Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བརྡའི་བགྲོ་གླེང་། “རང་སྲེག་གནང་མཁན་མང་ཆེ་བ་ན་ཆུང་གཞོན་ནུ་ཡིན་དོན་ཅི”

Posted on 2012-12-202012-12-26 By ཁ་བརྡ་ 19 Comments on ཁ་བརྡའི་བགྲོ་གླེང་། “རང་སྲེག་གནང་མཁན་མང་ཆེ་བ་ན་ཆུང་གཞོན་ནུ་ཡིན་དོན་ཅི”

བོད་ནང་རང་སྲེག་གི་ལས་འགུལ་འདི་ལོ་གསུམ་རིང་བསྟུད་མར་སྤེལ་ཡོད། ད་ཆ་མང་དུ་འགྲོ་བཞིན་ཡོད། ཁ་བརྡའི་ངོས་ནས་༼རང་སྲེག་གནང་མཁན་མང་ཆེ་བ་ན་ཆུང་གཞོན་ནུ་ཡིན་དོན་ཅི༽ཞེས་པའི་ཁ་བྱང་ཐོག་ནས། ལོ་ན་ཆུང་བའི་བོད་རིགས་སྤུན་ཟླ་ཕོ་མོ་རྣམས་རང་སྲེག་ནང་ཞུགས་པའི་རྒྱུ་མཚན་འཚོལ་བ་དང་། ཁོང་ཚོའི་སྙིང་སྟོབས། ཆོད་སེམས། ཁོང་ཚོའི་སྐུ་ཚེ་ཐུང་ཐུང་དེ་རྗེས་དྲན་བཅས་ཞུ་རྒྱུ་ཡིན།

དུས་ཡུན་ནི་དེ་རིང་ནས་ཉིན་བདུན་རིང་བྱེད་རྒྱུ་ཡིན། བགྲོ་གླེང་གནང་ཕྱོགས་ཐད་ནས་ དགག་སྒྲུབ་ཀྱི་ཕྱོགས་གང་ཡིན་ཡང་བརྗོད་བྱ་དོན་ལ་དམིགས་པ་མ་གཏོགས་རྗོད་མཁན་གྱི་སྐྱེ་བོ་སྒེར་ལ་འཕྱ་སྨོད་ཀྱི་ཚིག་མི་འབྲི་བའི་རེ་བ་ཞུ་བ་ཡིན།

གསལ་བསྒྲགས།

Post navigation

Previous Post: རྒྱང་རིང་ནས་རྒྱ་བླ་གླེང་བ། ཨ་རིག་དགེ་མཐོང་།
Next Post: སྐྱེས་མའི་གནས་སྟངས་ཐད་བཏོན་པའི་བསམ་ཚུལ། ཀླུ་དཀར་མོ།

Comments (19) on “ཁ་བརྡའི་བགྲོ་གླེང་། “རང་སྲེག་གནང་མཁན་མང་ཆེ་བ་ན་ཆུང་གཞོན་ནུ་ཡིན་དོན་ཅི””

  1. བྱམས་པ་ལྷུན་གྲུབ། says:
    2012-12-21 at 2:48 am

    རང་ལུས་མེ་སྲེག་གཏོང་མཁན་ཕལ་མོ་ཆེ་ན་གཞོན་ཡིན་པའི་རྒྱུ་མཚན་གཙོ་བོ་དེ། ན་གཞོན་རྣམས་ནི་རང་དབང་དང་། དམངས་གཙོ། གུ་ཡངས། སོགས་ཀྱི་དུས་རབས་འདིར་འཚར་ལོངས་བྱུང་བ་ཤ་སྟག་ཡིན་ལ། ཁོང་ཚོའི་སེམས་ཁམས་སུ་དུས་ཚོད་དང་མཐུན་པའི་གོང་ལྟ་གྲུབ་དེ་དག་ཡོད་པས་ཡིན་ལ། དེའི་ཕྱིར་ཁོང་ཚོར་གཉའ་གནོན་དང་།
    བཤུ་གཞོག་བཏང་ཞིང་། སྨྲ་བརྗོད་རང་དབང་དང་། ཆོས་དད་རང་མོས། འགྲོ་བ་མིའི་ཐོབ་ཐང་། འགྲོ་འཆག་ཉལ་འདུག་གི་རང་དབང་། དམངས་གཙོ་སོགས་མེད་ན་ནམ་ཡང་བཟོད་མི་ཐུབ་པ་གཅིག་དང་། སྡོད་མི་འདོད་པ་གཅིག་དུས་དང་རྒྱལ་སྤྱིའི་འཁོར་ཡུག་གི་རང་བཞིན་སོགས་ཀྱི་དབང་གིས་གྱུར་ཟིན།་་་་་་་་་་་་་་་་་་་་་་་་་་་་་་

  2. བན་དེ་བ། says:
    2012-12-21 at 3:31 am

    གང ཤེས་ན་གཞོན་དེ་ཚོས་ཆོས་ལུགས་ཀྱི་དོམ་དུ་རང་སྲོག
    དེང་སང་ན་གཞོན་ཚོར་དཀའ་སེ་འདུག

  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-12-21 at 3:55 am

    འདི་ནི་དགའ་སྐྱོ་ཟུང་ལྡན་གྱི་གནས་ཤིག་རེད། ན་གཞོན་རྐྱང་རྐྱང་གིས་འདི་ལྟར་མེར་བསྲེགས་གནང་བ་དེ་ལས་བོད་ཀྱི་འཐབ་རྩོད་ཀྱི་གསོན་ཤུགས་ཤིག་མཐོང་བ་མ་ཟད། ན་གཞོན་རྣམས་སད་རྟོགས་ཀྱི་སྣེ་མོ་ཞིག་ཀྱང་མཐོང་གི་འདུག འདི་ནི་དགའ་དགོས་པའི་གནས་ངོ་མ་དེ་རེད། ཡིན་ནའང་། ད་དུང་འདི་ལ་དཀར་སྣེ་ཞིག་མཐོང་དཀའ་བ་དང་དེ་དག་གི་མི་ཚེའི་རིན་ཐང་དང་མི་རིགས་རང་ངོས་ནས་བཤད་ན་བརྗོད་སྤོབས་དཀའ་བའི་སྐྱོ་བ་ཞིག་ཡོང་གི་འདུག

  4. ཨ་རོགས་ཉི་མ། says:
    2012-12-21 at 6:23 am

    འདི་ལ་དོན་དམ་གྱི་འགྲེལ་གཤད་དཀའ་ནི་ཞིག་རེད། ཚོད་དཔག་ག་རེ་བྱས་བྱས་རེད། མི་རེ་ལ་བསམ་བློ་རེ་ཡོད་ཙང་།

  5. རྒད་པོ། says:
    2012-12-21 at 10:12 am

    དེ་ལ་རྒྱུ་མཚན་མང་པོ་ཡོད་སྲིད། ལོ་ཆུང་རྣམས་མི་ཚེའི་ཉམས་མྱོང་ཞན་པ་དང་། སྐབས་འཕྲལ་སྐབས་འཕྲལ་ཁོང་ཁྲོ་སོགས་ཚོར་བ་དྲག་པོ་རྣམས་ཕྱི་ལ་སྟོན་རྒྱུར་ཐེ་འཚོམ་ཆུང་བས་དེ་དང་འབྲེལ་བ་གཅིག་ཡོད་སྲིད། 

  6. ཐུ་བ་རྒྱ་མཚོ། says:
    2012-12-21 at 10:31 am

    ༡ ༽ བོད་ཀྱི་ན་གཞོན་རྣམས་ནི་དུས་རབས་གསར་པའི་གསོན་ཤུགས་རྒྱས་པ།
    ༢ ༽ མི་རིགས་ཀྱི་གཉའ་གནོན་གཟོད་ཐབས་མེད་པ།
    ༣ ༽ དགྲ་བོའི་བཙན་གནོན་ལ་མགོ་མི་སྒུར་པ།
    ༤ ༽ རྒྱལ་ཁབ་ཀྱི་དོན་དུ་ཆོད་སེམས་བརྟནཔ།
    ༥ ༽ མི་རིགས་ཀྱི་ལ་རྒྱ་སྙིང་སྟོབས་ཆེ་བ།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-12-21 at 11:04 am

    ༡ ༽ན་གཞོན་རྣམས་ནི་དུས་རབས་གསར་པའི་བསམ་བློ་ཡོད་པ།
    ༢ ༽མི་རིགས་འདྲ་མཉམ་གྱི་གོ་སྐབས་བཙལ་བ།
    ༣ ༽གཞན་གྱིས་བཙན་གནོན་རང་གི་མི་ཚེར་མྱོང་འདོད་མེད་པ།
    ༤ ༽མི་རིགས་ཀྱི་དོན་དུ་ཆོད་སེམས་བརྟན་པ།
    ༥ ༽རང་གི་ཆོས་དད་པ་དང་། རིག་གཞུང་ལ་དམིགས་བསལ་གྱི་དོ་སྣང་བསླེབས་པ།
    ༦༽དམར་གཞུང་གིས་དྲག་གནོན་དང་། ཁྲིམས་ལུགས་མི་དྲང་བ་ལ་མི་དགའ་བ་ཆེན་པོ་ཡོད་པ།
    ༧༽༸གོང་མཆོག་ལ་དད་གུས་དང་ཡིད་ཆེས་རྩེ་མོར་བསླེབས་པ་སོགས་ཀྱིས་རེད།

  8. ནམ་མཁའ་བཀྲ་ཤིས་ says:
    2012-12-21 at 11:10 am

    རྗེས་དྲན་ཞེས་གསུངས་པ་དེ་གལ་ཆེ་གི ང་ཚོས་ལོ་ཆུང་ཁོང་རྣམ་པའི་སྐུ་ཚེ་ལ་རྗེས་དྲན་གྱི་ཚིག་འགའ་རེ་བཏབ་ན་ཡག་པོ་འདུག

  9. བསམ་ཚུལ།། །། says:
    2012-12-21 at 11:54 am

    རང་གི་ཆོས་དང་རིགས་གཞུང་སོགས་རྒྱ་དམར་གྱིས་བསམ་བཞིན་དུ་བྱུས་དང་ལྡན་པས་ངང་ནས་རྩ་གཏོར་གཏོང་བཞིན་པར་མི་བཟོད་ནས་ཞི་བདེར་དགའ་བའི་མི་ཞིག་རང་ལུས་མེར་སྲེག་གཏོང་བ་རང་དོན་དང་མི་འབྲེལ་བའི་ལས་།།

    དེ་ནི་ནང་པའི་ཆོས་དང་འགལ་བར་ཇི་ལྟར་འགྱུར།། །། དེ་ལྟར་གསུངས་པ་ནི་དགོངས་པ་གཞན་ཅན་ཡིན་ན་ང་འདྲས་སྤྱོད་ཡུལ་མིན་ཀྱང།

    རང་ཉིད་ཀྱི་དཀའ་བ་འཁུར་དུ་འཁྱེར་ནས་མ་འོང་བོད་མིར་ཡོང་ངེས་པའི་མ་རིག་པས་མུན་སྐལ་མི་ཡོངས་པའི་ཆེད་དུ་ཡིན་པ་ནི་བརྗོད་ག་ལ་དགོས།

    གཞན་ཡང་སྟོན་པའི་སྐྱེས་རབས་ནང་དུ་གཞན་ཕྱིར་སྲོག་གཏོང་བའི་མཛད་པ་དེ་མཚོ་ཡང་ནང་ཆོས་དང་འགལ་བ་རེད་ཞུས་ན་ ང་ལ་ཅུང་མི་བདེ་བར་གནང་ངོ།། །།

  10. རྟེན་འབྱུང་། says:
    2012-12-21 at 2:21 pm

    རང་སྲེག་གནང་མཁན་མང་ཆེ་བ་ན་ཆུང་གཞོན་ནུ་ཡིན་དོན་ཅི”ཞེས་དྲི་བ་གཏོང་མཁན་འདི་་་་་་་་སྤྱིར་ན་མེར་བསྲེགས་ག་རེ་བྱས་ནས་གཏོང་གི་ཡོད་མེད་དང་ལོ་ཆེ་ཆུང་གི་ཚད་སོགས་དྲི་བ་གཏོང་མི་དགོས་པ་རེད། མགོ་སྤྱི་བོ་གནམ་བསྟན་ཡོངས་ལ་གསལ་གསལ་ཐེངས་ཐེངས་རེད། སེམས་ཅན་དུད་འགྲོ་ཡིན་ན་ཡང་ཤེས་པའི་ཚད་ལ་སླེབས་ཡོད་པ་རེད། ད་བསྡད་ཀི་བསྡད་ཀི་ལོ་བཅུ་བདུན་ཞིག་མེར་བསྲེགས་གནང་དོན་ཅི། ཉི་ཤུ་ཅན་ཞིག་མེར་བསྲེགས་གནང་དོན་ཅི་ཟེར་ནས་དྲི་བ་ཡོང་ས་རེད། དེ་ལས་ལས་འགུལ་སྤེལ་སྟངས་དང་ཆབ་སྲིད་དང་ཁྲིམས་ལུགས་སྐོར་ལ་སློབ་སྦྱོང་སྤེལ་སྟངས་དང་བགྲོ་གླེང་སོགས་གནང་ན་དེ་ལས་དགེ་མཚན་ཆེ་བ་རེད།

  11. ངོ་ལུག says:
    2012-12-21 at 5:31 pm

    བྱམས་པ་ལྷུན་གྲུབ་ཀྱིས་གསུངས་པ་དེ་རང་རེད་བསམས་སོང་། ན་གཞོན་རྣམས་ནི་ཚོར་ཆེ། རྫི་སངས། ཟུང་ཁྲག་ལ་དྲོད་ཆེ། ལུས་སེམས་གཉིས་ཀ་ན་energyསྟོབས་རྒྱུ་མང་། རྒྱ་གཞུང་ནས་མགོ་སྐོར་གཏོང་སླ་པོ་མེད་པའི་མི་རབས་གཅིག་ཏུ་སླེབས་ཚར་བ་རེད།

  12. བསྟན་འཛིན། says:
    2012-12-21 at 6:17 pm

    བོད་ཀྱི་ན་གཞོན་ཚོར་བྱས་རྗེས་ཅན་གྱི་སོ་སོའི་མེས་པོ་གོང་མ་ཚོའི་ཁྲག་གི་རྒྱུན་ཞིག་ཏན་ཏན་ཡོད་པའི་རྐྱེན་གྱིས་རེད་བསམ་གྱི་འདུག མེས་པོ་གོང་མ་ཚོས་སྐུ་སྲོག་ལ་མ་འཛེམས་པར་ནང་པའི་བཀའ་བསྟན་ཆ་ཚང་ནང་འདྲེན་བྱས་ཏེ་འཛམ་གླིང་ནང་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་ཡོད་པ་དང༌། སྲིད་ཕྱོགས་ནས་ལོ་བརྒྱ་ཕྲག་མང་པོར་ཨ་ཤེའ་ཡའི་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་ས་བཟུང་ཡོད་པ་རེད། ད་ལྟ་རང་སྲོག་བློས་གཏོང་མཁན་དེ་དག་ནི་བྱས་རྗེས་ཅན་གྱི་མེས་པོ་རླབས་ཆེན་དེ་ཚོའི་རྗེས་མཐུད་མཁན་དེ་རེད། མི་རབས་གསར་པ་དེ་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་སྲོག་བློས་བཏང་སྟེ་འཛམ་གླིང་མི་མང་གི་མདུན་དུ་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་བྱེད་པ་དེ་ཧ་ལས་དགོས་པ་ཞིག་རེད། དེ་ཡང་བོད་མི་གཞོན་སྐྱེས་དེ་ཚོས་འཛམ་གླིང་ནང་དྲག་སྤྱོད་ལ་ཡིད་ཆེས་དང་དགའ་སྣང་ཆེ་བའི་མི་དང་གཞུང་དེ་དག་ལ་དྲག་སྤྱོད་ལས་གཞན་པའི་ལམ་ཞིག་ངོ་སྤྲོད་བྱས་པ་རེད། བོད་མི་ན་གཞོན་ཚོས་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་སོ་སོའི་རང་སྲོག་བློས་བཏང་བྱས་པ་ལས་རྒྱ་མི་རིགས་གཅིག་ལའང་གནོད་འཚེ་བྱས་མེད། དེ་ནི་བློ་གཟུ་བོར་གནས་པའི་རྒྱ་མི་ཚོས་ཤེས་ཀྱི་འདུག གལ་སྲིད་གཞོན་སྐྱེས་དེ་ཚོས་ཁ་ཆེ་དྲག་སྤྱོད་པ་ནང་བཞིན་དྲག་ལས་ཞིག་བརྩམས་ནའང་ཆོག་ཀྱང་ཁོང་ཚོས་ལམ་དེ་བདམས་མེད། དེ་ནི་ཁོང་ཚོའི་གཟི་བརྗིད་ཡིན། ཡིན་ནའང་ང་ཚོའི་ཁྱབ་བསྒྲགས་ཀྱི་ནུས་པས་འདང་གི་མིན་པ་ཡིན་ནམ་གང་ཤེས། འཛམ་གླིང་སྟེང་ཁྱབ་བསྒྲགས་ཡག་པོ་ཞིག་གཏན་ནས་ཡོང་གི་མིན་འདུག བོད་ཡིག་གི་ཚགས་ཤོག་རྐྱང་པའི་སྟེང་དུ་དུས་ཐོག་ཏུ་བཏོན་པ་ཙམ་གྱི་གཏན་ནས་འགྲིགས་ཀྱི་མིན་འདུག དབྱིན་ཡིག་གི་གསར་ལམ་དང་བརྙན་འཕྲིན་ཁག་གི་ནང་དུ་ག་ཚོད་ཐུབ་ཐུབ་ཀྱིས་ཁྱབ་བསྒྲགས་གནང་དགོས་ཀྱི་འདུག སེམས་ཤུགས་ཆེ་བའི་རྐི་ཏི་གྲྭ་ཚང་གི་གྲྭ་ཚེ་རིང་དང་ཁོང་གི་ལས་རོགས་གཉིས་ལ་བཙན་བྱོལ་སྒྲིགས་འཛུགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་དགོས་འདུག

  13. གནམ says:
    2012-12-22 at 2:20 am

    མྱི་རབས་གསུམ་གྱི་སྡུག་བསྔལ་གྱི་གནད་སྙིང་སེམས་ཀྱིས་མ་བཟོད་པར་དེ་ལྟར་བྱུང་བ་ལོས་ཡིན། མྱི་རབས་དང་པོས་དགྲ་ལ་འཐབ་ནས་རྫོགས་སོང་བ་རེད། དེ་ལ་ཡང་བྱུང་འབྲས་ཞིག་མེད་པ་རེད། མྱི་རབས་གཉིས་བ་བཙན་བྱོལ་ཡུལ་གྲུ་ཁག་ལ་བྲོས་ནས་འཐབ་རྩོད་ཞིག་བྱེད་ཁུལ་བྱས་ནས་དུས་ཚོད་རྫོགས་བཞིན་ཡོད་པ་རེད། དེ་ལ་ཡང་བྱུང་འབྲས་ཞིག་བསྟན་ཡག་མེད་པ་རེད། མྱི་རབས་གསུམ་པ་འདི་མྱི་རབས་གསར་བ། སྤོབས་བ་གསར་བ། འཐབ་སྟངས་གསར་བ་ཞིག་གི་སྒང་ན་འགྲོ་བཞིན་ཡོད་པ་རེད། འབྲས་བུ་ད་ལྟ་ཐོབ་མིན་ནི་ལྟ་རྒྱུར་ལྷག་ཡོད་པ་རེད།
    བོད་མི་རིགས་ཀྱི་འཐབ་རྩོད་ལ། རང་ཉིད་བོད་པ་ཞིག་ཡིན་པས་ཆ་ནས། ང་རྒྱལ་དང་སྤོབས་པ་ཁོང་ཁྲོ། རྒྱལ་ཞེན། བོད་ཞེན་སོགས་ལོ་ཆེ་ཆུང་ལ་འབྲེལ་བ་ཞིག་གང་ལ་ཡོད། ལྷག་དུ་བོད་མི་ཞིག་ལ་མཚོན་ན་ཕ་ལོ་བཅོ་ལྔར་མ་དཔའ་ན་མི་དཔའ་ཟེར་བ་རེད། ཕོ་ལོ་མོ་ལོ་བཅོ་ལྔ་ཚུན་ཆད་ནས་རང་བཞིན་གྱིས་རང་གིས་རང་གི་འཇིག་རྟེན་ལ་གོ་བ་ཞིག་བརྒྱབ་ནས་གནའ་ནས་ད་བར་རང་མགོ་མཐོ་པོ་གནམ་ལ་བཀྱགས་ཏེ་མགོ་འདོགས་མི་ཞུ་མཁན་རྐྱང་ཡོད་པ་རེད།
    ང་རང་སྟེང་ལ་དཔེ་ཞིག་བཞག་ན་ཡང་། མྱི་ལོ་བཅུ་བདུན་ཡིན་པའི་སྐབས་ཕ་མ་དང་གཉན་ཉེ་འབྲེལ་ལ་བཀའ་གྲོས་མ་བྱས་པར་བཙན་བྱོལ་ལ་རང་ཐག་རང་གཅོད་ཀྱིས་གོམ་ཁ་བསྒྱུར་བ་ཡིན། དཀའ་སྡུག་ངལ་གསུམ། ལྟོགས་སྐོམ་བཀྲེས་གསུམ། དགྲ་འཇིགས་ཆོམ་གསུམ་ལ་གདོང་བཙུགས་ཏེ་བོད་མི་རིགས་ཀྱི་རྣམ་ཤེས་གསོན་པོ་ཞིག་རུམ་ནས་རྒྱ་གར་བཙན་བྱོལ་ལ་འབྱོར་བ་ཡིན། སྐབས་དེའི་དུས་ལ་ཡང། ངས་གཡས་ལ་བལྟས་ན་འདྲ། གཡོན་ལ་བལྟས་ན་འདྲ། སྔོན་ལ་འབྱོར་ཡོད་ན་འང་འདྲ། ཕྱི་ནས་བསླེབས་ན་འང་འདྲ། དེའི་དུས་ཀྱི་བོད་ཀྱི་འཐབ་ཕྱོགས་ལ་མཆོང་མཁན་རྣམས་ཀྱང་ལོ་ཚོད་གཅིག་པ་གཅིག་པ་འདྲ་ཞིག་རེད། དེར་བརྟེན། ལོ་ཆུང་ན་འང་འདྲ་མ་ཆུང་ན་འང་འདྲ། འདི་ནི་རང་གི་ཁྲག་རྒྱུད་ཀྱི་ངོ་བོ་རྙེད་ཙམ་ནས་རང་སྐྱེས་སུ་གྲུབ་པའི་བོད་མི་རིགས་ཀྱི་ལས་དབང་ཡོལ་མེད་ཞིག་ལ་ངོས་འཛིན་ཞུས་ནས་དེ་ལྟར་བྱུང་བ་རེད་ཞུ་བ་ཡིན།

  14. རྫི་བོ says:
    2012-12-22 at 4:39 am

    དེ་ནི་ན་གཞོན་བསམ་མེད་དེ་དག་ལ་དངོས་མེད་ཀྱི་བསླུ་བྲིད་དང་དགོས་མེད་སྙིང་ནད་བསླངས་བའི་མཇུག་འབྲས་ཁོ་ན་རེད། སྙིང་རྗེ། རྨོངས་མུན་ཁྲོད་ཆབ་སྲིད་ཀྱི་རྩེད་ཆས་སུ་གྱུར་ཟིན་པའི་མི་རབས་གསར་བའི་ལོ་གཞོན་དེ་ཚོ། ཚེ་ཕྱི་མ་ནས་ཕྱིར་བལྟ་ཞིག་བྱེད་དུས་ཡོད་ཚད་རྟོགས་ཡོད་ངེས་མོད། ད་ནི་ཨ་ཁ་ཁ་ཟེར་བ་ལས་ཐབས་ཅི་ཡོད། རང་ལུས་མེར་བསྲེགས་ནས་དོན་དག་ཐག་གིས་གཅོད་ཐུབ་ན་ནི་བོད་དོན་ཟེར་བ་གནའ་ནས་ཐག་བཅད་ཆོག་ཡོད་འདུག མདོར་ན་རིན་བྲལ་གྱི་ཚེ་སྲོག་དེ་དག་ལ་ཕངས་སེམས་ནམ་མཁར་མི་ཤོངས་པ་ཞིག་སྐྱེས་པ་ལས་དངོས་ཡོད་ཀྱི་རིན་ཐང་འདིའོ་ཞེས་པ་ཞིག་མཐོང་མ་སོང་། ད་དུང་བསྲེགས་རྒྱུ་ཡིན་ནའང་མུ་མཐུད་དུ་སྲོགས་དང་མཐོ་ས་ཞིག་ནས་ལྟད་མོར་བལྟ་ཁོ་ཐག་ཡིན། བསམ་ཚུལ་ཙམ་མོ།

  15. བདུད་རྡོ says:
    2012-12-25 at 12:37 am

    གཞོན་པའི་སྙིང་སྟོབས་དམར་བོ་མེ་ལས་ཚ། རྒན་བོའི་ཉམས་མྱོང་སེར་བོ་གསར་ལས་ལྷག། །ཟེར་བ་དེ་འདྲ་ཡོད་པ་དེ་དངོས་ནས་རེད་བསམ། བོད་མི་རིགས་ཀྱི་ཆེད་རང་ལས་མེ་བསྲིག་གཏོང་མཁན་ཁོང་རྣམས་ནི་བསམ་བློའི་གོ་རྟོགས་མཐོ་དམན་ག་རེ་མིན་ཤེས་ཀྱང། ང་ལ་མི་ཞིག་འདི་འདྲ་བཤད་མྱོང། ཁོས་ལོ་རྒྱུས་དང་ཆབ་སྲིད་ཅི་གང་ཤེས་ཀྱི་མེད། ཡིན་ན་ཡང་རྒྱ་བོད་གཉིས་ཀ་སོ་སོ་ཡིན་པ་དང་།ཁོ་རང་ཚོས་ང་ཚོའི་ཕ་ས་ཡུལ་འཕྲོགས་ནས་ང་ཚོ་ལ་གཉའ་གནོན་བྱེད་ཀྱི་ཡོད་པ་དེ་ངས་གསལ་བོ་ཤེས་ཀྱི་ཡོད་ཟེར། ཁོང་ནི་ཟས་བཅད་ངོ་རྒོར་དང་གོམ་བགྲོད་སོགས་རྒྱ་གར་ནང་གི་ལས་འགུལ་ཚང་མ་ལ་ཞུགས་མཁན་ཞིག་རེད། མེར་བསྲིག་གནང་མཁན་ལ་མ་མཐའ་བསམ་བློ་འདི་འདྲ་ཡོད་རེད་བསམ།

  16. འཁྱམས་པོ says:
    2012-12-25 at 2:33 pm

    ལང་ཚོ་དར་ལ་བབ་པས་ན་གཞོན་གྱི་དུས་་སྐབས་འདི་ནི་སྟོབས་དང་ནུས་པ། རྟོགས་སད་དང་ཚོར་པ་ཡོད་ཚད་སྨིན་པའི་དུས་ཐོག་ཏག་ཏག་དུ་ཁེལ་ཡོད་པ། རང་རིགས་ལ་དུངས་པའི་ཚོར་ཤེས་རྣོ་པ་སོགས་གྱིས་ཡིན་པ་དང་་་་་་
    འུ་ཅག་གིས་མཚོན་པས་མི་རིགས་སུ་དང་གང་ཡིན་ཡང་གཞན་གྱིས་གཉའ་གནོན་གྱི་བཙན་འོགས་ནས་ལ་རྒྱས་གྱེན་ལངས་ཞིག་ཐུབ་མིན་ནི་གཞོན་རབས་པ་ལ་རག་ལས་ཡོད་པ་རེད།
    དེ་ནི་ལོ་རྒྱུས་ཀྱི་རང་བཞིན་དུ་ངེས་་་་་་

  17. མང་ཐོས། says:
    2012-12-26 at 1:01 am

    བོད་གངས་ཅན་ཐོ་བ་རང་མགོ་མ། སྐམ་པ་རང་མཆི་མ་ཡིན་སྐབས་རྒྱ་ཀྲུང་ཁྲན་ལ་ལག་མ་ཁེལ་ནི་རེད། ད་ནི་ས་ཀྲུང་ཁྲན་དང་། གནམ་ཀྲུང་ཁྲན་རེད། ངོ་ཡ་ཐུབ་ནི་མ་རེད། གསར་བུ་ཚོ། འདི་བ་ཚང་གིས་ང་ཚོ་ལ་སྡུག་མ་ཕུད་ནི་ཞིག་ཡོད་ནི་མ་རེད། ཁྱོད་ཚོའི་མགོ་ཐོག་ཏུ་དེ་འདྲ་རེ་མི་ཡོང་བའི་སྨོན་ལམ། སྐད་ཆ་འདི་ཕ་ཡུལ་གྱི་བགྲེས་སོང་ཚོས་རང་གི་མྱོང་ཚོར་དང་འབྲེལ་ཏེ། གསར་བུ་ཚོར་བཤད་པའི་བསླབ་བྱ་རེད། སྐད་ཆ་འདིས་བགྲེས་སོང་ཕལ་ཆེར་ལ་བོད་ཀྱི་རང་དབང་རྩོད་པའི་རེ་ཐག་ཆད་པ་རྟོགས་ཐུབ། ལོ་དྲུག་ཅུ་དང་། བཞི་བཅུ་སོན་པ་རྣམས་ཀྱི་མི་ཚེའི་བརྒྱུད་རིམ་ནང་ཀྲུང་ཁྲན་ཏང་གིས་རྫུན་གཏན་འབའ་ཞིག་གི་སློབ་གསོ་ཤ་སྟག་མྱོང་བ་ཡིན་སྟབས་ཀྲུང་ཁྲན་ཚོགས་པ་ཡག་པོ་ཡིན་ཡང་སྲིད་གཞུང་གི་ལས་བྱེད་འགའ་རེ་ཡག་པོ་མེད་ཚུལ་བཤད་ནས་ཀྲུང་ཁྲན་སྲིད་གཞུང་དྲིན་ཅན་ཡིན་སྙམ་པའི་བག་ཆགས་ཟབ་མོས་བཟི་འདུག་ ན་གཞོན་རྣམས་ལ་རང་གི་མི་རིགས་ལ་བརྩེ་དུང་དང་། ལར་ཞེན། བློ་སྤོབས་ཚད་མཐོ་བོ་འདི་འདྲ་ཞིག་ཡོད་དོན་གཙོ་བོ་ནི། བརྡ་འཕྲིན་འཕེལ་རྒྱས་ཤུགས་ཆེར་བྱུང་བས། རྣ་བར་གོ་རྒྱུ། མིག་གིས་མཐོང་རྒྱུ་རྣམས། ཀྲུང་ཁྲན་གྱིས་མགོ་བསྐོར་རྫུན་གཏན་འབའ་ཞིག་མ་ཡིན་པར་འཛམ་གླིང་གི་གནས་ཚུལ་དུས་ལྟར་མཐོང་བ་དང་ཐོས་པ། བོད་ཀྱི་ས་ཁུལ་སོ་སོར་སྐྱིད་སྡུག་ཅི་བྱུང་སོགས་གནས་ཚུལ་ཅི་བཞིན་གོ་བ་དང་ཐོས་པ་ལ་རྟེན་ནས་བོད་ཀྱི་ན་གཞོན་སྙིང་སྟོབས་ཅན་རྣམས་འདི་ལྟར་མི་རིགས་ཀྱི་ཆེད་གདོང་མཆོངས་བྱས་པ་འདོད།

  18. མང་ཐོས། says:
    2012-12-26 at 4:52 am

    བོད་གངས་ཅན་ཐོ་བ་རང་མགོ་མ། སྐམ་པ་རང་མཆུ་མ་ཡིན་སྐབས་རྒྱ་ཀྲུང་ཁྲན་ལ་ལག་མ་ཁེལ་ནི་རེད། ད་ནི་ས་གོང་ཁྲན་དང་། གནམ་གོང་ཁྲན་རེད། ངོ་ཡ་ཐུབ་ནི་མ་རེད། གསར་བུ་ཚོ། འདི་བ་ཚང་གིས་ང་ཚོ་ལ་སྡུག་མ་ཕུད་ནི་ཞིག་ཡོད་ནི་མ་རེད། ཁྱོད་ཚོའི་མགོ་ཐོག་ཏུ་དེ་འདྲ་རེ་མི་ཡོང་བའི་སྨོན་ལམ། སྐད་ཆ་འདི་ཕ་ཡུལ་གྱི་བགྲེས་སོང་ཚོས་རང་གི་མྱོང་ཚོར་དང་འབྲེལ་ཏེ། གསར་བུ་ཚོར་བཤད་པའི་བསླབ་བྱ་རེད། སྐད་ཆ་འདིས་བགྲེས་སོང་ཕལ་ཆེར་ལ་བོད་ཀྱི་རང་དབང་རྩོད་པའི་རེ་ཐག་ཆད་པ་རྟོགས་ཐུབ། ལོ་དྲུག་ཅུ་དང་། བཞི་བཅུ་སོན་པ་རྣམས་ཀྱི་མི་ཚེའི་བརྒྱུད་རིམ་ནང་གོང་ཁྲན་ཏང་གིས་རྫུན་གཏན་འབའ་ཞིག་གི་སློབ་གསོ་ཤ་སྟག་མྱོང་བ་ཡིན་སྟབས་ཀྲུང་ཁྲན་ཚོགས་པ་ཡག་པོ་ཡིན་ཡང་སྲིད་གཞུང་གི་ལས་བྱེད་འགའ་རེ་ཡག་པོ་མེད་ཚུལ་བཤད་ནས་ཀྲུང་ཁྲན་སྲིད་གཞུང་དྲིན་ཅན་ཡིན་སྙམ་པའི་བག་ཆགས་ཟབ་མོས་བཟི་འདུག་ ན་གཞོན་རྣམས་ལ་རང་གི་མི་རིགས་ལ་བརྩེ་དུང་དང་། ལར་ཞེན། བློ་སྤོབས་ཚད་མཐོ་བོ་འདི་འདྲ་ཞིག་ཡོད་དོན་གཙོ་བོ་ནི། བརྡ་འཕྲིན་འཕེལ་རྒྱས་ཤུགས་ཆེར་བྱུང་བས། རྣ་བར་གོ་རྒྱུ། མིག་གིས་མཐོང་རྒྱུ་རྣམས། གོང་ཁྲན་གྱིས་མགོ་བསྐོར་རྫུན་གཏན་འབའ་ཞིག་མ་ཡིན་པར་འཛམ་གླིང་གི་གནས་ཚུལ་དུས་ལྟར་མཐོང་བ་དང་ཐོས་པ། བོད་ཀྱི་ས་ཁུལ་སོ་སོར་སྐྱིད་སྡུག་ཅི་བྱུང་སོགས་གནས་ཚུལ་ཅི་བཞིན་གོ་བ་དང་ཐོས་པ་ལ་རྟེན་ནས་བོད་ཀྱི་ན་གཞོན་སྙིང་སྟོབས་ཅན་རྣམས་འདི་ལྟར་མི་རིགས་ཀྱི་ཆེད་གདོང་མཆོངས་བྱས་པ་འདོད།

  19. སངས་དོན། says:
    2012-12-26 at 11:49 am

    ༼རང་སྲེག་གནང་མཁན་མང་ཆེ་བ་ན་ཆུང་གཞོན་ནུ་ཡིན་དོན་ཅི༽ཞེས་པའི་དྲི་བ་འདི་ནི་ངེས་པར་དུ་དྲིས་ལན་འཚོལ་ཐུབ་དགོས་པའི་དྲི་བ་གནད་འགག་ཅན་ཞིག་རེད། གང་ལ་ཟེར་ན། རང་ལུས་མེར་བསྲེག་གི་ལས་འགུལ་འདིའི་ནང་། རོང་འབྲོག་གི་འཚོ་གནས་དང་། བླ་མ་དང་གྲྭ་པ། སློབ་མ་དང་བཙུན་མ། ཕ་མ་སོགས་འདུས་པའི་རྣམ་པ་ཅན་ཞིག་ཡིན་པ་འདི་ནི་སྤྱི་ཚོགས་ལས་རིགས་ཁག་ཚང་མའི་ནང་ད་ལྟའི་རྒྱ་གཞུང་གི་སྲིད་བྱུས་འདིའི་འོག་ནས་ཐར་མ་ཐུབ་ཚེ། བོད་འདི་འཆི་བ་ལ་ཐག་ཉེ་བར་ཡོད་པའི་གནས་སྐབས་ཤིག་དང་། འཆི་གསོན་གྱི་དབྱེ་ཐག་ཆོད་པ་བྱེད་ན། ད་ལྟའི་དུས་སྐབས་འདིར་ངེས་པར་བརྩོན་ལེན་དགོས་པ་གནས་སྟངས་ཀྱིས་གཏུགས་ནས་ཡོད་པའི་ངོས་དེ་ངོ་འཕྲོད་པའི་འགུལ་སྟངས་ཤིག་ཆགས་ཡོད་པ་དེ་རེད།

    གཞོན་སྐྱེས་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་འདི་ནི། མི་རིགས་ཤིག་གི་འཐབ་རྩོད་འདི་མི་རབས་རིམ་ཅན་དུ་རྒྱུན་མཐུད་ཀྱིས་སྤེལ་དགོས་ཤིང་། ང་ཚོར་རྒྱུན་མཐུད་ཀྱི་སྟོབས་ཤུགས་ཉམས་པ་མེད་པ་ཞིག་ཡོད་པའི་མཚོན་རྟགས་ཤིག་ཀྱང་ཆགས་ཡོད།

    མེར་བསྲེག་ལས་འགུལ་སྤེལ་མཁན་མང་ཆེ་བ་གཞོན་སྐྱེས་ཡིན་དོན་འདིར། ལྟ་སྟངས་གཉིས་ཀྱི་ངོས་ནས་བལྟ་དགོས་པ་རེད་འདོད། གཅིག་ནི། ཁོང་ཚོས་མི་རབས་གསུམ་གྱི་བདེ་སྡུག་གི་གནས་སྟངས་ཤིག་ངོ་འཕྲོད་ཡོད་པའི་ངོས་ཀྱི་འགུལ་སྟངས་ཤིག་བསྟན་འོང་གི་ཡོད་པ་རེད། གཅིག་ནི། ད་ལྟའི་མི་རབས་འདིར་གཞོན་སྐྱེས་ཚོས་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་ལག་ལེན་གྱི་གོམ་སྟབས་འདིས་རྒྱ་ནག་གཞུང་ལ་མི་རབས་ཤིག་གི་སྙིང་སྟོབས་བསྟན་པ་རེད་ལ། འདིས་བོད་ཀྱི་འཐབ་རྩོད་ནི་འདས་པའི་ལོ་ངོ་དྲུག་ཅུའི་རིང་གི་དྲག་གནོན་གྱིས་ནག་བསུབ་སོང་མེད་པར། ད་ནས་མི་རབས་རིམ་བསྟུད་དུ་རྒྱུད་མཐུད་ཀྱི་རྨང་རྡོ་གསལ་སྟོན་བྱས་པ་འདི་གཉིས་རེད།

    ཅི་ཡི་ཕྱིར་ན་གཞོན་སྐྱེས་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་ནི། རྒན་རབས་པ་དག་གིས་འདས་པའི་མི་ལོ་དྲུག་ཅུའི་རིང་བདེན་དོན་འཐབ་རྩོད་རྒྱུན་མཐུད་དུ་སྤེལ་བའི་བརྒྱུད་རིམ་གསལ་རྟོགས་བྱུང་སྟེ། ད་ནི་གཞོན་སྐྱེས་མི་རབས་ཀྱིས་ཁོང་ཚོའི་རྗེས་མཐུད་དུ་ལས་འགུལ་སྤེལ་ནས་ལས་འགན་སྒྲུབ་དགོས་པ་དེ་ལག་ལེན་ངོ་མའི་ནང་གོམ་པ་སྤོས་པ་ཞིག་ཆགས་ཡོད། ཅི་ཡི་ཕྱིར་ན། ད་ལྟའི་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ངར་ཤུགས་ལྟེ་བ་ནི། གཞོན་རབས་པའི་སྟོབས་ཤུགས་དེ་ཆགས་ཡོད་པས་རེད། ཅི་ཡི་ཕྱིར་ན། རྒྱ་ནག་གཞུང་གིས། བོད་ཀྱི་གཞོན་སྐྱེས་མི་རབས་ནང་བསམ་བློ་སྒྱུར་བཀོད་ཀྱི་ལས་གཞི་སྣ་ཚོགས་སྤེལ་བ་དེས་དབང་སྒྱུར་ནུས་པ་གང་ཡང་མ་ཐོན་པར། ད་ནི་བོད་པ་རང་གི་རིག་གནས་སེམས་ཁམས་ཀྱི་སྟོབས་ཤུགས་ཤིག་སྟོབས་ཀྱིས་འབར་གྱིན་པའི་ངོས་རེད། ཅི་ཡི་ཕྱིར་ན། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བརྟན་གནས་ཀྱི་གཞོན་རབས་པའི་སེམས་ཤུགས་དང་འགུལ་སྟངས་དེ་བོད་སྤྱི་ཚོགས་ཀྱི་ད་ལྟའི་གཞི་སྒྲོམ་ཆགས་ཡོད་པ་བཅས་ཀྱིས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme