Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བའི་ལས་དབང་དགྲ་ལ་ལེགས་སྐྱེས་མིན།

Posted on 2013-02-102013-02-10 By ཁ་བརྡ་ 4 Comments on ཁ་བའི་ལས་དབང་དགྲ་ལ་ལེགས་སྐྱེས་མིན།

སྤྲུལ་སྐུ་དབང་ཆེན།

ཁ་བ་ཅན་གྱི་མཚོ་ནི་བསྐམས་གྱུར་ནས།།
ཁ་བའི་འདབ་རོལ་སཱ་ལའི་སྨན་ལྗོངས་བཞད།།
ཁ་བའི་རྭ་བ་རིང་མོའི་མུ་ཁྱུད་ཀྱིས།།
ཁ་བའི་ལས་དབང་སྲུང་བར་ཕྱོགས་ཀུན་མཚར།།

ཁ་དོག་དམུ་ཐག་འཇའ་ལ་སེམས་འཕྲེང་བའི།།
ཁ་རྒྱལ་དགུ་པ་སྤུ་དེ་གུང་རྒྱལ་གྱིས།།
ཁ་རྩིས་རྒན་མོ་བལ་མའི་ཟླ་རྩིས་ཞེས།།
ཁ་བར་ཐོག་མར་དར་བའི་ལོ་གསར་བཟང་།།

ཁ་བ་ལྷབ་ལྷེབ་རྩེད་པའི་ལྷས་རྭ་ནས།།
ཁ་བའི་རོང་འབྲོག་གདོད་མའི་བོན་ལུགས་ལྟར།།
ཁ་བར་ར་ལུག་འབྲི་གཡག་ཤ་བུབས་ཀྱིས།།
ཁ་བའི་ལོ་གསར་སྟོན་མོའི་སྒྲིག་གཤོམ་དར།།

ཁ་བའི་ཡུལ་ནས་ཀོང་ཇོས་རྒྱ་རྩིས་ལྟར།།
ཁ་བར་བཅུ་གཅིག་ཟླ་བའི་ཚེས་གཅིག་དང་།།
ཁ་ཟླའི་བཅུ་གཉིས་ཚེས་གཅིག་ཁྲི་སྲོང་བཞེད།།
ཁ་བར་སྔ་ཕྱིའི་རྒྱ་ལུགས་ལོ་གསར་བྱུང་།།

ཁ་བའི་མདོ་སྨད་མེ་ཉག་རྒྱལ་ཕམ་ནས།།
ཁ་བར་ཧོར་རྒྱལ་ལག་བརྐྱངས་ཧོར་ཟླར་འབོད།།
ཁ་བའི་བླ་མ་ས་སྐྱ་ཐུགས་དགྱེས་ཏེ།།
ཁ་བར་རྒྱལ་པོའི་ལོ་གསར་ཞེས་བསྔགས་སོ།།

ཁ་བའི་དཔའ་རྒོད་སྡུག་ན་དཔའ་མི་ཞུམ།།
ཁ་བས་དགྲ་བོར་ཐུག་ན་སྐད་མི་འཆོར།།
ཁ་བ་ན་བ་ཙམ་ལས་ཤི་བ་མིན།།
ཁ་བ་གངས་ཅན་ལོ་གསར་མཉམ་རོལ་བྱོས།།

༄། ཁ་བའི་རང་དབང་དགྲ་བོར་ཕྱག་རྟགས་མིན།།

ཁ་བ་གངས་ཅན་ནག་ལྗོངས་ཕྱུག་མོ་རུ།།
ཁ་ལེ་རླུང་རྟ་དར་བའི་ལོ་རྒྱུས་ཡང་།།
ཁ་བའི་རྗེས་ལུས་བོད་མི་ཞབས་འདྲེན་འགས།།
ཁ་ལྕེས་བསུབ་པའི་གཏམ་འདི་སྙིང་ལ་གཟན།།

ཁ་ཐུག་དགྲ་ལ་ངོ་དགའ་བཤད་པ་དང་།།
ཁ་ངོ་གཉིས་གསུམ་བརྗེ་བའི་ཕྱག་རྗེས་འཕྲུལ།།
ཁ་བའི་ལས་དབང་སྐེད་ནས་གཅོད་པ་སོགས།།
ཁ་ནག་ཁ་ཤས་ཁ་བའི་དགྲ་ལས་སྡུག །།

ཁ་བ་ཅན་པས་ཙི་ནའི་ཡུལ་བཅོམ་ཞིང་།།
ཁ་བས་སུམ་གཉིས་དབང་བྱས་གླིང་བཞིར་གྲགས།།
ཁ་བར་ཆགས་འཇིག་རྒྱལ་རབས་སིལ་འཐོར་ཡང་།།
ཁ་བས་ནམ་ཡང་གཞན་ལ་མགོ་མ་བསྒུར།།

ཁ་བ་རྒུད་པའི་དུས་ཀྱི་ཁུག་སོ་ལ།།
ཁ་བའི་གཉའ་བར་ཞོན་པའི་ཙི་ན་པར།།
ཁ་བའི་ཁ་རྗེ་དབང་ཐང་གྱེན་ཕུལ་ནས།།
ཁ་བའི་རྐང་རྗེས་ཁ་བས་མ་གསུབས་རོགས།།

ཁ་བ་གྱོན་པའི་སྙིང་སྟོབས་ཡར་བསླང་ཞིང།།
ཁ་བ་བཞུད་པའི་གངས་ཁྲོད་སླར་གསོས་ཏེ།།
ཁ་བའི་འདབ་མ་ཚེར་མའི་མཚོན་གྱུར་ནས།།
ཁ་བའི་རྒྱལ་ཁབ་ལེན་ལ་དམག་ཤོམས་ཤིག །།

ཁ་བར་དུང་ན་ཁ་བའི་ལས་དབང་རྩོད།།
ཁ་བར་ཞེན་ན་ཁ་བའི་རིག་གཞུང་སློབས།།
ཁ་བ་དགོས་ན་ཁ་བའི་རང་བཙན་རྩོད།།
ཁ་བར་སེམས་ན་སྤུན་ཟླའི་ཚེ་སྲོག་སྐྱོབས།།

ཁ་བར་ཁ་ཕྱོགས་མེད་པས་ལམ་ཕྱོགས་ནས།།
ཁ་བའི་གཅེས་ཕྲུག་ཚེ་སྲོག་ཤོར་ན་ཡང་།།
ཁ་བའི་འདུན་ལམ་བརླག་པའི་རྒྱུ་ཉིད་ལས།།
ཁ་བར་རེ་འབྲས་རྡོ་ལས་སྣུམ་འཚིར་མཚུངས།།

ཁ་སེམས་གཉིས་མེད་ལྷག་བསམ་དག་པའི་བློས།།
ཁ་བ་གངས་ཅན་བོད་མིའི་མ་འོངས་ལམ།།
ཁ་ཐུག་རང་བཙན་འཐབ་རྩོད་མ་བྱས་ན།།
ཁ་བ་རྗེས་མེད་ལོ་རྒྱུས་རླུང་གིས་འཁྱེར།།

ཁ་བར་དམར་པོའི་མེ་དཔུང་མཆེད་ན་ཡང་།།
ཁ་བ་དམར་པོ་མེ་ཡི་ཆ་ཤས་མིན།།
ཁ་བས་མེ་ལྕེ་གཞོམ་ལ་མི་བརྩོན་པར།།
ཁ་བ་མེ་འོབ་གཏན་སྡོད་འཚོ་ཐབས་བྲལ།།

ཁ་བས་ལོ་རྩིས་ལོ་མགོ་ཆོས་སྲིད་དང་།།
ཁ་བར་དར་བའི་གོམས་སྲོལ་ལུགས་བརྒྱུད་ནས།།
ཁ་བས་མི་རིགས་རིག་གཞུང་རྒྱུད་འཛིན་ངང་།།
ཁ་བས་ལུགས་རྙིང་གནམ་ལོ་གསར་ཚེས་བསུ།།

ཁ་བའི་དཔའ་བོ་དཔའ་མོས་སྙིང་སྟོབས་དེས།།
ཁ་བའི་སྤུ་ཟླའི་གོ་རྟོག་གཅིག་སྒྲིལ་ངང་།།
ཁ་བའི་འདབ་མ་རེ་རེས་རང་བཙན་གྱི།།
ཁ་བར་རི་བོར་མེ་ཏོག་རེ་རེ་ཕབས།།

ཁ་བའི་རི་ལ་ཁ་བས་ལོ་རྒྱུས་ཀྱི།།
ཁ་བ་དཀར་པོའི་དར་ཆ་མ་ཕབ་ན།།
ཁ་བར་མི་རབས་མི་རབས་འཐབ་རྩོད་ཀྱིས།།
ཁ་བ་རྗེས་མར་ལོ་རྒྱུས་དཔང་པོ་བྱོས།།

རྩོམ་རིག

Post navigation

Previous Post: གཞུང་འབྲེལ་ལོ་སར་སྐོར་གླེང་བ།
Next Post: ང་ཡི་སེམས་ཀྱི་གཅེན་མོ་མཚམས་གཅོད་སྒྲོལ་མ།

Comments (4) on “ཁ་བའི་ལས་དབང་དགྲ་ལ་ལེགས་སྐྱེས་མིན།”

  1. ལུང་རྟོགས། says:
    2013-02-10 at 6:20 am

    ཁ་ལས་རླུང་རྟ་རྒུད་རྒྱུའི་ཁྱི་རྒན་འགས།།
    ཁ་བའི་རང་དབང་རྩོད་པའི་ལངས་ཕྱོགས་གཉིས།།
    ཁ་བ་ནང་ཁུལ་དཀྲུག་པའི་ལག་ཆ་རུ།།
    ཁ་ཁོག་མེད་པར་སྤྱོད་འདི་སྙིང་ལ་གཟན།།

  2. འཇམ་གཅེས says:
    2013-02-10 at 8:43 am

    ཁ་བ་ཅན་ལ་འདི་ལོའི་ལོ་གསར་མེད། །
    ཁ་བ་ཅན་པའི་རོ་ཐོག་བྲོ་མི་འཁྲབ། །
    ཁ་བ་ཅན་ལ་ངོ་ཚ་ཁྲེལ་གཞུང་ལྡན། །
    ཁ་བ་ཅན་ནི་མི་ངན་ཁྱོད་འདྲ་མིན། །

    ཁ་བ་ཅན་ལ་སྡུག་ཀྱི་མུན་པའི་བསྒྲིབས།།
    ཁ་བ་ཅན་ལ་བདེ་སྐྱིད་ཉི་གཞོན་མེད། །
    ཁ་བ་ཅན་པའི་ཚེ་སྲོག་མེ་ལ་ཤོར། །
    ཁ་བ་ཅན་ཚོ་ལས་འབྲས་བག་ཡོད་གནང་། །

    ཁ་བའི་ཉིན་མ་གཞན་ཡུལ་འཚོལ་དགོས་བྱུང་། །
    ཁ་བའི་དུང་ཟླ་མུན་ནག་བཙོན་དུ་ཚུད། །
    ཁ་བའི་སྐར་ཚོགས་སྤྲིན་པ་ནག་པོས་གཡོགས། །
    ཁ་བས་ལོ་གསར་རོལ་ན་ཁྱི་རྒན་རེད། །

    ཁ་བའི་ལོ་རྒྱུས་མ་གྲགས་གོད་ཆག་དང་། །
    ཁ་བ་ཅན་གི་ལས་དབང་འདི་བསམ་ཚེ། །
    ཁ་བར་ལོ་གསར་བསྐུལ་མཁན་མི་ངན་ལ། །
    ཁ་བའི་བུ་ཆུང་སེམས་ཁོངས་མིག་ཆུས་ཁེངས། །

    ཁ་བར་གནས་པའི་ཁ་བའི་དཔའ་རྒོད་ཚོས། །
    ཁ་བའི་དགྲ་ལ་རྒོལ་ཕྱིར་ལོ་གསར་མེད། །
    ཁ་བའི་རྒྱབ་ཏུ་གནས་པའི་ཁ་ནག་ཚོས། །
    ཁ་བའི་བདེ་སྡུག་ཁ་ཟས་དོན་དུ་བོར། །

    ཁ་བའི་བདེ་སྡུག་དགྲ་ལ་བཙོང་མཁན་དང་། །
    ཁ་བ་བོད་རིགས་ཁྲེལ་མེད་ཀླད་སྟོང་ཁྱོད། །
    ཁ་བའི་བེམ་རོ་བརྒྱ་ལྷག་ཁ་ཟས་སུ། །
    ཁ་བ་མགོ་སྟོང་ཁྱོད་ཀྱིས་གང་འདོད་རོལ། །

    ཁ་ཁོག་མི་གཅིག་ཁ་བ་མགོ་སྟོང་ཁྱོད། །
    ཁ་བས་ལོ་གསར་སྤྲོལ་སྐྱིད་རོལ་འདོད་ན། །
    ཁ་བས་ཟུང་ཁྲག་དྲོན་མོ་མཐུང་ཞོལ་དུ། །
    ཁ་བ་འདས་པོ་དགྱེས་པའི་མཆོད་སྤྲིན་ཕུལ། །

    ཁ་བས་བདེ་སྡུག་ཁ་ཡག་སྤྲོ་སྐྱིད་མིན། །
    ཁ་བས་ལོ་གསར་རོ་ཐོག་བྲོ་བརྡུང་མིན། །
    ཁ་བས་ལས་དབང་ཁ་ཡི་རྒྱན་ཆ་མིན། །

    ཁ་བ་ཅན་ཚོ་ཁ་ཁོག་མཚུངས་གྱུར་ན། །
    ཁ་བས་ལོ་གསར་རོལ་བས་ཉི་མ་ཞིག །
    ཁ་བས་ལྗོངས་སུ་ཡོང་བ་ཆོས་ཉིད་ལ། །
    ཁ་བས་བུ་ང་ཡིད་ཆེས་རི་ལས་བརྟན། །

    ཁ་ཁོག་ཁ་ཁར་སོང་བས་ཁ་བའི་བུ། །
    ཁ་བ་གངས་ཅན་པ་ཡིས་གད་སྙིགས་ལ། །
    ཁ་བ་པ་ཚོས་ངོས་འཛིན་མ་གནང་ན། །
    ཁ་བའི་ཕུག་མདུན་ཁོང་ཚོས་རླགས་པར་བྱེད། །

    ཁ་བས་བདེ་སྡུག་ཁ་ནས་བཤད་བཤད་ནས། །
    ཁ་ཡིག་མགོ་རྒྱན་ཅན་གྱི་ཁ་རྩོམ་ལ། །
    ཁ་བཤད་ལས་ཀྱང་བདེ་བ་ཁ་རྩོམ་དག །
    ཁ་བ་གངས་ཆུ་ལས་ཀྱང་ཤིན་ཏུ་མོད། །

    ཁ་བས་བུ་ཆུང་འཇམ་དབྱངས་བྱང་སེམས་ང་། །
    ཁ་བ་ཅན་གྱི་མི་བུ་ཡིན་པས་ན། །
    ཁ་བས་ལས་དབང་གླེང་བར་འོས་བབ་ཡོད། །
    ཁ་བས་བདེ་སྡུག་བཤད་པར་འགན་དབང་ཡོད། །
    དེ་རིང་ཉིན་གོང་བྲིས་པས་ཁ་རྩོམ་འདི། །

    ཁ་བ་ཅན་ཚོས་ཐུགས་ལ་ཕོག་སྲིད་ཡང་། །
    མི་འགྱོད་ཁ་བས་བདེ་སྡུག་གླེང་བ་ཡིན། །
    མི་འདོད་མཁན་དག་མི་མཐོང་ས་རུ་སོང་། །

    ཁ་བ་ཅན་ལ་དུང་སེམས་ཆེ་དྲག་ནས། །
    ཁ་ནས་གང་བྱུང་ཐལ་བས་ཉེས་ཚོགས་ཀུན། །
    ཁ་བས་བུ་ཆུང་བདག་གི་བཟོད་གསོལ་དང་། །
    ཁ་བས་གྲོགས་མཆོག་ཡོངས་ལ་འགྱོད་བཤགས་ཡོད། །

    ཁ་བས་བུ་ང་ཁ་འདི་ངན་ངན་ནས། །
    ཁ་བ་ཅན་ཚོས་ཐུགས་སེམས་དཀྲུགས་དོགས་ནས། །
    ཁ་ཙམ་མིན་པར་འགྱོད་བཤགས་འབུལ་བ་འདི། །
    ཁ་བ་ཅན་པའི་ཐུགས་ལ་འཛིན་པ་ཞུ། །

  3. འཇམ་གཅེས says:
    2013-02-10 at 10:17 am

    འདས་པའི་ལོ་རྒྱུས་གཅིག་པ། །ད་ལྟའི་ལས་དབང་གཅིག་པ། །མ་འོང་མངོན་འདོད་གཅིག་པ། །ཤ་རུས་གདུང་རྒྱུད་གཅིག་ལས་འཆེད་པའི་ཁ་བ་གངས་ཅན་པ་ཡོངས་རྫོགས་ལ་ངས་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་པའི་ཁ་གཡང་གང་ཡང་མེད། གང་ཡོད་པ་དེ་ནི་ཁྱེད་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། སྲོལ་རྒྱུན་ལམ་ལུགས་སོགས་གང་ལ་ཁ་གཡར་ནས་ངོ་བོ་དང་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ལོ་གསར་རོལ་བ་ཡིན་ན་དེ་ནི་བསྟན་པ་ཆབ་སྲིད་ཀྱིས་དོན་དུ་སྐུ་སྲོག་ཤོར་བས་དཔའ་བོ་དཔའ་མོ་བརྒྱ་ལྷག་ཞིག་བྱུང་ཟིན་པ་དེ་ཚོས་ཤ་ཕྲག་དེ་དག་ཁྱེད་ཚོས་ཁ་ཟས་སུ་ལོངས་སྤྱོད་པ་ཞིག་ལ་ངོས་འཛིན་ངེས་ཡིན། །

  4. འཇམ་གཅེས says:
    2013-02-10 at 12:28 pm

    རིགས་རུས་གཅིག་པའི་གཉེན་ཡིན་ཟེར། །
    ཕ་མ་གཅིག་པའི་སྤུན་ཡིན་ཟེར། །
    ལས་དང་ལ་རྒྱ་གཅིག་ཡིན་ཟེར། །
    ང་ཚོ་ཚང་མ་གཅིག་ཡིན་ཟེར། །

    སྐྱིད་ཀྱིས་རྟ་ཕོ་མཉམ་ཞོན་ཟེར། །
    སྡུག་གིས་ཁུར་པོ་མཉམ་འཁུར་ཟེར། །
    གདུང་སེམ་མཉམ་སྐྱེད་ཡོད་དོ་ཟེར། །
    ཁྱེད་ཚོར་དམིགས་དཔེར་ལྟ་བཞིན་ཟེར། །

    ཟེར་ཟེར་གཏམ་འདི་སྙན་སྙན་འདྲ། །
    དོན་དངོས་ཁ་ཁོག་མི་མཚུངས་པའི། །
    ཁྲེལ་མེད་རིགས་ཀྱིས་ལོ་གསར་འདིར། །
    དབང་མེད་མིག་ཆུ་ཤོར་བྱེད་ཤིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme