Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་སང་ཚེས་ ༢༥ ཉིན་ཨ་མདོ་རེབ་གོང་མགོན་ཤུལ་ནས་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།

Posted on 2012-11-262021-09-04 By ཁ་བརྡ་ 15 Comments on ཁ་སང་ཚེས་ ༢༥ ཉིན་ཨ་མདོ་རེབ་གོང་མགོན་ཤུལ་ནས་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།

ཁ་སང་ཚེས་ ༢༥ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་བདུན་པ་ཙམ་ལ། མདོ་སྨད་རེབ་གོང་མགོན་ཤུལ་བར་སྐོར་ ནས་ཡིན་པ་བཙུན་མ་སངས་རྒྱས་སྒྲོལ་མ་ ༼རང་ལོ་ ༡༩༽ཞུ་བ་ཞིག་གིས། རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་སྲིད་གཞུང་ཡོད་ས་ནས་རང་ལུས་མེར་བསྲེགས་བཏང་སྟེ། དེ་གར་འདས་གྲོངས་ཕྱིན་ཡོད་འདུག

བཙུན་མ་སངས་རྒྱས་སྒྲོལ་མའི་ཕ་མིང་ལ་བསོད་ནམས་རྒྱལ་དང་། ཨ་མའི་མིང་ལ་དོ་བྷ་༼དོན་འགྲུབ་མཚོ༽ཟེར་གྱི་ཡོད་འདུག

དེ་རིང་གནས་ཚུལ་འབྱོར་དོན་ལྟར་ན། མདང་ནུབ་ཕུང་པོ་ཞུགས་འབུལ་ཞུས་ཏེ། དེ་རིང་མགོན་ཤུལ་བཙུན་མའི་དགོན་པའི་ནང་རྗེས་འབྲེལ་སྨོན་ལམ་ཞུ་སྒོ་གཉེར་བཞིན་ཡོད་པ་དང་། བཙུན་དགོན་འདིར་ད་ཆ་བཙུན་མ་བརྒྱ་ཕྲག་གཅིག་བརྒལ་བ་ཡོད་འདུག

ཁ་སང་དེ་རིང་རེབ་གོང་རོང་འབྲོག་གང་སར་དྲ་རྒྱའི་བརྒྱུད་ལམ་བཅད་འདུག་ལ། དེ་བཞིན་ཁ་པར་དང་དྲ་ལམ་ནས་འབྲེལ་བ་བྱེད་མཁན་ཚོ་འབྲེལ་ཡོད་ཉེན་རྟོག་པ་དང་བདེ་འཇགས་མི་སྣ་ཟེར་བ་ཚོས་རྩད་གཅོད་བྱེད་ཀྱིན་ཡོད་པ་དང་། གཞན་ཡང་། ཁུལ་སྲིད་གཞུང་དང་རྫོང་གི་སྲིད་གཞུང་། ཞང་སྲིད་གཞུང་བཅས་ཀྱིས་ལས་དོན་བྱེད་མཁན་མང་པོ་གཞི་རིམ་མང་ཚོགས་ཁྲོད་མངགས་ནས། མེར་བསྲེགས་ལས་འགུལ་མུ་མཐུད་སྤེལ་མི་ཆོག་པ་དང་། སྤེལ་མཁན་དང་དེའི་ནང་མིར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་འདུ་འཛོམས་གཉེར་མི་ཆོག་པ་སོགས་ཀྱིས་བཙན་བཀའ་མུ་མཐུད་གཏོང་བཞིན་ཡོད་འདུག

གནས་ཚུལ་ཕྱོགས་སྒྲིག་པཿ བོན་རྒྱ་བསྟན་འཛིན་རབ་རྒྱས་དང་རྡོ་རྗེ།

གསར་འགྱུར།

Post navigation

Previous Post: མདོ་སྨད་གསེར་རྟ་ནས་རང་ལུས་མེར་སྲེག
Next Post: གཞིས་བཞུགས་ཀྱི་སྤུན་ཟླ།

Comments (15) on “ཁ་སང་ཚེས་ ༢༥ ཉིན་ཨ་མདོ་རེབ་གོང་མགོན་ཤུལ་ནས་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།”

  1. རྩ་འགབ་ཚང་། says:
    2012-11-26 at 6:12 am

    གནས་ཚུལ་འདི་རིགས་མཐོང་ཐེངས་རེ་རེར་སྤྱད་ཐབས་མེད་པར་་་ངུ་ལུག་རྒྱུ་ཙམ་རེད་་་་་་་

  2. བཀྲ་ཤིས says:
    2012-11-26 at 6:16 am

    རང་ལུས་མེར་སྲེག་གི་གནད་དོན་གྱི་འབྱུང་རྩ་ནི་རྒྱ་ནག་གཞུང་ལ་ཐུག་ཡོད་པས། བོད་མིའི་རེ་འདོད་ག་དུས་བསྒྲུབ་ན། དེ་དུས་རང་ལུས་མེར་སྲེག་མཚམས་ཆད་ནི་རེད། ཅེས་ཟེར་མཁན་གྱི་ཆབ་སྲིད་པ་ཚོ་ལ་ལྟོས་དང་།
    རྒྱ་ནག་དམར་ཤོག་ལ་ཡ་ང་སྙིང་རྗེ་མེད་པ་བདེན་ལ། བོད་མི་ནང་ཁུལ་ལ་ཆབ་སྲིད་ཀྱི་མིག་འཁྲུལ་སྟོན་པ་དང་ཚེ་སྲོག་ལ་ཕངས་སེམས་མེད་པའི་སྐད་ཆ་བཤད་མི་འདི་ཚོ་ལའང་ཡ་ང་སྙིང་རྗེ་ཞིག་མི་འདུག

  3. ཁྱབ་འཇུག says:
    2012-11-26 at 6:35 am

    དྲང་བདེན་དང་རང་དབང་གི་ཆེད་དུ་གཤེཊ་པ་ཚང་མར་སྙིང་ནས་གུས་འདུད་དང་མྱ་ངན་ཡང་ཡང་ཞུ།

  4. ཐུ་བ་རྒྱ་མཚོ། says:
    2012-11-26 at 7:27 am

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་མོ་སངས་རྒྱས་སྒྲོལ་མ་མཆོག །
    ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །

  5. བན་དེ་བ། says:
    2012-11-26 at 7:42 am

    གང་ཤེས་གནས་ཚུལ་སྤེལ་མཁན་ཚང་མས་ཁ་གཅིག་བསྒྲགས་ཀྱིས་དོན་རྐྱེན་བྱུང་སར་ཁ་པར་དང་དྲ་རྒྱ་ཡོངས་རྫོགས་བཀག་འདུག་ཟེར། འོན་ཀྱང་གནས་ཕལ་ཆེར་དུས་ཐོག་ཏུ་རླངས་པ་ཕལ་ལེར་བཏང་ཡོང་གི་འདུག་དེ་ངོ་མ་ཅི་ལྟར་བྱས་ཏེ་གནས་ཚུལ་འབྱོར་གྱི་ཡོད་དམ?
    འདས་པོ་དེ་དག་མྱུར་བར་ཐར་པའི་བདེ་གནས་ཀྱི་གོ་འཕང་འཐོབ་པའི་སྨོན་ལམ་ཞུ་གི་ཡོད།

  6. ཅང་མེད་སྣང་སྐྱིད་ནས། says:
    2012-11-26 at 8:19 am

    རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་ལུས་མེ་སྦྱིན་གྱི་སྒྲོན་མ་བདེན་མཐའ་སེལ་སླད་ཡིན་ནའང་གཅིག་རྗེས་གཉིས་མཐུད་ཀྱི་འདི་ལྟར་འདས་ཚེ་ངོ་ནས་སེམས་གཏིང་ནས་ན་ཟུག་མི་བཟོད་ཀི

  7. ཅང་མེད་སྣང་སྐྱིད་ says:
    2012-11-26 at 8:49 am

    ཀྱེ་མ་བསླུ་མེད་དཀོན་མཆོག་གསུམ་དང་མཐུ་སྟོབས་ཅན།། དད་པའི་མཐུ་ཡིས་བདེན་ཚིག་འགྲུབ་གྱུར་ཅིང།། རྒྱལ་གཅེས་དཔའ་བོ་དཔའ་མོ་འདི་དག་ཀུན།། གནས་སྐབས་ཅི་བསམ་མཐའ་དག་ལྷུན་འགྲུབ་ནས།། མཐར་ཐུག་སྐྱེ་བ་དག་ནི་ཐམས་ཅད་དུ།། རིག་གསལ་བློ་གསལ་ང་རྒྱལ་མེད་པ་དང།། སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པས།། དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །

  8. རེབ་སྐྱིད་མཚོ says:
    2012-11-26 at 10:00 am

    བཀྲ་ཤིས་དང་ང་གཉིས་བསམ་ཚུལ་མཐུན་པར་སྣང་ད་ལྟ་ཁྱེད་ཀྱིས་གསུངས་པ་དེ་ངས་ཡང་
    ལན་མང་ལབ་དགོས་ཐུག་སོང་ཡིན་ཡང་བོད་ནང་གི་བོད་མི་རྣམས་ལ་ང་ཚོས་ག་རེ་བཤད་ན་
    ཉན་ནེ་ཟིག་མི་འདུག་སྔོན་མ་ངས་ཕན་པ་འདྲ་ཡོད་ན་བསམ་སྟེ་དངོས་དོན་ལ་དྲང་བཤད་ལེན་
    མང་བྱས་པ་ཡིན། ད་བལྟས་དུས་ཁོ་ཚོའི་བསམ་བློའི་ནང་འགོག་ཏུ་མེད་པའི་ཡིད་ཆེས་ཤིག་
    གིས་དེད་བསྡད་པའི་སྣང་བ་ཞིག་གིས་རང་བཞིན་དུ་འགྲོ་འགྲོ་བ་ལྟ་བུ་རེད།

  9. དབང་འདུས། says:
    2012-11-26 at 10:18 am

    བོད་མིའི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་ལུས་སྲོག་གཏོང་མཁན་་ཚོའི་སྙིང་སྟོབས་དང་ལྷག་བསམ་ཧ་ལས་པ་རེད། འོན་ཀྱང་ཆོས་ལུགས་ལ་རྨོངས་དད་པ་ཚོས་བླ་མའི་ཆེད་དུ་སྲོག་བཏང་བ་ཡིན་ཚུལ་མ་བསྒྲགས་ན་མི་ལེགས་སམ། བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས། །སྨད་མི་ཤེས་མཁན་གྱིས་སྨད་ན་དགའ།།

  10. གངས་ཅན་པ། says:
    2012-11-26 at 10:21 am

    རང་ལུག་མེ་མཆོད་ཕུལ་མཁན་རྣམ་པར་བསྔོ་སྨོན་རྒྱག་རྒྱུ་ཙམ་མིན་པར་ཁོང་རྣམ་པའི་ཐུགས་ཀྱི་བཞེད་དོན་གང་ཡིན་ལྟར་ང་ཚོས་རང་ནུས་གང་ལྕོག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་དགོས་པ་ལགས་ན། ཚང་མ་ཐུགས་སྣང་ཆེན་པོས་དེ་ལྟར་གནང་བ་ཞུ།

  11. དགེ་བསམ says:
    2012-11-26 at 10:52 am

    ཁ་ནས་སྨོན་ལམ་རེ་བརྒྱབ།།
    ལག་ནས་རྩོད་རྙོག་རེ་བྲིས།།
    ལག་ལེན་མེད་པའི་དྲ་གྲོགས་ཚོ།།
    ངོ་ནས་ཉི་མ་འདི་ལྟར་བསྐྱལ་བ་ཡིན་ནམ།

  12. གསེར་སེར་པོ། says:
    2012-11-26 at 11:35 am

    ཨོམ་མ་ནེ་པད་མེ་ཧུང་ཧྲི་

  13. འདྲེ་ནག་མགོ་དགུ་ says:
    2012-11-26 at 7:01 pm

    བཙན་བྱོལ་ནང་གི་བོད་པ་ཚོ། རང་་ཉིད་གཅིག་པུའི་ཚོང་ཁེ་དང་དངུལ་ལོ་ཁོ་ནར་བསམ་བློ་མ་བཏང་བར།
    བོད་དོན་ཆེད་དུ་ཡང་ལང་རྒྱོབས་ཤོག

  14. རླངས་སྔགས says:
    2012-11-26 at 10:39 pm

    ཞི་ཚུལ་གྱི་སྤྱོད་པ་དང་གཞན་གཅེས་ཀྱི་ལྷག་བསམ་འདིར་དམན་པ་བདག་གི་བློ་མིག་ཆུང་རྐྱེན་སེམས་གཏིང་གི་ན་ཟུག་ལས་ཐ་ན་མྱ་ངན་ཞུ་ཚིག་དོན་མཐུན་ཞིག་ཀྱང་འབྲིི་ནུས་ཀྱི་མི་འདུག ཨོཾ་མ་ཎི་པདྨ་ཧཱུྃཿ

  15. ཀརྡོ་གཉེར་ཕྱག་པ་ says:
    2012-11-27 at 12:46 am

    བཙན་བྱོལ་ནང་གི་བོད་པ་ཚོ། རང་་ཉིད་གཅིག་པུའི་ཚོང་ཁེ་དང་དངུལ་ལོ་ཁོ་ནར་བསམ་བློ་མ་བཏང་བར།
    བོད་དོན་ཆེད་དུ་ཡང་ལང་རྒྱོབས་ཤོག ཟེར་ན།
    གཞིས་ཀྱི་བྱམས་པ་འཕྲིན་ལས་སོགས་ཀྱང་བཙན་བྱོལ་བ་ཨ་ཡིན་ནམ། བཙན་བྱོལ་ནང་ལ། ༸གོང་ས་མཆོག་ཀྱང་བཞུགས་རེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme