Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བཙུམ་བསྡད་ནའང་།.     མིག་བཙུམ་ཐུབ་ཀྱི་མི་འདུག

Posted on 2017-12-132017-12-13 By ཁ་བརྡ 4 Comments on ཁ་བཙུམ་བསྡད་ནའང་།.     མིག་བཙུམ་ཐུབ་ཀྱི་མི་འདུག

སྦྲ་དཔལ་ལྡན། ཧྥ་རན་སུ།

ཉེ་ལམ་རང་རེའི་སྥྱི་ཚོགས་སྤར་མོ་གང་བོ་ལྷིང་འཇགས་ལས་ཧ་ཅང་དཀྲོལ་ཡོད་ལ་སྤྱི་ཚོགས་ལ་ལ་ཞིག་ལ་ཞེན་ཁོག་དང་། རང་ཞེན་དང་ཆོལ་ཞེན་གྱི་སྐད་ཆ་ཧ་ཅང་ཐར་བའི་སྤྱི་ཚོགས་དྲ་རྒྱ་  དཔེར་ན་སྐད་འཕྲིན་དང་ངོ་དེབ་སོགས་སུ་གང་ཟག་ཕལ་མོ་ཆེའི་པར་ལ་འདྲ་མིན་བཟོ་བ་དང་།  དོལ་རྒྱལ་དང་རྒྱ་མིའི་སོ་ཉུལ་བ་ཡིན་པ་སོགས་ཀྱིས་ཁྱབ་སྤེལ་འདྲ་རིས་བཟོ་བ་དང་།   སྤྱི་ཚོགས་དྲ་རྒྱའི་ཐོག་ཏུ་གཏམ་བཤད་སྣ་ཚོགས་ཀྱིས་ཁྱོའི་ཁ་དང་ངའི་སྣ་སོགས་དོན་དག་ཆུང་ངུ་ཞིག་གི་ཆེད་དུ་དོན་མེད་དཀྲོག་གཏམ་དང་།  རྩོམ་པ་པོ་དང་སྤྱི་ཚོགས་དཔྱད་བརྗོད་པ་མང་བོ་ཞིག་གིས་དཔྱད་བརྗོད་དང་རྩོམ་ཡིག་ཅི་རིགས་ཤིག་བྲིས་ཡོད་ནའང་།   གང་ཟག་ཕ་རོལ་བ་ཞིག་གིས་སྣང་བ་མ་འགྲོ་ན་ལམ་སང་རྒྱ་མིའི་སོ་ཉུལ་བ་དང་།   དོལ་རྒྱལ་ལ་འབྲེལ་བ་ཡོད་པ་སོགས་བསྙད་ནས་ནང་ཁུལ་ལ་ཟུག་ངུ་བཟོ་བ་དང་།   བོད་སྤྱི་ལ་ཕན་པ་དང་མང་གཙོ་རང་བཞིན་ལྡན་པའི་ཐོག་ནས་སྐད་ཆ་བཤད་མཁན་ཧ་ལམ་མི་འདུག་ཟེར་ན་མི་ཆོག་པ་མེད་པར་སྣང་།  སྤྱིར་བདག་ལ་མཚོན་ན་ཁ་བརྡ་དང་བང་ཆེན།   དུས་བབས་སོགས་ནི་བདག་གི་བོད་ཡིག་ཡར་རྒྱས་གཏོང་བྱེད་ཀྱི་དྲ་ཚུགས་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཟེར་ན་མི་ཆོག་པ་མེད་མོད།   གནས་སྐབས་རང་ཉིད་ཀྱི་སྐབས་བབ་ཀྱི་སློབ་སྦྱོང་ཞིག་གི་བོད་ཡིག་གི་དྲ་ཚུགས་དེ་དག་ལ་ཧ་ལམ་ཡོང་གི་མེད་ཟེར་ན་མི་ཆོག་པར་མེད།   འོན་ཀྱང་། དེ་རིང་ཁ་སང་བདག་ཡུལ་སྐོར་ཞིིག་གི་དུས་ཚོད་དང་ཁོམ་བར་ལ་ཡར་འགྲོ་མར་འགྲོའི་ལམ་བར་ནས་གོང་གི་དྲ་ཚུགས་དེ་དག་ལ་མིག་ཟུར་ཞིག་བལྟས་པས་ཚོར་སྣང་ཧ་ཅང་ལྕི་བ་མ་ཟད།  རྩོམ་པ་པོ་རེ་ཞིག་གིས་སྤྱི་ཚོགས་རང་བཞིན་ལྡན་པའི་དཔྱད་བརྗོད་རེ་བྲིས་པའི་འོག་གི་མཆན་དེ་དག་ལ་རྒྱུ་མཚན་མེད་པར་རང་སྣང་གང་དྲན་གྱིས་མཆན་འགོད་པ་དང་།  གང་ཟག་སོ་སོར་ཐེར་འདོན་བྱེད་པ་སོགས་བོད་པ་ཞིག་གི་ཡར་རབས་གོམས་གཤིས་ཕལ་ཞོག་   ཐ་ན་ང་རང་ཚོས་དཔེ་བརྗོད་འཇོག་བཞིན་པས་རྒྱ་ནག་ཟེར་ནས་མི་རིགས་དེ་ལ་འཐོང་ཆུང་དང་ཁྱད་གསོད་བྱེད་བཞིན་པས་སྡུག་དུ་འགྲོ་བཞིན་ཡོད།   དོ་ནུབ་ང་ཕེ་རུ་སུ་ནས་བདག་སྡོད་སར་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་འགྲོ་ཞོར་སྙིང་གཏམ་དམར་བོ་ཞིག་བརྡོད་འདོད་བྱུང་མོད།   སྙིང་གཏམ་དེ་ཕ་ཡུལ་གྱིས་ཕྱོགས་ཞེན་དང་ཆོལ་ཞེན་ལ་རང་འགུལ་གྱིས་འཇོག་པ་ལས་སྙིང་གཏམ་དེ་ལ་རིན་ཐང་ཡོད་མེད་དང་།   གནས་ལུགས་ལ་མི་བལྟ་བར་སྙིང་གཏམ་འཆད་པ་པོའི་སྙིང་གཏམ་པ་རིན་ཐང་ཡོད་མེད་ཁྱོད་ནས་བལྟ་ཀི་མེད།   སྙིང་གཏམ་བཤད་མཁན་དེ་ཁམས་ཕྱོགས་ནས་ཡིན་ན་བློ་སེང་གི་རྒྱུགས་ཁྱི་དང་།  སྙིང་གཏམ་བཤད་མཁན་པོ་ཨ་མདོ་ཡིན་ན་སྤེན་ཚེའི་རྒྱུགས་ཁྱི་ཡིན་པ་ལས་བོད་སྤྱི་ཡོངས་ལ་བསམ་བློ་བཏང་ནས་སྐད་ཆ་བཤད་ཀྱི་ཡོད་པར་རྩ་ནས་གཏོང་ཐུབ་ཀི་མེད།    དེའི་ཕྱིར།   ང་ད་སྐབས་ཡོད་ས་དེ་ལ་བོད་པའི་སྤྱི་ཚོགས་ཀྱི་དྲི་མ་ཙམ་ཡང་མེད་པས་ད་དུང་བོད་པ་གཙང་མ་ཡིན་པ་ལས་ཆོལ་གསུམ་དང་ཆོས་ལུགས་ལ་འབྲེལ་བ་མེད།   ང་ལ་ཨ་མདོ་མི་དགོས་ལ་ཁམས་པའང་མི་དགོས།    ཁྱེད་ཅག་ལ་དགོས་པ་ཁམས་པ་དང་ཨ་མདོ་ཡིན་ན་རྩོད་རོགས་མུ་མཐུད་དུ་རྩོད།    བློ་སེང་གཙང་མ་ཡོད་པ་དང་སྤེན་ཚེ་གཙང་མ་མེད་ན་ཁྱོད་རང་གི་སུ་གང་ཞིག་གིས་གཙང་མ་བཟོ་ཐུབ་ཀྱི་མ་རེད།   རྒྱུ་མཚན།  ཁྱེད་ཅག་ལ་དྲང་བདེན་དང་བོད་པའི་གོམས་གཤིས་ཀྱི་ཡ་རབས་བཟང་སྤྱོད་རྩ་བ་ནས་མི་འདུག་ལ་ཁྱེད་ཅག་གི་ཁ་ནས་ཅི་བཤད་རུང་།   བོད་པ་ཁྲག་བཞིན་དཀྲུག་པའི་ནུས་པ་ལས་གཞན་ཞིག་གི་གདོང་པ་ལ་མིག་ཟུར་ཙམ་ཡང་བལྟ་ཐུབ་ཀྱི་མི་འདུག      བློ་སེང་དང་སྤེན་ཚེ་གཉིས་ཀྱི་ཁ་ནས་༧གོང་ས་མཆོག་ཟེར་ནས་མ་ནི་བཞིན་བགྲང་རུང་དོན་དངོས་སུ་༧གོང་ས་མཆོག་གི་བཀའ་ལ་ཉན་མ་སོང་མོད།   ད་དུང་།  ༧གོང་ས་མཆོག་ཟེར་ནས་ག་ཚད་བར་ཏུ་འདུག་གི་ཡིན་ནམ།   ད་དུང་༧གོང་ས་མཆོག་ཟེར་ནས་ག་ཚད་བར་ཏུ་དཀྲུག་གི་ཡིན་ནམ།   ངས་ཁ་བཙུན་ནས་བསྡད་རུང་།   མིག་བཙུམ་ཐུབ་ཀྱི་མི་འདུག  རྒྱུ་མཚན་ཁྱེད་གཉིས་ཀྱིས་ཁྲག་བཞིན་དཀྲུག་པའི་ངའི་སྤྱི་ཚོགས་ནང་དུ་ཁྱོད་གཉིས་ཀྱི་རྙོག་སློང་ནས་རིག་རྒྱུ་ལས་གཞན་རིག་རྒྱུ་འདུག     དེའི་ཕྱིར།   ད་བར་ངས་ཁ་བཙུན་ནས་ཡོད།  ཡིན་ནའང་།  ནམ་ཞིག་ང་དང་འདྲ་བའི་མི་དེ་དག་གིས་ཀྱང་ཁ་བཙུམ་བསྡད་རུང་།  མིག་བཙུམ་མི་ཐུབ་པས་སླར་ཡང་ཁ་ཡང་མང་རུ་འགྲོ་ངེས།

བསམ་ཚུལ།

Post navigation

Previous Post: བོད་གཞུང་སྐུ་ཚབ་དོན་གཅོད་བསྐོ་བཞག་ལ་སྤྱི་འཐུས་ནས་ཆོག་མཆན་ཞུ་དགོས་འདུག
Next Post: རེ་ཆད་མིག་ཆུ།

Comments (4) on “ཁ་བཙུམ་བསྡད་ནའང་།.     མིག་བཙུམ་ཐུབ་ཀྱི་མི་འདུག”

  1. དགོན་པ་ཚང་ དར་རྒྱས་ says:
    2017-12-14 at 12:25 am

    ངའང་ཁྱེད་དང་གཅིག་མཚུང་རེད་དེ་སྔོན་ཡིན་ན་ཞོག་པ་མིག་ཁ་ཕྱེ་པ་དེ་གར་བཀྲ་ཤིས་པའི་བོད་པའི་གནད་ཚུལ་ཞིག་མཐོང་ན་བསམ་ནས་རྟག་ཏུ་གསར་བསྒྱུར་ལྟ་བ་ལས་བསམ་ཚུལ་གང་ཡང་འབྲི་ཡི་མེད་ད་ལྟའི་ཆར་ཁ་མིག་གཉིས་ཀ་གཙུམ་ནས་སྡད་འཐུབ་ཀྱི་མི་འདུག་སྤྱིར་ཏང་ང་རང་གི་བོད་ཡིག་གནད་ཚད་ཧ་ཅང་སྐྱོ་པོ་ཡིན་ཡིན་ནའི་མཁས་དབང་བློ་སེང་ལས་དྲག་པ་ཡོད་པའི་རེ་བ་ཡོད་ད་ལྟའི་ཆར་བློ་སེང་ཕྱོག་གཏོག་པ་ཚོས་བཤད་པ་ཚང་མ་ངས་ངོས་ལེན་བྱེད་ཤེས་ཀྱི་མི་འདུག་ངའི་རྣ་བ་ནང་ལ་འབད་དེ་ཧམ་བཤད་རང་གོ་ཡི་འདུག་རང་ལ་ཆ་བཞག་ན་སུ་གང་གི་ཕྱོག་གཏོག་པ་མིན་གང་ཡིན་ཟེ་ན་ཁོང་གཉིས་ངའི་གང་ཡང་མ་རེད་ ད་ལྟ་ངའི་རེ་བར་ཁོང་གཉིས་ཀྱིས་གསར་འགྱུར་སྙན་འཕྲིན་མདུན་དུ་སྡད་ནས་རང་སོ་སོས་ལེགས་ཉེས་གང་བྱས་ཡོད་མེད་བཤད་འཐུབ་ན་མི་དམངས་ཀྱི་བློ་ཁ་བདེ་བ་ཞིག་ཨེ་ཡོང་བསམ་པ་དྲན་གྱི་འདུག་གང་ཡིན་ཟེ་ན་ཁོང་མི་སྒེར་གཉིས་ཀྱི་ང་ཚོ་མཐོ་༧གོང་ས་མཆོག་ནས་དམའ་ངེས་བར་མ་སྐྱིད་པ་དང་དགྲ་དགའ་བ་བཟོས་ཡོད་པ་རེད་དེ་མིན་ད་ལྟའི་ཆར་ངའི་ངོས་ནས་བློ་སེང་གི་བྱེད་ཏང་དེ་ཚོར་རྣ་བ་གཅིག་ཀྱང་འགྲོ་ཡི་མི་འདུག

  2. བཙན་པོ། says:
    2017-12-14 at 2:02 am

    སྦྲ་དཔལ་་་ཁྱོད་ཀྱིས་བཤད་བསམ་ན་སློབ་བཟང་སངས་རྒྱས་གཟི་བརྗིད་ཁོག་སྟོང་ལ་ཤོད་དང་མང་ཚོགས་ལ་བཤད་ན་འདྲེ་ཤར་སྒོ་དང་ཀླུད་ནུབ་སྒོ་ཟེར་བ་ལྟར་རེད། ཆོལ་ཞེན་གྱི་ནང་དཀྲུགས་འདི་སློབ་སངས་ཀྱིས་སླངས་པ་རེད། སྔར་ཟམ་གདོང་རིན་པོ་ཆེའི་སྐབས་ལ་འདི་འདྲའི་ནང་དཀྲུགས་ཡོང་ཡོད་དམ་བསམ་བློ་ཡག་པོ་བཏང་ནས་སྐད་ཆ་གང་ལ་བཤད་དགོས་པ་དེ་མ་ནོར་བ་གྱིས།

  3. ཀརྡོ་རབ་འབྱམས་པ་ says:
    2017-12-14 at 9:49 am

    སླར་ཡང་སྤེན་པ་ཚེ་རིང་ལགས།
    https://www.facebook.com/119306658803462/videos/156397751761019/

  4. རྟུལ་ཕོད། says:
    2017-12-16 at 3:17 pm

    ཁ་བཙུམས་ཀྱང་མིག་བཙུམ་མི་ཐུབ་ན་རང་ཤི་རྒྱབ་དང་ཡག་གི་རེད་ད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme