Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་མཆུ་འཛུགས་གི་ཡིན།

Posted on 2009-08-30 By dhatsenpa 21 Comments on ཁ་མཆུ་འཛུགས་གི་ཡིན།

བེ་རི་འཇིགས་མེད་ལགས།
ཉེ་ཆར་ཁྱེད་རང་གིས་དྲ་ཐོག་བཀོད་པའི་རྩོམ་རིག་གི་འཕེལ་རིམ་དང་ཞན་ཆའི་སྐོར་གྱི་རྩོམ་དང་ཆུ་སྒང་གི་ལོ་རྒྱུས་འབྲི་སྟངས་ལ་ངས་མི་མཐུན་པའི་བསམ་ཚུལ་ཅི་ཡོད་དོན་ཚན་རིམ་པ་བྱས་ནས་རྒྱུ་མཚན་དང་བཅས་ཏེ་གསལ་བོར་བཀོད་ཡོད། དེ་ཡང་གང་ཟག་སྒེར་ལ་དགའ་མི་དགའི་ཐོག་ནས་བརྗོད་མེད། ངའི་རེ་བར་ཁྱེད་རང་གིས་ཀྱང་རང་གི་རྩོམ་ལ་འགན་ཞིག་ཁྱེར་ནས་དྲ་ཐོག་གི་མཁས་དླུན་ཚང་མའི་མཉམ་བགྲོ་གླེང་འཁྲུགས་པོ་ཞིག་བྱེད་གི་རེད་བསམས་སོང་ཡང་། ཁྱེད་ཀྱིས་ཁྱི་རྒན་ཚོས་ཁྱི་སྐྱག་བཏང་རྗེས་སྣོམས་ཙམ་བྱས་ནས་འགྲོ་བ་དེ་བཞིན་རང་རྩོམ་ཁྱི་སྐྱག་བཞིན་བདག་མེད་དུ་གཡུགས་སོང་། ངས་ཉིན་འགར་སྒུག་པ་ཡིན་ཏེ་ཁྱེད་རང་ཝ་མོ་ཁུང་དུ་འཛུལ་བ་བཞིན་ཕྱི་ལ་དོན་མ་སོང་། དེ་ཡིན་ན་ངས་ཀྱང་ཝ་མོ་དུད་པས་བདུག་ནས་ཕྱིར་འདོན་དགོས་མ་མཆིས།
བར་སྐབས་རིང་དྲ་ཁང་དུ་འཛུལ་རྒྱུའི་གོ་སྐབས་རེག་མ་སོང་། ཧང་སངས་པ་ཞིག་ལ་ང་མེད་ཤུལ་དུ་ཁྱོད་ཡོང་ནས་ཚིག་གྲུབ་གསུམ་བཞི་ཞིག་བྲིས་ནས་མི་ལ་ཡ་ལ་དཀྲིས་ཏེ་མི་དཀར་དཀར་ལ་ཞྭགནག་པོ་གཡོགས་རྩིས་བྱས་འདུག་ག
གཅིག ་་ མདའ་མཚན་པ་ལྟ་བུའི་ཨ་ མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གི་ལྟེ་གནས་གལ་ཆེ་དེ་ འདྲ་གཏོར་རྒྱུའི་བློ་ཁོག་ཡོད་མཁན་་ ཞེས་པ་དང་། གཉིས། ་་ཉམ་ཆུང་མིའི་དྲ་ཡིག་ནག་བསུབས་གཏོང་ན་ཕན་ཐོགས་གང་ཡང་མེད་་ ཅེས་དང་། གསུམ། ་་དེ་བས་རང་ཉིད་མི་དགའ་ས་དེ་ཚོའི་དྲ་རྩོམ་རེ་གཉིས་སླེབས་ཚེ།་་ལྟ་བུ་རེད།
༡ ཨ་མྱེས་རྨ་ཆེན་ལ་བོད་ཀྱི་རིག་གཞུང་ཡར་རྒྱས་དང་སྲུང་སྐྱོབས་བྱེད་པའི་སླད་ལས་གཞི་རྒྱ་ཆེན་པོ་མང་པོ་ཡོད་པ་རེད། དེ་བས་རང་ཉིད་ནས་ཀྱང་ལྷག་བསམ་རྣམ་དག་དང་གང་ཐུབ་ཅི་ཐུབ་ཀྱིས་དབུ་བླ་ཡར་འདེགས་བྱེད་པར་ནུས་པ་བཏོན་ཡོད། དེ་ནི་འགན་འཛིན་ཚོས་ཀྱང་ལོས་ཀྱང་ཤེས། འགན་འཛིན་རྣམས་ཀྱང་རང་ཉིད་སོ་སོའི་གཤིས་ཀ་མཚུངས་མིན་ལ་མ་ལྟོས་པར་བོད་དོན་ལ་ལྷག་བསམ་ལྡན་ཞིང་ཤེས་འཇོན་གཉིས་ལྡན་རྐྱང་རྐྱང་རེད། ད་ལྟ་ཡིན་ནའང་ད་རུང་ཨ་མྱེས་རྨ་ཆེན་ལ་རྒྱབ་སྐྱོར་ཡོད། རྗེས་སུ་ལས་བྱེད་ཁ་ཤས་ཤིག་ནས་འཕྲོ་རིམ་འཕྲོར་དགོངས་པ་ཞུས་པ་རེད། འགན་འཛིན་རྣམས་ཀྱང་རེ་རེ་བཞིན་ཁ་ཐོར་ཕྱིན་ཏེ་་ད་ལྟ་བཀྲ་ཤིས་ཚེ་རིང་གཅིག་པོ་ལྷག་འདུག དེ་ངས་མ་བཤད་ཀྱང་ཚང་མས་ཤེས་པའི་དོན་དག་ཅིག་རེད། མི་རེ་རེའི་དགོངས་པ་ཞུ་སྟངས་ལ་མི་འདྲ་བའི་རྒྱུ་མཚན་རེ་ཡོད་རྒྱུ་རེད། དེ་ཨ་མྱེས་རྨ་ཆེན་ནང་ཁུལ་གྱི་དོན་དག་ཡིན་པས་ངས་བཤད་དགོས་མ་མཆིས། གལ་སྲིད་ཤེས་འདོད་ཡོད་ན་དཀྲོགས་གཏམ་འདྲ་མི་འདྲར་ཉན་ནས་སྡོད་མི་དགོས་པར་་བཀྲ་ཤིས་དང་ལྷ་བསང་གཉིས་དེ་ག་དྷ་སར་ཡོད་པ་རེད། དེ་ལ་འདྲི་རུ་རྒྱུགས།
རྗེས་སུ་ཨ་རིར་ཡང་ལྷ་རྩེ་བོད་ཀྱི་དཔེ་མཛོད་ཁང་དུ། འཇམ་ནོར། པདྨ་་འབུམ། བསོད་ནམས་དར་རྒྱས་ངེད་ཚོ་ལས་གྲོགས་རྙིང་པ་རྣམས་དགའ་འཛོམས་བྱུང་སྟེ་འཇམ་དབྱངས་ལགས་ཀྱིས་ང་ཚོས་མཉམ་དུ་པར་རྒྱག་དགོས་ཟེར་ནས་ཚང་མའི་གདོང་བ་འཛུམ་གྱི་ལེར་པར་ཡང་ཁ་ཤས་བརྒྱབས་པ་ཡིན། བཀྲ་ཤིས་ལའང་དེ་སྐབས་ཐུག་སོང་། ལྷ་བཟང་ལ་ཐུག་མ་སོང་རུང་ངས་ཡང་ཡང་ཁོང་གི་བདེ་སྡུག་སྐོར་སྐད་ཆ་འདྲི་གི་ཡོད།
༢ ཁྱེད་རང་ཡང་ཁ་བརྡ་ནང་རྩོམ་འབྲི་མཁན་ཞིག་རེད། ང་ཡང་དེ་བཞིན་རེད། ངས་ཁྱེད་རང་གི་རྩོམ་ཇི་ལྟར་ནག་བསུབས་གཏོང་ཐུབ་གི་རེད། དེ་ཐུབ་ན་ཁྱེད་རང་གིས་ཀྱང་ངས་བྲིས་པ་རྣམས་ནག་བསུབས་བཏང་ན་འགྲིགས་གི་རེད།
༣ ང་ལ་མི་དགའ་སའི་མི་དེ་འདྲ་སུ་ཡང་མེད། རྩོམ་པ་པོའི་ནང་ལྷག་ཏུ་མི་དགའ་ས་མེད། ཡིན་ན་ཡང་། མཚམས་རེར་མི་འགའ་རེ་ནས་མི་ཤེས་ཤེས་ཁུལ་གྱིས་མང་པོ་ཞིག་བྲིས་ཡོང་ན་དེ་ལ་ལན་རྣོན་པོ་རེ་ཤོར་འགྲོ་གི་འདུག རྒྱུ་མཚན་བགྲང་རྒྱུ་དེ་ང་ལ་མཚོན་ན་ཨང་དང་པོར་འཛིན་ཁུལ་བྱེད་གི་ཡོད་ནའང་ཞར་དང་ཞོར་ལ་ཁབ་ཚགས་འབིགས་ཚགས་རེ་བྱེད་རྒྱུ་དེ་གོམས་སྲོལ་ལྟ་བུར་ཆགས་འདུག་པས་དེ་ལ་ཕལ་ཆེར་བཅོས་ཐབས་ཤིག་མེད་པ་འདྲ།
ངས་འདི་འབྲི་དགོས་དོན་ནི་ཁྱེད་རང་གིས་ང་ལ་གཞི་མེད་ཉེས་འཛུགས་ཀྱིས་མི་དཀར་ལ་ཞྭ་ནག་གཡོགས་པ་དང་། འགན་འཛོན་དང་ལས་བྱེད་བར་དཀྲུག་ཤིང་རྒྱག་པ། སྦྱི་ཚོགས་ནང་མི་སྒེར་ཞིག་ལ་དམིགས་ཏེ་དཀྲོགས་གཏམ་སྤེལ་བའི་བྱ་སྤྱོད་ངན་པ་དེ་གཅིག་པོར་དམིགས་ནས་བྲིས་པ་མིན་པར། ནམ་རྒྱུན་ནས་ང་ཚོའི་སྤྱི་ཚོགས་ནང་རྩོམ་མཁན་དུ་རློམ་པ་ཉུང་ཤས་ཤིག་ནས་དངོས་ཡོད་གནས་ཚུལ་ཅི་ཡིན་མི་ཤེས་པར་གཞུང་སྒེར་ལ་ཁུངས་མེད་ཀྱི་སྐྱོན་བརྗོད་བྱེད་མཁན་དེ་རིགས་ཚང་མས་ཀྱང་ངེས་པར་གོ་དགོས་པའི་གཏམ་ཡིན།
དེར་མ་ཟད། ཁྱེད་རང་རྩོམ་པ་པོ་ཞིག་ཡིན་པ་མ་ཟད་བོད་མི་མང་གི་སྤྱི་འཐུས་ཤིག་ཀྱང་རེད། དེ་ཡིན་ན་ཁྱེད་རང་ངའི་སྤྱི་འཐུས་ཀྱང་རེད། རྩོམ་པ་པོ་ཞིག་ནས་ཁ་ཡོ་ནས་བཤད་པ་དང་སྨྱུག་རྩེ་དཀྱོག་ནས་འབྲི་བ། སྤྱི་འཐུས་ཤིག་ནས་སྤྱི་འབངས་ཤིག་ལ་ཁུངས་མེད་ཉེས་འཛུགས་བྱེད་པ་འདི་དག་ཁྱེད་རང་རྩོམ་པ་པོ་དང་སྤྱི་འཐུས་སྒེར་ལ་མཚོན་ནའང་རང་གིས་རང་ལ་མཐོང་ཆུང་དང་དམའ་ཕབ་པ་ཞིག་ཀྱང་ཡིན་ན་དེ་ལྟར་མི་བྱེད་པའི་གཞེན་སྐུལ་ཞིག་ཀྱང་ཡིན།
རྩ་བས་ངས་ཁྱེད་རང་ལ་མིན་པརཁྱེད་རང་གི་རྩོམ་ལ་སྐྱོནསེལ་བྱས་པ་དེར་ཁྱེད་རང་དགའ་མི་འདུག དེར་མ་དགའ་ནའང་སྡུག་གྱོང་རེད་ཞུ་ཡ་ཡིན། མུ་མཐུད་དུ་སྐྱོན་སེལ་ཞུ་གི་ཡིན། ང་རང་གིས་གང་ཞིག་བྲིས་ཀྱང་ང་ལ་མིན་པར་ངས་བྲིས་པ་དེ་ལ་དགག་གཞག་དང་ཚིག་ངན་ཆར་བ་འབེབས་འབེབས་བྱསནའང་དེ་ལ་དགའ་བསུ་ཡོད། དེ་ནི་ངས་རེ་སྒུག་དང་ངའི་འཐོབ་བྱའང་དེ་ཡིན། གཞན་མི་མཐུན་པའི་བསམ་ཚུལ་ཁ་ཐུག་ཁ་ཐུག་བཤད་རྒྱུ་དེ་ནི་རང་ཉིད་ལ་ཨ་མས་གནང་བའི་ལེགས་སྐྱེས་ཡིན་པས་ནམ་ཡང་གཅེས་ཉར་བྱེད་གི་ཡིན། སྟེང་ལྷ་ལ་ཕོག་ན་འོག་ཀླུ་ལ་ཕོག་ན། ཨ་མའི་ལེགས་སྐྱེས་དེ་ནི་ངའི་གཅེས་ནོར་ཡིན། ད་རུང་མུ་མཐུད་མི་ལ་ཡ་ལ་བཙུགས་ན་ཁྲིམས་ཁང་ནང་ཁྲིམས་གཏུགས་བྱེད་གི་ཡིན་ད།

གསར་འགྱུར།

Post navigation

Previous Post: ༄༅། །སྔགས་པ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ལ་བསྔགས་པའི་གཏམ་སྤྲིན་གྱི་རོལ་མོ།
Next Post: བོད་པས་རྒྱ་གར་མར་བཙན་གཡེམ་གྱི་ཐོག་མ།

Comments (21) on “ཁ་མཆུ་འཛུགས་གི་ཡིན།”

  1. རྨུ་རྒོད། says:
    2009-08-30 at 7:32 pm

    མདའ་ཚན་པ་ལགས། 

    གནས་ཚུལ་གཉིས་ལྷགས་སོང་། དེ་ལ་བརྟེན་ནས་ཁྱེད་ཀྱི་ཁ་མཆུ་འདི་ཕར་ཙམ་འགྱངས་ན་ཨེ་འགྲིག

    དང་པོ། བོད་ནང་ནས་ཉེ་འཆར་རང་སྲོག་བློས་བཏང་གིས། གཟུགས་བ་རྙན་འཕྲུལ་འཁོར་ཐོག་བོད་ལ་རང་དབང་མིན་འདུག ཕྱི་ལ་སྡོད་མཁན་བོད་མི་ཚོས་འདི་ལ་སྣང་མེད་མི་བྱ་བར། རྒྱལ་སྤྱིའི་ཐོག་དགྲ་ནག་གི་སྤྱོད་ངན་རྣམས་འཐེར་འདོན་བྱེད་རོགས། འདི་བོད་ནང་གི་བོད་མི་ཞིག་གི་རེ་བ་ཡིན་ཟེར་སྐད། གོ་སྐབས་འདི་བརྒྱུད་ནས། ད་ལྟ་ངེད་ཚོས་རྒྱ་ཆ་འདི་དཔང་པོ་ལ་འཁྱེར་ནས་རྒྱལ་སྤྱིའི་ཐོག་གུང་ཁྲན་འདིའི་ངན་འཚང་རྣམས་འདོན་རྒྱུའི་གོ་སྐབས་མ་ཤོར་བ་བྱེད་དགོས་རེད་བསམས།

    གཉིས་པ། རྒྱལ་བ་རིན་པོ་ཆེ་ཐེ་ཝན་ལ་རྒྱ་མི་རྣམས་ལ་སེམས་གསོ་གནང་བར་ཕེབས་པའི་སྒང་ཡིན་ལ། གོ་སྐབས་འདི་བརྒྱུད་ནས། ངེད་ཚོ་ཕྱི་ལ་སྡོད་པའི་བོད་པ་རྣམས་ཀྱིས་དགྲ་གུང་ཁྲན་གྱི་ངན་ཚང་དེ་རྒྱལ་སྤྱིའི་ཐོག་བཏོན་ཐུབ་ན་གོ་སྐབས་ཤིག་རེད། 

    དེར་བརྟེན་ཁྱེད་ཀྱི་ཁ་མཆུ་འཛུགས་རྒྱུ་དེ་ཏོག་ཙམ་འགྱངས་ན་ཨེ་འགྲིག བེ་རི་རྒྱ་གར་ལ་སྡོད་སྡོད་པ་རེད། འབྲོ་མི་སྲིད།

    རྒྱལ་ཁབ་དང་མི་རིགས་ཀྱི་དོན་དག་དེ་ཏོག་ཙམ་གལ་ཆེ་བ་མེད་འགྲོ་བསམ་གྱི་འདུག ཁྱེད་ཀྱི་འདི་ལ་ཐད་པ་ཨེ་ཡོད།

    དེ་མིན་བེ་རི་ཁམས་པ་དང་ཁྱེད་ཨ་མདོ་བྱས་ནས་སྤྱི་ཚོགས་ཐོག་ཁམས་པ་དང་ཨ་མདོའི་དབར་ལ་རྙོག་འདྲ་ཆེན་པོ་ཞིག་མི་ཡོང་བའི་ངེས་པ་མེད། དེ་འདྲ་བྱུང་ན་ངེད་ཚོ་ཚང་མར་མི་གནོད་དམ།

  2. མདའ་ཚན་པ། says:
    2009-08-30 at 9:00 pm

    རྨུ་རྒོད།
    ཁམས་པ་དང་ཨ་མདོ་འདིའི་བར་ཁྱེར་ཡོང་ནས་རྙོག་དྲ་ཆེ་རུ་མ་གཏོང་། ངས་འདིར་བེ་རིས་མཚོན་དངོས་ཡོད་གནས་ཚུལ་མ་ཤེས་པར་སྤྱི་སྒེར་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་གྱི་རིགས་སུ་གྱུར་བ་མཐའ་དག་ལ་གོ་བར་བྱེད་པའི་གཏམ་ཞིག་སྔོན་བརྡའི་ཚུལ་དུ་བཏང་བ་ཡིན།
    གལ་སྲིད་ངས་ཁམས་ཀྱི་སྐོར་ངན་པ་མང་པོ་ཞིག་བཤད་ན་སྐྱེས་ཡུལ་ཁམས་ནས་ཡིན་པའི་ངའི་སློབ་གྲོགས་ཡག་ཤོས་གྲས་དང་། ངའི་ཡིད་ཆེས་འཕེར་བའི་ཁམས་ཀྱི་སློབ་མ་དག། ད་དུང་ངའི་གྲོགས་པོ་མང་པོ་ཞིག་ང་ལ་ཡིད་ཆེས་ལོག་རྒྱུ་ཡིན་པས་དེ་འདྲ་ངས་རྨི་ལམ་དུའང་ཡོང་མི་སྲིད། ཁྱེད་རང་གིས་དོན་དག་ཆེ་རུ་མ་བཏང་ན་བཟང་།
    རྩོམ་པ་པོའི་ཞན་ཆ། རྩོམ་པ་པོའི་ཚད་གཞི་ཟེར་བ་སོགས་བེ་རི་ཁོ་རང་ནས་མང་པོ་ཞིག་བྲིས་སོང་ང། དེས་ན་མི་ལ་ཡ་ལ་འཛུགས་རྒྱུ་དེ་རྩོམ་པ་པོ་ཡག་པོ་ཞིག་གི་ཚད་གཞི་རེད་དམ།།
    བོད་དོན་ཆེད་རང་རང་གི་ངོས་ནས་ཀྱང་སློབ་གྲྭའི་ནང་གཏམ་བཤད་བྱེད་པ། འབྲེལ་ཡོད་ལས་ཁུངས་ལ་སྙན་ཞུ་འབུལ་བ། ངོ་ཤེས་དབྱིན་ཡིག་ཡག་པོ་ཡོད་པ་ཚོར་བོད་དོན་ཆེད་འབྲི་རྩོམ་དང་གཏམ་བཤད་སྤེལ་བར་སྐུལ་སློང་བྱེད་པ་སོགས་གང་ཐུབ་ཐུབ་བྱེད་གི་ཡོད།
    དེ་མིན་བོད་དོན་ཆེད་རང་སྲོག་འབེན་ལ་འཇོག་པའི་སྙིང་སྟོབས་ནི་ང་ལ་མེད། བོད་དོན་ཆེད་ཁྱིམ་མི་ལོངས་སྤྱོད་དང་བཅས་པ་ཡལ་བར་འདོར་བའི་སེམས་ཤུགས་ཀྱང་ང་ལ་མེད། ང་རང་གིས་གང་བྱེད་ཐུབ་པ་དེ་བྱེད་གི་ཡོད། དེ་ཙམ་ཡིན།

  3. མིའུ་ཕྲུག says:
    2009-08-30 at 9:03 pm

    མདའ་ཚན་པ་དོན་མེད་ཀྱི་བྱ་བ་གླེང་ལ་དགའ་བ་མ་ཟད་དེ་དག་ཆོ་མེད་ཏུ་འགྱུར་བའི་རེ་མདུན་འཆང་མཁན་ཞིག་ཡིན་པས་མཁས་དབང་བེ་རི་ལྟ་བུའི་ཤེས་འཇོན་གཉིས་ལྡན་ཞིག་གིས་ཁྱེད་ཀྱི་ཉོག་སྐད་ལ་ཡ་ལན་བྱེད་ཁོམས་ཡོད་མ་རེད།
    ཁྱེད་རང་ཕྲག་དོགས་དང་ཞེན་ལྟས་མི་གཞན་གྱིས་བྲིས་པའི་རྩོམ་ཡིག་དག་ཁ་བརྡ་ནས་ནག་བསུབས་མ་གཏོང་ན་ལེགས།
    གང་ལྟར་ཆོས་སྲིད་གཉིས་ལ་མཁས་པའི་བེ་རི་དང་བྱིས་ཕྲུག་མདའ་ཚན་པའི་བར་དུ་གནམ་ས་ལྟ་བུའི་ཁྱད་ཡོད་པ་དེ་མ་བརྗེད་པར་གྱིས།

  4. རིག་པའི་རལ་གྲི། says:
    2009-08-30 at 10:31 pm

    །ཁ་རོག་བཞུགས་མཛོད་མིའུ་ཕྲུག་ཁ་བདེ་ལགས།
    །ཁ་བརྡ་ནང་ནས་ཁ་མཆུ་འཛུགས་ཡོང་གོ

  5. མིའུ་ཕྲུག says:
    2009-08-30 at 11:30 pm

    རིག་པའི་རལ་གྲི་ལགས། ཁྱེད་ཀྱིས་གསུངས་པ་བདེན་ད་ནི་ཁ་རོག་འདུག་རྒྱུ་ཡིན།
    ཁ་བརྡའི་ནང་དུ་ཁ་མཚར་བཤད་ཉེས་ན།།
    ཁ་དབང་བཙན་པོས་ཁ་མཆུ་འཛུག་ས་འདུག།
    ཁ་ཁོག་མེད་པའི་ཁ་ཏ་ལ་ཉན་ནས་།།
    ཁ་འདོན་འདོན་ཞིང་ཁ་རོག་འདུག་རྒྱུ་ཡིན།།

  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-08-31 at 12:11 am

    འདི་རུ་སློབ་ལོ་འགོ་བཙུགས་པ་ལ་བརྟེན། ཡུན་རིང་བོར་དྲ་ཐོག་ལ་ཡོང་ཐུབ་མ་སོང་། དེ་རིང་དྲ་ཐོག་ལ་ཡོང་བ་ཡིན། མགོན་ཕྱག་ལགས་ཀྱང་ཕྱིར་ཕེབས་འདུག
    མགོན་ཕྱག་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་ཇི་སྙེད་ཅིག་བྐླགས་པའི་བརྒྱུད་རིམ་ཁྲོད། མགོན་ཕྱག་ལགས་ལ་ཚིག་སྦྱོར་སྤེལ་སྟངས་ཐུན་མོང་མ་ཡིན་པ་ཞིག་འདུག
    མགོན་ཕྱག་ལགས་ཀྱིས་གང་བྲིས་བ་དེ། ཚིག་ཉུང་ཞིང་དོན་འདུས་བ། བརྗོད་པ་བདེ་བ་བཅས་ཀྱི་ཁྱད་ཆོས་ཀྱང་འདུག
    འོན་ཀྱང་། དེ་རིང་མགོན་ཕྱག་ལགས་ཕྱིར་ཕེབས་པ་དང་ཁ་མཆུ་འཛུགས་ཀྱི་ཡིན་གསུངས་འདུག
    ཁ་མཆུ་མ་འཛུགས་རོགས་ཞུ་འདོད་བྱུང་། བོད་རིགས་ནང་ཁུལ་ལ་ཁ་མཆུ་འཛུགས་དགོས་བའི་དུས་ཤིག་ལ་སླེབས་མེད་པ་འདྲ།
    དེ་ལས། བོད་རིགས་རྩོམ་འབྲི་བ་ཚོའི་རྩོམ་འབྲིའི་ཁ་ཕྱོགས་དང་རྩོམ་ཡིག་གི་སྤུས་ཚད་སོགས་ལ་སྐྱོན་བརྗོད་རྩོམ་ཡིག་ཞིག་འབྲི་ཐུབ་ན་དགེ་ཕན་ཆེ་བར་མཐོང་།
    ངེས་པར་དུ་སྐྱོན་བརྗོད་རྩོམ་ཡིག་ཞིག་འབྲི་རོགས་གནང་། དེས་ང་ལྟ་བུའི་འཚར་ལོངས་ཀྱི་བརྒྱུད་རིམ་ན་ཡོད་པའི་ལོ་གཞོན་ཚོར་ཕན་ཐོགས་ཆེན་པོ་འདུག
    འདི་ངེད་ཀྱི་རེ་བ་ཡང་ཡིན། གནས་སྐབས་ལ་དེ་ཙམ་ཞུ།

  7. གཡུ་མཚོ། says:
    2009-08-31 at 1:12 am

    །ཁ་རོག་བཞུགས་མཛོད་མིའུ་ཕྲུག་ཁ་བདེ་ལགས།
    །ཁ་བརྡ་ནང་ནས་ཁ་མཆུ་འཛུགས་ཡོང་གོ

  8. དཔའ་བོ་ says:
    2009-08-31 at 1:49 am

    མདའ་ཚན་པ་ཟེར་བའི་མི་ངན་ཁྱོད་ཀྱི
    ་མི་ལ་སྡིག་ར་སྐོས་པ་དེ་དངོས་གནས་ཧཧཧཧཧཧཧཧཧཧཧཨཧཧཧཧཧཨཨཨཨཧཧཧཧ་
    དངོས་གནས་ཡིན་
    ཁྱོད་ཀྱི་ལོ་རྒྱུས་དང་གནས་སྟང་ངས་ཤེས་
    ཆ་ཅན་གང་ཡང་མེད་པ་ངའི་ཤེས
    ཧཧཧཧཧཧཨཧཧཧ
    ཁ་མཆུ་འཛུགས་ཟེར་བ་དེ་ངའི་ངོས་ནས་གཏམ་བཟང་ཡིན་་
    དགའ་བསུ་ཡོད་
    ལྟས་མོ་རྗེས་ལ་ལྟ་ཆོག་གི་རེད་

  9. ཀུན་དགའ་ says:
    2009-08-31 at 2:59 am

    དྲ་གྲོགས་མདའ་ཚན་པས་སྐུ་འོས་བོད་མི་དམངས་སྤྱི་མཐུས་མཁས་དབང་བེ་རི་འཇིག་མེད་ལགས་ལ་ཁ་མཆུ་འཛུགས་གི་ཡིན་ཟེར་བའི་འཇིག་སྐུལ་གྱི་གཏམ་བཤད་དེར་དངོས་གནས་ཁ་རྡ་དྲ་རྒྱས་རང་དབང་གི་ཞིན་ཆ་ཞིག་ཡིན་མིན་མི་ཤེས་དེ་སྔོན་ངས་བུ་མོ་ཚེ་རིང་སྐྱེད་ལ་བློ་བཟང་དབང་རྒྱལ་གི་མཛེས་མ་ཅེས་པའི་དངོས་ཡོད་ཀྱི་གཏང་བཤད་བྱེད་དུས་ཁ་རྡ་རྩམ་སྒྲིགས་པས་ཟིན་བྲིས་བསུག་སོང་བས་རྩམ་སྒྲིགས་པས་བུ་མོ་དེར་དཔེ་ལེག་ཁྲོབ་པ་ཞིག་མིན་ན་འཇིག་སྐུལ་གྱི་གཏམ་བཤད་འདི་མ་བསུག་པ་དེ་ག་རི་ཡིན་ཟེར་ཏེ་འགྲེལ་བཤད་རྒྱབ་གྱི་ཡོད་ནམ་མི་ཤེས་་་་་་་་་་ཡིན་ཡང་་གཙོ་བོ་སོ་སོའི་ཚད་ལྡན་གྱི་རང་དབང་ལ་ཞིན་ཆ་ཡོད་པ་དང་སྤྱི་ཚོགས་ནང་མི་དགོས་པའི་དབྱིན་དཀྲུག་བཟོ་བ་དངོས་གནས་རེད་་་་་ང་འཚོའི་མཐོང་སྣང་ལ་ཉིན་འཆར་ཧིན་གཟུགས་ཟིན་བྲིས་སྒོ་མི་ཕྱེ་བའི་གནད་དོན་ཡང་གོ་ཐོས་སུ་་་་་་་དེ་ཡོད་ཟིན་བྲིས་པ་རྣམ་ཀྱི་སེམས་ཁུལ་མ་བྱེད་པའི་སྐྱོན་ཡིན་པ་བདེན་ན་་་་
    མདའ་ཚན་པ་ལགས་
    ་ཁྱོད་ཀྱི་དངོས་གནས་ཁ་མཆུ་འཛུགས་འདོད་ན་་འགྲོ་ས་ཁ་བརྡ་དྲ་རྒྱ་ནང་མ་རེད་་་་་་་་་་་་་མ་ཤེས་ན་་་་་
    དོ་རྒྱལ་ཚོགས་པ་༢༠༠༨་ལོ་ཁྲིམས་ནང་འགྲོ་སོང་བས་དེར་འདྲི་ན་འགྲིག་གི་རེད་་་་་་་་་དེའི་མིང་ལ་ཁྲིམས་ཁང་ཟེར་་་་་་་་་དེ་ན་ཁྲིམས་བརྩོད་པ་ཡོད་་་་་
    ཁྱོད་ཀྱི་བེ་རི་འཇིགས་མེད་སྐུ་འོས་སྤྱི་མཐུས་ཡིན་པ་དང་ལོ་རྒྱུས་སོགས་རིགས་གནས་ཀུན་ལ་མཁས་དབང་ཞིག་ཡིན་བསམ་ནས་འཇིག་སྣང་སྐྱེ་མི་དགོས་་་་་ད་དུང་ཁྱོད་ལ་རྒྱབ་སྐྱོར་མེད་ནའང་རྒྱལ་ཕམ་ནི་ཁྲིམས་ཀྱི་གྲུབ་འབྲས་ཡིན་པ་ཤེས་དགོས་ཀྱང་་་ནམ་ཡང་ཁྱོད་འདྲ་བའི་མི་མིང་མེད་ཞིག་གི་བེ་རི་འཇིག་མེད་ལགས་ཀྱི་རྐང་པའི་སི་མོ་ཙམ་ལ་གནོད་སྐྱོན་བཏང་མི་ཐུབ་པ་ཤེས་དགོས་

  10. tashi says:
    2009-08-31 at 7:12 am

    བོད་པས་རྒྱ་གར་མར་བཙན་གཡེམ་གྱི་ཐོག་མ།

    བདུན་ཕྲག་འགའི་ཡར་སྔོན་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་

    ་གིས་ཝྭར་ཎའི་ས་གནས་རྒྱ་གར་གྱི་བུ་མོ་ལོ་ན་བརྒྱད་སོན་པ་ཞིག་ལ་བཙན་གཡེམ་བྱས་པར་བརྟེན་སློབ་དཔོན་དེ་ད་ལྟ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་ཉུང་མཐའ་ལོ་བཅོ་ལྔ་ནས་ཉི་ཤུའི་བར་བཙོན་འཇུག་བྱ་སྲིད་པ་རེད་ཅེས་ས་གནས་ཀྱི་རྒྱ་གར་ཚགས་པར་ཐོག་ཐོན་ཡོད་པ་རེད་འདུག

    འདས་པའི་མི་ལོ་ལྔ་བཅུའི་རིང་བོད་པ་བཙན་བྱོལ་བ་ཚོར་རྒྱ་གར་གྱི་ས་ཐོག་ནས་རང་དབང་དང་དྲོད་ཁོལ་ཐོབ་པ་ཉུང་ཉུང་ཞིག་གཏན་ནས་མ་ཡིན་ནའང་།བསམ་ཤེས་མི་ཐོངས་པའི་ཡུལ་མིའི་ཕོ་གསར་རེ་ཟུང་གིས་བོད་པའི་བུ་མོ་དང་ཨ་ནེ་མང་པོ་ཞིག་ལ་བཙན་གཡེམ་བྱས་ཤིང་ཁོ་མོ་ཚོའི་ལུས་སེམས་ཀྱིས་མྱངས་པའི་སྡུག་བསྔལ་དེ་མི་སུས་ཀྱང་རྟོགས་དཀའ་བ་ཞིག་ཡིན་མིན་ལ་མ་བལྟས་པར་ང་ཚོ་ བོད་པ་ལ་མཚོན་ན་རྒྱ་གར་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་སྟབས་ད་ལོ་ང་ཚོ་གཞུང་དམངས་གཉི་གས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་རིམ་སྣ་ཚོགས་ཤིག་སྒྲིག་བཞིན་པའི་སྐབས་འདིར་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་

    སློབ་དཔོན་ཞིག་གིས་གནས་ཀྱི་རྒྱ་གར་བུ་མོ་ལོ་ན་བརྒྱད་ལ་སོན་པ་ཞིག་ལ་བཙན་གཡེམ་བྱས་པར་བརྟེན་བུ་མོ་དེའི་ནང་མིས་ས་གནས་ཉེན་རྟོག་པར་གཏུག་བཤེར་བྱས་ནས་དགེ་རྒན་དེ་ད་ལྟ་ཝྭར་ཎའི་བཙོན་ཁང་དུ་བཅུག་ཡོད་པ་རེད་འདུག

    འདི་ནི་བོད་པ་ཞིག་གིས་རྒྱ་གར་མར་བཙན་གཡེམ་བྱས་པ་ཐོག་མ་དེ་ཆགས་ཡོད་པ་དང་།ལྷག་པར་དུ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་གིས་བྱས་པའི་བཙན་གཡེམ་ཐོག་མ་དེ་ཡང་ཆགས་ཡོད་པ་རེད་ལ།

    འདི་ནི་ང་ཚོས་ངེས་པར་དུ་རྒྱ་གར་ལ་དགོངས་དག་ཞུ་དགོས་པའི་གནད་དོན་ཞིག་ཡིན་ན་ཡང་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་ངོས་ནས་གནས་ཚུལ་འདི་བྱུང་ནས་བདུན་ཕྲག་གཉིས་འདས་ཟིན་ཀྱང་གསང་རྒྱ་དམ་པོ་བྱས་ནས་བཞག་ཡོད་པ་རེད།

  11. ལྷ་རྟ་དཀར་པོ says:
    2009-08-31 at 11:52 am

    བེ་འཇིགས་ལ་ཁ་མཆུ་འཛུགས་རྒྱུ་ཡིན་ཨེཟེར། ཁྱུ་རྒན་ཁྱེད་ལྟར་བུས་བཀུར་འོས་བེ་འཇིགས་ལ་ཁ་མཆུ་འཛུགས་གིས་ཡིན་ཟེེར་བ་འདིས་ངརང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དྲན་མེད་ཐེངས་འགའ་ལ་ཐོར།
    མདའ་ཚན་པ་ལགས།

    སྐུ་ཚེ་རིང་བེ་འཇིགས་ལ་ཁ་རྩེད་མ་རྒྱག་རོགས་མ་གཏོགས་རང་མགོ་རང་གིས་སྐྱོབ་ཐུབ་མི་ཡོང་ངམ།
    ཁྱེད་ཀྱིས་ཨ་རོ་ཁམས་པའི་བེ་འཇིགས་ལ་སྐྲག་རྩ་སྐུལ་ཁུལ་བྱེད་བཞིན་ཡོད་ན་བེ་རིའི་མིང་དངོས་འཇིགས་མེད་རེད་ད། མཐའ་ཐུག་ཁ་མཆུ་རང་མགྷགོ་ལ་ལྷག་འོང་། ང་ངོ་མ་ཁྱེད་ལ་སེམས་ཌྷའཚབ་འདུག།
    ེདེ་ལུང་ལྟར་སེམས་ལ་བཟུང་ནས་བེ་འཇིགས་བསུན་སྣང་མ་བཟོ་ལོ་

  12. རྨུ་རྒོད། says:
    2009-08-31 at 1:48 pm

    མདའ་ཚན་པ་ལགས།

    དགོངས་པ་ཁྱོན་ནས་མ་འཚོམས། ངས་ཁྱེད་ཀྱི་ཁ་མཆུ་དེས། ཁམས་པ་དང་ཨ་མདོའི་འཐེན་ཁྱེར་བྱེད་མཁན་རྣམས་ལ་ལག་ཆ་ཞིག་སྦྱིན་སྲིད་ཟེར་མཁན་ཡིན། འབྲི་སྟངས་ནོར་བཞག ཐུགས་རྗེ་གཟིགས། དགོངས་བསེལ་ཞུ། ངས་གཞན་གྱི་དྲུང་ནས་ཁྱེད་ཀྱི་སྤྱི་སེམས་རྣམ་དག སྤྱི་ཕན་གྱི་ལས་ཀ་ལ་ཕན་ནུས་བཏོན་ཐུབ་མཁན། ད་དུང་། ཆོས་ལུགས་དང་ཆོལ་ཁའི་འཐེན་ཁྱེར་མིན་མཁན་གྱི་མི་ཡག་པོ་ཞིག་ཡིན་པ་གོ་མྱོང་། 

  13. མདའ་ཚན་པ། says:
    2009-08-31 at 3:07 pm

    མིང་ངོ་མ་བཀོད་རྒྱུའི་བློ་ཁོག་མེད་པའི་སྡར་རྒན་འདི་ཚོ་ཚང་མ་མི་གཅིག་རེད། ཡི་གེའི་དག་ཆ་དང་ཚིག་སྦྱོར་བདེ་བོ་མེད་པ། ད་རུང་ཡི་གེའི་བར་སྟོང་ལ་ཚེག་མང་པོ་མཐུད་ནས་འཇོག་པ། སྐད་ཆ་བཤད་སྟངས་སོགས་ལས་ཤེས། མི་འདི་ཕལ་ཆེར་ཁོས་བརྗོད་བཞིན་པ་སྟེ་ ་་མཁས་དབང་བེ་རི་འཇིགས་མེད་་ ཀྱི་སློབ་མ་ཡིན་རྒྱུ་མ་རེད། གལ་སྲིད་ཁོ་མཁས་དབང་ཡིན་ན་འདི་འདྲའི་སློབ་མ་ཐེབས་ཆག་ཅིག་ཡོད་མི་སྲིད། གལ་སྲིད་ཁོའི་སློབ་མ་ཡིན་ན་འདི་ལ་དགེ་རྒན་ངན་པའི་དགེ་ཕྲུག་ཟེར་བའི་ཚིག་དེ་ཁོ་ན་འོས་པ་ཉིད།
    གལ་སྲིད་བེ་རི་ ་་བཀུར་འོས་སྤྱི་འཐུས་ཤིག་་ ཡིན་ན་འདི་ཁོའི་གྲོགས་པོ་དེ་འདྲའང་ཡིན་རྒྱུ་མ་རེད། གལ་སྲིད་འདི་ཁོའི་གྲོགས་པོ་ཞིག་ཡིན་ན་སླ་ང་ལ་འགྲོགས་ན་དྲེ་ནག་ཟེར་བ་དེ་ཡིན་རྒྱུ་རེད། དོན་ངོ་མའི་འདི་དྲ་ཁང་ནང་ཡོང་ནས་དཀྲུག་ཤིང་རྒྱག་མཁན་ཞིག་རེད། འདི་ལ་ཡ་བྱེད་གི་མིན། རང་གིས་གང་བཤད་པ་ཚང་མ་རང་གིས་སླར་མཆོད་རོགས་གནང་།
    ཡིན་ན་ཡང་། བོད་རིགས་ནང་ཁུལ་ལ་ཁ་མཆུ་འཛུགས་པའི་དུས་མ་རེད་ཟེར་བ་འདི་བདེན་པ་ཞིག་ཡིན་མིན་མི་ཤེས་ཀྱང་། རྒྱུ་མཚན་ཞིག་ཤོད་ཀྱི་འདུག་པས་འདིར་གསལ་བཤད་ཐུང་ཙམ་བྱེད་གི་ཡིན། རྩ་བའི་ངའི་གོང་གསལ་གྱི་སྐད་ཆ་དེ་ཚོ་ཁ་མཆུ་བཙུགས་པ་ཞིག་མིན་པ་ནི་མཇུག་ཏུ་དེ་འབྲི་དགོས་པའི་རྒྱུ་མཚན་བརྗོད་ཡོད་པ་དེ་ལས་ཤེས་མི་ཐུབ་བམ།
    དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་གཞུང་སྒེར་ལ་སྐྱོན་བརྗོད་བྱེད་པ་དེ་སྐྱོན་གང་ཞིག་བསངས་བའི་ཆེད་ཡིན་པ་ལྟར། ཕན་ཚུན་ལ་ཁྲིམས་ཐོག་ཏུ་ཁ་མཆུ་འཛུགས་པ་འདིའང་སྤྱི་སྒེར་སུ་ཞིག་ཡིན་ནའང་དེའི་བྱེད་སྤྱོད་དང་སྐད་ཆ་བཤད་པ་ཚུན་ཆད་ཁྲིམས་མཐུན་ཅན་དུ་འགྱུར་བར་ཕན་ཐོགས་ཡོད་པ་ཞིག་ཅི་ལ་མིན།
    སྤྱིར་བཏང་བེ་རིས་ངའི་ཐོག་བྲིས་པའི་སྐད་ཆ་དེ་བདེན་པ་མིན་ནའང་སྣང་མེད་ལ་འཇོག་རྩིས་ཡིན། དེ་རྗེས་བསམ་བློ་ཞིག་བཏང་བ་ཡིན། ང་ཚོའི་སྤྱི་ཚོགས་ནང་དངོས་ཡོད་གནས་ཚུལ་མ་ཤེས་པར་གང་བྱུང་དུ་བཤད་པ། ཚིག་ལ་མི་ལྟ་བར་གང་ཟག་ལ་ལྟ་བ། རྩོམ་གྱི་སྐོར་མི་གླེང་བར་མི་གཞི་ལ་དམའ་འབེབས་བྱེད་པའི་རིགས་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་དེ་ཚོར་གཙོ་བོར་དམིགས་པ་ཡིན། དེ་མིན་འགའ་རེས་ཤེས་དགོས་པ་ཞིག་ལ། མི་གཅིག་གིས་བཤད་པ་ལྟར། འཇིགས་མེད་མཁས་པ་ཡིན་སྲིད། ང་བྱིས་ཕྲུག་རེད་ལབ་ན་འགྲིགས། ཡིན་ནའང་ཁྲིམས་ཐོག་ཏུ་མཁས་དབང་དང་བླུན་པོ་གཉིས་ཀ་འདྲ་མཉམ་རེད། བླུན་པོ་ཞིག་གིས་མ་ཤེས་པར་ཁྲིམས་འགལ་བྱས་པ་དང་མཁས་པ་ཞིག་གིས་ཤེས་བཞིན་དུ་ཁྲིམས་འགལ་བྱས་པ་དེ་གཉིས་ལ་མི་འདྲ་ས་ཡོད་པ་དེའང་ཤེས་པར་གྱིས།

  14. རྨུ་རྒོད། says:
    2009-08-31 at 3:25 pm

    ད་དགོངས་དག སྐུ་ཚེ་རིང་། ད་ང་ཚོ་བརྩོད་པ་མཐོ་ས་དང་། གནད་ཆེ་ས་ལ་འགྲོ། ད་དབྱུགས་ཞོག ཁ་བརྡ་འདི་ལ་འཛུལ་སྐབས། སེམས་ནང་བསུན་སྣང་དང་། མི་བདེ་བ་ཞིག་གི་ཐོག་ནས་འཛུལ་དགོས་ཀྱི་འདུག རྒྱུ་མཚན་གཙོ་བོ་གཅིག་འདི་ལ་ཤོད་མཁན་དང་མཆན་མཁན་གཉིས་པོས་འགན་འཁུར་ཡག་པོ་མི་ཁྱེར་སྟབས། ཁྲིམས་དཔོན་དང་ཁྲིམས་གཏུགས་པ། གྱོད་ཡ་ཚང་མ་མི་གཅིག་གིས་བྱེད་དགོས་ཀྱི་འདུག ཁྱེད་ལ་ཁག་མེད། ད་བེ་རི་དབྱུགས་ཞོག ཁོས་བཤད་རྒྱུ་དེ་ཆོ་མེད་ལ་གཏོང་།

    དེ་ལས་ཁྱེད་ཀྱི་ནང་དོན་ལྡན་པའི་རྩོམ་དེ་ཚོ་མར་སྟོན་ཡོང་རོགས། ཉིན་ཤས་གོང་རྒྱལ་བ་རིན་པོ་ཆེ་མཇལ་སོང་། ཞེ་བོ་གཅིག་རྒས་འདུག སྔར་ནང་བཞིན་མ་རེད། “ད་ལས་ཀ་གལ་ཆེ་ས་འདི་ཚོ་ལ་ཤུགས་རྒྱབ་ཤོ་ཨ། གོ་སྐབས་དེ་ཚོ་མ་ཤོར་བ་བྱེད་ཨ་གསུངས་བཞིན་ཕེབས་སོང་” ཁོང་གི་ལུས་སེམས་གཉིས་ཀར་རྡོག་མཁྲེགས་ཆེན་པོ་ཞིག་འཁུར་ནས་ཕེབས་པའི་འཚོར་སྣང་བྱུང་། སེམས་ནང་། “མ་ཤི་བར་དུ་ཁྱེད་ཀྱི་བཀའ་བཞིན་བསྒྲུབ་ཐུབ་པ་ཤོག་ཅེས་སྨོན་ལམ་བརྒྱབ་པ་ཡིན། ”

    ད་དོན་ཆུང་དེ་ཚོ་གསལ་བཤད་རོབ་ཙམ་བརྒྱབ། གཙོ་བོ་དེ་དོན་ཆེན་ཐོག་འབྲི་རོགས་གནང་། ཐུགས་རྗེ་ཆེ།
     

  15. མདའ་ཚན་པ། says:
    2009-08-31 at 3:40 pm

    ཐུགས་སེམས་བདེ་མོ་གནང་། རྨུ་རྒོད། ངས་ང་ལ་གཤེ་གཤེ་གཏོང་མཁན་དེ་ཚོར་ལན་འདེབས་འདོད་མེད། ཁྱེད་རང་གོང་གི་མིང་རྫུན་འགའ་ཤས་བཀོད་མཁན་གྱི་མི་དེ་མིན་པ་ངས་ཚིག་གྲུབ་འབྲི་སྟངས་དང་དག་ཆའི་ཐོག་ནས་ཤེས། མིའུ་ཕྲུག་ཟེར་བ་དེའང་མི་ལོགས་ཀ་ཡིན་པ་ངས་ཤེས།

  16. ལྷ་རྟ་དཀར་པོ says:
    2009-09-01 at 3:34 am

    གྲོགས་ཚོ་རྩེད་མཚམས་བཞག་ན་བཟང། བདེ་མོ།

  17. ཀུན་དགའ་ says:
    2009-09-01 at 11:25 pm

    དྲ་གྲོགས་མདའ་ཚན་པས་སྐུ་ འོས་བོད་མི་དམངས་སྤྱི་མཐུས་མཁས་དབང་བེ་རི་འཇིག་མེད་ལགས་ལ་ཁ་མཆུ་འཛུགས་གི་ ཡིན་ཟེར་བའི་འཇིག་སྐུལ་གྱི་གཏམ་བཤད་དེར་དངོས་གནས་ཁ་རྡ་དྲ་རྒྱས་རང་དབང་གི་ ཞིན་ཆ་ཞིག་ཡིན་མིན་མི་ཤེས་དེ་སྔོན་ངས་བུ་མོ་ཚེ་རིང་སྐྱེད་ལ་བློ་བཟང་དབང་ རྒྱལ་གི་མཛེས་མ་ཅེས་པའི་དངོས་ཡོད་ཀྱི་གཏང་བཤད་བྱེད་དུས་ཁ་རྡ་རྩམ་སྒྲིགས་པས་ ཟིན་བྲིས་བསུག་སོང་བས་རྩམ་སྒྲིགས་པས་བུ་མོ་དེར་དཔེ་ལེག་ཁྲོབ་པ་ཞིག་མིན་ན་ འཇིག་སྐུལ་གྱི་གཏམ་བཤད་འདི་མ་བསུག་པ་དེ་ག་རི་ཡིན་ཟེར་ཏེ་འགྲེལ་བཤད་རྒྱབ་ གྱི་ཡོད་ནམ་མི་ཤེས་་་་་་་་་་ཡིན་ཡང་་གཙོ་བོ་སོ་སོའི་ཚད་ལྡན་གྱི་རང་དབང་ལ་ ཞིན་ཆ་ཡོད་པ་དང་སྤྱི་ཚོགས་ནང་མི་དགོས་པའི་དབྱིན་དཀྲུག་བཟོ་བ་དངོས་གནས་ རེད་་་་་ང་འཚོའི་མཐོང་སྣང་ལ་ཉིན་འཆར་ཧིན་གཟུགས་ཟིན་བྲིས་སྒོ་མི་ཕྱེ་བའི་ གནད་དོན་ཡང་གོ་ཐོས་སུ་་་་་་་དེ་ཡོད་ཟིན་བྲིས་པ་རྣམ་ཀྱི་སེམས་ཁུལ་མ་བྱེད་ པའི་སྐྱོན་ཡིན་པ་བདེན་ན་་་་
    མདའ་ཚན་པ་ལགས་
    ་ཁྱོད་ཀྱི་དངོས་གནས་ཁ་མཆུ་འཛུགས་འདོད་ན་་འགྲོ་ས་ཁ་བརྡ་དྲ་རྒྱ་ནང་མ་རེད་་་་་་་་་་་་་མ་ཤེས་ན་་་་་
    དོ་རྒྱལ་ཚོགས་པ་༢༠༠༨་ལོ་ ཁྲིམས་ནང་འགྲོ་སོང་བས་དེར་འདྲི་ན་འགྲིག་གི་རེད་་་་་་་་་དེའི་མིང་ལ་ཁྲིམས་ ཁང་ཟེར་་་་་་་་་དེ་ན་ཁྲིམས་བརྩོད་པ་ཡོད་་་་་
    ཁྱོད་ཀྱི་བེ་རི་འཇིགས་ མེད་སྐུ་འོས་སྤྱི་མཐུས་ཡིན་པ་དང་ལོ་རྒྱུས་སོགས་རིགས་གནས་ཀུན་ལ་མཁས་དབང་ཞིག་ ཡིན་བསམ་ནས་འཇིག་སྣང་སྐྱེ་མི་དགོས་་་་་ད་དུང་ཁྱོད་ལ་རྒྱབ་སྐྱོར་མེད་ནའང་ རྒྱལ་ཕམ་ནི་ཁྲིམས་ཀྱི་གྲུབ་འབྲས་ཡིན་པ་ཤེས་དགོས་ཀྱང་་་ནམ་ཡང་ཁྱོད་འདྲ་བའི་ མི་མིང་མེད་ཞིག་གི་བེ་རི་འཇིག་མེད་ལགས་ཀྱི་རྐང་པའི་སི་མོ་ཙམ་ལ་གནོད་སྐྱོན་ བཏང་མི་ཐུབ་པ་ཤེས་དགོས་

  18. ཀུན་དགའ་ says:
    2009-09-01 at 11:39 pm

    མདའ་ཚན་པ་ལགས་
    ་ཁྱོད་ཀྱི་དངོས་གནས་ཁ་མཆུ་འཛུགས་འདོད་ན་་འགྲོ་ས་ཁ་བརྡ་དྲ་རྒྱ་ནང་མ་རེད་་་་་་་་་་་་་མ་ཤེས་ན་་་་་
    དོ་རྒྱལ་ཚོགས་པ་༢༠༠༨་ལོ་ ཁྲིམས་ནང་འགྲོ་སོང་བས་དེར་འདྲི་ན་འགྲིག་གི་རེད་་་་་་་་་དེའི་མིང་ལ་ཁྲིམས་ཁང་ཟེར་་་་་་་་་དེ་ན་ཁྲིམས་བརྩོད་པ་ཡོད་་་་་འོན་ཀྱང་་་་་་་་་་འོན་ཀྱང་་་་་་
    ཁྱོད་ཀྱི་བེ་རི་འཇིགས་མེད་སྐུ་འོས་སྤྱི་མཐུས་ཡིན་པ་དང་ལོ་རྒྱུས་སོགས་རིགས་གནས་ཀུན་ལ་མཁས་དབང་ཞིག་ ཡིན་བསམ་ནས་འཇིག་སྣང་སྐྱེ་མི་དགོས་་་་་ད་དུང་ཁྱོད་ལ་རྒྱབ་སྐྱོར་མེད་ནའང་ རྒྱལ་ཕམ་ནི་ཁྲིམས་ཀྱི་གྲུབ་འབྲས་ཡིན་པ་ཤེས་དགོས་ཀྱང་་་ནམ་ཡང་ཁྱོད་འདྲ་བའི་མི་མིང་མེད་ཞིག་གི་བེ་རི་འཇིག་མེད་ལགས་ཀྱི་རྐང་པའི་སི་མོ་ཙམ་ལ་གནོད་སྐྱོན་ བཏང་མི་ཐུབ་པ་ང་བརྡ་དྲ་གྲོགས་ཡོངས་ཀྱི་ཤེས་ལ་ཁྱོད་གྱི་ཤེས་དགོས་

  19. ཀུན་དགའ་ says:
    2009-09-05 at 10:20 pm

    དོ་རྒྱལ་ཚོགས་པ་༢༠༠༨་ལོར་ ཁྲིམས་ནང་འགྲོ་སོང་བས་དེར་འདྲི་ན་འགྲིག་གི་རེད་་་་་་་་་དེའི་མིང་ལ་ཁྲིམས་ ཁང་ཟེར་་་་་་་་་དེ་ན་ཁྲིམས་བརྩོད་པ་ཡོད་་

  20. གཞོན་ནུ་ཟླ་མེད says:
    2009-09-06 at 12:50 am

    ཀུན་དགའ་ཟེར་བ་འདིས་འུ་ཚུགས་མཐའ་བསྐྱལ་བྱེད་ཀྱི་འདུག ངོ་ནས་འུ་ཚུགས་ཚ་བོ་ཟེར་ནོ་རེད། མདའ་ཚན་པ ད་འབྲུག་པ་ཀུན་དགའ་ལེགས་པས་གསུངས་ཅིག་ཡོད། འུ་ཚུགས་བྱས་ན་ཨ་མས་ཀྱང་ཁ་ཉན་གི་འདུག་ཟེར་བ་ཅིག་ཡོད་ནི་རེད་ཀོ ཧཧཧཧཧ

  21. ཏྲེ་ཤོ་ལེགས says:
    2009-09-06 at 7:21 am

    ཧཧཧ་ མདའ་ཚན་པ་ཁྱེད་ཀྱིས་རྩོམ་པ་པོ་དགེ་བཤེས་བེ་རི་འཇིགས་མེད་ཀྱི་རྩོམ་ཆོས་ལ་སྐྱོན་སེལ་བྱེད་ཀྱི་ཡིན་མདོག་མདོག་གིས་དོན་ལ་རང་གི་ནང་ཚང་ཕྱི་ལ་སྟོན་གྱི་ཡོད་པ་ཤེས་ཀྱི་འདུག་པས་ ཧཧཧ་ སློབ་དཔོན་༼དྷརྨ་ཀཱིཏྭི༽ནས་ སྐྱེ་བོ་ཕལ་ཆེ་་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས་། །དོན་དུ་མི་གཉེར་ཁོ་ན་མི་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བ་ཡིན་། །ཞེས་གསུང་བཞིན་པ་ཁྱེད་རང་གི་ནང་འཕྲོ་ཕྱི་ལ་མངོན་གྱི་ཡོད་པར་ཤེས་ཀྱི་ཨེ་འདུག་ཁྱེད་ནི་རང་སྣང་དག་པས་རང་སྐྱོན་མི་མཐོང་བ་ཞིག་ཡིན་པ་གདོན་མི་ཟ། བེ་རི་འཇིགས་མེད་ཀྱི་རྩོམ་ཆོས་ལ་སྐྱོན་ཡོད་འཁུལ་གྱི་སྐྱོན་སེལ་བྱེད་མདོག་གིས་ཁྱེད་ལ་རྩོམ་གྱི་ཉམས་འགྱུར་དང་རྩོམ་དེབ་འདྲ་་ཨེ་ཡོད་ག་པར་ཡོད་སྟོན་དང་། །སྟོན་དང་་ཧ་ཧ་ཧ་ཧ་ཧ་ཧི་ཧི་ཧི་ཧི་ཧི་ཧུ་ཧུ་ཧུ་ཧུ་ཧུ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme