Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བ་ཅན།

Posted on 2011-04-23 By ཁ་བརྡ་ No Comments on ཁ་བ་ཅན།

འབའ་སྲས།

ཁ་བའི་འདབ་མ་རེ་རེ་བརྩེགས་པའི་གངས་ཀྱི་རི་བོ་མཆོད་རྟེན་འདྲ།།
དམར་པོ་བྲག་གི་ཐེམ་པའི་བང་རིམ་ལྷ་ཡི་དྲུང་གི་མཆོད་ཁྲི་བཞིན།།
མཛེས་སྡུག་མེ་ཏོག་ལྷམ་མེར་བཀྲ་བ་མཆོད་མེ་འབུམ་ཕྲག་སྒྲོན་པར་མཚུངས།།
ལྷ་ཡི་ཞིང་ཁམས་ས་ལ་ཆགས་འདྲ་ང་ཡི་ཕ་ཡུལ་ཁ་བ་ཅན།།

རྟ་ནོར་ལུག་གསུམ་ཐང་ལ་བཀྲམ་པ་ནམ་མཁའི་སྐར་མ་འཚེར་བ་འདྲ།།
ལོ་ཡག་སྙེ་མ་རླུང་གིས་གཡོ་བ་རྒྱ་མཚོའི་རྦ་རླབས་འཕྱོ་བ་བཞིན།།
ནགས་ཚལ་སྟུག་པོ་སྐྱེས་རྒྱ་རིང་བ་མཐོ་རིས་བགྲོད་པའི་སྐེས་དང་མཚུངས།།
དྭངས་གཙང་ཆུ་མིག་གང་སར་བརྡོལ་བ་ཀླུ་ཡི་བདུད་རྩི་འདྲེན་པ་བཞིན།།

རི་ལ་གནས་པའི་རི་དྭགས་ཐམས་ཅད་དགའ་བས་ཟློས་གར་འཁྲབ་དང་མཚུངས།།
ནགས་སུ་འཕུར་བའི་འདབ་ཆགས་ཚོགས་ཀྱིས་བདེ་སྐྱིད་གླུ་དབྱངས་ལེན་པ་བཞིན།།
མེ་ཏོག་ཚལ་གྱི་སྦྲང་མ་དག་གིས་ཞི་བདེ་དབྱངས་རྟ་འགུག་པ་འདྲ།།
ཆུ་ལ་རྐྱལ་པའི་མིག་ཆུང་ཉ་ཡིས་ཉི་ཟླའི་འོད་ལ་འགྲན་པ་བཞིན།།

རི་ཁོག་ཡོད་ཚད་གཏེར་གྱིས་བཟུང་བས་ལྷ་ཡི་རི་བོ་དམན་སར་བཀོད།།
ས་གཞི་ཐམས་ཅད་གསེར་གྱིས་བཀང་བས་ཀླུ་ཡི་གྲོང་ལ་སྐྱེངས་པ་སྟེར།།
འབྲོག་པའི་སྦྲ་ནག་རི་ནས་ཕུག་པ་བྱ་ཆེན་ས་ལ་བབས་པ་འདྲ།།
རོང་བའི་མཁར་གྲོང་སྨད་བས་བརྩིགས་པ་གྲུ་འཛིན་རི་བོའི་དོ་ཟླ་ཉིད།།

བདེ་ཞིང་སྐྱིད་པའི་ཁ་བའི་ལྗོངས་འདིར་བཙན་པོ་སྟོང་གི་ལོ་རྒྱུས་ཡོད།།
མཚན་སྙན་འབར་བའི་ཁ་བའི་ལྗོངས་ལ་མཁས་དབང་འབུམ་གྱི་སྙན་གྲགས་ལྡིར།།
རྟུལ་ཅིང་ཕོད་པའི་ཁ་བའི་ལྗོངས་སུ་དཔའ་རྒོད་ཁྲི་ཡི་ཚེ་སྲོག་གནས།།
བྱམས་ཤིང་ཞི་བའི་ཁ་བའི་ལྗོངས་འདིར་བླ་མ་ཁྲི་ཡི་བྱམས་བརྩེ་འཁྱིལ།།

ཕྱི་ནང་སྣོད་བཅུད་གཞན་གྱིས་འགྲན་མིན་ང་ཡི་ཕ་ཡུལ་ཁ་བ་ཅན།།
དགེ་དང་ཚོགས་ཀྱིས་ཞི་བར་སྤྱོད་པའི་འཛམ་གླིང་ས་ཡི་གནས་གཅིག་གྲང་།།
དེ་ལྟ་ལགས་མོད་སྡིག་རྩུབ་ཆེ་བའི་ཤར་ཕྱོགས་སྲིན་པོ་མཆེ་བ་ཅན།།
བྱང་ཕྱོགས་ཁ་བའི་ལྗོངས་སུ་བསླེབས་ཏེ་ཁྲག་ཆེན་ཁོལ་མོས་མཚོ་ཆེན་བསྐྱིལ།།

རི་བོ་མཐོན་པོའི་ཁོག་པ་སློག་སྟེ་སྦྲུམ་པའི་གསེར་གྱི་སྙིང་བོ་བྲུད།།
མཛེས་པའི་སྤང་ཐང་ཐལ་བར་གཏོར་ཏེ་འཛིན་མའི་ལུས་ལ་ལྕགས་ཀྱིས་བརྡུངས།།
དྭངས་གཙང་ཆུ་བོའི་བཞུར་ཁུག་བཀག་སྟེ་མི་གཙང་དུག་གི་ཆུ་མཛོད་བསྐྱིལ།།
སྟུག་པོ་ནགས་ཀྱི་རྩ་བ་བཅད་དེ་རྒྱ་གྲོང་ཕུག་པའི་ཀ་བ་བྱས།།

མཐིང་སྨུག་སྦྲ་ཡི་ཆོན་ཐག་བཅད་དེ་རྟ་ནོར་ལུག་གསུམ་བཤས་རར་དེད།།
སྨད་གྲོང་རོང་བའི་ཞིང་ཁ་བསྙམས་ཏེ་དྲག་སྤྱོད་དམག་གི་ལམ་དུ་བྱས།།
དེང་རབས་ཅན་གྱི་འཚོ་བ་སྐྱོངས་ཞེས་རོང་འབྲོག་གྲོང་ཁྱེར་ནང་དུ་བརྫངས།།
གྲོང་ཁྱེར་འཚོ་བ་གོམས་བྱང་མེད་པས་རོང་འབྲོག་འབྱོར་བ་དབུལ་བར་གྱུར།།

ལ་རྒྱ་ཅན་གྱི་སྐྱེས་བུ་ཡོད་ཚད་རེ་རེ་བྱས་ནས་བཙོན་དུ་བཅུག །
རྩོམ་པ་པོ་དང་ཤེས་ཡོན་པ་ཡི་སྨྲ་བརྗོད་རང་དབང་ཁྲིམས་ཀྱིས་བཀག །
གཞས་པ་དག་གི་རིགས་ཞེན་མགྲིན་པ་བཙན་དང་དབང་གི་ཐག་པས་བསྡམས།།
ཁ་བ་ཅན་གྱི་མི་ཡི་ཡུལ་འདི་ད་ནི་དམྱལ་བའི་གྲོང་དུ་བསྒྱུར།།

མཉམ་འབྲེལ་རྒྱལ་ཚོགས་མིག་ཅིག་ཡོད་ན་ཁ་བ་ཅན་ལ་སྤྱན་གྱིས་གཟིགས།།
ཨོ་བྷ་མ་ལ་སྟོབས་ཤིག་ཡོད་ན་ཁ་བ་ཅན་ལ་རོགས་ཤིག་བྱོས།།
སཱ་ཀོ་རྫེ་ལ་དཔུང་ཞིག་ཡོད་ན་དམག་དཔུང་རྒྱ་ནག་མཁར་ལ་དྲོངས།།
ཁ་བ་ཅན་གྱི་བུ་ཕྲུག་ཅིག་གིས་འཛམ་པོ་གླིང་ལ་སྐུ་མཁྱེན་ཞུས།།

སྙན་ངག

Post navigation

Previous Post: ཀིརྟི་དགོན་པའི་གྲྭ་ ༣༠༠ འཛིན་བཟུང་།
Next Post: བུད་མེད་ཀྱི་སྟོད་གོས་བཙན་གྱིས་འཕུད་བཅུག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme