱུ།
  • མིག་དང་ཁ་སྣ་བཅས་ལ་ཐུག་རེག་བྱེད་མི་རུང་།
  • ན་གི་ཡོད་ཚེ་ནང་ཁྱིམ་དུ་སྡོད་རྒྱུ།
  • གློ་ལུ་བ་དང་ཧབ་སྦྲིད་རྒྱག་སྐབས་གཙང་ཤོག་གིས་འགེབ་རྒྱུ།དེ་ནས་གཙང་ཤོག་གད་སྙིགས་ནང་དུ་གཡུག་རྒྱུ།
  • རྒྱུན་དུ་ཐུག་རེག་བྱེད་སའི་ཅ་དངོས་དང་ཕྱི་ངོས་ལ་ཁང་ཁྱིམ་གཙང་མ་བཟོ་བྱེད་སྤྱིར་བཏང་གཏོར་ཆུ་དང་འཕྱི་རས་ཀྱིས་གཙང་མ་བཟོ་བ་དང་དུག་སེལ་བྱ་རྒྱུ།
  • དུས་ནས་དུས་སུ་ལག་པ་འདག་རྫས་ཡི་ཙི་དང་ཆུ་ཡིས་མ་མཐའ་ཡང་སྐར་ཆ་༢༠ རིང་བཀྲུ་རྒྱུ།

༧། ཁང་གཉེར་གཙང་བཟོ་དང་འབྲེལ་བའི་ཏོག་དབྱིབས་ནད་འབུའི་གཉན་རིམས་COVID-19 སྐོར་གྱི་རྒྱུན་འདྲིའི་དྲི་བ(FAQs) །

ཀ  ངས་ཏོག་དབྱིབས་ནད་འབུའི་གཉན་རིམས་  COVID-19 ཇི་ལྟར་སྔོན་འགོག་བྱེད་དམ། (coronavirus)

  • ཁྱེད་ཀྱི་ལག་པ་ཡང་ནས་ཡང་དུ་འདག་རྫས་དང་ཆུ་ཡིས་སྐར་ཆ་༢༠ རིང་བཀྲུ་དགོས།
  • ལག་པ་མ་བཀྲུས་པར་མིག་དང་།ཁ་སྣ་ལ་ཐུག་རེག་བྱེད་མི་རུང་།
  • ཐག་ཉེའི་འབྲེལ་ཐུག་མ་བྱེད།ཁྱེད་རང་དང་མི་གཞན་བར་དུ་བར་ཐག་འཇོག་རྒྱུ (སྤྱི་ཚོགས་རྒྱང་བཀྱེད)

ཁ།  སྤྱི་ཚོགས་རྒྱང་བཀྱེད་ social distancing ཟེར་བ་ཅི་ཞིག་རེད་དམ།

  • འདི་ནི་ཤེས་བཞིན་དུ་མི་དང་མིའི་བར་འབྲེལ་ཐུག་བྱ་རྒྱུ་ཉུང་དུ་བཏང་ནས་ནད་འབུའི་ཁྱབ་གདལ་འགྲོ་རྒྱུ་དལ་དུ་གཏོང་བར་འབད་བརྩོན་བྱེད་པ་ལ་གོ་དགོས།
  • བྱེད་ཐུབ་ཚེ་མི་ཚོགས་འདུ་འཛོམས་བྱེད་པ་གཡོལ་ཐུབ་ཀྱིས་མི་གཞན་དང་རང་ཉིད་བར་དུ་བར་ཐག་ (ཕི་ཊི་༦ ནས་མི་ཊར་ ༢ ཙམ) འཇོག་དགོས།

ག  ང་ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID-19 ཕོག་པའི་ནད་པ་ཡོད་སའི་ཁང་པ་ཞིག་ཏུ་ཕྱིན་ཡོད་ཚེ་ཅི་ཞིག་བྱེད་དགོས་སམ།

  • མི་སུ་ཡིན་རུང་ཏོག་དབྱིབས་ནད་འབུའི་གཉན་རིམས་COVID-19 ཕོག་པའི་ནད་པ་ཡོད་སའི་ཁང་པ་ཞིག་ཏུ་ཕྱིན་ཡོད་ཚེ། ཡོང་རྒྱུའི་ཉིན་ ༡༤ རིང་རང་ངོས་ལྟ་ཞིབ་བྱེད་དགོས། གང་ལྟར་བྱེད་ཐབས་དེ་ནི་ཡག་པོ་ཞིག་ཡིན་པ་བཤད་མ་དགོས། ཁྱེད་ལ་ནད་རྟགས་ཅི་ཡང་ཐོན་གྱི་མེད་ཚེ་ཟུར་བཀག་ཁེར་སྡོད་བྱེད་དགོས་ལུགས་ངོ་སྤྲོད་མཚམས་སྦྱོར་བྱེད་ཀྱི་མེད།
  • རང་ངོས་ལྟ་ཞིབ་ནི་རང་ཉིད་ལ་ཚ་བ་དང་།གློ་རྒྱག་པ། དབུགས་འབྱིན་རྔུབ་བྱེད་དཀའ་བའི་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་པར་གོ་དགོས།

ང་།  ང་ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID-19 ཕོག་ཟིན་པའི་ནད་པའམ་ཡང་ན་ནད་གཞི་ཡོད་མེད་བརྟག་དཔྱད་འོག་ཡོད་པའི་མི་ཞིག་དང་ཐག་ཉེའི་འབྲེལ་ཐུག་བྱུང་ཚེ་ཇི་ཞིག་བྱེད་དགོས་སམ།

  • ནང་ཁྱིམ་དུ་བསྡད་ནས་སོ་སོའི་སྨན་པར་ཁ་པར་གཏོང་རྒྱུ།

ཅ།  ཐག་ཉེའི་འབྲེལ་ཐུག་ཟེར་བ་ཅི་རེད།

  • ཏོག་དབྱིབས་ནད་འབུའི་གཉན་རིམས་COVID-19 ནད་པ་དང་ལྷན་དུ་ཕི་ཊི་ ༦ (མི་ཊར་ ༢) ནང་ལོགས་ནས་དུས་ཡུན་རིང་པོར་བསྡད་ཡོད་པ། ཐག་ཉེའི་འབྲེལ་ཐུག་དེ་ཡང་ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID-19 ནད་པར་ལྟ་སྐྱོང་དང་། མཉམ་འདུག ཐུག་འཕྲད་བྱེད་སྐབས་དང་། ཡང་ན་སྨན་ཁང་གི་སྒུག་སྡོད་བྱེད་སའམ་ནད་པའི་ཁང་མིག་ཏུ་མཉམ་སྡོད་བྱེད་པ་ནས་འབྱུང་སྲིད།

ཆ།  ང་ན་ཚེ་ཅི་ཞིག་བྱེད་དགོས་སམ།

  • གལ་སྲིད་ཁྱེད་རང་ན་བ་ཡིན་ཚེ་ནང་ཁྱིམ་དུ་སྡོད་རྒྱུ།
  • ཁྱེད་རང་ལས་ཀ་བྱེད་ས་ནས་ན་བ་ཡིན་ཚེ།དོ་བདག་གི་ལྟ་རྟོག་པའམ་རུ་དཔོན་ lead ལ་འབྲེལ་བ་བྱ་རྒྱུ་དང་ལས་བྱེད་གཞན་ལ་འབྲེལ་ཐུག་མི་ཡོང་ཆེད་ནང་ཁྱིམ་དུ་ཕྱིར་ལོག་གཏོང་རྒྱུ་གོ་སྒྲིག་བྱ་རྒྱུ (ཁྱེད་ཀྱིས་སྤྱི་ཚོགས་རྒྱང་བཀྱེད་བྱ་རྒྱུ) ། ཁྱེད་ལ་ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID-19 ནད་རྟགས་ཡོད་ཚེ་སོ་སོའི་སྨན་པར་ཁ་པར་གཏོང་རྒྱུ།

ཇ།  ངས་རང་གི་རྒྱུན་ལྡན་གཙང་བཟོའི་ལས་ཀ་བྱེད་སྐབས་ཁ་རས་རྒྱག་དགོས་ཀྱི་ཡོད་དམ།

  • ཨ་རི་ནད་རིགས་འགོག་སྲུང་ལྟེ་གནས་(CDC) ཀྱིས་ནད་མེད་བདེ་ཐང་གི་མི་ཚོས་ཁ་རས་ཡག་པོ་གོན་ཚེ་གློ་བའི་དབུགས་ལམ་ནད་གཞི་དང་ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID 19 སྔོན་འགོག་བྱེད་ཐུབ་ལུགས་ངོ་སྤྲོད་མཚམས་སྦྱོར་བྱེད་ཀྱི་མེད།

ཉ།  ངས་རང་གི་རྒྱུན་ལྡན་གཙང་བཟོའི་ལས་ཀ་བྱེད་སྐབས་ལྭ་རིང་ gown གོན་དགོས་ཀྱི་ཡོད་དམ།

  • ཨ་རི་ནད་རིགས་འགོག་སྲུང་ལྟེ་གནས་(CDC) ཀྱིས་སྤྱི་དམངས་ས་ཆར་གཙང་བཟོ་བྱ་ཆེད་ལྭ་རིང་ gown གོན་དགོས་ལུགས་ངོ་སྤྲོད་མཚམས་སྦྱོར་བྱེད་ཀྱི་མེད།

ཐུགས་སྣང་།  མི་སྒེར་སུང་སྐྱོབ་ཡོ་ཆས་ PPE (ཁ་རས་དང་ལྭ་རིང་gowns) འདང་ངེས་མེད་པས། ངེས་པར་དུ་ཁ་རས་བེད་སྤྱོད་བྱེད་དགོས་པའི་ཆེད་ལས་མི་སྣ་ཚོའི་ཆེད་དུ་ཟུར་འཇོག་བདག་ཉར་བྱས་ཡོད།

ཏ།   མཐུན་རྐྱེན་ཁང་ཁུངས་དང་སྤྱི་དམངས་ས་ཆར་གཙང་བཟོ་བྱེད་ཕྱོགས་ཇི་འདྲ་ཡིན་ནམ།

  • ཨ་རི་ནད་རིགས་འགོག་སྲུང་ལྟེ་གནས་(CDC)ཀྱིས་ད་ལྟའི་དུས་ཚོད་ལ་ང་ཚོས་མཐུན་རྐྱེན་ཁང་ཁུངས་དང་སྤྱི་དམངས་ས་ཆར་གཙང་བཟོ་ཅི་ཞིག་དང་ཇི་ལྟར་བྱེད་དགོས་པའི་ཐད་འགྱུར་བ་གཏོང་དགོས་པའི་བཀོད་ཁྱབ་ལམ་སྟོན་ཅི་ཡང་བྱས་མེད།
  • ལས་ཀ་བྱེད་ཕྱོགས་ཡིག་ཆར་འཁོད་དོན་ལྟར་ད་ལྟའི་དུས་སྐབས་འདིར་དགོས་ངེས་མི་སྒེར་སྲུང་སྐྱོབ་ཡོ་ཆས་(PPE)ཚང་མའི་ཁོངས་ནས་ལག་ཤུབ་བེད་སྤྱོད་བྱ་རྒྱུ་ངོ་སྤྲོད་མཚམས་སྦྱོར་བྱེད་ཀྱི་ཡོད།  རྟག་པར་ལག་ཤུབ་སྤུད་ཚར་བ་དང་ལག་པ་བཀྲུ་རྒྱུ་མ་བརྗེད་པ་གནང་རོགས།

ཐ།  ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID-19 ཀྱི་ནད་པ་ཡོད་སའི་ཁང་ཁུངས་ལ་གཙང་བཟོ་བྱེད་ཕྱོགས་ཇི་འདྲ་ཡིན་ནམ།

  • ཏོག་དབྱིབས་ནད་འབུའི་གཉན་རིམས་ COVID 19ཀྱི་ནད་པ་ཡོད་སའི་ཁང་ཁུངས་ལ་ SERVPRO ཡིས་དུག་སེལ་བྱེད་དགོས་ཀྱི་ཡོད།
  • SERVPRO འབེལ་བོ་ཡོད་མེད་ལ་བལྟས་ནས་རྗེས་ཕྱོགས་སུ་འདི་ལ་འགྱུར་བ་ཐེབས་སྲིད།
  • འགྱུར་བ་ཇི་ཐེབས་ཁང་གཉེར་གཙང་བཟོའི་ལས་བྱེད་ཚོར་བརྡ་ལན་འབྲེལ་མོལ་བྱེད་ངེས།

ད།  གཙང་བཟོ་བྱེད་ཕྱོགས་དང་མི་སྒེར་སྲུང་སྐྱོབ་ཡོ་ཆས་(PPE) བཀོལ་ཕྱོགས་ཐད་མ་འོངས་པར་འགྱུར་བ་འགྲོ་གི་རེད་དམ།

  • ང་ཚོས་གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྲི་ཞུ་ཁང་(University Health Services) གི་ལྷན་དུ་ལས་དོན་མཉམ་སྒྲུབ་དང་ཨ་རི་ནད་རིགས་འགོག་སྲུང་ལྟེ་གནས་(CDC) ཀྱི་གྲོས་འཆར་ལམ་སྟོན་ཁག་བརྩི་སྲུང་བྱེད་ཀྱི་ཡོད་པས། ཉམས་ཞིབ་བྱ་བའམ་ས་གནས་འཕྲོད་བསྟེན་ལས་ཁུངས་ངོས་ནས་དགོས་ངེས་ཆ་རྐྱེན་བཏོན་ཚེ་ལས་ཀ་བྱེད་ཕྱོགས་ལ་འགྱུར་བཅོས་གཏོང་འོས་གཏོང་ངེས།

 

ཁང་གཉེར་གཙང་བཟོ་དང་འབྲེལ་བའི་ཏོག་དབྱིབས་ནད་འབུའི་གཉན་རིམས་– ༡༩  COVID-19 ཐད་ཀྱི་ཤེས་བྱ་འདི་བཞིན་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་དྲ་ཚིགས་ covid19.wisc.edu ནས་བཤུ་འགོད་བྱས།

 

གསོ་རིག, འཕྲོད་བསྟེན།

Post navigation

Previous Post: གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་། ( 15 )
Next Post: གླེང་མི་འདོད་པའི་ཀླུ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme