Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བརྡས་ཁྱབ་བསྒྲགས་འགོད་ཀྱི་ཡིན།

Posted on 2012-06-292012-06-29 By ཁ་བརྡ་ 24 Comments on ཁ་བརྡས་ཁྱབ་བསྒྲགས་འགོད་ཀྱི་ཡིན།

ལོ་ངོ་བཞི་ནི་ཇི་ལྟར་ཕྱིན་པ་ཡང་མ་ཤེས། ཁ་བརྡ་དྲ་དེབ་འདི་འཇིག་རྟེན་འདིར་སླེབས་ནས་ལོ་ངོ་བཞི་ལྷག་ཅིག་ཕྱིན་འདུག ལོ་ངོ་བཞི་ཡི་རིང་ཁ་བརྡ་ནི་ཧ་ཅང་མགྱོགས་པོར་ནར་སོན་པར་གྱུར། ཁ་བརྡ་མགོ་བཙུགས་པ་ནས་བཟུང་ད་བར་དུ་ང་ཚོ་གྲོགས་པོ་ཚོས་དྭང་བླང་གི་ཐོག་ནས་གྲོན་དངུལ་ཡོངས་སུ་རྫོགས་པ་བཏང་ཞིང་། དེ་ཡང་རང་གི་ལས་ཀ་འདི་རང་གིས་བྱེད་དགོས་པ་དང་། རང་གིས་ཐུབ་པ་ཞིག་གཞན་ལ་རེ་མི་དགོས་པའི་བསམ་བློའི་ཐོག་ནས་རང་འཚོའི་འབད་བརྩོན་བྱས་པ་ཞིག་ཡིན།

ལོ་ངོ་བཞི་ཡི་རིང་ལ་ཁ་བརྡའི་སྟེང་རྩོམ་ཡིག་ ༥༦༦༢ དང་། རྩོམ་ཡིག་དེ་དག་ལ་མཆན་བུ་ཡང་ ༨༦༠༢༠ བཅས་བྱུང་འདུག གྲངས་ཀ་འདི་དག་ནི་ཧ་ཅང་ཆེན་པོ་ཞིག་རེད། འོན་ཀྱང་ཁ་བརྡ་དྲ་དེབ་ཀྱིས་དམིགས་ས་ནི་གྲངས་ཀ་ཆེན་པོ་དེ་མ་རེད། ཁ་བརྡ་ལ་མཚོན་ན། ཁ་བརྡའི་རྩོམ་པ་པོ་དང་ཁ་བརྡའི་མཆན་བུ་འདེབས་མཁན་མི་རེ་ངོ་རེ་ནས་ཀ་མད་སུམ་ཅུའི་བརྒྱུད་ལམ་སྤྱད་ནས་བྲིས་པའི་ཡི་གེ་འབྲུ་རེ་རེའི་རིན་ཐང་ནི་གསེར་དང་མཉམ་ལ། དེ་དག་ནི་ཁ་བརྡའི་དམིགས་ས་དང་ཁ་བརྡའི་བསོད་ནམས་ཀྱང་རེད། ཁ་བརྡའི་འགན་འཛིན་ཞིག་གིས་གསུངས་དོན། “མི་སུ་ཡང་། སྐྱག་པ་ཟོ་ཞེས་སྨྲས་ན་དགའ་གི་མ་རེད། འོན་ཀྱང་ད་ལྟའི་དུས་ཚོད་འདི་ལ། ཐ་ན་སྐྱག་པ་ཟོ་ལྟ་བུའི་ཚིག་ངན་ཐ་ཤལ་ལྟ་བུ་ཞིག་ལ་ཆ་མཚོན་ན་ཡང་། དེ་བོད་ཡིག་གིས་བྲིས་ཤིང་། བོད་ཡིག་གི་ཐོག་ནས་དགའ་སྤྲོ་དང་ཞེ་སྡང་སོགས་ཀྱི་ཚོར་བ་འབྱིན་རྒྱུ་ཡོད་པ་འདི་ཡང་དགའ་འོས་པ་ཞིག་མ་རེད་དམ།”ཅེས་གསུངས་པ་ལྟར་ཡིན།

དོན་ཚན་དེ་གཉིས་སྔོན་དུ་བཏང་ནས། འདིར་ཞུ་བར་བྱ་བ་ནི། མ་འོངས་པར་ཁ་བརྡ་ཡར་རྒྱས་དང་སྤུས་ཇེ་ལེགས་སུ་གཏོང་རྒྱུ་ནི་དང་བླང་གི་ལས་ཀས་ལྕོགས་པ་ཞིག་མིན་པ་དང་། དེ་ཡང་ཆེད་ལས་ཀྱི་ལག་རྩལ་པ་ལ་བརྟེན་དགོས་པ། དེ་ཡང་དཔལ་འབྱོར་གྱི་མཐུན་རྐྱེན་ལ་བརྟེན་དགོས་བརྟེན། ཐེངས་འདིར་ཁ་བརྡའི་ཐོག་ནས་གླ་ཡོད་ཁྱབ་བསྒྲགས་བསྡུ་འགོད་བྱེད་རྒྱུའི་ལམ་ཁ་བརྟེན་བཞིན་ཡོད་ལ། གླ་ཡོད་ཁྱབ་བསྒྲགས་གཉིས་དེ་རིང་ནས་བཟུང་སྟེ། ཁ་བརྡའི་ཟུར་གཡོན་ན་བཀོད་ཡོད། དེ་བས་སྐུ་ཉིད་དམ་སྐུ་ཉིད་ལ་འབྲེལ་བའི་སྡེ་ཁག་གང་རུང་ཞིག་གིས་ཁྱབ་བསྒྲགས་སྤེལ་འདོད་མཆིས་ཚེ། ཁ་བརྡའི་རྩོམ་སྒྲིག་པར་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།

info@khabdha.org
གུས་བཅས།
ཁ་བརྡས།
༢༠༡༢ ལོའི་ཟླ་ ༦ ཚེས་ ༢༩ བཟང་པོར་ཕུལ།

གསལ་བསྒྲགས།

Post navigation

Previous Post: ཁ་བརྡར་ཕུལ་བའི་སྡོམ་ཚིགས།
Next Post: ཀུ་ཤུས་ཞུ་བ་འཐེན་པ།

Comments (24) on “ཁ་བརྡས་ཁྱབ་བསྒྲགས་འགོད་ཀྱི་ཡིན།”

  1. གནམ says:
    2012-06-29 at 7:39 pm

    བཀྲ་ཤིས་བདེ་ལེགས་ཡོད། འདི་ཡག་པོ་རེད། རང་ཁ་རང་གསོ་ཐུབ་པ་ནི་སྤྱི་ཚོགས་དང་ཚོགས་སྡེ་གང་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་རེད། འདི་ཐབས་ལ་ཤེས་རབ་ལྡན་པའི་རྟགས་རེད། ཁ་བརྡ་ཡི་སྐུ་ཚེ་རྟེན་ན། ངས་ཡང་འདི་ནས་ཤི་མ་གསོན་གྱི་མཆན་ཆག་འགའ་མཐུན་ཕྱོགས་སར་ཁ་གཡང་དང་མི་མཐུན་སར་ཁ་ངན་རེ་བཀོད་ཆོག་པའི་ཡིད་ཆེ་ཡོད།

  2. གཞོན་ནུ་ཟླ་མེད། says:
    2012-06-29 at 7:53 pm

    ཤིན་ཏུ་ནས་དགའ་བསུ་ཡོད། དབྱིན་ཡིག་དྲ་བ། craigslist ལྟ་བུ་ཞིག་ཏུ་འགྱུར་ཐུབ་པའི་སྨོན་འདུན་ཞུ། craigslist ལ་མཚོན་ན་ལས་ཀའི་ཁྱབ་བསྒྲགས། ལས་མིའི་ཁྱབ་བསྒྲགས། ཁང་པ་གཡོར་ས་དང་གཡོར་མཁན། ཁང་པ་ཉོ་མཁན། ཚོང་རིགས་འདྲ་མི་འདྲའི་ཁྱབ་བསྒྲགས། ད་དུང་རང་ཉིད་ལ་ཚོང་ཁང་དུ་བཙོངས་རིན་མེད་པའི་ཁ་པར་ལྷག་མ་ལྟ་བུ་ཡོད་ན་ཡང་དེ་གར་ཁྱབ་བསྒྲགས་བྱས་ནས་བཙོངས་ཆོག་པ་སོགས། སྟབས་བདེའི་ཁྱབ་བསྒྲགས་འདྲ་མིན་ཡོད་པ་དེ་བཞིན་དུ་འགྱུར་བར་སྨོན།།

  3. མེ་ཏོག་དཀར་པོ། says:
    2012-06-29 at 8:13 pm

    བཀྲ་ཤིས་བདེ་ལེགས་ཞུ། དེ་སྔོན་ཁ་བརྡ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བསམ་འཆར་ཡང་ཕུལ་ཡོད།

  4. འདོད་ལྷ་ཁམས་པ། says:
    2012-06-29 at 8:36 pm

    ཁ་བརྡ་དགུང་གྲངས་བཞིར་སོན་པར་དགའ་བསུ་དང་རྟེན་འབྲེལ་ཞུ།
    བློ་རིག་དང་ལྡན་པའི་ཁ་བརྡ་དྲ་དེབ་སྔར་ལས་ཡར་རྒྱས་དང་སྤུས་ཚད་གོང་དུ་སྤེལ་རྒྱུའི་འཆར་གཞི་ནི་།
    ལེགས་སོ། ལེགས་སོ། དེ་དེ་བཞིན་ཏུ་བགྱིས་ཤིག
    དགེ་ལེགས་འཕེལ།

  5. སྤྲུལ་སྐུ་དབང་ཆེན says:
    2012-06-29 at 8:41 pm

    བྱ་བ་འདི་ཧ་ཅང་གི་ཡག་པོ་རེད། རྟེན་འབྲེལ་ཞུ།
    དེང་སང་སྐད་གྲགས་ཆེ་བའི་ཚགས་པར་དང་བརྙན་འཕྲིན་སོགས་ཚང་མའི་ཡོང་སྒོ་ཆེ་ཤོས་ནི་གླ་ཡོད་གསར་བསྒྲགས་རེད། དེར་བརྟེན་ལམ་ཁ་འདི་དེང་རབས་ཀྱི་འགྲོ་དང་མཐུན་པའི་བྱ་བཟང་ཞིག་ཡིན་པས། དགའ་སྤྲོ་བྱུང་། བྱ་བ་ལམ་འགྲོ་དང་ཁ་བརྡའི་སྐུ་ཚེ་ཁྲི་ལོར་བརྟན་པར་སྨོན།།

  6. གཡུ་ཐོག་བུ། says:
    2012-06-29 at 9:10 pm

    ཁ་བརྡ་དྲ་བ་དེ་མེད་པ་ནས་ཡོད་པ། ཡོད་པ་ནས་ཡར་རྒྱས་ཚགས་ཚུད་ཀྱི་ཕྱོགས་སུ་གོམ་པ་སྤོ་བཞིན་པ་ནི་དགའ་དགོས་པ་ཞིག་རེད། གོ་སྐབས་དེ་བཟུང་ནས་འབྲེལ་ཡོད་ལས་ཞོར་གྱི་ལས་བྱེད་ཡོངས་ལ་སྙིང་ནས་གུས་འདུད་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  7. གཡུ་ཐོག་བུ། says:
    2012-06-29 at 9:12 pm

    གླ་ཡོད་གསལ་བསྒྲགས་དེ་འདྲ་ཞིག་ལ་རིན་གོང་ག་ཚོད་ཡིན་ནམ། དུས་ཡུན་ཇི་ཙམ་རིང་འཇོག་རྒྱུ་རེད་དམ།

  8. ཀླུ་སྨྱོན། says:
    2012-06-29 at 9:16 pm

    གསལ་བསྒྲགས་རེ་རེ་ཟླ་བ་རེ་རེར་འཇོག་པ་དང་། འཇོག་ཐེངས་རེར་ཨ་སྒོར་ལྔ་བཅུ་རེ་བླངས་ན་ཆོག་གི གལ་སྲིད་གསལ་བསྒྲགས་གཅིག་ཟླ་བ་གཉིས་བསྟུད་མར་འཇོག་ན་ཨ་སྒོར་བརྒྱད་ཅུ་གྱ་ལྔ་རེ་ལེན་ཆོག

  9. བན་དེ་བ། says:
    2012-06-29 at 9:22 pm

    ད་ཁ་བརྡའི་དྲ་བ་འདི་ཡང་འགོང་ཆེ་རུ་ཆེ་རུ་འགྲོ་གི་འདུག

  10. བན་དེ་བ། says:
    2012-06-29 at 9:35 pm

    ཡང་གཅིག་ཆད་འདུག
    ཐོག་མར་ངས་ཁ་བརྡའི་དྲ་རྒྱ་འདི་བཞིན་སྐུ་བལྟམས་ནས་མི་ལོ་ཧྲིལ་པོར་བཞི་འཁོར་བའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།
    ཁྱེད་རྣམས་ཀྱི་དགོངས་གཞི་དེར་རྒྱབ་སྐྱོར་ཡོད།
    བཀའ་ཁྲི་མཆོག་གིས་རང་ཁ་རང་གསོ་བྱེད་དགོས་རེད་ཅེས་པ་དེ་ཏག་ཏག་རེད།
    ངས་ཀྱང་བོད་ཀྱི་གསར་འགྱུར་སོགས་གོ་འདོད་ཡོད་ཚེ་ལམ་སེང་ཁ་བརྡའི་དྲ་བར་ཡོང་གི་ཡོད།
    དེ་ནས་གནས་ཚུལ་མང་པོ་ཞིག་རྙེད་ཀྱི་འདུག
    བྱུང་ན་ཁ་བརྡའི་དྲ་རྒྱར་གསར་འགྱུར་གྱི་སྡེ་ཚན་ཞིག་ཀྱང་ཡོད་ན་ཤིན་ཏུ་ནས་ལེགས།
    ཁྱེད་སྐུ་ཚེ་བརྟན་ཞིང་ཁ་བརྡ་རྒྒྱའི་སྙན་པ་འབྲུག་ལྟར་སྒྲོགས་པར་ཤོག

  11. ཚ་ཕྲུག་རྒྱལ། says:
    2012-06-29 at 9:36 pm

    ཁ་བརྡ་དྲ་ཚིག་འདི་མི་ལོ་བཞི་ལ་གསོན་པར་དགའ་བསུ་ཡོད། ལེགས་ཉེན་གྱི་སྐད་ཆ་མང་པོ་ཞིག་དྲ་ཐོག་འདི་ནས་ཡོང་གི་འདུག་པས་བོད་ཕྱི་ནང་སོགས་ཀྱི་འགྲིན་ཚབ་པ་ཡག་གྲས་ཤིག་ཡིན། མུ་མཐུད་ནས་ཡར་རྒྱས་ཀྱི་རྣམ་པ་ཡར་ནས་ཡ་ལ་སྐྱེད།

  12. རིན་ཆེན་དར་རྒྱས། says:
    2012-06-29 at 10:11 pm

    ཁ་བརྡ་དྲ་བ་འདི་ཡང་མཁས་མང་འདུ་ས་ཞིག་དང་ལེགས་བཤད་ཀྱི་མཆོད་སྤྲིན་སྤྲོ་ས། རིགས་པའི་སྒྱུ་རྩལ་འགྲན་ས་ཞིག་ཏུ་སྣང་བས་ཡི་རང་དང་རྒྱབ་སྐྱོར་ཡོད།

  13. ཨ་ར་དཀར་པོ says:
    2012-06-29 at 10:17 pm

    ལོ་བཞིར་སོན་པའི་ཁ་བརྡ་འདི།
    མཁས་བླུན་གཉིས་ཀ་འཛོམས་ས་རེད།
    བཟང་ངན་གཉིས་ཀ་བཤད་ས་རེད།
    ཡག་བཙོག་གཉིས་ཀ་རིག་ས་རེེད།

  14. འུར་རྡོ། says:
    2012-06-29 at 10:46 pm

    ཁ་བརྡ་མ་བྱས་ཁ་བརྡ་བྱས།།
    ཁ་བརྡ་བྱས་ནས་ལོ་བཞི་འགོར།།
    ཁ་བརྡ་ཡག་བཙོག་གཉིས་ཀ་བྱས།།
    ཁ་བརྡ་མཐོ་དམན་གཉིས་ཀ་བྱས།།

    ཁ་ནས་ཅི་བཤད་ཅི་བདག་མེད།།
    ཁ་སྣ་ཐུག་དུས་མང་ནི་རེད།།
    ཁ་ལ་ཅི་ཡོང་བཤད་པ་འདི།།
    ཁ་བརྡ་ཡིག་ནོར་འབྱུང་ས་རེད།།

    ད་དུང་ཁ་བརྡ་བྱེད་དགོས།།།།

  15. བོད་ཀྱི་བུ། says:
    2012-06-30 at 12:33 am

    བཀྲ་ཤིས་བདེ་ལེགས་ཞུ།

  16. khawa says:
    2012-06-30 at 1:30 am

    ཁ་བརྡ་དྲ་བ་ལོ་བཞི་ལོན་པར་བཀྲ་ཤིས་བདེ་ལེགས་ཞུ།

  17. ཀརྨ་ཡེ་ཤེས says:
    2012-06-30 at 1:43 am

    ཁ་བརྡའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁ་བརྡ་མི་ངན་ཁ་བརྡ་བཟང་། ཁ་བའི་ལ་རྒྱ་ཁ་བརྡས་འཛིན། །ཁ་གཡང་ཁ་ངན་ཁ་བརྡས་བསྒྲགས། །ཁ་ཁོག་ཚང་མར་ཁ་བརྡར་གསལ། ། མུ་འཐུད་དུ་ཁ་དགེ་བཀྲ་ཤིས་ཤོག

  18. བྲོ་འཚལ། says:
    2012-06-30 at 5:10 am

    ཁ་བརྡ་དྲ་བ་འཁྲུངས་ནས་ལོ་འཁོར་བཞི་སོན་པར་བཀྲ་ཤིས་བདེ་ལེགས་ཞུ།

    ཁ་བརྡ་དྲ་བ་ཁ་ཡི་མཆོག།
    ཁ་ལ་རིག་པ་རྒྱུ་མཚན་མཆིས།།
    ཁ་བརྡ་དྲ་བ་ཁ་ཡི་མགོན།
    ཁ་བརྡ་བཟང་ངན་གཉིས་ཀ་སྐྱོང་།།
    ཁ་བརྡ་ཡུན་གནས་རྟག་བརྟན་ཤོག།

  19. ཆབ་མདོ་ངག་ཕུན། says:
    2012-06-30 at 5:47 am

    ཁ་བརྡ་མགོ་བཙུགས་ནས་ལོ་ངོ་བཞིའི་རིང་ལ་ན་གསོན་པ་དེར་གུས་པའི་ངོས་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་ད་དུང་མུ་མཐུད་དེ་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན།

  20. སྣྲོན་ངག་ཁྲི། says:
    2012-06-30 at 5:53 am

    ཁ་བརྡ་བཟང་ངན་གཏམ་དུ་བྱེད་པའི་དུས་རབས་ཉེར་གཅིག་དུས་མགོ་ན།།
    བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དུང་ཞེན་ཅན་པའི་ཁྱུ་སྐོར་གྱིས།།
    ལྷག་བསམ་དཀར་པོའི་ཁུ་བ་གར་པོ་དྲྭ་རྒྱ་མཛེས་མའི་མངལ་དུ་སྦྱིན།།
    རིང་པོར་མི་ཐོགས་ཟླ་དགུ་ངོ་བཅུར་ཁ་བརྡའི་རྒྱལ་སྲས་བདེ་ལེགས་ལྟམས།།
    ཀྱག་ཀྱོག་ལམ་བུའི་ཐེམ་སྐས་འཛེགས་ནས་ལ་ལུང་དུ་མ་རབ་བརྒལ་ཏེ།
    ཕྱི་ནང་འགལ་རྐྱེན་ཁྱད་དུ་བསད་ནས་ཡུལ་སྐད་སྣ་ཚོགས་ཐང་འགྲིམས་མཐར།
    བགྲང་བྱ་འཕགས་པའི་བདེན་བཞི་ལགས་ཀྱང་ཐོད་རྒལ་རྟོགས་པ་བླར་རྩེན་པས།
    ད་ཆ་རྒྱལ་སྲས་ཁ་བརྡ་བྱང་ཞིང་ཆོས་དཔལ་ཆབ་རིག་གཞུང་ཀུན་ལ་བྱང་།།

  21. ཟུར་གནས། says:
    2012-06-30 at 10:08 am

    ཡག་པོ་འདུག། དངུལ་ཏོག་ཙམ་བཟོ་ཐུབ་ན་ཤིན་དུ་ལེགས། ད་དུང་། ཁ་བརྡར་ཕེབས་མཁན་ཚོར་ཐོ་འགོད་བྱེད་དུ་བཅུག་ནས། ལོ་གཅིག་ལ་ཐོ་འགོད་རིན་པ་ཨ་རིའི་སྒོར་ལྔ་བཅུ་རེ་ལེན་ཐུབ་ན་ཤིན་དུ་ལེགས། ང་ཚོ་ཚང་མ་ཁ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡིན། བྱེད་ཀྱི་ཡོད། བྱེད་འདོད་ཡོད། རང་སྲོག་ཚུན་ཆད་བློས་གཏོང་གི་ཡིན་ཟེར་གྱི་ཡོད། ད་འདིར་སྲོག་བློས་གཏོང་མི་དགོས་པར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་གོ་སྐབས་ཆེན་པོ་ཞིག་ཡོད་ཚེ་ཅིའི་ཕྱིར་ལག་ལེན་དུ་མི་བསྟར་རམ། ངེས་པར་དུ་ཁ་བརྡའི་ནང་ལ་རྩོམ་ཡིག་སྤེལ་ཆོག་མཆན་དེ་ཚོར་ཐོ་འགོད་རིན་པ་ལེན་ཐུབ་ན། དམིགས་བསལ་གྱིས་ཁ་ཤས་ལ་རྩོམ་འགེལ་ཆོག་པའི་ཐོབ་ཐང་ཡོད་པ་ཁ་ཤས་ལ་མེད་པ་ལྟ་བུ་མིན་པར། སུས་ཐོ་འགོད་རིན་པོ་སྤྲད་ཐུབ་ནའང་། དེར་ཐད་ཀར་རྩོམ་ཤར་གཏོང་བྱེད་པའི་ཐོབ་ཐང་སྤྲད་ན་ཤིན་དུ་འཚམས།

    ད་དུང་། ཁ་བརྡའི་ནང་ལ་ཕོ་མོ་བཟའ་ཚང་ངོ་སྤྲོད་བྱེད་པའི་སྡེ་ཚན་གཅིག་བཟོས་ནས། ཕྱོགས་ཁག་ནས་ཕེབས་པའི་བཟའ་ཟླ་འཚོལ་མཁན་ཚོར་གནས་ཚུལ་མཁོ་སྤྲོད་དང་འབྲེལ་བ་འཛུགས་པར་མཐུན་རྐྱེན་སྤྲོད་ཐུབ་ན་ཤིན་དུ་ལེགས། དེ་དག་ལ་རིན་པ་བཟོས་ནས་དམིགས་གསལ་ཐོ་འགོད་ཐོག་ནང་ལ་འཛུལ་ནས་གནས་ཚུལ་གཏོང་ལེན་ཐུབ་པ་བཟོས་ནས། ད་གཟོད་འདིར་མི་ཕེབས་མཁན་མང་དུ་འགྲོ་བ་དང་དངུལ་མང་པོ་བཟོ་ཐུབ།

    དེ་བཞིན་བོད་ཡིག་ཟབ་སྦྱོང་གི་བརྙན་པར་ལ་སོགས་བཟོ་ཐུབ་ན་ཤིན་དུ་ལེགས།

  22. chime in italy says:
    2012-07-01 at 8:52 am

    བྱ་བ་འདི་ཧ་ཅང་གི་ཡག་པོ་རེད། རྟེན་འབྲེལ་ཞུ།

  23. ཚེ་རིང་ནོར་བུ། says:
    2012-07-02 at 1:49 am

    ཧ་ཅང་ལེགས། རྒྱ་བལ་འབྲུག་གསུམ་གྱི་གླ་ཡོད་གསལ་བསྒྲགས་ཟླ་བ་གཅིག་གི་རིང་ཅི་ཙམ་རེད།

  24. སོག་མདའ་བཅུ་ says:
    2012-07-06 at 3:29 pm

    ཁ་བརྡ་སྐུ་ཚེ་རིང་བར་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme