Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བརྡ་དྲ་བ་ཁྱོད་ཀྱི་གསང་སྤྱོད་མིན།

Posted on 2012-06-26 By ཁ་བརྡ་ 44 Comments on ཁ་བརྡ་དྲ་བ་ཁྱོད་ཀྱི་གསང་སྤྱོད་མིན།

འབའ་སྲས།

ཁ་བརྡའི་རྩོམ་ཡིག་བཀླགས་ནས་ཡུན་རིང་འགོར།།
ཁ་བརྡར་སྙན་ངག་བསྐུར་ནས་ལོ་གཅིག་འདས།།
ཁ་བརྡར་མཆན་ཡིག་བཀོད་ནས་ཟླ་མང་ཕྱིན།།
ཁ་སྒང་བསམ་གཏན་ཁ་བརྡར་ཞེ་འདང་ཆེ།།

ཁ་བརྡ་དང་པོ་གསེར་གྱི་རི་བོ་འདྲ།།
ཁ་བའི་ལ་རྒྱའི་རྩོམ་ཡིག་འོད་ལམ་ལམ།།
ཁ་བརྡ་དེ་རིང་སྐྱག་པའི་གསང་སྤྱོད་འདྲ།།
ཁ་བརྡ་དྲ་བར་སྐྱག་དྲི་གྱི་ལི་ལི།།

ཁ་བརྡ་ལྟ་བུ་བཙན་བྱོལ་ཡུལ་ན་མེད།།
ཁ་བརྡ་ཁ་བ་ཅན་གྱི་གཅེས་ནོར་ཡིན།།
ཁ་བརྡ་དྲ་ངོས་ཁ་བརྡ་བཤད་ས་ལས།།
ཁ་འབུ་ཚོ་ཡི་སྐྱག་པ་གཏོང་ས་མིན།།

ཁ་མ་ཡོད་པའི་རྩོམ་ཡིག་རེ་རེའི་རྗེས།།
ཁ་ཕྱོགས་བཟང་བའི་དཔྱད་བརྗོད་རེ་རེའི་མཇུག །
ཁ་འབུ་ཚོ་ཡིས་སྐྱག་པ་བཏང་བ་ན།།
ཁ་བརྡ་དྲ་བ་ངོ་མ་གསང་སྤྱོད་ཅིག །

ཁ་ངོ་ཡིག་ངོ་ཆོད་ཙམ་སྐྱག་འབུ་ཚོ།
ཁ་བརྡ་དྲ་བ་ཁྱོད་ཚོའི་གསང་སྤྱོད་མིན།།
ཁ་ཞིག་གདངས་ན་སྐྱག་དྲི་བྲོ་བའི་ཚིག །
ཁ་བརྡར་དྲ་ངོས་འདི་ལ་མ་སྤེལ་རོགས།།

ཁ་བརྡ་དྲ་བ་ཁ་བ་ཅན་གྱི་དོན།།
ཁ་ཁོག་མེད་ལ་སྲོང་བོར་གླེང་ས་ལས།།
ཁ་ཡི་ཚིག་ལ་འགན་འཁུར་མེད་པ་ཡི།།
ཁ་འབུ་དྲ་འབུ་འཐབ་པའི་གཡུལ་ས་མིན།།

ཁ་བརྡར་ཡོང་ན་ཁ་ལ་བདག་པོ་རྒྱོབས།།
ཁ་མ་མེད་པའི་སྐད་ཆ་མ་བཤད་རོགས།།
ཁ་ནང་སྐྱག་དྲི་བྲོ་བའི་དྲ་འབུ་ཚོ།།
ཁ་བརྡར་མ་ཡོང་ཁ་རོགས་བསྡད་ན་ལེགས།།

ཁ་བརྡ་དྲ་བ་ཁ་སྒོ་མ་བརྒྱབས་ན།།
ཁ་སྒང་བསམ་གཏན་ཁ་རོགས་མ་བསྡད་ན།།
ཁ་བརྡ་དྲ་བར་འབབ་པའི་དྲ་འབུ་ཚོ།།
ཁ་རོགས་འཇོག་ན་ཁ་སྒང་བསམ་གཏན་མིན།།

ཁ་བརྡ་དྲ་བའི་དྲ་དཔོན་མིན་ན་ཡང་།།
ཁ་སྒང་བསམ་གཏན་ཁ་བརྡ་དྲ་བར་དགའ།།
ཁ་རོགས་མི་འདུག་དྲ་འབུ་སྐྱག་འབུ་ཚོ།།
ཁ་ཤ་སྙ་མ་མ་བཏང་མི་ཞིག་མིན།།

ཁ་རོགས་བསྡད་ན་ཁྱོད་བཟང་ང་བཟང་ཡིན།།
ཁ་རོགས་མི་འདུག་གེ་སར་ཁྲོ་ཐུང་ཡིན།།
ཁ་ལ་བདག་པོ་རྒྱོབས་དང་ཁ་རོགས་འཇོག །
ཁ་རོགས་མི་འདུག་ཟེར་ན་བཟང་ངན་བལྟ།།

སྙན་ངག

Post navigation

Previous Post: གངས་རིའི་དཔལ་རྟུལ་ཚོ།
Next Post: ༼བོན་སྒོ༽དུས་དེབ་འདོན་ཐེངས་ ༢༣ པ་དཔར་འགྲེམས།

Comments (44) on “ཁ་བརྡ་དྲ་བ་ཁྱོད་ཀྱི་གསང་སྤྱོད་མིན།”

  1. གསེར་འབྲུག་སྡེར་ལྔ་ says:
    2012-06-26 at 2:34 pm

    ཁ་ལ་བདག་པོ་རྒྱགས་དགོས་ཁ་བརྡ་མིན།
    ཁ་ནས་བྱུང་རྒྱལ་སྨྲས་ན་ཁ་བརྡ་མིན།
    ཁ་བརྡའི་དྲ་བར་སྐྱག་འབུ་མང་བ་ནི།
    ཁ་བརྡའི་མ་རྩོམ་གསང་སྤྱོད་ཡིན་པས་ལན།

    ཁ་ངོ་ཡིག་ངོ་ཆོད་མདོག་འབའ་ཕྲུག་ཁྱོད།
    ཁ་ནས་གསང་སྤྱོད་སྐྱག་འབུ་སྐྱག་པ་སོགས།
    ཁ་ནས་སྐྱག་དྲི་བྲོ་བ་ཁྱོད་ཀྱི་ཁ།
    ཁ་ལ་བདག་པོ་རྒྱགས་དགོས་ཁྱོད་ཀྱི་ཁ།

  2. སྤྲུལ་སྐུ་དབང་ཆེན says:
    2012-06-26 at 3:19 pm

    རྒན་ཁ་སྒང་པ་མི་བདེན་པས་སྐད་ཆ་མི་འདུག་ཡ། ཡིན་ནའང་ཕྱོགས་གཅིག་ནས་བསམ་བློ་བཏང་ཚེ་མང་པོ་ཞིག་ལ་བོད་ཡིག་ཡར་རྒྱས་དང་། ཆུ་ཚད་གོང་མཐོར་གཏོང་བ་དང་ཆབ་ཅིག རིག་གནས་བརྗེ་རེས་ཀྱི་བསམ་བློ་དང་མཐོང་རྒྱ་ཆེ་རུ་འགྲོ་ཡ་ལ་ཡང་ཕན་པ་ཡོད་སྲིད་པས། དེ་བཞིན་ཧ་ཅང་ཐལ་མ་ཆེ་ན་བཟང་སྙམ།

  3. འདྲེ་རྐང་ཐོ། says:
    2012-06-26 at 4:24 pm

    ཁ་བརྡ་དྲ་བར་ཁ་བརྡ་ཡེད་ས་རེད། །
    ཁ་ལ་ཡག་བཙོག་གཉིས་ཀ་གླེང་ས་རེད། །
    ཁ་བརྡ་དྲ་བའི་སྐུ་ཚེ་བརྟན་པ་ལ། །
    ཁ་བརྡར་དྲྭ་འབུ་བཟང་ངན་གཉིས་ཀ་མཁོ། །

    ཁ་བརྡ་དྲ་བ་ཁ་བའི་ཕ་ས་རེད། །
    ཁ་བརྡ་དྲ་བ་ཁ་བའི་བླ་རི་རེད། །
    ཁ་བརྡ་དྲ་བ་ཁ་བའི་རྩམ་དཀར་རེད། །
    ཁ་ཞིག་ཡོད་ཚད་འདུར་བའི་སྨོན་ལམ་འདེབས། །

    ཁ་རྗེ་དབང་ཐང་དར་བའི་སྙན་ངག་པ། །
    ཁ་སྒང་བསམ་གཏན་སྐད་ཆ་རེ་ཟུང་ལ། །
    ཁ་ནས་ལེགས་སོ་ཟེར་རྒྱུ་སླ་མོད་ཀྱང་། །
    ཁ་ཁོག་དྲང་མོའི་གཏམ་འདིས་ཕན་སྙམ་བྲིས། །

  4. འབའ་སྲས། says:
    2012-06-26 at 5:01 pm

    གསེར་འབྲུག་སྡེ་ལྔར་བསྒྲོགས་པའི་དྲ་འབུ་ཁྱོད།།
    དངོས་མིང་འོག་ཏུ་སྐུང་བའི་སྐྱག་ཕྲུག་ཁྱོད།།
    ཁྱི་བཞིན་ཧ་ཧོ་ཧ་ཧོ་ངུ་ཁ་ཁྱོད།།
    མི་ཞིག་ཡིན་ན་ཁྱོད་ཀྱི་ཁྱི་ཁ་ཚུམས།།

  5. གོ་ར་འཇིགས་མེད། says:
    2012-06-26 at 5:19 pm

    ཁ་བ་ཅན་གྱི་བུ་རབས་ཚ་རྒྱུད་འདི།།
    ཁ་ཤོམ་འཐེན་ན་ཁ་རྒོད་དག་དག་རེད།།
    ཁ་གཏད་དམར་ཕྱོགས་དགྲ་བོའི་རྣ་ནང་ལ།།
    ཁ་ནས་ཚིག་གཅིག་མི་ཞོག་སྐྱོ་བ་ལ།།

  6. གསེར་འབྲུག་སྡེར་ལྔ་ says:
    2012-06-26 at 5:41 pm

    འབའ་སྲས་སྒྲོགས་པའི་སྐྱག་པའི་སྙན་ངག་མཁན།
    དངོས་མིང་འོག་སྐུང་སྐྱག་ཕྲུག་འདྲ་འདྲ་རེད།
    ཁ་ནང་སྐྱག་པ་གང་ཁྱེར་ཁྱི་རྒན་ཁྱོད།
    འབའ་ཕྲུག་ཡིན་ན་ཁྱོད་ཀྱི་ཁྱི་ཁ་ཚུམས།

  7. མི་བུ་ says:
    2012-06-26 at 6:11 pm

    འབའ་ཁྱི་དང་གསེར་ཁྱི་གཉིས་འཛིང་པའི་སྒང་རེད་བཞག ད་ཡིན་ན་ལྟས་མོ་འདུག འོན་ཀྱང་མཐའ་མ་ཡོང་རྒྱུ་ནི་གཉིས་ཀའི་ཁ་ལ་ཁྱི་སྤུ་གང་ལས་གཞན་ཅི་ཡང་ཐོབ་རྒྱུ་མེད་པས་བག་ཡོད་བྱས་ནས་བསྡད་ན་མ་ལེགས་སམ།

  8. གསེར་འབྲུག་སྡེར་ལྔ་ says:
    2012-06-26 at 6:16 pm

    ཡ་ཡ། མི་བུས་བཤད་པ་དེ་རང་རེད། ད་ཡིན་ན་བག་ཡོད་པ་བྱེད་ཀྱི་ཡིན་ད། ཧ་ཧ།

  9. གནམ says:
    2012-06-26 at 7:22 pm

    འབའ་སྲས་ཟེར་ནོའི་མྱི་ངན་འདིའི།།
    ལག་ན་དབང་ཞིག་མེད་པ་སྐྱིད་པ་ལ།།
    འབའ་སྲས་ཟེར་ནོའི་བློང་ཕྲུག་འདིའི།།
    ངག་ན་བཟང་སྤྱོད་མེད་པ་སྐྱོ་བ་ལ།།

    གཞན་ལ་སྐྱོན་བརྗོད་བྱེད་སྟངས་འདི་མ་རེད།།
    རང་ལ་ཆེ་མཐོང་འཛིན་སྟངས་ཡང་འདི་མ་རེད།།
    རང་གཞན་དཀྲིག་པའི་ལས་འདི་མི་རྩོམ་པར།།
    ཁ་བྲོ་བཀྲ་ཤིས་བྱས་ན་མི་དགའ་ནེ།།

  10. ཀླུ་སྨྱོན། says:
    2012-06-26 at 7:38 pm

    སྐྱག་པ་མི་ངན་སྐྱག་པ་བཟང་།།
    སྐྱག་པ་ཟ་མའི་སྤྲུལ་སྐུ་ཡིན།།
    སྐྱག་པ་ཡོད་ན་གསོན་པོའི་རྟགས།།
    སྐྱག་པ་རྫོགས་དུས་ཤི་བོའི་རྟགས།།

  11. བཙན་པོའི་བུ། says:
    2012-06-26 at 7:45 pm

    ཁ་རྟ་དྲ་བ་བསམ་ཚུལ་སྤེལ་ས་རེད།
    ཁ་ནས་ཅི་རིགས་མཐོན་པ་སྲིད་མོད་ཀྱང་།
    ཁ་བཤད་ལག་སྟར་བྱེད་པའི་གནས་ལུགས་ཤིག
    ཁ་ནས་བཤད་ན་དེ་ལ་བཀག་འགོག་མེད།

    ཁ་ཕོ་མཐོན་པོས་གཞན་མགོ་གནོན་པའི་ཐབས།
    ཁ་ནས་གང་བྱུང་སྨྲས་ཏེ་བྱེད་མོད་ཀྱང་།
    ཁ་ཐབས་སྐྱོ་བའི་ཁྱོད་ཀྱི་བྱེད་ལུགས་དེས།
    ཁ་ཡི་སྐྱག་དྲི་གསང་བ་ནུས་ལགས་བསམ།

  12. འདྲེ་རྐང་ཐོ། says:
    2012-06-26 at 9:27 pm

    ཁ་ལ་མངར་མོ་མཆོད་པ་མང་དྲག་ན། །
    ཁ་ཡི་སོ་ཕྲེང་འབུ་ཡིས་ཟོས་ནས་འགྲོ །
    ཁ་ལ་ཚོད་ཅིག་ཡོད་ན་བཟང་མོད་ཀྱང་། །
    ཁ་ཡག་ངོ་བསྟོད་རྐྱང་བས་སུན་ནས་འགྲོ། །

  13. བློ་བཟང་ says:
    2012-06-26 at 9:40 pm

    ཁ་བརྡའི་སྡིངས་ཆ་དྲ་ཁང་འདི་རེད་དེ། །
    ཁ་བརྡའི་ཚོགས་པས་སྟངས་འཛིན་གནང་ལུགས་དེ།།
    ཁ་ཐུག་མེད་པར་འགན་འཛིན་འདོད་ཕྱོགས་ཙམ།།
    ཁ་ཡོད་ལག་ཡོད་ཐོག་ནས་འགྲོ་བཞིན་འདུག །
    ཁ་བརྡའི་འགན་འཛིན་ཤེས་ཡོན་ཅན་ཡང་སྲིད།།
    ཁ་བརྡའི་འགན་འཛིན་རྣམ་དཔྱོད་དབེན་ཡང་སྲིད།།
    ཁ་ཁོག་མེད་པར་བསྟན་པ་ཆབ་སྲིད་ཀྱི།།
    ཁ་བ་རིས་པར་ཞབས་ཕྱི་སྒྲུབ་ན་བཟང་།

  14. ཀུན་གསལ་ཟླ་བ། says:
    2012-06-26 at 10:27 pm

    ཁ་བརྡའི་དྲ་ཚིགས་ཁ་བའི་མདངས་ལས་དཀར།
    ཁ་བརྡའི་ནང་ན་བྱ་ཐན་ཁྭ་ཏ་མང་།

  15. འབའ་གནས་། says:
    2012-06-26 at 11:09 pm

    ཁ་བརྡའི་དྲ་རྒྱ་རང་མདངས་གངས་ལས་དཀར།
    ཁ་ནས་གང་ཡོད་འབྲི་བ་བོད་མའི་ལམ།

  16. མུན་འཇོམས། says:
    2012-06-26 at 11:14 pm

    ཁ་བརྡ་དྲྭ་བ་དམངས་ཀྱི་སྤྱོད་ཡུལ་རེད། བསམ་ཚུལ་ཡག་སྡུག་ཤོད་སའི་མེ་ལོང་རེད།
    སྨྲ་བརྗོད་ལག་གི་རང་དབང་འདི་ན་མཆིས། དགའ་སྐྱོའི་བསམ་ཚུལ་བརྗེ་རེས་འདི་ནས་བྱ།
    བདེན་བྲལ་འུག་པ་འབའ་སྲས་ཆང་གི་བཟི། ཁ་བརྡའི་དྲྭ་བར་ར་བཟིའི་སྐྱུར་འགོང་འཆོར།
    ཆོ་མེད་ཁ་ལ་སྐྱག་པའི་ཉོག་བཤད་མང་། དེ་འདྲའི་ཁ་ལ་ཆ་འཇོག་སུ་ཡིས་བྱེད།

  17. ཀརྡོ་གཉེར་ཕྱག་པ་ says:
    2012-06-26 at 11:19 pm

    ཁ་བརྡའི་དྲ་བ་ཤོག་དཀར་སྟོང་པ་རེད། །
    ཁ་ཏ་སྐུལ་ལྕག་ཡོད་ཚད་འབྲི་ས་རེད། །
    ཁ་བརྡའི་དྲ་བ་ཕ་ཡུལ་བོད་ལྗོངས་འདྲ། །
    ཁ་ཡོད་ལག་ཡོད་ཡོད་ཚད་སྤུངས་ས་རེད། །

  18. མི་ཉག་དུང་བརྡ says:
    2012-06-26 at 11:33 pm

    ཁ་བརྡ་ཚོར་འདུ་ཀློང་གི་སྟོང་ཁམས་ན། །
    ཁ་བརྡ་འཇམ་རྩུབ་རིང་ཐུང་སྣ་ཁ་མང་། །
    རྣམ་དཔྱོད་བཟོད་གསོལ་སྒོ་འཕར་ལེགས་ཕྱེ་སྟེ། །
    གངས་རིའི་ལས་དབང་ཁ་བརྡའི་ལམ་ནས་ཚོལ། །

  19. བོད་ལ་ཞེན། says:
    2012-06-27 at 12:23 am

    ཁ་བརྡ་མཁས་པའི་སྒེར་ས་མིན་པས་བོད་ཡིག་ངོ་ཆོད་ཙམ་གྱིས་ཀྱང་ཁ་བརྡ་ལོས་ཆོག ཁ་བརྡ་དེ་མཁས་པའི་ཤེས་ཡོན་དང་བསམ་ཚུལ་བརྗེས་ས་ཞིག་དང་། གསར་བུ་ཚོའི་ཤེས་ཚད་གོང་མཐོར་གཏོང་བྱེད་རང་སྦྱོང་བྲིས་ས་ཞིག་ཡིན་དགོས་ལ། ལྷག་པར་དུ་གཞིས་བྱེས་བོད་མི་ཀུན་གྱི་བསམ་ཚུལ་བརྗོད་ས་ཞིག་ཏུ་འགྱུར་དགོས།

  20. འབའ་སྲས། says:
    2012-06-27 at 12:36 am

    བོད་ཡིག་བྲི་དང་བཤད་པ་ལེགས་མོད་ཀྱང་།།
    ཀུན་ལ་གཤེ་གཤེ་བཏང་ན་ག་ལ་མཛེས།།
    བསམ་ཚུལ་འདྲ་མིན་སྤེལ་ན་དགའ་འོས་ཀྱང་།།
    ཕྱོགས་ལྷུང་འཐེན་འཁྱེར་མང་པས་སུ་ཞིག་མགུ །

    ཁ་ནས་ཅི་བྱུང་ཚང་མ་ཁ་བརྡ་མིན།།
    ཡི་གེར་ཕབ་པ་ཚང་མ་བསམ་ཚུལ་མིན།།
    ཅི་ཞིག་ཤོད་ཆོག་རང་དབང་ཡོད་དོ་ཞེས།།
    ཉ་ཉོག་བརྗོད་པ་མང་ལ་སུ་ཞིག་དགའ།།

  21. ཨ་བུ་འབྲོག་ཕྲུག says:
    2012-06-27 at 12:47 am

    ཁ་སྒང་ཁ་མ་མེད་ནོ་ཀུན་གྱིས་ཤེས།
    ཁ་ལས་མི་དགེ་དགེ་བོ་ཁྱོད་ཀྱིས་ཉོན།
    ཁ་སང་དེ་རང་ཁ་རྒྱབ་སོས་བ་འདྲ
    ཁ་ནས་གང་ཐོན་བྲིས་ན་རང་འཚང་འབྲི།

  22. རེབ་ཐོག་མདའ says:
    2012-06-27 at 3:05 am

    ཁ་སང་དེ་རིང་གི་ཁ་བརྡ།།
    ཁ་མ་མེད་ནི་ཚོས་བཟུང་འདུག།
    ཁ་བ་ཅན་ཚང་གི་ལས་དབང་།།
    ཁ་ནས་གླེང་མཁན་ནི་མི་འདུག།

    ཁ་ནས་སྐྱག་པ་དག་བཤད་བཞིན།།
    ཁོག་ལ་སྐྱག་པ་ཡིས་ཁེངས་བའི།།
    ཁ་སང་དེ་རིང་གི་མྱི་རུལ།།
    ཁ་བརྡ་ཚང་ལ་ཡང་ཚོགས་ཐལ།།

    ཁ་ཁོག་ཡག་པོ་ཞིག་ཡོད་ན།།
    ཁ་མིག་ནང་ལོག་ལ་མ་བསྐོར།།
    ཁ་བའི་བུ་ཆུང་ཞིག་ཡོད་ན།།
    ཁ་བའི་བདེ་སྡུག་དེ་གླེང་དང་།།

  23. ལོག་སྨྲ་ཚར་གཅོད། says:
    2012-06-27 at 4:15 am

    ཁ་བརྡའི་དྲྭ་བར་ཉུལ་བའི་སྤུན་གྲོགས་ཚོ།
    ཁ་རྩོད་ཚིག་རྩོད་རྒྱག་གིན་མ་བཞུགས་པ།
    ཁ་ཞེ་གཉིས་མེད་ཀུན་སློང་རྣམ་དག་གིས།
    ཁ་ཡོད་ལག་ཡོད་བོད་དོན་སྒྲུབས་དང་ཀྱཻ།
    ཁ་བ་ཅན་གྱི་སྣོད་བཅུད་འཕྲོག་མཁན་དེ།
    ཁ་འཇམ་ཁོག་རྩུབ་གུང་ཁྲན་ཀླ་ཀློ་ལས།
    ཁ་སྐད་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་མིན།
    ཁ་ཙམ་མིན་པའི་བོད་ཀྱི་རྩ་དོན་འདི།
    ཁ་བ་ཅན་གྱི་ཡུལ་མི་སྤྱི་འགན་ལས།
    ཁ་གྲགས་དཔོན་རིགས་གཅིག་པུའི་འགན་འཁྲི་མིན།
    ཁ་བའི་ལྗོངས་སུ་དཔའ་བོ་དཔའ་བོ་དཔའ་མོ་ཚོས།
    ཁ་བའི་བདེ་དོན་རང་དབང་ལ་རྒྱའི་ཆེད།
    ཁ་ནས་འབོད་སྒྲ་ལུས་ལ་མེར་སྲེག་སྟེ།
    ཁ་བའི་བདེ་སྡུག་དངོས་ཡོད་ཇི་བཞིན་དེ།
    ཁ་ཞིང་ཆེ་བའི་འཛམ་གླིང་གང་སར་ཁྱབ།
    ཁ་ཁར་མ་བཞུགས་ཁ་བ་གངས་ཅན་པ།
    ཁ་བའི་མདུན་ལམ་སྒྲུབ་ཕྱིར་མདུན་དུ་བསྐྱོད།
    ཁ་བའི་ལས་དོན་རང་གིས་མ་སྒྲུབ་ན།
    ཁ་ནས་རྒྱབ་སྐྱོར་མང་ཡང་དོན་ལ་མེད།

  24. ཀརྡོ་གཉེར་ཕྱག་པ་ says:
    2012-06-27 at 7:09 am

    ཁ་བརྡར་གང་ཐུབ་ཅི་ཐུབ་ཉུལ། །
    ཁ་བརྡར་ཁ་ཕན་ཚིག་ཕན་ཤོད། །

  25. བཀྲ་ཤིས་རྒྱལ says:
    2012-06-27 at 11:05 am

    ཁ་སྒང་ཁ་དེ་ངོ་མ་སྐྱག་ཁུངས་རེད།།
    ཁ་ནས་ཐོན་ཚད་ཚང་མ་སྐྱག་པ་རེད།།
    ཁ་ན་སྐྱག་པ་འཕྱོ་བའི་ཁ་སྒང་འབུ།།
    ཁ་བརྡ་འདི་དང་ཁ་ཐག་རིང་ན་བཟང་།།

  26. ལུང་རྟོགས། says:
    2012-06-27 at 11:17 am

    དེང་སང་དུས་བབ་དྲ་བ་ཡང་སྐྱག་འབུ་ཚོས་སྐྱག་བཤད་བྱེད་སའི་སྐྱག་མཛོད་རང་ཆགས་འདུག

  27. ཕུན་དབང་ says:
    2012-06-27 at 11:40 am

    ད་ཡིན་ན་ཡུལ་གྱར་བ་མཚོའི་རང་གཟུགས་མངོན་གི་འདུག

  28. འབའ་གནས་། says:
    2012-06-27 at 11:50 am

    ཡ་རབས་ཁ་ན་ཡ། མ་རབས་ཁ་ན་་་་་་་

  29. ཆབ་བྲག་ཕོ་ཉ says:
    2012-06-27 at 11:53 am

    ཁ་ནས་ཟོས་རྗེས་རྐུབ་ནས་གཏོང་དགོས་པ། ཟས་དང་སྐྱག་པའི་ཁྱད་པར་ཡིན་ན་ཡང། སྐྱག་པ་ཟས་སུ་ཟ་བ་མི་མིན་པས། ཟས་སྐྱག་གཉིས་ཀ་བསྲེས་ན་ཅི་འདྲ་རེད། ཧེ་ཧེ། འདི་ན་དེ་རིང་ཀུ་རེའི་ཁ་མཚར་མང་གི དགའ་ནི་ཡིན། ཟ་མ་མི་ཡིས་ཟ། སྐྱག་པ་འབུ་ཡིས་ཟོ། ཧེ་ཧེ་་་་

  30. ཨ་འདུས་མིག་ཆུ།། says:
    2012-06-27 at 2:21 pm

    སྲོལ་རྒྱུན་རིག་གནས་ཕྱོགས་ལ་མཁས་པ་ཁྱོད།།
    སྒྱུ་རྩལ་རྩོམ་རིག་འབྲི་ལ་བྱང་བ་ཁྱོད།།
    ཕྱི་ནང་བོད་རིགས་ཁྲོད་ན་གྲགས་པ་ཁྱོད།།
    འབའ་སྲས་མཚན་གྱི་སྙན་པ་ངོ་སོ་བསྟོད།།

    སྙན་ངག་མེ་ལོང་འཆད་ལ་ཐོགས་མེད་ཁྱོད།།
    དགེ་ཕྲུག་ཐབས་ཀྱིས་སྐྱོང་ལ་འགྲན་མེད་ཁྱོད།།
    སྐད་ཡིག་རིག་གནས་འཆད་ལ་དྲིན་ཆེན་ཁྱོད།
    ཁ་སྒང་སྒམ་པོའི་སྙན་པ་ངོ་སོ་བསྟོད།།

    ཚིག་གི་ལོ་མའི་ཕྱོགས་ལ་མི་མཁས་ཁྱོད།།
    དོན་ལྡན་ལེགས་བཤད་སྨྲ་ལ་སྤྲོ་བ་ཁྱོད།།
    ཞེན་ཁོག་འདྲེ་གདོན་སྙིང་ལ་བྲལ་བ་ཁྱོད།།
    འབའ་སྲས་མཚན་ལྡན་སྙན་པ་ངོ་སོ་བསྟོད།།

    གཞིས་ལུས་བོད་ཕྲུག་དག་གིས་རེ་བའི་ཁྱོད།།
    ཡུལ་གྱར་བོད་ཕྲུག་མང་པོའི་བཤེས་གཉིས་ཁྱོད།།
    ཉམ་ངའི་སྐད་ཡིག་ཚེ་སྲོག་སྐྱོབ་མཁན་ཁྱོད།།
    འབའ་སྲས་མཚན་གྱི་སྙན་པ་ངོ་སོ་བསྟོད།།

    རིགས་དོན་ཁ་ནས་བཤད་ལ་མི་མཁས་ཁྱོད།།
    དོན་གྱིས་སྙིང་ལ་བཅངས་པའི་མི་བཟང་ཁྱོད།།
    ཁ་ཁོག་གཏན་ནས་མི་འགལ་དྲང་མོ་ཁྱོད།།
    འབའ་སྲས་མཚན་གྱི་སྙན་པ་ངོ་སོ་བསྟོད།།

    དོན་གྱི་སྙིང་བཅུད་ལེན་པ་ག་ལ་ཤེས།།
    སྐྱག་པ་གཏང་སའི་ཨི་ཁུང་མི་ཤེས་པའི།།
    དྲ་ཐོག་སྐྱག་འབུའི་ཁ་ལ་ཉན་དོན་གྱི།།
    ཁྱོད་ཀྱི་བྱས་རྗེས་འདྲ་བ་སུ་ལ་ཡོད།།

    ཆོལ་ཁའི་ཞེན་ཁོག་སྙིང་ལ་འབར་བའི་ཚེ།།
    དུག་སྦྲང་མཆུ་རིང་མང་པོ་ལྡིང་ནས་འོང་།།
    ལེགས་བཤད་ཚིག་གི་གདམས་པ་ག་ལ་ཡོད།།
    དྲ་ཐོག་མཆན་འདེབས་དུག་སྦྲང་མཆུ་རིང་ཉིད།།

    ཆོལ་ཁའི་ཞེན་ཁོག་ཁྱོད་ལ་གང་ནས་ཡོད།།
    བོད་ཡིག་རྨོངས་པ་ཁྱོད་ཉིད་ག་ལ་ཡིན།།
    སྐྱོན་གྱི་མཛུབ་མོ་འཛུགས་སའི་གནས་མེད་དུས།།
    དུག་སྦྲང་འབུ་ནག་འདི་ཚོར་ངོ་ཚ་མེད།།

    དག་ཆ་ཡག་པོ་མེད་ན་འདིར་མ་ཡོང་།།
    བསམ་བློ་དྲང་མོ་མེད་ན་འདིར་མ་ཡོང་།།
    དོན་གྱི་བགྲོ་བློ་བྱེད་འདོད་མི་བུ་དག།
    རྩོམ་འདིར་དགག་ཏུ་ཤོག་དང་དགའ་བསུ་ཡོད།།

  31. འབའ་སྲས། says:
    2012-06-27 at 2:32 pm

    ཁ་སྒང་ཟེར་ནས་སྡིག་ཅིང་གཤེ་ཡང་ཆོག །
    འབའ་སྲས་ཟེར་ནས་བསྔགས་ཤིང་བསྟོད་ཀྱང་རུང་།།
    ཁ་ཡི་སྐད་ཆ་སྐྱག་པར་མི་འགྱུར་བ།།
    བློ་ལྡན་སྐྱེ་བོ་དག་གིས་གནའ་ནས་ཤེས།།

  32. ཨ་འདུས་མིག་ཆུ། says:
    2012-06-27 at 2:44 pm

    སྲོལ་རྒྱུན་རིག་གནས་ཕྱོགས་ལ་མཁས་པ་ཁྱོད།།
    སྒྱུ་རྩལ་རྩོམ་རིག་འབྲི་ལ་བྱང་བ་ཁྱོད།།
    ཕྱི་ནང་བོད་རིགས་ཁྲོད་ན་གྲགས་པ་ཁྱོད།།
    འབའ་སྲས་མཚན་གྱི་སྙན་པ་ངོ་སོ་བསྟོད།།

    སྙན་ངག་མེ་ལོང་འཆད་ལ་ཐོགས་མེད་ཁྱོད།།
    དགེ་ཕྲུག་ཐབས་ཀྱིས་སྐྱོང་ལ་འགྲན་མེད་ཁྱོད།།
    སྐད་ཡིག་རིག་གནས་འཆད་ལ་དྲིན་ཆེན་ཁྱོད།
    ཁ་སྒང་སྒམ་པོའི་སྙན་པ་ངོ་སོ་བསྟོད།།

    ཚིག་གི་ལོ་མའི་ཕྱོགས་ལ་མི་མཁས་ཁྱོད།།
    དོན་ལྡན་ལེགས་བཤད་སྨྲ་ལ་སྤྲོ་བ་ཁྱོད།།
    ཞེན་ཁོག་འདྲེ་གདོན་སྙིང་ལ་བྲལ་བ་ཁྱོད།།
    འབའ་སྲས་མཚན་ལྡན་སྙན་པ་ངོ་སོ་བསྟོད།།

    གཞིས་ལུས་བོད་ཕྲུག་དག་གིས་རེ་བའི་ཁྱོད།།
    ཡུལ་གྱར་བོད་ཕྲུག་མང་པོའི་བཤེས་གཉིས་ཁྱོད།།
    ཉམ་ངའི་སྐད་ཡིག་ཚེ་སྲོག་སྐྱོབ་མཁན་ཁྱོད།།
    འབའ་སྲས་མཚན་གྱི་སྙན་པ་ངོ་སོ་བསྟོད།།

    རིགས་དོན་ཁ་ནས་བཤད་ལ་མི་མཁས་ཁྱོད།།
    དོན་གྱིས་སྙིང་ལ་བཅངས་པའི་མི་བཟང་ཁྱོད།།
    ཁ་ཁོག་གཏན་ནས་མི་འགལ་དྲང་མོ་ཁྱོད།།
    འབའ་སྲས་མཚན་གྱི་སྙན་པ་ངོ་སོ་བསྟོད།།

    དོན་གྱི་སྙིང་བཅུད་ལེན་པ་ག་ལ་ཤེས།།
    སྐྱག་པ་གཏང་སའི་ཨི་ཁུང་མི་ཤེས་པའི།།
    དྲ་ཐོག་སྐྱག་འབུའི་ཁ་ལ་ཉན་དོན་གྱི།།
    ཁྱོད་ཀྱི་བྱས་རྗེས་འདྲ་བ་སུ་ལ་ཡོད།།

    ཆོལ་ཁའི་ཞེན་ཁོག་སྙིང་ལ་འབར་བའི་ཚེ།།
    དུག་སྦྲང་མཆུ་རིང་མང་པོ་ལྡིང་ནས་འོང་།།
    ལེགས་བཤད་ཚིག་གི་གདམས་པ་ག་ལ་ཡོད།།
    དྲ་ཐོག་མཆན་འདེབས་དུག་སྦྲང་མཆུ་རིང་ཉིད།།

    ཆོལ་ཁའི་ཞེན་ཁོག་ཁྱོད་ལ་གང་ནས་ཡོད།།
    བོད་ཡིག་རྨོངས་པ་ཁྱོད་ཉིད་ག་ལ་ཡིན།།
    སྐྱོན་གྱི་མཛུབ་མོ་འཛུགས་སའི་གནས་མེད་དུས།།
    དུག་སྦྲང་འབུ་ནག་འདི་ཚོར་ངོ་ཚ་མེད།།

    དག་ཆ་ཡག་པོ་མེད་ན་འདིར་མ་འཕུར།།
    བསམ་བློ་དྲང་མོ་མེད་ན་འདིར་མ་རྒྱུགས།།
    དོན་ལ་བགྲོ་གླེང་བྱེད་པའི་མི་བུ་སུ།།
    དགག་ལན་ཡོད་ན་ཤོག་དང་དགའ་བསུ་ཡོད།།

  33. གསེར་འབྲུག་སྡེར་ལྔ་ says:
    2012-06-27 at 2:59 pm

    སྐྱག་པས་རྐུབ་བཀྱག། ཟེར་ན་འདི་འདྲ་ཡིན་རྒྱུ་རེད།

  34. ཨ་འདུས་མིག་ཆུ།། says:
    2012-06-27 at 3:42 pm

    བསྟོད་པས་གནམ་ལ་འཇོག་པ་མ་བྱས་ཤིང་།།
    སྨད་པས་ས་ལ་སྦྱར་བ་མ་བྱས་པར།།
    མཁས་པར་བསྟོད་པའི་གླུ་ཆུང་ཤར་མར་བླངས།།
    བླུན་པོར་སྨད་པའི་ཧབ་ཆ་ཤུགས་ཀྱིས་གྱེར།།

    གསེར་གྱི་འབྲུག་ཅིག་ཡིན་པ་མ་ཤེས་ཀྱང་།།
    བླུན་པོ་ངོས་ཤིག་ཡིན་པ་ཤེས་སོང་ལོ།།
    སྨྱུག་གུ་འཛིན་པའི་ཕྱག་གཉིས་མ་ངེས་ཀྱང་།།
    ཁྱི་སྡེར་ལྔ་ཙམ་ཡོད་པ་ཤེས་སོང་ལོ།།

    འབའ་སྲས་མིག་གིས་མཐོང་བ་མ་གྱུར་ཅིང་།།
    མཁས་པའི་མཚན་སྙན་གོ་བ་ཉུང་ཉུང་མིན།།
    བླུན་པོ་ནོར་གྱི་རྗེས་སུ་འབྲངས་ན་ཡང་།།
    དཔྱོད་ལྡན་མཁས་པར་བསྟོད་པ་གཤིས་སུ་གྲུབ།།

  35. བཀྲ་ཤིས་རྒྱལ says:
    2012-06-27 at 5:51 pm

    ཨ་་་་ལ་ལ་ལ། ཨ་འདུས་ཡིན་ན་འདིས་གད་ག་་་་་

  36. སྲིན་པོ་རྫ་རྒན། says:
    2012-06-27 at 10:01 pm

    ད་སྨྱོ་ཁ་གཟའ་ཁ་གླ་རྐྱང་བྱོས།།
    ལག་སྨྱུ་གུ་སྒུལ་ནས་སྙན་ངག་ཕྲིས།།

    མཁས་དང་མི་མཁས་དག་དང་མི་དག་སོགས།།
    ས་རཱའི་སློབ་ཐོན་པ་ཚོས་ཨེ་ཐེག་ན།།

    གཤམ་གྱི་འདི་ལ་ལྟོས། མིག་ལ་བཤམས་བཞག་ཡོད་ག
    ཨ་འདུས་མིག་ཆུ་ལགས། ཁ་བརྡ་ཚང་གི་འདི་ཚོའི་སྔུན་ནས་གཟབ་དགོས་ཡ།

    ༼གཞིས་ལུས་བོད་ཕྲུག་དག་གིས་རེ་བའི་ཁྱོད།།
    ཡུལ་གྱར་བོད་ཕྲུག་མང་པོའི་བཤེས་གཉིས་ཁྱོད།།༽

  37. ཨ་བུ་འབྲོག་ཕྲུག says:
    2012-06-28 at 3:03 am

    ཁ་བའི་སྐྱག་འབུ་ཚང་མ་ཁ་བརྡར་མ་འཁོར།།
    ཁ་མ་མེད་པའི་འཁྱམས་པོ་ལྡོམ་པོ་ཁྱོད་ཚོ།།
    ཁ་རྒྱབ་ལྟོ་ཡིས་དོན་ལ་འདིར་རྒྱུག་བྱོས་དང།།
    ཁ་སང་དེ་རིང་ཁྱོད་ཚོ་འཛའ་ནོ་དེ་རེད།།

  38. གསེར་འབྲུག་སྡེར་ལྔ་ says:
    2012-06-28 at 5:08 am

    བསྟོད་པས་དགུང་ལ་བཏེགས་ནས་ཟག་གྲབས་འདུག།
    སྨད་པས་ས་ལ་བསྦྱར་ནས་རྡུང་གྲབས་བྱས།
    བསྟོད་སྨད་བར་ནས་གསེར་འབྲུག་དགད་མོ་འཆོར།
    ཨ་འདུས་མིག་ཆུ་བཏང་ནས་སྨྲེ་ངག་འདོན།

    ཨ་འདུས་རིགས་སློབ་ཡིན་པ་མ་ཤེས་ཀྱང་།
    སཱ་རའི་ཁྲོན་སྦལ་ཡིན་པ་ཤེས་སོང་ལོ།
    སྨྱུག་གུ་འཛིན་ཙམ་མཁས་པར་མ་ངེས་ཀྱང་།
    མིག་ཆུས་སྨྲེ་ངག་འབྲི་བར་ཤེས་སོང་ལོ།

    འབའ་་སྲས་མིག་གི་མངོན་སུམ་མ་མཐོང་ཡང་།
    སྐྱག་པའི་སྙན་ངག་བྲིས་ན་མཚན་སྙན་མིན།
    སཱ་རའི་ཁྲོན་སྦལ་འཛམ་གླིང་མི་མཐོང་ཡང་།
    དཔྱོད་ལྡན་མཁས་པ་མིན་པས་རང་མདོག་སྟོན།

  39. དོལ་སྨྱོན། says:
    2012-06-28 at 7:24 am

    ཁ་བརྡ་དྲ་བ་དྲ་རྒྱའི་རྒྱལ་པོ་ཡིན།།
    ཁ་བརྡ་དྲ་བ་སྲིད་པའི་མེ་ལོང་ཡིན།།
    ཁ་བརྡ་དྲ་བ་འདོད་འཇོའི་བ་མོ་ཡིན།།
    ཁ་བརྡ་དྲ་བ་དུས་ཐོག་ཆར་བ་ཡིན།།

    ཁ་བརྡ་དྲ་བར་བསྟོད་མཁན་ཁ་བའི་བུ།།
    ཁ་བརྡ་དྲ་བར་བལྟ་མཁན་ཨ་མའི་བུ།།
    ཁ་བརྡ་དྲ་བར་སྨད་མཁན་བདུད་ཀྱི་བུ།།
    ཁ་བརྡར་ཁ་བརྡུང་བྱེད་མཁན་འདྲེ་ཡི་བུ།།

  40. འབའ་སྲས། says:
    2012-06-28 at 8:39 am

    མཐུན་པའི་ཕྱོགས་ནས་བསྟོད་མཁན་ཨ་འདུས་དང་།།
    ལྡོག་པའི་ཕྱོགས་ནས་སྨད་མཁན་སྡེར་ལྔ་སོགས།།
    འབའ་སྲས་དོན་ལ་ཁ་རྩོད་མ་བརྒྱགས་རོགས།།
    གཙོ་བོ་སྤྱི་དོན་སྒྲུབས་དང་ཨ་མའི་བུ།།

  41. སྣྲོན་ངག་ཁྲི། says:
    2012-06-28 at 8:48 am

    དབྱངས་ཨ་ངེས་པའི་བྱ་དཀའ་བས་འདོམས་པ།
    ཁ་བརྡ་གནས་ན་ཁ་བ་ཅན་ལ་ཕན།།
    ཁ་ན་ཉམས་ན་གངས་ཅན་སྐད་བརྡ་ཕམ།།
    ཁ་བརྡས་བཟང་ངན་སྣ་མང་ཐང་ལ་བཀྲམ།།
    ཁ་བརྡས་གཞན་ཕན་བསམ་པ་བྲང་ཁར་ཉར།།
    ཁ་བརྡས་སྙན་ངག་མང་དག་རྣ་བར་བཀླགས།།
    ཁ་བརྡས་གཏམ་ངན་ཕྲ་རགས་ཐང་མར་བརྡལ།།
    ཁ་བརྡས་གད་པ་མང་དག་བླ་མར་མངགས།།
    ཁ་བརྡས་སྐད་མང་ཤན་སྦྱར་དང་བས་བླངས།།
    ཁ་བརྡས་རྣམ་མང་གནད་ལ་བརྟག་ནས་གདའ།།
    ཁ་བརྡས་ཐ་མལ་མང་དག་ན་ཚ་བསླངས།།
    ཁ་བརྡས་རགས་བཤད་ཁ་སྐད་གཏམ་ངན་སྨྲ།།
    ཁ་བརྡས་ཕལ་པ་རྣམས་ལ་ལམ་བཟང་བསྟན།།
    ཁ་བརྡས་གང་བཟང་གནས་ལ་ཡར་རྒྱས་བཏང་།།
    ཁ་བརྡས་གང་དགའ་གང་མང་བརྩམ་བྱར་གདམས།།
    ཁ་བརྡས་རང་སར་ཆགས་ནས་གཞན་འགའ་སྤངས།།
    ཁ་བརྡས་ལྷག་བསམ་ཅན་ལ་ཡང་དག་བསྔགས།།
    ཁ་བརྡ་དཔའ་མཛངས་ལྡན་ལ་སྡར་མའང་འདྲ།།
    ཁ་བརྡ་དྲན་པ་གསལ་ལ་བརླགས་པར་སྔ།།
    ཁ་བརྡ་རང་གཞན་རྣམས་ལ་ལྷག་པར་རན།།
    ཞེས་བྱ་བ་ནི་གང་དྲན་དུ་བཀོལ་བ་ཙམ་མོ།།

  42. ཨ་འདུས་མིག་ཆུ། says:
    2012-06-28 at 2:18 pm

    ཀ་མད་སུམ་ཅུའི་གདངས་སྙན་མི་འོངས་ཤིང་།།
    སེམས་ལ་ཕན་པའི་སྐད་ཆ་མི་ཤོད་པའི།།
    དྲ་སྡོམ་དྲ་འབུ་ཁྱོད་ཅག་མ་ལུས་པར།།
    ཁ་ཡ་མི་བྱེད་ང་ནི་འགྲོ་རྒྱུ་འོ།།

    ཁ་ལ་གང་ཡོང་བཤད་ལ་མཁས་པ་དེ།།
    སེམས་ལ་དྲན་རྒྱུ་མེད་པའི་བླུན་པོའི་ཚོགས།།
    བདེ་མོ་སྐྱིད་པོ་བྱས་ནས་སྡོད་ཅིག་ལོ།།
    ཁྱེད་ཅག་མཉམ་དུ་རྩོད་ལ་སུན་པ་ཉིད།།

    མཛུབ་མོ་ཡོད་ཀྱང་དག་ཆ་མེད་པ་དང་།།
    མགོ་བོ་ཡོད་ཀྱང་ཀླད་པ་མེད་པ་ཚོ།།
    ས་འབུ་ཐག་ནར་བཞིན་དུ་འདི་རུ་སྡོད།།
    ང་ནི་ཁྱོད་ཚོ་མཉམ་དུ་མི་འདུག་ལོ།།

    རྐང་པ་ཡོད་ཀྱང་འགྲོ་ཤེས་མེད་པ་ཚོ།།
    ལག་པ་ཡོད་ཀྱང་འབྲི་ཤེས་མེད་པ་ཚོ།།
    གང་ལ་ཡོད་ཀྱང་རྙོག་གཏམ་མང་པ་ཚོ།།
    འདི་རུ་དྲི་མ་ཐིལ་ཐིལ་བཞུགས་རོགས་མཛོད།།

    མཚོ་སྔོན་ཟིན་བྲིས་ང་ཉིད་འཁོར་ཡུལ་ཡིན།།
    གཉན་པོ་གཡུ་རྩེ་ང་ཉིད་འཆམ་ས་ཡིན།།
    བོད་ཀྱི་དུས་བབ་བདག་གི་ཁྱིམ་གཞི་ཡིན།།
    འདི་དག་ཚང་མས་ང་ཉིད་སྒུག་ནས་ཡོད།།

    མཚོ་སྔོན་ཚང་ལ་རིགས་པའི་བགྲོ་གླེང་ཡོད།།
    གཡུ་རྩེ་ཚང་ལ་སྤུན་ཟླའི་བརྩེ་འདང་ཡོད།།
    དུས་བབ་ཚང་ལ་དྲོད་ཁོལ་འཛོམས་པོ་ཡོད།།
    འདི་རུ་སོང་ན་རྙོག་དྲ་མེད་དོ་ལོ།།

    དག་ཆ་ནོར་མིན་རྩོད་པ་འདི་ན་མེད།།
    སྤྱི་ཕན་བགྲོ་གླེང་ཟེར་བ་འདི་ན་མེད།།
    སྐད་ཆ་དྲང་མོ་བཤད་ས་འདི་ན་མེད།།
    མེད་པ་ཀོར་ཐིག་ས་ནས་འགྲོ་རྒྱུ་འོ།།

    སྐད་ཆ་གང་བཤད་ཚིག་རིས་ཙམ་ཞིག་བྱས།།
    ཡི་གེ་དག་ཆ་ནོར་ཚེ་དགག་པ་རྒྱོབས།།
    མི་གཞིར་བབ་ནས་བཤད་ཀྱང་འགྱོད་པ་མེད།།
    དྲ་གྲོགས་ཁྱོད་ཚོས་ཁ་ནས་གང་ཡོང་ཤོད།།

    སྐད་ཆ་གང་ཞིག་བཤད་ཀྱང་དག་ཆར་རེམས།།
    བོད་ཡིག་གཙུག་འཛིན་བྱེད་ལ་བློ་སྟོབས་སྐྱེད།།
    མི་རིགས་སྐད་ཡིག་འདི་ལ་ཕན་གྱུར་ན།།
    ང་ལ་གང་ཞིག་བཤད་ཀྱང་མི་གནོད་ལོ།།

  43. གསེར་འབྲུག་སྡེར་ལྔ་ says:
    2012-06-28 at 5:41 pm

    ཨ་འདུས་མིག་ཆུ་མ་ཕེབས་བཞུགས་རོགས་མཛོད།
    གསེར་འབྲུག་སྡེར་ལྔས་དགོངས་དག་ཞུ་ཡང་ཆོག།
    ཁ་བརྡ་དྲ་བར་དྲ་འབུ་མང་ན་ཡང་།
    སྨྲ་བརྗོད་རང་དབང་གླེང་སའི་གླེང་སྟེགས་རེད།

    མཛུབ་མོ་ཡོད་ཀྱང་དག་ཆ་མེད་ན་ནི།
    མཛུབ་སྟོན་གནང་ནས་དག་བཅོས་གནང་རོགས་མཛོད།
    མགོ་བོ་ཡོད་ཀྱང་ཀླད་པ་མེད་ན་ནི།
    སློབ་སྟོན་གནང་ནས་ཀླད་གསར་བླུགས་རོགས་གནང་།

    རྐང་པ་ཡོད་ཀྱང་འགྲོ་ཤེས་མེད་པ་ཚོ།
    གཡས་སྐྱོར་གཡོན་སྐྱོར་བྱས་ནས་འཁྲིད་རོགས་བགྱིས།
    ལག་པ་ཡོད་ཀྱང་འབྲི་ཤེས་མེད་པ་ཚོ།
    ལག་པར་འཇུས་ནས་འབྲི་ཤེས་སློབ་རོགས་མཛོད།

    དྲ་བ་གཞན་པར་དྲོ་སྐྱིད་ལྡན་ན་ཡང་།
    ཁ་བརྡའི་དྲ་འབུ་གཡུགས་ནས་མ་ཕེབས་རོགས།
    ཚིག་བཅད་ཐ་མ་དོན་ལ་གནས་ཡོད་ན།
    ཁ་བརྡའི་དྲ་འབུ་མཉམ་དུ་བཞུགས་རོགས་མཛོད།

  44. ཨ་འདུས་མིག་ཆུ། says:
    2012-06-29 at 1:47 am

    ད་ནི་བདག་ཉིད་གང་སར་འགྲོ་རྒྱུ་འོ།།
    བདེ་བ་ཅན་གྱི་ཞིང་ལ་འགྲོ་རྒྱུ་འོ།།
    གཉན་པོ་གཡུ་རྩེ་ཚང་ལ་འགྲོ་རྒྱུ་འོ།།
    འདི་ན་འདུག་འདོད་སེམས་པ་མ་མཆིས་སོ།།

    གསེར་འབྲུག་སྡེ་ལྔས་དགོངས་དག་ཞུས་དགོས་མེད།།
    ཁྱོད་ཀྱིས་བགྲོ་གླེང་བྱས་པ་ང་ལ་ཕན།།
    སྤྱིར་ཡང་བོད་ཀྱི་སྐད་ཡིག་འདི་ལ་ཕན།།
    ཁྱེད་ལ་བདག་གིས་བཀའ་དྲིན་ཆེ་འོ་ཞུ།།

    ཚིག་གི་མཐོ་དམའ་བེད་སྤྱོད་བཏང་ན་ཡང་།།
    སེམས་ཀྱི་གཏིང་ལ་གནོད་པ་མ་སོང་ཚེ།།
    རྩོམ་ཡིག་མང་པོ་བྲིས་ཀྱང་ལེགས་པ་སྟེ།།
    སྐད་ཡིག་བཀོལ་བྱེད་ཕྱོགས་ལ་ཕན་པ་ཉིད།།

    ཁྱེད་ཀྱིས་གང་གསུངས་ང་ལ་མ་ཕོག་ཐ།།
    ཁྱེད་ཀྱི་བཤད་པས་རྩོམ་ཡིག་མང་པོ་བྲིས།།
    སེམས་པ་དགའ་བཞིན་སྤྲོ་བས་རྩོམ་འདི་བྲིས།།
    རྩོམ་ཡིག་མང་པོ་སྤེལ་བ་སློབ་སྦྱོང་ཉིད།།

    གང་ལྟར་ཚིག་ངན་བེད་སྤྱོད་བཏང་ན་ཡང་།།
    རྡོག་རྩ་གཅིག་སྒྲིལ་སྙིང་ནས་མི་འབོར་བར།།
    བོད་ཀྱི་བཅུ་ཕྲག་རིག་གནས་མ་ལུས་པ།།
    ཧུར་གྱིས་གཅེས་འཛིན་བྱེད་པ་ཤིན་ཏུ་གལ།།

    བོད་ནང་མེ་སྲོག་དོན་རྐྱེན་འབྱུང་བཞིན་པ།།
    ང་ཚོ་ཚང་མས་སེམས་ལ་གསལ་སེ་ཡོད།།
    འདི་ཚོ་སེམས་ནས་བརྗེད་པ་ག་ལ་སྲིད།།
    གདུང་སེམས་མཉམ་སྐྱེད་སེམས་སུ་ཡོད་དང་ཡོད།།

    འོན་ཀྱང་དྲ་ཐོག་རིག་གནས་ཁོར་ཡུག་འདིར།།
    རྩོམ་ཡིག་འབྲི་མཁན་ཉུང་བར་གྱུར་བའི་དུས།།
    སྐད་ཆ་འདི་འདྲ་འབྲི་མཁན་བྱུང་བ་འདིས།།
    དྲ་ཚིག་སྟོང་བ་མ་ཆགས་དགའ་བས་ཆོག།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme