Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བརྡར་ཕུལ་བའི་སྡོམ་ཚིགས།

Posted on 2012-06-28 By ཁ་བརྡ་ 27 Comments on ཁ་བརྡར་ཕུལ་བའི་སྡོམ་ཚིགས།

སྣྲོན་ངག་ཁྲི།

དབྱངས་ཨ་ངེས་པའི་བྱ་དཀའ་བས་འདོམས་པ།

ཁ་བརྡ་གནས་ན་ཁ་བ་ཅན་ལ་ཕན།།
ཁ་ན་ཉམས་ན་གངས་ཅན་སྐད་བརྡ་ཕམ།།
ཁ་བརྡས་བཟང་ངན་སྣ་མང་ཐང་ལ་བཀྲམ།།
ཁ་བརྡས་གཞན་ཕན་བསམ་པ་བྲང་ཁར་ཉར།།
ཁ་བརྡས་སྙན་ངག་མང་དག་རྣ་བར་བཀླགས།།
ཁ་བརྡས་གཏམ་ངན་ཕྲ་རགས་ཐང་མར་བརྡལ།།
ཁ་བརྡས་གད་པ་མང་དག་བླ་མར་མངགས།།
ཁ་བརྡས་སྐད་མང་ཤན་སྦྱར་དང་བས་བླངས།།
ཁ་བརྡས་རྣམ་མང་གནད་ལ་བརྟག་ནས་གདའ།།
ཁ་བརྡས་ཐ་མལ་མང་དག་ན་ཚ་བསླངས།།
ཁ་བརྡས་རགས་བཤད་ཁ་སྐད་གཏམ་ངན་སྨྲ།།
ཁ་བརྡས་ཕལ་པ་རྣམས་ལ་ལམ་བཟང་བསྟན།།
ཁ་བརྡས་གང་བཟང་གནས་ལ་ཡར་རྒྱས་བཏང་།།
ཁ་བརྡས་གང་དགའ་གང་མང་བརྩམ་བྱར་གདམས།།
ཁ་བརྡས་རང་སར་ཆགས་ནས་གཞན་འགའ་སྤངས།།
ཁ་བརྡས་ལྷག་བསམ་ཅན་ལ་ཡང་དག་བསྔགས།།
ཁ་བརྡ་དཔའ་མཛངས་ལྡན་ལ་སྡར་མའང་འདྲ།།
ཁ་བརྡ་དྲན་པ་གསལ་ལ་བརླགས་པར་སྔ།།
ཁ་བརྡ་རང་གཞན་རྣམས་ལ་ལྷག་པར་རན།།
ཞེས་བྱ་བ་ནི་གང་དྲན་དུ་བཀོལ་བ་ཙམ་མོ།།

སྙན་ངག

Post navigation

Previous Post: བསྟན་པའི་དགྲ་བོ་ཀུ་ཤུ་རྟགས་ཅན།
Next Post: ཁ་བརྡས་ཁྱབ་བསྒྲགས་འགོད་ཀྱི་ཡིན།

Comments (27) on “ཁ་བརྡར་ཕུལ་བའི་སྡོམ་ཚིགས།”

  1. སྐྱུྐྱུྱུྱུ་རྩི་ནས། says:
    2012-06-28 at 11:45 pm

    མི་རིགས་སྐད་ཡིག་ལྟ་སྤྱོད་གང་ནས་ཀྱང་། །
    མཚུངས་པ་མེད་པའི་མི་ཡུལ་ས་མཐར་འདིར། །
    ཆུང་ནས་སྦྱངས་པའི་ཕ་མེས་སྐད་ཡིག་རྣམས། །
    རེ་ཞིག་རྗེད་ངད་རྐུན་པོས་བཅོམ་པ་ན། །
    མེས་པོའི་བློ་ཅན་རང་རིགས་ལ་རྒྱ་ཡིས། །
    ཕྱུག་པའི་ཕོ་རྒོད་དཔུང་གིས་ཁ་བརྡའི་དྲ། །
    དེང་རབས་འཕྲུལ་གྱི་ལམ་དུ་བསྐྲུན་པ་ལས། །
    ཁོ་བོར་སླར་ཡང་རེ་བའི་མིག་གསར་སྦྱིན། །

  2. གཞོན་ནུ་ཟླ་མེད། says:
    2012-06-28 at 11:56 pm

    ཁ་བྱང་ཁ་བརྡ་བཏགས་པ་མང་ན་ཡང་།།
    ཡང་དག་ཁ་བརྡ་ཁ་བ་ཅན་ལ་ཕན།།
    ཁ་ཏྭ་ཨག་སྐད་རྒྱག་ལ་དགའ་བ་ཙམ།།
    ང་འདྲ་ཁ་བརྡ་དྲ་རྒྱ་ནང་ལ་དགྲ།

  3. འབའ་སྲས། says:
    2012-06-29 at 1:26 am

    སྡོམ་ཚིགས་ཟེར་ན་ཅི་རེད།

  4. དྲང་བདེན། says:
    2012-06-29 at 1:59 am

    དངོས་གནས་ཡག་པོ་བྲིས་འདུག

  5. བྲོ་འཚལ། says:
    2012-06-29 at 2:31 am

    ཁ་བརྡ་དྲ་བར་ཁ་བརྡ་མང་ན་ཡང་།།
    ཁ་ལ་ཕན་པའི་ཁ་བརྡ་ཉུང་བར་དོགས།།
    ཁ་ནས་ཁ་སྤོབས་ང་ཡིན་ཁོ་ཡིན་ཆེ།།
    ཁ་ལ་གོམས་ཀྱང་ལག་ཏུ་ལེན་པའི་ཚེ།།
    ཁ་དང་ལག་པ་ཁ་ཁ་སོ་སོ་རེད།།
    ཁ་དང་ཡིག་ནོར་གང་མང་གང་འགྲན་རེད།།
    ཁ་ཡི་སོ་ཤད་ཁ་སྐད་ལོག་སྐད་རེད།།
    ཁ་ལ་མི་འཛའ་ཁ་ཉོག་འདི་ཚོ་ཀུན།།
    ཁ་ལ་ཉན་ན་རྒྱལ་པོའི་གསེར་མཁར་བཞེངས།།
    ཁ་དང་བྲལ་ན་ནོར་བ་དྲྭར་མི་ཤོངས།།
    ཁ་བཏགས་ཤིག་གི་ཚུལ་བཟུང་ནས།།
    ཁ་བརྡ་དྲ་བ་འདི་ནས་འགྲོ་རོགས་གྱིས།།

  6. ལྷོ་པ་ལུང་རིགས། says:
    2012-06-29 at 2:56 am

    ཁ་བརྡ་འདིས་ལོ་ངོ་ཁ་ཤས་ནང་།།
    ཁ་བདེ་ཚོ་ལག་བདེར་བཏང་དང་ཐལ།།
    ཁ་བརྡ་འདིས་བོད་ཡིག་འབྲི་མཁན་གྱི།།
    ཁ་དབང་འདི་ཇེ་ཆེར་བཏང་དང་ཐལ།།
    ཁ་བརྡ་འདིས་ཁ་རྒྱགས་བཤད་མཁན་འགའ།།
    ཁ་མ་ནས་ཐང་ལ་བསྒྱེལ་དང་ཐལ།།
    ཁ་བརྡ་འདིས་ཁ་ལས་དར་མཁན་ཚོ།།
    ཁ་བདེ་ཚོའི་དབུ་ལ་བཀོད་དང་ཐལ།།
    ཁ་བརྡ་འདིས་དྲ་འབུ་སྐོར་ལོག་ཚོ།།
    ཁ་བརྡ་ནས་སྨྱུག་མཚང་བསྟན་དང་ཐལ།།

    ཁ་བརྡ་སླེབས་པས་རྒན་གཞོན་མང་པོ་ཞིག།
    ཁ་བརྡའི་གད་རྩར་ཉི་མ་ལྡེ་རྒྱུ་བྱུང་།།
    ཁ་མཚར་ཀུ་རེའི་ཀློང་ལ་འཛུལ་རྒྱུ་བྱུང་།།
    ཁ་བའི་རིག་གཞུང་གླེང་བའི་སོ་མཚམས་ནས།།
    ཁ་མིན་དོན་ལ་གཞོལ་བའི་སྡེ་ཞིག་སྤེལ།།

    ཁ་བརྡ་དྲ་བའི་བདག་པོ་ཚང་མ་ལ།།
    ཁ་མིན་དོན་གྱི་ཐུགས་རྗེ་ལན་བརྒྱར་འབུལ།
    ཁ་ལས་རླུང་རྟ་སྔོན་ལས་དར་བ་དང་།།
    ཁ་རྗེ་དབང་ཐང་ཡར་ལ་འཕེལ་བ་ཡི།
    ཁ་མིན་སེམས་ཀྱི་བཀྲ་ཤིས་ཁ་གཡང་འབུལ།།

    ཁ་བརྡ་དྲ་བའི་ངོས་ཀྱི་དྲ་འབུ་དང་།།
    ཁ་ཁོག་མེད་པར་དངོས་མིང་སྤྱོད་པ་ཡི།།
    ཁ་བརྡའི་དྲ་པ་ཚང་མས་ཡར་སེམས་སྐྱེད།།
    ཁ་བརྡ་འདི་ཀོ་དོན་གྱི་ཁ་བརྡ་ཞིག།
    ཁ་བ་ཅན་གྱི་རིག་གཞུང་ཆབ་སྲིད་ལ།།
    ཁ་ཙམ་མིན་པའི་ཞབས་འདེགས་སྒྲུབ་པ་ལ།།
    ཁ་མ་མེད་པའི་ཁ་བརྡ་ཉུང་ཉུང་མཛོད།།
    ཁ་བརྡ་ཚང་གི་གཙང་པོའི་བཞུར་རྒྱུན་འདི།།
    ཁ་བའི་རིག་གནས་རྒྱ་མཚོའི་ཀློང་འདྲེས་ནས།།
    ཁ་བ་ཅན་ལ་སྲི་ཞུ་ཐེག་པར་སྨོན།།

  7. འདོད་ལྷ་ཁམས་པ། says:
    2012-06-29 at 3:36 am

    ཁ་ནས་བཤད་རྒྱུ་ལས་གཞན་མི་འཇོན་པའི། །
    ཁ་བའི་ལྗོངས་གི་མི་རྣམས་ད་ཅི་བྱ། །

  8. གནམ says:
    2012-06-29 at 6:05 am

    ཁ་བརྡ་ཚང་ཡོད་ན་རེད།
    ལག་ལེན་ཚང་མེད་ན་དེ་འདྲའི་མགོ་ལུས་ཚང་མོ་ཞིག་མ་རེད།
    མི་ལོ་ཆི་མོ་ཞིག་འགོར་ནི་ན་མི་ཤེས་རེད།
    ལག་ལེན་ཚང་ཕེབས་པར་དགའ་བསུ་ཞུ།

  9. སྣྲོན་ངག་ཁྲི། says:
    2012-06-29 at 9:32 am

    མཁྱེན་ཡངས་དྲྭ་གྲོགས་ལྷན་རྒྱས་ཀྱིས་རྩོམ་ལུས་ཅི་རིག་པའི་སྒོ་ནས་ཁ་སྣོན་དང་།
    དགོངས་འཆར། སྐྱོན་བརྗོད། ཡོ་བསྲངས། བསྔགས་བརྗོད་སོགས་གནང་བར་བཀའ་དྲིན་ཆེ་ཞེས་ཐོག་མར་འཚམས་འདྲིའི་དོད་དུ་ཞུ་བ་ལགས་སོ།
    སྡོམ་ཚིགས་ཞེས་པ་བསྡོམས་ཚིག་དང་དོན་གཅིག་ཡིན་པའི་ཁུལ་ཡིན་ཡང་།
    དེ་ལྟར་མིང་ཚིག་དེ་བཀོལ་ཆོག་མིན་མི་ཤེས་མོད།འོན་ཀྱང་སྐབས་འགར་བྱ་
    ཚིག་འགའ་ཞིག་མིང་ཚིག་ཏུ་བཀོལ་སྤྱོད་བྱེད་པའི་ཚེ་དུས་ད་ལྟ་བ་འབྲི་བའི་སྲོལ་
    ཞིག་འདུག་པས། ཁྱབ་པ་མེད་ནའང།ཁོ་བོས་འོལ་ཚོད་ཀྱིས་བསྡོམས་ཞེས་པའི་དུས་འདས་པ་སྟོན་བྱེད་ཀྱི་ཚིག་དེ་ཉིད། སྡོམ་ཞེས་དུས་ད་ལྟ་བ་དང་། ཚིགས་ཞེས་པ་ནི་གཏན་ཚིགས་ཏེ་ཡིད་རྟོན་རུང་བའི་
    ཚིག་གམ་རྒྱུ་མཚན་དང་གནད་འགག་གི་དོན་ཡིན་པས།
    སྡོམ་ཚིགས་ཞེས་པ་ནི་བསྡོམས་ཚིག་ཅེས་པའི་དོན་ལས་ཅུང་ཟད་གོ་རྒྱུ་ཆེ་བའི་ཁུལ་
    ཡིན་ཡང་། དེ་ལྟར་འབྲི་སྲོལ་མེད་ན་འཕྲལ་དུ་དོར་ནའང་འགྲིག་ངེས་ཡིན་
    ལགས། འབའ་སྲས་མཚན་ཅན་དང་དགོངས་ཚུལ་མཐུན་པ་ལྷན་རྒྱས་ལ་ཚིག་ཉུང་ཉུང་གིས་དོན་
    རྣམས་མཇུག་བསྡོམས་རྒྱབ་པའི་ཁུལ་ཡིན་པས་གལ་སྲིད་ནོར་ཡོད་ན།དགོངས་འགལ་མེད་པ་མཁྱེན་མཁྱེན།ཞེས་ནན་དུ་ཞུ་བར་ངེས་སོ།
    གང་དག་གདམས་ངག་སྨྲ་ལ་མཁས་རྣམ་པས།།
    བདག་འདྲས་སྨྲས་ལ་བཟང་ཆ་བྲལ་ན་ཡང་།།
    བརྩམ་བྱར་བརྟག་ནས་མཆན་མང་གནང་བ་ལ།།
    ལྷག་བསམ་དག་པས་ཡང་ཡང་བསྔགས་ན་སྙམ།།

  10. ཀརྡོ་གཉེར་ཕྱག་པ་ says:
    2012-06-29 at 10:06 am

    ཁ་ཁར་ཁ་སྐད་ཁ་མཁས་ངག །
    ཁ་ཡར་ཁ་གསལ་ཁ་མངར་བ། །
    ཁ་གཏམ་ཁ་མཆམ་ཁ་མཆན་འགའ། །
    ཁ་བརྡར་ཁ་ཏ་ཁག་མང་བཏབ། །

  11. སྣྲོན་ངག་ཁྲི། says:
    2012-06-29 at 11:14 am

    ཁ་འཇམ་ཁ་ནས་ཁ་མཁས་ཁ།།
    ཁ་ནས་ཁ་བ་ཅན་ལ་མཁར།
    ཁ་སྒང་ལགས་དང་མཁས་མང་ཁས།།
    ཁ་བ་གངས་ཅན་ཁ་དན་གདམས།།

  12. མིག་བརྒྱད་པ། says:
    2012-06-29 at 1:39 pm

    ཁ་བ་ཅན་ལ་ཁ་བརྡ་ཁྱད་པར་འཕགས།།
    ཁ་བརྡས་རང་དབང་སྤྲད་པ་སྐལ་བ་བཟང་།།
    ཁ་བརྡ་དལ་ན་བརྡར་ཤ་གཅད་པ་དཀའ།།
    ཁ་བརྡས་སྐྲག་ན་ལྟས་ངན་ནང་ནས་ཤར།།

  13. འབའ་སྲས། says:
    2012-06-29 at 4:09 pm

    འབའ་སྲས་ང་རང་སྙན་ངག་དགའ།།
    ང་དང་སྙན་ངག་ནམ་ཡང་རྒྱལ།།
    ཁ་སྒང་བསམ་གཏན་ཁ་བརྡར་དགའ།།
    ཁ་བརྡ་དྲ་བ་ནམ་ཡང་རྒྱལ།།

    འདི་ཡང་དབྱངས་ཨ་ལ་ངེས་པའི་རང་སྒྲོག་ཙམ་མོ།།

  14. འབའ་སྲས། says:
    2012-06-29 at 4:24 pm

    ཆང་དང་ཐ་མག་བཅད་པ་དང་།།
    ལས་ཀ་མང་བས་ངལ་བ་ན།།
    བྱ་དཀའ་སྙན་ངག་དཀའ་ན་ཡང་།།
    ཁ་སྒང་ཁ་ནས་བཟང་ངན་མང་།།

  15. ཀླུ་སྨྱོན། says:
    2012-06-29 at 4:43 pm

    སྙན་ངག་ཐང་མར་བརྡལ་བར་དགའ། །
    ཉལ་ན་ལངས་ན་བྷ་ག་དྲན། །
    ཁ་བརྡ་དྲ་བར་ནམ་ཡང་སྣང་། །
    ང་རང་སྨག་ནག་སྐར་མ་འདྲ། །

  16. ས་སྐྱའི་ཀུན་འགའ་ཤེས་རབ། says:
    2012-06-29 at 6:48 pm

    དྲ་བདག་ལགས། ད་ལྟའི་ཆར་ཁ་བརྡའི་དྲ་ཚིགས་སུ་གླ་ཡོད་ཁྱབ་བསྒྲགས་ཞེས་པ་ཞིག་འདུག དྲ་སྒོ་གཅིག་གམ། ཡང་ན་གནས་ཚུལ་རིགས་ཁྱབ་བསྒྲགས་བྱེད་པར་རིན་གོང་ཇི་ལྟར་ལེན་གི་ཡོད།

  17. གཞོན་ནུ་ཟླ་མེད། says:
    2012-06-29 at 7:30 pm

    ཁ་ནས་བཟང་བ་རྐྱང་རྐྱང་བཤད་ན་ཡང་།།
    ལག་པས་ལས་ངན་རྐྱང་རྐྱང་བསགས་པ་ན།།
    འབྲས་ངན་རྐྱང་རྐྱང་རང་ལ་ལྡན་པ་ཡང་།།
    རྒྱལ་བ་སྲས་དང་བཅས་པས་ཡང་ཡང་བསྒྲགས།།

    ཁ་སྣ་བར་ནས་གསང་པ་བྱས་ན་ཡང་།།
    དཔྱད་མ་ཐག་ལ་ཐམས་ཅད་ལྷང་ལྷང་གསལ།།
    ཐ་མལ་ཚད་མས་མ་བརྟག་བྱ་བ་དག།
    ས་བླ་དག་ན་བཙལ་ན་ཅང་མ་ལགས།།

    བསམ་པ་ནང་ལ་ཤར་པ་ངན་རྐྱང་རྐྱང་།།
    ཁ་ནས་བཤད་པ་ཚང་མ་བཟང་རྐྱང་རྐྱང་།།
    ལ་ལས་ཁ་དང་བསམ་པ་ཁ་ཁར་ལྡན།།
    ཁ་བ་ཅན་ལ་ཧ་ཅང་མང་མང་འདྲ།།

    བསམ་པ་བཟང་བ་བླ་མ་བཟང་བས་བྱས།།
    བསམ་པ་ངན་པ་རང་ལ་སྔར་ནས་ལྡན།།
    ད་ལྟ་བླ་མ་ཞལ་ལས་གདམས་ངག་དག།
    ཡང་ཡང་གནང་པས་བདག་ཅག་བསྐལ་བ་བཟང་།།

    མཁའ་ཁྱབ་ས་དང་ནམ་མཁའ་བར་དག་ན།།
    དབྱངས་དག་ཨ་ལྡན་བརྩམ་རྩལ་འགྲན་བསམ་ན།།
    དབྱངས་ཅན་ངག་ལ་དབང་བ་བདག་འདྲ་བ།།
    ད་ལྟ་གངས་ཅན་པ་ལ་གང་ནས་བཙལ།།

  18. གུ་རུའི་སྲས། says:
    2012-06-29 at 9:06 pm

    ཁ་བརྡ་མེད་ན་གསར་འབྱོར་དྲ་རྒྱར་འཛུལ་ས་མེད།

  19. གནམ says:
    2012-06-29 at 9:14 pm

    གཞོན་ནུ་ཟླ་མེད་ཤུལ་རྟིང་མཐོ་དྲག་ནས།།
    འདི་ན་བཙན་གྱིས་བསྒྲིགས་པའི་ཚིག་རྐང་ཞིག།
    སེམས་པའི་ནང་ལ་ཤར་ཡ་ཡོད་པ་ལས།།
    བསམ་པ་ནང་ལ་ཤར་འདི་ཡ་རེ་མཚན།།

    (བསམ་པ་ནང་ལ་ཤར་པ་ངན་རྐྱང་རྐྱང་།།)

    མ་ཁོག་ལ་བུ་ཤོང་ན། ཁྱོའི་ཁོག་ལ་ཀུ་རེ་འདྲ་ལོས་ཤོང་བསམ།
    གཞོན་ནུ་ལགས་སྐུ་རྩེད་ཡིན།

  20. གཞོན་ནུ་ཟླ་མེད། says:
    2012-06-29 at 9:21 pm

    གནམ་ལགས། སྡེ་ཚན་འདི་ལ་དབྱངས་བཞི་མེད་པའི་ཡི་གེ་རྐྱང་པ་འབྲི་དགོ་ནི་རེད་ཀོ ཡང་ཁྱོས་དབྱངས་བྲིས་ན་དབྱངས་ཨར་ངེས་པ་མ་རེད། ཀུ་རེ་མ་དགོས་རྡོ་ཡང་ཤོང་པའི་ངའི་ཁོག་པའི་ཕ་མཐའ་ནི། མིག་སྟོང་ལྡན་པས་ཀྱང་རིག་གི་མེད་ཡ།

  21. གནམ says:
    2012-06-29 at 10:16 pm

    ཁ་མིག་ཡར་ལྟ་བྱེད་སའི་རྩོམ་པ་པོ།།
    དེ་འདྲའི་ཚིག་རྩལ་སྒྲིག་རྩལ་ང་ལ་མེད།།
    ཐུགས་རྒྱ་དེ་འདྲ་ཆེ་བ་ངོ་མ་བཟང་།།
    དྲ་འབུའི་སྐྱེ་བ་བླངས་བ་ང་ཡི་ལས།།

  22. སྣྲོན་ངག་ཁྲི། says:
    2012-06-29 at 11:32 pm

    མཁས་བྲལ་འཚངས་པ་མང་དག་དང་།།
    ཁ་བརྡར་མཆན་མཁན་ངར་མ་གང་།།
    ཁ་བ་ཅན་ན་སྙན་གྲགས་ལྡན།།
    ཟླ་བྲལ་མཚན་ཅན་སྤྱན་བརྒྱད་དང་།།
    ལ་དྭགས་པ་དང་དྲྭ་བདག་བཅས།།
    གདམས་ངག་མངའ་བ་ཐམས་ཅད་ལ།།
    ཨ་དབྱངས་སྙན་དངགས་རྩ་རལ་གང་།།
    མཁས་དབང་དམ་པར་ཡང་དག་བསྔགས།།

  23. གཡུ་ཐོག་བུ། says:
    2012-07-01 at 6:47 am

    ཁ་བརྡ་དྲ་བར་ཁ་བཤད་མང་། །
    ཁ་ངན་ཁ་ཡག་བསྟར་ལ་བཞད། །
    ཁ་ནས་གང་བཤད་བསམ་ལས་བྱུང་། །
    ཁ་གཏམ་དབྱངས་གསལ་སྐད་དུ་སྤྱད། །

    ངག་ཁྲི་སྨྲ་ལྕེ་ཅན་པོ་སྨྲ་ལྕེ་བདེ་ཙམ་རེད། །
    ངག་ལ་དབྱངས་ཅན་བཞུགས་པ་མ་ཡིན་ནམ། །
    ངག་ནས་གཞུང་ལུགས་དགོངས་བཅུད་གླེང་ཚུལ་ལ། །
    ངག་ལ་རེ་ཞིག་རང་དབང་ཐོབ་པར་སེམས། །

  24. སྣྲོན་ངག་ཁྲི། says:
    2012-07-01 at 6:48 am

    མཁས་དབང་མཚན་ཅན་མཐའ་དག་དང་།།
    དྲ་བདག་མཆན་ཞབས་བཅས་རྣམས་ལ།།
    ནམ་ཡང་ལྷག་བསམ་རྣམ་དག་ངང་།།
    གཏམ་འཆལ་སྨྲས་རྣམས་ཡང་ཡང་བཤགས།

  25. འདྲེ་རྐང་ཐོ། says:
    2012-07-01 at 11:06 pm

    ཁ་བརྡ་དྲ་བས་འ་ཅག་གངས་ཅན་པར། །
    ཁ་ལ་ཕ་སྐད་སྨྲ་བར་ཕན་ན་ཡང་། །
    ཁ་དང་བསམ་པར་ལྟས་ངན་འབྱར་བ་འགས། །
    ཁ་བརྡ་ཚང་ལ་གཏམ་ངན་རྐྱང་རྐྱང་སྨྲ། །

    ཁ་བརྡ་དྲ་བར་ཁ་འཆམ་གནང་ས་ལས། །
    ཁ་ངན་གཏམ་ངན་སྨྲ་ས་མ་ལགས་ན། །
    ཁ་བརྡ་དགའ་བ་འ་ཅག་ཚང་མས་ཀྱང་། །
    ཁ་བརྡ་མ་ཉམས་ཡར་རྒྱས་འབད་པར་མཚལ། །

  26. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-02 at 2:50 am

    རྒན་ལ་དྭགས་མཆོག་གིས་དགོངས་ཚུལ་ཞིག
    རབ་གསལ་གྱི་ལན་འདེབས་རྒྱུ་མཚན་བཅས།།
    དུས་མི་འགྱངས་འཕྲལ་མར་མྱུར་སྩལ་ཏེ།།
    གུས་རྨོངས་པའི་གཉིད་ལས་དཀྲོག་ཏུ་གསོལ།།

    སྙན་རྩོམ་དབང་པོ་སྣྲོན་ངག་ཁྲིའི།
    དྲི་བ་མཛད་ཅིང་ལན་སློང་བ།
    བོད་སྤྱིའི་སྐད་ལ་ཕན་རེ་ནས།
    གཤམ་གསལ་ཚིག་རྣམས་སྡེབས་པར་སྤྲོ།།

    སྩལ་ཏེ་ཞེས་པར་ལྷག་བཅས་སྒྲར།
    འདས་ཚིག་བཀོད་པ་ལེགས་པར་དག
    ལྷག་བཅས་སྒྲ་ལ་འདས་ཚིག་དགོད།
    ལེགས་སྦྱར་བཞིན་མཛད་ཡིན་ཤས་ཆེ།།

    ལེགས་སྦྱར་སྐད་དུ་ལྷག་བཅས་མིང་།
    འདས་པའི་དུས་ཅན་བྱེད་མཐར་འབོད།
    སྩོལ་བའི་འདས་ལ་བ་སྔོན་འཇུག
    བཀའ་བསྟན་གསུང་འབུམ་རྣམས་ན་མེད།།

    དེ་བཞིན་དག་ཡིག་ཟ་མ་ཏོག
    ངག་གི་སྒྲོན་མ་དག་ནའང་མེད།
    འོན་ཀྱང་བཀའ་བསྟན་ཡི་གེ་འགྲོས།
    མ་གཟིགས་བ་ཡིས་སྔོན་འཇུག་ནོར།།

    འོན་ཀྱང་མཁས་དབང་འགའ་ཞིག་དང་།
    ཚིག་མཛོད་སོགས་ན་བ་སྔོན་འཇུག
    ཡོད་པ་དག་ལ་ཚད་འཛིན་ན།
    གངས་ཅན་ཡི་གེ་འཆོལ་བར་འགྱུར།།

    སྐྱར་ཞུ། སྩེལ་ཞེས་པ་སེལ་བའི་བརྡ་རྙིང་ཡིན་པ་ལི་ཤི་གུར་ཁང་ན་གསལ། དེ་ཡི་འདས་ཚིག་ལ་བསྩལ་ཅེས་སྡེ་དགེ་བཀའ་འགྱུར་ན་ཡོད་པ་ཉེ་དུས་མཐོང་བ་ཡིད་ལ་དྲན་ནོ།།

  27. སྣྲོན་ངག་ཁྲི། says:
    2012-07-02 at 9:51 am

    ལ་དྭགས་མཚན་ཅན་མཆན་ཞབས་པས།།
    བཀའ་བསྟན་ཚད་མར་མཛད་པས་ན།།
    བདག་ཀྱང་རངས་ནས་རབ་བརྟག་མཐར།།
    ཆ་ཙམ་འགལ་བ་བྲལ་བར་སྙམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme