Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་མཆུ་ཨང་ཉི་ཤུ་བའི་ཁྲོད་ཀྱི་ཁ་མཆུ་བ་གཞན་དག

Posted on 2020-01-08 By ཁ་བརྡ 1 Comment on ཁ་མཆུ་ཨང་ཉི་ཤུ་བའི་ཁྲོད་ཀྱི་ཁ་མཆུ་བ་གཞན་དག

སྒང་པ་དགེ་ལེགས། 

ཉིས་སྟོང་བཅོ་བརྒྱད་དང་བཅུ་དགུའི་ལོ་འདི་གཉིས་ལ་མཚོན་ན་བོད་བཙན་བྱོལ་བའི་སྤྱི་ཚོགས་འདི་སླར་ཡང་འུར་དིར་རེ་སོང་བའི་དུས་ཚོད་ཅིག་རེད། སྤྱི་ཚོགས་ཆུང་ཆུང་འདི་སྔར་ཡང་ཐེངས་འགར་འདི་ལྟར་འུར་དིར་རེ་འགྲོ་མྱོང་། གློ་བུར་བའི་ཆར་ཞོད་ལྟ་བུའི་ཟིང་ཆ་འདི་དག་གློ་བུར་དུ་འཕྱུར་ཡོང་བ་ཙམ་མ་ཡིན་པར། ཟིང་ཆ་ཁ་ཤས་ནི་ཨ་ཞང་ཚང་གི་སྐད་ཆ་ལྟར་བཤད་ན་འཆར་གཞི་དང་དམིགས་ཡུལ། ད་དུང་སྒྲིག་འཛུགས་སོགས་ཡོད་པའི་སྒོ་ནས་ལང་ཡོང་བ་ཞིག་རེད། འོན་ཀྱང་ཉེ་བའི་ལོ་ངོ་གཉིས་ཀྱི་ནང་གི་ཟིང་ཆ་འདི་ནི་བོད་མིའི་ནང་ཁུལ་གྱི་རྩོད་གླེང་ཞིག་ཡིན་པ་ལས་ཕྱིའི་ཤུགས་རྐྱེན་གྱིས་དེད་ཡོང་བ་ཞིག་ཕལ་ཆེར་མ་རེད་ཅེས་བཤད་ཆོག ཡིན་ན་ཡང་བོད་ཀྱི་ཉམས་ཉེས་དང་འཐོར་ཞིག་ལ་ཉིན་མཚན་དབྱེར་མེད་དུ་སྒུག་མཁན་ཚོར་མཚོན་ན་འདི་ནི་ཁོ་ཅག་ལ་མ་བསྒྲུབ་ལྷུན་གྲུབ་ཏུ་བབས་པའི་དངོས་གྲུབ་ཆེན་པོ་ཞིག་རེད། ལྷག་པར་དུ་རྩོད་གླེང་འདིའི་ཕྱོགས་གང་རུང་དུ་གཏོགས་པའམ་གཏོགས་ཁུལ་བྱེད་མཁན་འགའ་ཞིག་གིས་ལ་རྒྱ་འཛིན་སྟངས་ནི་དེ་བས་ཀྱང་དགྲ་དང་བགེག་ཚོགས་ཀྱི་བསམ་སྦྱོར་ལག་ཏུ་བླངས་བ་དང་གཅིག་མཚུངས་རེད། འདི་དག་གིས་མི་སྒེར་པ་ཞིག་དང་གཞུང་བར་གྱི་རྩོད་རྙོག་འདི་ཆོལ་ཁ་བྱེ་བྲག་པའི་བར་གྱི་རྙོག་ཅིག་ཏུ་ངོས་བཟུང་ཞིང་བསྒྱུར་ཐབས་བྱེད་བཞིན་ཡོད་ཅིང་། དེ་དག་ལས་འགའ་ཞིག་ལ་ནི་དེ་ལྟར་ཡིན་པའི་ལྟ་སྟངས་དངོས་གནས་ཡོད་མོད། འགའ་ཞིག་གིས་དེ་ལྟར་མིན་པ་ཤེས་བཞིན་ཏུ་རྙོག་གླེང་ཇེ་ཆེ་གཏོང་ཕྱིར་དེ་ཕྱོགས་སུ་ཁ་བསྒྱུར་ཅི་ཐུབ་བྱེད་བཞིན་ཡོད། གང་ལྟར་འདི་གཉིས་ཆ་རང་གི་འགལ་རྐྱེན་དང་གཞན་གྱི་མཐུན་རྐྱེན་ཏུ་གྱུར་བ་གཅིག་མཚུངས་རེད། 

དགོད་བྲོ་ལ་ངུ་ཡང་བྲོ་བའི་སྣང་ཚུལ་ཞིག་སྟེ། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བཟོ་བཅོས་བྱས་པའི་པར་རིས་འཇིགས་སུ་རུང་བ་དང་སྐྱུག་མེར་ལང་བའི་རིགས་དགྲམ་ཅི་ཐུབ་བྱེད་པ་དང་། དེ་དག་གི་ཞབས་སུ་མཆན་ཡན་གར་བ་མང་པོ་བྲིས་ཏེ་དྲྭ་ཐོག་གི་དམག་འཁྲུག་སློང་བའི་ཐབས་བྱེད་པ་ནི་རྒྱུན་མཐོང་གི་གནས་ཚུལ་ཞིག་རེད། དམག་འཁྲུག་འདིའི་ཁྲོད་དུ་ཞུགས་མཁན་ཕལ་མོ་ཆེ་རང་ཉིད་ཀྱི་སྐད་ཆར་འགན་འཁུར་མི་ཐུབ་མཁན་གྱི་དམག་འཁྱམ་ལྟ་བུའི་དྲྭ་འབུ་རེད་ལ། ཡང་ཅིག་བཤད་ན་ཁོ་ཅག་གིས་སྐད་ཆའི་འགན་ཁུར་ཟེར་བ་ཞིག་ཡོད་མེད་ལ་མནོ་བསམ་ཙམ་ཡང་གཏོང་མྱོང་ཡོད་ཀྱི་མ་རེད། དེ་དག་ལ་ཀུན་སྤྱོད་ཀྱི་སྒྲིག་གཞིའི་ཚད་བཀག་མེད་ལ་མི་རིགས་ཀྱི་འགན་འཁྲིའི་བསམ་བློ་ཡང་མེད་པས། ཁོ་ཅག་གི་སྐད་ཆ་ལ་ཁུངས་ལུང་དང་རྒྱུ་མཚན་གང་ཡང་མི་དགོས་ཏེ། སེམས་ལ་གང་ཤར་དང་ཁ་ནས་གང་ཐོན་ཐམས་ཅད་དྲྭ་ཐོག་ཏུ་བླུག་བཞག་ན་དེས་ཁོ་ཅག་གི་འདོད་པ་ཚིམས་ཏེ་ད་ནི་ངས་ཆེན་པོ་ཞིག་འགྲུབ་སོང་སྙམ་དུ་རང་ཉིད་རང་གིས་བཀྱག་ནས་འདུག་པ་རེད། དེའི་དབང་གིས་ཁོ་ཅག་གིས་འཇིག་རྟེན་འདིའི་ཚིག་གང་རྩུབ་རྩུབ་དག་བེད་སྤྱོད་བྱེད་ཅིང་སྤྱི་ཚོགས་འདིའི་ཚོར་བ་གང་རྣོ་རྣོ་དག་ལ་གླེང་འགེལ་བར་བྱེད། རྒྱུ་མཚན་ལས་ཚོར་བ་གཙིག་ཆེན་ཏུ་འཛིན་པའི་མི་ཚོགས་འདིས་དེ་དག་གི་སྐད་ཆ་གོ་སླ་ཞིང་དང་དུ་ལེན་བདེ་བ་ནི་བཤད་མཁན་དང་ཉན་མཁན་གཉིས་ཀ་རྒྱུད་ཚོད་དང་མཐོང་རྒྱ་མཉམ་པས་རེད། ལྷིང་འཇག་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་དགོས་ན་མ་མཐའ་ཡང་དེ་དག་གི་བྱ་སྤྱོད་ལས་གསུམ་ལ་ཡ་ལན་བྱེད་རྒྱུ་མེད་ཅིང་། ལྷ་རབ་བྱུང་ན་ཁོར་ཡུག་དེའི་ནང་དུ་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་འཚོལ་དགོས་པ་རེད། རང་ཉིད་ཁ་ཕྱོགས་གང་ཞིག་ཏུ་འགྲོ་བཞིན་པ་མི་ཤེས་ན་ཡང་། འུར་ཞོགས་སྤྱི་ཚོགས་ཀྱིས་ཕྱོགས་ག་ཤེད་ཅིག་ཏུ་དེད་ནས་བུད་སོང་བ་དང་འགྲོ་བཞིན་པ་འགའ་ཞིག་གིས། དོན་དག་ཙག་ཙིག་འདིའི་ཆེད་དུ་གཞན་སྲོག་གཅོད་རྒྱུ་དང་རང་སྲོག་འདོར་རྒྱུ་སོགས་ཀྱི་དམ་བཅའ་འཇོག་པའང་བྱུང་མོད། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དེ་ལྟའི་ཆོད་སེམས་སྐྱེ་མ་མྱོང་ལ་དམ་བཅའ་འཇོག་མ་མྱོང་། འོན་ཀྱང་དེ་དག་ལ་ཡ་ལན་མ་བྱས་པར་རང་སར་བཞག་པས་ནམ་ཞིག་ཐང་ཆད་དེ་རང་སར་ཞི་བར་འགྱུར་བས་དེ་ཙམ་གྱི་ཉེན་ཁ་ཆེན་པོ་ཞིག་མ་རེད།

འོན་ཀྱང་འགའ་ཞིག་ནི་དེ་ཙམ་གྱིས་ཡིད་ཚིམས་ནས་མི་འདུག་སྟེ། ཁོ་ཅག་གི་དམིགས་ཡུལ་ནི་སྤྱི་ཚོགས་འདི་ཟང་ཟིང་ལང་ལོང་དུ་བསྒྱུར་ཏེ་ཁ་འཐོར་དགུ་འཐོར་དུ་གཏོང་རྒྱུ་དེ་རེད། འདི་ནི་སྤྱི་ཚོགས་འདིའི་སྲོག་རྩ་ལ་དམིགས་པའི་དཔུང་འཇུག་ཅིག་རེད་ལ་མི་རིགས་འདིའི་དབུགས་ཐག་ལ་གཏུག་པའི་ཉེན་ཁ་ཆེན་པོ་ཞིག་ཡིན་ཞིང་། ཁོ་ཅག་གིས་དྲྭ་ཐོག་ཏུ་གཡུག་པའི་གད་སྙིགས་ཀྱི་སྐད་ཆ་དང་འདྲ་པར་དེ་དག་ནི་འཆར་གཞི་འདིའི་ཉེར་ལེན་བསྒྲུབ་པ་ཙམ་རེད། འདི་ཚོ་ནི་ད་གཟོད་འུ་ཅག་གིས་མེལ་ཚེའི་དམིགས་འབེན་ཏུ་འཛིན་དགོས་པ་ཡིན་ཏེ། ཁོ་ཚོས་གཡུག་པའི་གད་སྙིགས་དེ་དག་ནི་སྤྱི་བཏང་གི་གད་སྙགས་ཙམ་མ་ཡིན་པར་ནད་འབུ་དང་རྫས་ངན་གྱིས་ཡོངས་སུ་སྦག་པའི་གད་སྙིགས་འཇིགས་སུ་རུང་བ་འབའ་ཞིག་རེད། གད་སྙིགས་འདི་རིགས་ལ་སུས་ཐུག་རེགས་བྱས་ན་དེ་ལ་བཅོས་དཀའ་བའི་ནད་ཡམས་འགོས་སྲིད་ཅིང་། དེས་སྤྱི་ཚོགས་ཧྲིལ་བོར་ནད་ཡམས་ཁྱབ་གདལ་དུ་གཏོང་སྲིད་པས། ང་ཚོ་གད་སྙིགས་འདི་ལས་གཡོལ་ཐབས་བྱས་ཏེ་རྒྱང་གཅོད་རྒྱུ་ཙམ་མ་ཡིན་པར་ནད་བཅོས་པ་ལ་ནད་ཀྱི་རྩ་བ་གཅོད་དགོས་པ་ལྟར། རིགས་འདིར་གདོང་ལེན་དང་རྒོལ་གཏམ་བཏང་སྟེ་སྤྱི་ཚོགས་འདིར་རྫས་ངན་དང་ནད་ཡམས་ཀྱི་གད་སྙིགས་ཡོང་ས་མེད་པ་ཞིག་ངེས་པར་དུ་བཟོ་དགོས་སོ།

བསམ་ཚུལ།

Post navigation

Previous Post: མཚར་གཏམ།
Next Post: སྐུད་པའི་རྣམ་བཞག་གམ། སྐུད་པའི་གྲུབ་དོན་ནི་ཅི་ཞིག་ཡིན་ནམ།

Comments (1) on “ཁ་མཆུ་ཨང་ཉི་ཤུ་བའི་ཁྲོད་ཀྱི་ཁ་མཆུ་བ་གཞན་དག”

  1. བདེ་འཇགས་ཕོ་ཉ། says:
    2020-01-09 at 9:09 am

    ཟིང་ཆ་ག་དུས་ལངས་པ་རེད། ཟིང་ཆ་ལངས་པ་ཡིན་རྒྱུ་མ་རེད། རྒྱ་གུང་ཁྲན་གིས་བོད་ཀྱི་ཞི་བའི་ངོ་རྒོལ་ལ་ཟིང་ཆ་ལབ་ལབ་ནས་ཁྱོད་ལ་རྣ་བྱང་ལག་བྱང་དུ་སོང་བ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme