Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བརྡ་དང་ཁ་བརྡ་ཀློག་མཁན། ད་དུང་ཀློག་གྲངས།

Posted on 2012-02-262012-02-27 By ཁ་བརྡ་ 24 Comments on ཁ་བརྡ་དང་ཁ་བརྡ་ཀློག་མཁན། ད་དུང་ཀློག་གྲངས།

ཁ་བརྡ་རྩོམ་སྒྲིག་པས།
www.khabdha.org
khabdha@gmail.com

ང་ཚོས་ཁ་བརྡ་ཀློག་མཁན་དང་ཁ་བརྡར་རྩོམ་བསྐུར་མཁན། ཁ་བརྡའི་རྩོམ་འབྲི་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་།
དེང་སང་། ཉིན་གཅིག་ལ་། ཁ་བརྡར་བལྟ་མཁན་ཆིག་སྟོང་བརྒྱད་བརྒྱ་བརྒལ་ཙམ་དང་ཁ་བརྡའི་ཀློག་གྲངས་ལྔ་སྟོང་དྲུག་བརྒྱ་བརྒལ་བའི་མཚམས་ལ་སླེབས་ཀྱི་ཡོད་།
གཤམ་གྱི་པར་རིས་ལ་གཟིགས།

དེང་སང་། ཟླ་གཅིག་གི་ནང་ལ། ཁ་བརྡར་བལྟ་མཁན་བཞི་ཁྲི་བདུན་སྟོང་བརྒལ་ཙམ་དང་ཁ་བརྡའི་ཀློག་གྲངས་ཆིག་འབུམ་ཉིས་ཁྲི་བརྒྱད་སྟོང་བརྒལ་ཙམ་ཡོང་གི་ཡོད་།
གཤམ་གྱི་པར་རིས་ལ་གཟིགས།

གཞན། རྒྱ་ནག་དང་བོད་ནས་ཁ་བརྡ་ཀློག་མཁན་གྱི་གྲངས་འདི་རུ་བཀོད་མེད་།

ཞོར་ནས་ཞུ་རྒྱུར་། ཁ་བརྡར་བལྟ་མཁན་དང་ཀློག་གྲངས་མང་བ་ནང་བཞིན། ཁ་བརྡས་ཀྱང་རྩོམ་འབྲི་བ་ཚོར་ས་མིག་གསར་བ་སྤྲོད་གི་ཡིན་ལ་ཁ་བརྡ་དྲ་བ་ཕྱོགས་ཡོངས་ནས་ཚགས་ཚུད་དང་ཡར་རྒྱས་ལ་གཏོང་བར་འབད་གི་ཡིན། ད་དུང་། ཁ་བརྡ་དྲ་བ་ཀློག་མཁན་དང་ཁ་བརྡར་རྩོམ་འབྲི་མཁན་ཚོས། ཁ་བརྡའི་ཐོག་གི་སྐར་ཁུང་ལེ་ཚན་གྱི་བསྒྱུར་རྩོམ་དང་ལེགས་རྩོམ་རྣམས་ཞིབ་ཏུ་ཀློགས་རོགས་ཞུ་རྒྱུ་ཡིན།

གསལ་བསྒྲགས།

Post navigation

Previous Post: སྦེལ་ཀོབ་འགན་ཁུར་མི་སྣའི་ཞིབ་མོལ་ཚོགས་འདུ་།
Next Post: ངོ་མ་ཞིག་ཡིན་ནམ

Comments (24) on “ཁ་བརྡ་དང་ཁ་བརྡ་ཀློག་མཁན། ད་དུང་ཀློག་གྲངས།”

  1. ཁྲག་འཐུང་ཧེ་རུ་ཀ་ says:
    2012-02-26 at 11:58 pm

    ཕྱོགས་རིས་མེད་པའི་ལས་ལ་བརྩོན་དང་ཤི་སྲོག་ལ་མ་ཐུག་གི་བར་དུ་ཁྱེད་ཚོར་རྒྱབ་བསྐྱོར་བྱ་ངེས་ཡིན། དེ་མིན་ཨ་མདོ་དང་ཁམས་པ་དབུས་གཙང་ཟེར་ནས་སྐད་རྐྱང་རྐྱང་བཞག་པ་ཡིན་ན་སེམས་སུ་རང་བཞིན་གྱི་བཀློག་མཁན་དག་ལ་རྨ་ཁ་ཞིག་བཟོ་ངེས་རེད། དེ་མིན་ད་དུང་ཞུ་རྒྱུར་དྲྭ་བ་འདི་ནི་ད་བར་རང་དབང་གི་དྲྭ་བ་ཞིག་ལ་བརྩིས་ནས་བསྡད་པ་ཡིན་པས་རྗེས་སུ་ཡང་མྱི་འདྲ་མིན་གྱི་མཆན་བུ་འདྲ་མིན་འགོད་སྲིད་ཀྱང་གུ་ཡངས་ཙམ་གནང་བའི་རེ་བ་ཡོད། མུ་མཐུད་དེ་ལས་ལ་བརྩོན་རོགས་ཀྱིས། དྲྭ་བ་འདི་ལ་དུང་ཞེན་ཆེ་བའི་ཁྲག་འཐུང་ཧེ་རུ་ཀས་རྒྱལ་ས་ལྡི་ལི་ནས་ཤར་མར་བྲིས།

  2. ཨ་རིག་འགྱུར་མེད། says:
    2012-02-27 at 12:09 am

    སྙིང་ནས་དགའ་བསུ་ཞུ། ཁ་བརྡ་ཚང་གི་བྱ་བཞག་མུ་མཐུད་དེ་ཡར་ངོས་ཟླ་ལྟར་འཕེལ་བར་སྨོན།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-02-27 at 12:22 am

    ལོ་གསར་ལ་བཀྲ་ཤིས་བདེ་ལེགས། སྙིང་ནས་དགའ་བསུ་ཞུ། ཁ་བརྡ་ཚང་གི་བྱ་བཞག་མུ་མཐུད་དེ་ཡར་ངོས་ཟླ་ལྟར་འཕེལ་བའི་སྨོན་ལམ་དང་། ཡར་རྒྱས་དབྱར་གྱི་ཆུ་བོའི་རྒྱུན་བཞིན་བརྟན་རྒྱས་ཤོག དགེ་འོ། །

  4. བསྟན་འཕེལ། says:
    2012-02-27 at 12:23 am

    ཁ་བརྡ་ཚང་གིས་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་བྱས་པས་མ་ཚད་བོད་མི་ཚོར་གླེང་སྟེགས་གལ་ཆེན་ཞིག་བཟོས་སོང་བས་དེ་ལ་ཐུགས་རྗེ་ཆེ།

  5. ཆོས་འགྲུབ། says:
    2012-02-27 at 2:52 am

    ཁ་བརྡ་དྲ་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མ་འོངས་འཕེལ་ཕྱོགས་དང་ཡར་རྒྱས་ཕྱོགས་ལ་བརྩོན་པའི་དགོངས་བཞེད་ལ་དགའ་ནས་ཡོད། མ་འོངས་ཁ་བརྡའི་ཡར་རྒྱས་མར་གུད་ཀྱི་རྩ་བ་ཚང་མ་དྲང་བདེན་ལ་ཐུག་ནས་ཡོད་པས། དྲང་བདེན་ལ་གཞི་བཅོལ་རྒྱུ་གལ་ཆེ། དེ་སྔོན་དྲང་བདེན་གཏན་ནས་ཡོད་མ་རེད་ཟེར་བ་མིན་ཡང་། མ་དྲང་པའི་ཕྱོགས་ཀྱང་མང་པོ་ཡོད་པ་དངོས་ཡོད་རེད། ད་ནི་ཆོས་ལུགས་དང་ཆོལ་ཁ་དབྱེར་མེད་ཀྱི་བསམ་ཚུལ་ཉན་བཤད་བྱེད་སའི་གླེང་སྟེགས་ཤིག་ཏུ་བསྒྱུར་རྒྱུ་ལས། ཆོལ་ཁོངས་མི་གཅིག་པའི་མི་ཆེན་དང་ཆོས་ལུགས་མི་འདྲ་བའི་བླ་ཆེན་ཁག་གཙོས། གཞན་དང་གཞན་པ་ཚོ་མཆན་ཡན་གྱིས་དགག་ཕྱོགས་དང་། གསར་འགྱུར་གྱི་འགོད་ཕྱོགས་བྱས། ད་དུང་དགོས་ངེས་ཀྱི་མཆན་དེ་བསྲུབས་མི་དགོས་མཆན་དེ་བཀོད་པ་སོགས་བྱས་ན། གླེང་སྟེགས་འདི་ལྟ་བུ་ཡོད་པ་ལས་མེད་པ་དགའ་ངེས་ཡིན་པས་དེའི་ཕྱོགས་ལ་བཟབ་རོགས་ཞུ་རྒྱུ་ཡིན།

  6. ཁཱ་ཏ་ཁ་ཏ་བ། says:
    2012-02-27 at 3:10 am

    མཆན་བསྲུབས་ཐོག་ལ་ང་ཡང་ཧང་སང་མྱོང་ཡོད། མཚམས་རེ་བློ་ཕམ་བཟོ་གི་འདུག གཞན་པ་རྒྱབ་བཅོར་གཙང་མ་དང་། ཡག་པོ་འདུག་ང་རང་ཉིན་ལྟར་འདེར་འཛུལ་གི་ཡོད། སྐྱོ་གནད་སངས་ནས་ཡར་རྒྱས་གོང་འཕེལ་ཡོང་བའི་རེ་དང་། ཐུག་རྗེ་ཆེ།

  7. བཙན་བྱོལ་བ། says:
    2012-02-27 at 3:12 am

    ཁོ་བོ་དྲ་རྒྱ་འདིར་ཞུགས་པ་ནས་རང་བཞིན་གྱིས་བོད་ཀྱི་སྐད་ཡིག་ལ་བརྩེ་ཞེན་ཆེ་རུ་དང་སེམས་ཐག་ཉེ་རུ་སླེབས་ཀྱི་འདུག །འདི་ནི་ཁ་བརྡ་དྲ་རྒྱ་འདིའི་ཕན་འབྲས་ཞིག་ལ་ངོས་འཛིན་བཞིན་ཡོད། རྗེས་སོར་ཡང་ཕྱོགས་ལྷུང་མེད་པར་དྲང་པོའི་ལམ་ནས་རྩོམ་དང་མཆན་རིགས་གང་ཡིན་རུང་སྤེལ་བཅུག་ན་ཡག་པོ་རེད། དེ་མིན་འདམ་བསྲེས་བྱས་ནས་རང་གི་བློ་ངོར་བབ་དང་བསྟུན་ནས་བཀོད་པ་ན་རང་བཞིན་གྱིས་འགའ་ཞིག་གི་མཆན་དེ་རིགས་ཆེས་མང་པོ་དང་ཡང་འགའ་ཞིག་གི་མཆན་ནི་དུས་རྟག་ཏུ་ནག་བསུབ་ཏུ་འགྲོ་བ་ནི་དྲ་ཚིགས་གཅིག་གི་ངོས་ནས་ལས་ཀ་དྲང་པོ་ཞིག་མ་རེད། གཙོ་བོ་ནི་རྩོམ་གྱི་བརྗོད་གཞི་དང་འབྲེལ་བ་དགོས་པ་ནི་གལ་ཆེན་པོ་ཡིན། དེ་མིན་མཆན་ཡག་སྡུག་དབྱེ་བ་ཕྱེ་རྒྱུ་མེད། འདི་ནི་རང་གི་བསམ་ཚུལ་ཙམ་ཡིན།

  8. མི་རྐང་གླིང་བུ། says:
    2012-02-27 at 3:23 am

    ཁ་བ་ཅན་རྒྱལ་ལོ། ཁ་བའི་སྐད་ཡིག་རྒྱལ་ལོ། ཁ་བརྡའི་དྲ་ཚིགས་རྒྱལ་ལོ། ཁ་ཡི་རང་དབང་རྒྱལ་ལོ།

  9. Lobsang says:
    2012-02-27 at 3:35 am

    སྤྱིར་ཁ་རྡའི་གུང་ལོ་ལ་དཔག་ན་ཀློག་གྲངས་དེ་ཙམ་མ་རེད། དཔེར་ན་ནང་ཆེན་བཀྲིས་གློག་རྡུལ་འཕྲུལ་དེབ་ཁང་འདི་ཐོན་ནས་ཟླ་ཤས་ལས་མ་སོང་རུང་ ཀློག་གྲངས་ ༣༠༠༠༠། རྒལ་ཡོད། ཆོས་ལུགས་དབར་དང་། འཆོལ་ཁའི་དབར་དབྱེན་དཀྲུག་ སེར་མོའི་སྡེ་དམིགས་མེད་གཏོང་བའི་དམིགས་ཡུལ་བཅས་མ་བཟུང་ན་དུས་ནམ་ཡང་རྒྱབ་བསྐྱོར་ཡོད། གང་ཡིན་ཟེར་ན་བོད་མཐུན་སྒྲིལ་ལ་གནོད་པས་སོ། ང་ཡི་མཆན་འགའ་ལ་སྟངས་འཛིན་བྱས་མྱོང་། རེ་བསྐུལ་གཞན་ཞིག་ནི་སེར་མོའི་སྡེ་ལ་དག་ཐེར་དགོས་ངེས་ཅན་རེད་དེ། བྱེད་ལུགས་ནི་དགོན་པ་གྲ་ཚང་སོ་སོའི་དབུ་ཞུགས་ཚོར་ཡི་གེ་ཚ་ནན་གཏོང་རྒྱུ་འདི་ཐབས་ལམ་བཟང་། དེ་འདྲའི་ཐོག་ནས་འགྱུར་བ་ཕྱིན་པའི་གནས་ཚུལ་མང་པོ་ཡོད། རབ་གསལ་ལགས་ཁྱེད་རང་དུས་བབ་ཁང་ལ་ཕྱག་ལས་གནང་དུས་བཙན་འབྱོལ་སྤྱི་ཚོགས་ནང་རྒྱུད་ལམ་ཁག་ནས་ལག་སྟར་ཇི་ལྟར་དགོས་མིན་ཐད་གྲོས་གླེང་ཚོགས་འདུ་མང་པོ་ཚོགས་མྱོང་བ་མ་ཟད། མཁས་དབང་ཟམ་གདོང་བླ་མས་བཀའ་སློབ་སོགས་ཀྱང་དྲན་པ་བགྱི་དང་།

  10. ཞལ་ལུ་དཀར་པོ says:
    2012-02-27 at 3:59 am

    ཁ་བརྡ་དྲྭ་བ་ནི་ཁོ་བོ་ཐོག་མར་དྲྭ་འབྲེལ་བཞག་ས་དེ་ཡིན་པས་ཞེ་རྩིས་ཆེ་བ་ལ་ཚོད་མེད། ལེགས་འཕེལ་ཉེས་འགོག་ཕྱོགས་ལ་རྒྱབ་སྐྱོར་གང་ནུས་ཡོད། འོན་ཏང་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ལ་འཐེན་འཁྱེར་ཆེ་བ་ལ་དཔེ་རེད། ཉེ་སྔོན་རྒྱལ་ཚོགས་གཉིས་ལས་དཀྲོག་པའི་ལས་འགུལ་སྐབས་སུ་ཁོ་བོའི་མཆན་ཡོད་ཚད་བསད་ནས་སོང་། དེ་ནི་ཐད་བསྐོས་སྤྱི་འཐུས་ཟླ་བ་ཚེ་རིང་གི་ཉེས་སྐྱོན་འགེབ་ཆེད་དུ་ལོས་ཡིན། མ་འོངས་པར་དེ་དང་དེའི་ནང་བཞིན་ཞིག་ལས་གུ་ཡངས་སྒམ་དཀྱིལ་གྱི་ལམ་སོ་མེད་ན་ཞག་གསུམ་ལས་མི་འཕྱི་བར་དྲྭ་བ་འདི་སྒོ་བརྒྱབ་རོགས་ཞུ། ཆོལ་གསུམ་ཆིག་སྒྲིལ་ལ་གནོད་པ། མི་རིགས་མཐུན་སྒྲིལ་ལ་གནོད་པ། ཆོས་བརྒྱུད་དག་སྣང་ལ་གནོད་པ་གསུམ་ཀའི་འབྱུང་ཁུངས་ལྟ་བུར་འགྲོ་ཉན་ཆེ་བས་སོ། དེ་མིན་སྔོན་ཆད་ལས་ཡར་རྒྱས་གཏོང་རྩིས་ཡིན་ན་སྐུ་ཚེ་བརྟན་ཞིང་མཛད་ཕྲིན་རྒྱས་པར་སྨོན།

  11. Lobsang says:
    2012-02-27 at 4:17 am

    ངའི་གོང་གི་ཁ་རྡའི་ཀློག་གྲགས་དེ་ཞིབ་བལྟ་བྱས་མི་འདུག་ ཉིན་གཅིག་ལ་ཟེར་བ་དེ་རེག་མ་སོང་དགོངས་འགལ་མེད་པ་ཞུ། དེ་མིན་རེ་བསྐུལ་གང་ཡོད་རྣམས་མུས་འཐུད་ཞུ་བཞིན་ཡོད།

  12. འདོད་ལྷ་ཁམས་པ། says:
    2012-02-27 at 5:07 am

    ཁ་བརྡ་ཀློག་འགོ་ཚུགས་ནས་ལོ་ལྔ་ཕྱིན། །
    ཁ་བརྡར་མཆན་བུ་བཏབ་ནས་ལོ་བཞི་སོང་། །
    ཁ་བརྡས་ཕྱོགས་རིས་མེད་པར་ཁ་ཕྱོགས་བསྟན། །
    ཁ་བརྡའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས། །

  13. ལྷོ་མཐའི་ཕོ་ཉ says:
    2012-02-27 at 5:57 am

    ཁ་བརྡ་དྲ་བར་དགའ་བསུ་ཞུ་རྒྱུ་ཡིན། མུ་མཐུད་ནས་ཡར་རྒྱས་བཏང་བར་སྙིང་ཐག་པ་ནས་གུས་བརྩི་ཞུ་རྒྱུ་ཡིན། དེ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དེ་རྒྱུན་གནས་ཡོང་ཐབས་ཀྱི་ཐབས་ཤེས་བླ་མེད་གཅིག་རེད། ཐུགས་རྗེ་ཆེ།

  14. གསང་གྲོལ། says:
    2012-02-27 at 6:02 am

    ཉིན་རེ་ཀློག་བཞིན་ཡོད་ལ། རང་ཉིད་སྒྱུར་རྩོམ་ལ་དམིགས་བསལ་དོ་སྣང་ཆེ་བས་སྐར་ཁུང་ནང་ལ་ནམ་རྒྱུན་འཛུལ་གྱིན་ཡོད། བསྒྱུར་རྩོམ་ལེགས་པོ་རེ་ད་སྔ་བགྲང་རྒྱུ་མི་འདུག འོ་བཤད་རྒྱུ་ཞིག་ལ་ཁ་ཉིན་རྒྱ་ཡིག་དྲ་ཚིགས་ཏོ་ཝེ་ནས་བསྒྱུར་བའི་མི་རིགས་སྲིད་ཇུས་སྐོར་གྱི་རྩོམ་ཡིག་དེ་ཀློག་པ་ཡིན། དེ་ཡག་པོ་འདུག་འོན་ཀྱང་ཏོ་ཝེ་དྲ་ཚིགས་འདི་ཉིད་རྒྱ་ནག་པེ་ཅིན་ན་རྩོམ་སྒྲིག་བྱེད་ཀྱིན་ཡོད་ལ་རྒྱ་གཞུང་ལ་གློ་བ་ཉེ་ཞིང་དྲིལ་བསྒྲགས་ཀྱི་ལག་རོགས་ཆགས་ཡོད་པས་རབ་བྱུང་ན་དྲ་ཚིགས་འདི་ལས་སྒྱུར་ཚེ་གཟབ་དགོས།

  15. ཀརྨ་ཡེ་ཤེས says:
    2012-02-27 at 6:54 am

    ཁ་བརྡ་དྲ་བ་འདི་ཧ་ཅང་བཟང་། ཡར་རྒྱས་སུ་སྨོན་ནོ། ཁ་བརྡ་དྲ་བར་སྐྱོན་འདོགས་པ་ཚོ་རང་སྐྱོན་རེད། ཁ་བརྡ་དྲ་བའི་ནང་དུ་བོད་སྤྱི་འཚོགས་ཀྱི་གདོང་གཟུགས་མཐོང་གི་འདུག སྒེར་གྱི་ཞེན་ཁོག་རིག་གི་འདུག ངས་ནམ་རྒྱུན་ཀློག་གི་ཡོད། རང་དབང་ལུང་པ་ནས་གང་ཤར་མཆན་རེ་འབྲི་རྒྱུ་ཡིན།

  16. ཨ་རུ་ར། says:
    2012-02-27 at 8:13 am

    ཁ་བའི་སྐྱིད་སྡུག་ཁ་བརྡའི་དྲ་ལམ་བརྒྱད།།
    ཁ་ཞེ་གཉིས་མེད་སྤྱི་དོན་་གླེང་སློང་བྱེད།།
    ཁ་མཐུན་ཆོལ་གསུམ་རྡོག་རྩ་གཅིག་ཏུ་དྲིལ།།
    ཁ་རྗེ་དབང་ཐང་དར་བའི་རྟེན་འབྲེལ་བཟང་།།

  17. བདག་པོ། says:
    2012-02-27 at 10:17 am

    ཐོག་མར་ཁ་བརྡའི་རྩོམ་སྒྲིག་ཁང་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
    རིང་མོའི་དུས་ནས་ཁྱེད་རྩོམ་སྒྲིག་ཁང་ནས་རྣམ་དཔྱོད་གསར་པ་ཞིག་བཏོན་ཏེ་འཛམ་གླིང་ཡུལ་གྲུ་ཀུན་ནས་བལྟ་ཀློག་འབྲི་གསུམ་རང་དབང་དུ་སྤྱོད་ཆོག་པའི་བོད་ཡིག་གི་གླིང་ཕྲན་གསར་པ་ཞིག་སྒོ་ཕྱེ་བ་འདིས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་ལྟ་ཞིབ་ཀྱི་ནུས་པ། བསམ་གཞིག་གི་ནུས་པ། ལག་པ་སྒུལ་བའི་ནུས་པ་བཅས་འབུར་དུ་ཐོན་པས་དུམ་མཚམས་འདིར་ངས་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡང་ཡར་རྒྱས་ལ་མཐའ་དང་མུ་མེད་པས་སླད་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཞུ།

  18. ཀརྨ་ཡེ་ཤེས says:
    2012-02-27 at 10:38 am

    ཁ་ནི་ཀརྨའི་གནས་ལུགས་བརྗོད་པའི་ཁ།
    ཁ་ནི་ཁ་དཔུང་ལ་རྒྱ་རྩོད་པའི་ཁ།
    ཁ་ནི་ག་ལེར་རང་དོན་སྒྲུབ་པའི་ཁ།
    ཁ་ནི་ང་ཁྱོད་ཕྱོགས་རིས་འབྱེད་པའི་ཁ།
    ཁ་ནི་ཅ་ཅོ་སྣ་ཚོགས་སྒྲོག་པའི་ཁ།
    ཁ་ནི་ཆ་རྒྱུས་ཡོད་མེད་གླེང་བའི་ཁ།
    ཁ་ནི་ཇ་ཆང་ཁོ་ན་སྙོག་པའི་ཁ།
    ཁ་ནི་ཉ་ཤ་ཁྱི་ཤ་ཟ་བའི་ཁ།
    ཁ་ནི་ཏྰ་ལའི་བླ་མར་བསྟོད་པའི་ཁ།
    ཁ་ནི་ཐ་ཤལ་ཧུའུ་ལ་སྨོད་པའི་ཁ།
    ཁ་ནི་ད་ལྟ་ཁོ་ནར་དམིགས་པའི་ཁ།
    ཁ་ནི་ན་མེད་ངུ་སྐད་འབྱིན་པའི་ཁ།
    ཁ་ནི་པ་མགོ་ཟེར་ནས་བསྡིག་པའི་ཁ།
    ཁ་ནི་ཕ་མར་རྒྱོ་ཞེས་གཤེ་བའི་ཁ།
    ཁ་ནི་བ་མོའི་རྐུབ་ལྟར་ལུག་པའི་ཁ།
    ཁ་ནི་མ་མོའི་བཤང་ལྟར་ཙུམ་པའི་ཁ།
    ཁ་ནི་ཙ་ཙི་ཟེར་བའི་ཤ་ཡི་ཁ།
    ཁ་ནི་ཚ་གྲང་མི་ཤེས་རྡོ་ཡི་ཁ།
    ཁ་ནི་ཛ་དྲག་དུས་སུ་ལྐུགས་པའི་ཁ།
    ཁ་ནི་ཝ་མ་ཝོ་ལ་ཟུག་པའི་ཁ།
    ཁ་ནི་ཞྭ་མོའི་ཁ་དོག་རྩོད་པའི་ཁ།
    ཁ་ནི་ཟ་འཐུང་ཙམ་གྱིས་ཆོག་ཤེས་ཁ།
    ཁ་ནི་འ་འུར་དཀྲོགས་གཏམ་སྤེལ་བའི་ཁ།
    ཁ་ནི་ཡ་རབས་སྐྱེ་བོ་གསོད་པའི་ཁ།
    ཁ་ནི་ར་ཅོ་ལྟ་བུར་གྱོང་བའི་ཁ།
    ཁ་ནི་ལ་ལུང་བཞིན་དུ་གདངས་པའི་ཁ།
    ཁ་ནི་ཤ་ཁྲག་གཉིས་ལ་རྔམ་པའི་ཁ།
    ཁ་ནི་ས་ཡི་བུ་ག་འདྲ་བའི་ཁ།
    ཁ་ནི་ཧ་ཧ་ཟེར་བཞིན་ངུ་བའི་ཁ།
    ཁ་ནི་ཨ་ཧོ་ཟེར་ཞོར་དགོད་པའི་ཁ།
    ཁ་ནི་ཁིའུ་ལྟ་བུར་རྣོ་བའི་ཁ།
    ཁ་ནི་ཁུ་བྱུག་མགྲིན་དབྱངས་སྒྲོག་པའི་ཁ།
    ཁ་ནི་ཁེ་བཟང་མེད་ན་ངུ་བའི་ཁ།
    ཁ་ནི་ཁོ་ཚེ་ལྟ་བུར་རྩུབ་པའི་ཁ།
    ཁ་འདི་རང་སྲོག་གཅོད་པའི་སྟ་རེའི་ཁ།
    ཁ་འདི་གཞན་སེམས་དཀྲུགས་པའི་དུག་ཚེར་ཁ།
    ཁ་འདི་ཁོག་པ་འབྲུ་བའི་ལྕགས་ཀྱུའི་ཁ།
    ཁ་འདི་སྟག་ཁ་གཟིག་ཁ་འཛིང་བའི་ཁ།
    ཁ་འདི་ཁྱི་ཁ་ར་ཁ་འཕྲོད་པའི་ཁ།
    ཁ་འདི་སྨྱོ་ཁ་གཟའ་ཁ་བསླས་པའི་ཁ།
    ཁ་འདི་མྱི་ཁ་གཉའ་ཁ་གཏུགས་པའི་ཁ།
    ཁ་འདི་ཆོས་ཁ་སྲིད་ཁ་བསྲེས་པའི་ཁ།
    ཁ་འདི་ལྷ་ཁ་འདྲེ་ཁ་བསྣོལ་བའི་ཁ།
    ཁ་བདེ་བྱས་པ་མ་ཡིན་སྣ་ཚོགས་ཁ།
    ཁ་བརྡ་ཚང་ལ་འདུས་པ་གོང་གསལ་ཁ།
    ཁ་ལ་བདག་པོ་མེད་པ་ལྡོམ་པོའི་ཁ།
    ཁ་ཡིས་སྡིག་པ་བསགས་སོང་ཨ་ཁ་ཁ།

  19. གསེར་འབྲུག་སྡེར་ལྔ་ says:
    2012-02-27 at 3:32 pm

    ཁ་བརྡ་ཚང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དགོས་ངེས་ཡིན། གང་ཡིན་ཟེར་ན་ཁ་བརྡའི་དྲ་རྒྱ་འདི་སྤྱོད་གོ་ཆོད་ལ་རང་དབང་གི་གླེང་སྟེགས་ཚད་མཐོ་བའི་དྲ་རྒྱ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ཕྲན་ལ་མཚོན་ན་ཁ་བརྡའི་དྲ་རྒྱ་འདིར་བྲིས་ཀློག་ཚུགས་ནས་ལོ་གཉིས་ཙམ་ནང་སོ་སོའི་བསམ་ཚུལ་དམར་བརྗེན་མ་ཕར་བཤད་ཚུར་བཤད་བྱེད་རྒྱུའི་གོ་སྐབས་བྱུང་བས་འདོད་བློ་ཁེངས་ནས་ཡོད། བསམ་ཚུལ་གང་ཡིན་རང་དབང་གི་གླེང་སྟེགས་འདི་འདྲ་དྲ་རྒྱ་གཞན་ནང་ཕལ་ཆེར་མཐོང་མ་སོང་། དུས་བབས་ཚང་ནང་བསམ་ཚུལ་ཅུང་ཟད་གླེང་ཁུལ་བྱས་ཀྱང་དྲ་བདག་གིས་སྟངས་འཛིན་ཡིན་ནམ། ཡང་ན་དྲ་རྒྱ་རང་གི་དཀའ་ངལ་ཡིན་མི་ཤེས་གང་ལྟར་མཆན་ག་ཚོད་བསྐུར་ཡང་རེ་གཉིས་མ་གཏོག་དྲ་ངོས་སུ་འཇོག་གི་མི་འདུག། བྱས་ཙང་དུས་ཁོམས་བྱུང་ཚད་ཁ་བརྡ་ཚང་ལ་བལྟ་ཀློག་བྱེད་ཀྱི་ཡོད་ལ་དྲ་རྒྱའི་སྤུས་ཚད་ཇེ་ལེགས་དང་རྩོམ་ཡིག་དང་གསར་འགྱུར་སོགས་བརྗོད་དག་གསལ་གསུམ་དང་འབྲེལ་ཡར་རྒྱས་རང་བཞིན་ལྡན་པ་ཡོང་བའི་སྨོན་འདུན་བཅས།

  20. བློ་བཟང་ says:
    2012-02-27 at 3:57 pm

    ཀརྨ་ཡེ་ཤེས་ལགས། ངོས་ནས་གང་ཟེར་འདོད་པ་ཁྱེད་ནས་ཀྱང་གསུང་འདུག
    “ཁ་བརྡ་དྲ་བའི་ནང་དུ་བོད་སྤྱི་འཚོགས་ཀྱི་གདོང་གཟུགས་མཐོང་གི་འདུག སྒེར་གྱི་ཞེན་ཁོག་རིག་གི་འདུག ངས་ནམ་རྒྱུན་ཀློག་གི་ཡོད། རང་དབང་ལུང་པ་ནས་གང་ཤར་མཆན་རེ་འབྲི་རྒྱུ་ཡིན།” དེ་དག་མཐོང་ནས་བློ་ཕམ་གྱི་འཚོར་སྣང་ཞིག་དང། བཅོས་བསྒྱུར་གྱི་ཐབས་ལམ་ཞིག་དྲན་ལམ་དུ་ཤར་ཡོད་ན་ཁ་རྡ་དྲ་རྒྱའི་མཛེས་རྒྱན་རེད། དྲ་རྒྱ་འབྲི་ཀློག་བྱེད་པ་གོ་ཆོད་པ་རེད། གང་ཤར་མཆན་རེ་འབྲི་བ་ཡང་་་་་་་མང་གཙོ་དང་རང་དབང་ལུང་པ་རེད་ཟེར་ནས་གཞན་ལ་འགྲམ་ལྕག་ཞུས་པའི་ལོ་རྒྱུད་ལྟར་མི་ཡོང་བའི་ངེས་པ་མེད་ཟབ་དགོས། གང་ལྟར་བོད་མིའི་ཤེས་ཡོན་ལ་ཕན་པ། བོད་རྒྱབ་ཁབ་ལ་ཕན་པ། བསྟན་དགྲར་ཕན་པའི་ལག་ཆར་མི་སོང་བ་སོགས་དགོས་གལ་ཤིན་ཏུ་ནས་ཆེ། ལར་ནས་ཁ་རྡ་དྲ་རྒྱར་ཕྱོགས་ཡོང་ནས་སྐྱོན་བརྗོད་བྱེད་པའང་མེད། རྒྱ་གུང་བྲན་སྲིད་གཞུང་ལ་དུས་ནམ་ཡང་རྒྱབ་བསྐྱོར་མེད་པ་ཞིག་བསམ་སྡད་ཡོད། དགྲ་བོའི་སྐྱོན་བརྗོད་སར་ང་ཚོའི་ཡོན་ཏན་ཕྱོགས་ནས་གླེང་དགོས་པ་ཞིག་ཡོད། དཔུང་པ་མཉམ་ཤིབ་བྱེད་ན་བོད་མི་རིགས་ལ་མུ་གེའི་གང་ལ་ཟླ་ལྷག་རང་རེད། རྫུན་གཏམ་ལ་རྒྱབ་བསྐྱོར་རང་རེད་དོ། བསམ་བློ་གཏོང་་་་གཅིག་སྒྲིལ་བཟོས་་་་་དེ་བྱེད་ཐུབ་པ་ཞིག་རེད། ཕྱི་ནང་ཡོད་པ་བྱོས། དཔེར་ན་ཁྱེད་རང་ནང་མིའི་གཏམ་འཆལ་ཚང་མ་ཕྱི་གསལ་ནང་གསལ་ཐུབ་བམ། སྤྱིར་ན་ང་ཡང་ཁ་རྡའི་མགྲོན་པོ་གཙོ་བོ་ཞིག་ཡིན་ལ། གཞན་ལ་འཁོ་སྤྲོད་ཡང་བྱེད་བཞིན་ཡོད་དོ།

  21. རིག་པའི་རལ་གྲི says:
    2012-02-27 at 6:06 pm

    ཁ་བརྡ་དྲ་བ་འདི་ཡོད་མེད་གཉིས་ཀྱི་ནང་ནས་ཡོད་པ་དེ་བརྡབ་གཅིག་གིས་བོད་ཀྱི་སྐད་ཡིག་སྤྱི་ཚོགས་ཀྱི་གོ་རྟོགས་ལ་ཕན་ནུས་ཆེ། དེར་བརྟེན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་དྲ་བདག་ལ་བཀའ་དྲིན་ཆེ་ཞུ། འོན་ཀྱང་ཆོས་ལུགས་དང་འཆོལ་ཁའི་ཞེན་དུང་ཞིག་གི་ནད་ངན་གྱིས་གནར་ནས་ཡུན་རིང་མིན། དེར་བརྟེན་མཆན་རྣམས་ཀྱང་སྟངས་འཛིན་བྱེད་ཚུལ་གཟུར་བོར་གནས་པའི་སྒོ་ནས་གནང་ན་མ་འོངས་པར་ཀློག་མཁན་ཇེ་མང་དང་བོད་ཀྱི་སྐད་ཡིག། སྤྱི་ཚོགས་ཀྱི་གོ་རྟོགས་ལ་ཕན་ཇེ་ཆེར་འགྱུར་པས་ཐུགས་འཇག་འཚལ།

  22. མིའུ་ཕྲུག says:
    2012-02-27 at 10:30 pm

    ཁ་བརྡ་ཚང་གི་མགྲོན་པོ་རྙིང་པ་ཡིན། བྱས་ཙང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཀྱིས་དགའ་བསུ་འཚམ་འདྲི་ཞུ་རྒྱུ་ཡིན།

  23. ཀརྡོ་གཉེར་ཕྱག་པ་ says:
    2012-02-28 at 12:51 am

    ཁ་བརྡ་ནི།
    ཁ་བའི་ལྗོངས་འདི་བསིལ་ལྡན་་ཞིང་ཁམས། །
    ཁ་བས་གཡོག་པའི་གངས་ལྗོངས་རྒྱལ་ཁབ། །
    ཁ་ཡོད་ལག་ཡོད་ཆོལ་གསུམ་མི་རིགས། །
    ཁ་སྐད་ཡིག་ཚོགས་ཆོས་སྲིད་གླེང་སྟེགས། །

    ག་ནས་བལྟས་ཀྱང་ཕན་ཐོགས་ཆེན་པོ། །
    ག་དུས་ཡིན་ཡང་ཀློག་དགོས་འབྲི་ཤོར། །
    ག་རེ་བཤད་ཀྱང་བསྟོད་བསྔགས་ཕྱ་དམོད། །
    ག་དུས་བསམས་ཀྱང་ཡར་རྒྱས་དགོས་ངེས། །

    ང་ཡིས་ཆུང་དུས་བོད་སྐད་སྦྱངས་ནས། །
    ང་རང་སློབ་གྲྭར་བོད་ཡིག་སྦྱངས་འབྲས། །
    ང་ཡོད་བདག་མེད་ཆོས་གྲྭར་རྩོད་ནས། །
    ང་དང་ཀུན་གྱིས་དགག་གཞག་བྱ་ས། །

    ཁ་བརྡ་འདི་ལས་ལྷག་པ་མ་མཐོང་། །
    ཁ་བརྡའི་ཡར་རྒྱས་རྩེ་མོར་སོན་ནས། །
    ཁ་བརྡར་ཁ་རྩལ་ལག་རྩལ་སྦྱོང་ཕྱིར། །
    ཁ་བརྡའི་སྐུ་ཚེ་ཡུན་་བརྟན་ཤོག་ཅིག །

  24. མེ་ཏོག་དཀར་པོ། says:
    2012-03-31 at 8:22 am

    ངའི་ངོས་ནས་འཚམ་འབྲི་ཞུ་རྒྱུ་ཕྱི་སོང་བར་དགོངས་དག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme