Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་ནོར་འདི་འདྲ་ངོ་ཚ་བོ་འདུག

Posted on 2015-10-152015-10-15 By ཁ་བརྡ 19 Comments on ཁ་ནོར་འདི་འདྲ་ངོ་ཚ་བོ་འདུག

གཅན་བཟོད་རྒྱམ།

 
ངས་ནམ་རྒྱུན་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་གཉིས་ལ་ཉན་རྒྱུ་ཆད་མེད་ཡིན་ཟེར་ཆོག འདི་ནི་མི་ལོ་༡༨ ཡ་སྔོན་དུ་ང་རང་མདོ་སྨད་བླ་བྲང་དུ་ཡོད་དུས་ནས་ཉན་འགོ་བཙུགས་པ་ཞིག་ཡིན། ང་རང་ཕ་ཡུལ་དུ་ཡོད་སྐབས་དབུས་སྐད་ཤེས་ཀི་མེད་ཙང་ཨ་རིའི་རླུང་འཕྲིན་ཁང་གི་མདོ་འཛིན་པ་རྡོ་རྗེ་ཚེ་བརྟན་གྱི་ལས་རིམ་ནམ་ཡོད་ལ་སྒུག་གི་ཡོད། གསར་འགྱུར་བཤད་མཁན་གཞན་དག་གིས་ཅི་ཞིག་བཤད་ཀྱིན་པ་ཧ་གོ་གི་མེད། འོན་ཀྱང་དེ་དུས་ཨ་རིའི་རླུང་འཕྲིན་ལ་གསར་འགྱུར་བཤད་མཁན། རྡོ་རྗེ་ཐོགས་མེད་ཟེར་བ་ཞིག་ཡོད་པ་དྲན་གྱི་འདུག སྐབས་དེར་ཁོའི་སྐད་ནི་བོད་སྐད་ཡིན་མིན་གྱི་དོགས་པའང་ཟ་མྱོང་།

༡༩༩༧ ལོར་རྒྱ་གར་དུ་འབྱོར་བ་ནས་ཆོལ་ཁ་གསུམ་གྱི་ས་གནས་ཡོངས་ནས་འབྱོར་བའི་བོད་མི་སྐྱབས་བཅོལ་བ་རྣམས་དང་འགྲོགས་འདྲིས་ཀྱིས་ག་ལེར་དབུས་སྐད་དང་ཁམས་སྐད་ཀྱང་མི་གོ་བ་མེད་པར་གྱུར་རྗེས། གོང་བཀོད་རླུང་འཕྲིན་ཁང་དེ་གཉིས་སུ་གསར་འགྱུར་གྱི་ལས་ཀ་བྱེད་མཁན་ཆོལ་གསུམ་ཁ་ནས་ཡིན་པའི་ལས་མི་དག་གི་སྐད་ཆའི་སྒྲ་དག་གསལ་གསུམ་དང་གསར་གནས་ཡི་གེར་བྲིས་པ་སོགས་ལ་དོ་སྣང་ཆེན་པོས་ལྟ་ཉན་བྱས་དང་བྱེད་བཞིན་ཡོད་ལ། མཚམས་དང་སྐབས་མང་པོར་འདོད་པ་མི་ཁེངས་པའི་གནས་དང་སྐབས་མང་དུ་ཡོང་བཞིན་འདུག་ལ། དེ་ནི་ང་གཅིག་པུའི་བསམ་ཕྱོགས་ཙམ་མིན་པར་རླུང་འཕྲིན་གསན་གཟིགས་གནང་མཁན་མང་པོར་ཡོད་པ་ཞིག་རེད།

དེ་རང་མཚན་དཀྱིལ་ཙམ་ཡང་ཡུ་ཊོབ་youtub བརྒྱུད་མདོ་སྨད་ཀྱི་སྐུའི་གྱ་སྟོན་སྐོར་སོགས་ལ་བསྐྱར་ལྟ་བྱས་པ་ཡིན། གྱ་སྟོན་ཉིན་གསུམ་པ་ནི་དམིགས་བསལ་མདོ་སྨད་མི་མང་ཁོ་ནའི་རྒྱས་འཛོམས་ཞིག་ཡིན་ལ། ཉིན་དེར་ཀིརྟི་དགོན་པའི་རྒྱས་འཛོམས་གནང་སར་མི་མང་པོ་མ་ཤོང་བས་ང་ཚོ་མང་པོ་ཞིག་གཙུག་ལག་ཁང་གི་སྒོ་ཁ་ནས་ཞོགས་ཟས་རྒྱ་གར་གྱི་པ་རོན་ཀྲ་རེ་ཟོས་རྗེས་མེག་ལོར་སོགས་སུ་འཁྱམས་ཏེ་ཉིན་མ་བཏང་བ་ཡིན་ལ། ཉིན་གསུམ་པའི་རྒྱས་འཛོམས་དེ་མཐོང་ཐོས་ཡང་དག་ཅིག་བྱུང་སྐལ་ལྡན་མེད།

དེ་བས་དོ་དགོང་གྱ་སྟོན་ཉིན་གསུམ་པའི་རྒྱས་འཛོམས་དེར་དམིགས་ཀྱིས་ལྟ་འདོད་བྱུང་བ་རེད། གྱ་སྟོན་སྐབས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་མདོ་འཛིན་པ་སྐུ་ཞབས་དཔལ་ལྡན་རྒྱལ་ལགས་བཅར་ཏེ་གནས་ཚུལ་མཁོ་གཏོང་བྱེད་བཞིན་པ་དང་། ཉིན་གསུམ་པའི་རྒྱས་འཛོམས་སྐབས་སུ་ཡང་མི་མང་དུ་དཀྱིལ་དང་མཐའ་ནས་སྙན་སྒྲོན་གནང་བ་དང་། ཡང་ན་མི་སྒར་བ་སོགས་ལ་གྱ་སྟོན་སྐོར་གྱི་བསམ་ཚུལ་དྲིས་སོང་། སྐབས་དེར་ཁོས་སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་བཀའ་འདྲི་རེ་གཉིས་ཞུ་སྐབས། རེད་ཡ། ང་ནི་དྲི་བ་དེ་གོ་མ་ཐག་གཟུགས་པོ་ཡོངས་སྤྲིད་སོང་། ལྟད་མོ་དེར་ལྟ་མཁན་ང་རང་ཉིད་གཅིག་པུ་ལས་མེད་ཀྱང་གཟུགས་པོའི་ཤ་སྤྲིད་ཅིང་གདོང་ཡོངས་ཚ་ལམ་ལམ་དུ་གྱུར་སོང་། དེ་ནི་སྐུ་ཞབས་དཔལ་ལྡན་རྒྱལ་གྱིས་ཨ་མ་ལགས་སུ་བཏང་བའི་དྲི་བ་གཉིས་པ་དེ་རེད། “ལ་སོ། ད་་་་་་ཨ་མ་ལ། ༧གོང་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་(ལྕམ་མོ་) ཡིན་པའི་ཆ་ནས་་་་” ཨོ་ཧོ་ཧོ་ཧོ། ཨ་གནམ་རྒན་མ། ཁ་ནོར་སྟངས་དེ་འདྲའི་བཙོག་པ་ལ། དེ་ནས་མར་ལྟ་འདོད་ཀྱི་ཡི་ག་ཡང་འགག་སོང་། དངོས་གནས་ཁ་ནོར་སྟངས་དེ་འདྲའི་བཙོག་པ་ལ། སྐབས་དེར་ཨ་མ་རྗེ་བཙུན་པདྨས་ག་རེ་དགོངས་ཡོད་ན། ངོ་ཚ་བོ་བྱུང་ཡོད་ན། ཡང་ན་སྐད་ཆ་འཛོར་པོ་དེར་ཐུགས་སྣང་བྱུང་མེད་ན། ད་དུང་དེའི་རྗེས་སུ་མུ་མཐོད་ནས་ཁ་ནོར་ཐེབས་ཀི་འདུག མདོ་སྨད་ཚོགས་གཙོའི་ཁ་ནོར་རྗེས་སུ་ཞུས་ཆོག ཧ་ཧ་ཧ

སྤྱིར་སྐད་ཆ་བཤད་དུས་ཁ་ནོར་ཐེབས་ནས་འདྲ་མིན་གསུང་མཁན་མང་པོ་ཡོད་པ་དང་། ཁ་ནོར་ཐེབས་པས་རྐྱེན་བྱས་ཏེ་དགོངས་དག་ཞུ་དགོས་འཁེལ་བའི་མི་ཆེན་དེ་འདྲ་ཡང་བྱུང་མྱོང་ཡོད་པ་མ་ཡིན་ནམ། འོ་རེད། ངས་འདི་ནས་སྐུ་ཞབས་དཔལ་ལྡན་རྒྱལ་གྱིས་དགོངས་དག་ཞུ་དགོས་པ་དང་། ཡང་ན་ཁ་ནོར་འཛོར་བོ་དེར་ངོས་ལེན་བྱེད་དགོས་སོགས་གང་ཡང་ཞུ་གི་མེད། མདོ་འཛིན་པ་རྣམ་པས་ནམ་རྒྱུན་སྐད་ཆ་བཤད་དུས་ཐུགས་སྣང་དེ་འདྲ་མི་གནང་བའི་ཚོར་བ་སྔར་ནས་ཤུགས་ཆེར་ཡོད། དེ་བས། རྣམ་པ་ཚོས་ཁ་ནོར་ཐེབས་པའི་གཟིགས་མོ་འདིར་གསམ་གཟིགས་གནང་རོགས། ཞོར་ནས་མདོ་སྨད་གྱ་སྟོན་རྒྱས་འཛོམས་ཆེན་མོའི་རྣམ་པར་ཡང་བསྐྱར་གཟིགས་གནང་རོགས། དུས་ཁོམ་མེད་མཁན་ཚོས་ཐད་བར་ཡུ་ཊོབ་འདིའི་སྐར་མ་༢༡ གི་མཚམས་ནས་ཁ་ནོར་ཐེབས་སྟངས་དེར་གཟིགས་ཐུབ། དེ་ནས་གད་མོ་དགོད་པ་ལས་གཞན་ཅང་གནང་གི་མ་འདུག་རོགས།

https://www.youtube.com/watch?v=BEDljH3b2U8

སྐུ་ཞབས་དཔལ་ལྡན་རྒྱལ་ལགས་ལ་ངས་འདི་ནས་ཁྱེད་ཀྱིས་ཁ་ནོར་ཐེབས་པ་དེ་འདིར་གསལ་བོ་བཟོས་པར་དགོངས་དག་ཞུ། ཐུགས་ལ་མི་གནོད་པར་རྗེས་ཕྱོགས་གསར་འགྱུར་རྒྱང་སྲིང་གནང་མཁན་ཚང་མས་གསལ་དག་སྙན་གསུམ་གྱིས་གསར་འགྱུར་རྒྱང་སྲིང་གནང་རོགས་ཞུ།

སྣ་ཚོགས།

Post navigation

Previous Post: ཡོངས་ཁྱབ་གཞེན་བསྐུལ་གསལ་བསྒྲགས།
Next Post: ༢༠༡༥ ལོའི་ཞི་བདེ་གཟེངས་རྟགས།

Comments (19) on “ཁ་ནོར་འདི་འདྲ་ངོ་ཚ་བོ་འདུག”

  1. ཀླུ་སྨྱོན། says:
    2015-10-15 at 12:14 am

    ལྕམ་སྲིང་ནི་སྲིང་མོ་ལ་གོ་བས་ལྕམ་སྲིང་ཞེས་བོས་ཡོད་སྲིད།

  2. རང་བྱུང་རིག་པའི་རྡོ་རྗེ says:
    2015-10-15 at 12:34 am

    འདི་འདྲའི་རིགས་ལ་དགོངས་སེལ་མ་ཞུས་ན་ལེགས། གང་ཡིན་ཞེ་ན་མི་སུ་ཡིན་རུང་ཁ་ནོར་བ་ཤེས་ཀྱི་རེད་ལ་ནོར་ཡང་སྲིད་པ་ཞིག་རེད། དགོང་དག་ཞུ་ན་བྱ་བ་ཆུང་ཚག་ཅིག་ཆེར་བཏང་བ་ལྟ་བུ་རེད། གླེང་རིན་མེད་པ་ཞིག་གླེང་འདུག ཁ་མི་ནོར་མཁན་ཞིག་སུ་ཡོད། དེ་བས་འདི་འདྲའི་རིགས་ནམ་ཡང་མ་གླེང་ན་ལེགས། །

  3. རིག་པའི་འོད་སྣང་། says:
    2015-10-15 at 1:59 am

    ཁ་ནོར་ཐེབས་ཚུལ་ལ་དགོངས་དག་ཞུ་དགོས་ན་དགོངས་དག་ཞུ་ཚོད་ཡོད་རྒྱུ་མ་རེད།

  4. ཧམ་ཆེན says:
    2015-10-15 at 2:10 am

    སོ་སོས་ལག་པས་བྲིས་པའི་ཡི་གེའི་དག་ཆ་ག་ཚོད་ནོར་འདུག ཨ་མདོ་བ་འདི་ཚོས་ཨ་མདོ་བ་རང་མི་མ་གཏོགས་གཞན་ཁམས་པའི་མི་དེ་ག་ཚོད་ཚད་ལས་བརྒལ་བའི་ལས་ཀ་བྱས་ནའང་བཤད་ཕོད་ཀྱི་མེད། དེ་ནི་མཐུན་འབྲེལ་ལ་བསམ་བློ་བཏང་བ་མིན སྐྲག་ནས་བཤད་མ་ཕོད་པ་པ་རེད ང་ནི་དངོས་གནས་ཨ་མདོའི་མིས་ལས་ཀ་དང་སྐད་ཆ་བཤད་སྟངས་ལ་ཞེན་པ་ལོག་སོང་་་་

  5. གཅན བཟོད་རྒྱམ། says:
    2015-10-15 at 5:11 am

    མི་ཞིག་གིས་བྲིས་རྗེས་དེར་བསམ་བློ་ཅུང་ཙམ་བཏང་སྟེ་མཆན་བུ་འགོད་རོགས་ཞུ། སྤྱིར་ངས་འདིར་དགོངས་དག་ཞུ་དགོས་ཞེས་ཟེར་གི་མེད།་དེ་གསལ་བོར་བྲིས་ཡོད།་འོན་ཀྱང་ཁ་ནོར་ཐེབས་པར་དགོངས་དག་ཞུས་མྱོང་མཁན་དེ་འདྲ་ཡོད་པ་རེད། དེ་ཁྱེད་ཚོར་རང་རེའི་བཙན་བྱོལ་སྤྱི་ཚོགས་འདི་ལ་རྒྱུས་མངའ་ཅུང་ཙམ་ཡོད་ན་གོ་ཏོས་ཡོད་ཚོད་ལ། མེད་ན་ནི་དེ་ལྟར་བསམ་ཆོག
    ཁ་ནོར་ཐེབས་པར་དགོངས་དག་ཞུ་དགོས་ས་ཞིག་དང་ཞུ་དགོས་པ་ཞིག་པ་དགོངས་དག་ཞུ་མི་དགོས་པ་གང་ཡོད། དགོས་ཀྱི་རེད། དེ་མ་ཞུ་ན་མཐོ་ས་ཞིག་ལ་མཚན་དམོད་དང་དམའ་ས་ཞིག་ལ་མཐོང་གི་འགྲོ་གི་མ་རེད་དམ།
    དེ་ལྟ་མ་གོ་མ་ཤེས་ཁུལ་བྱས་ནས་བཞག་བཞག་པས་རང་རེའི་སྤྱི་ཚོགས་འདི་འདི་ལྟ་བུའི་གུ་ཡངས་མདོག་ལ་དོན་གྱིས་གུ་དོག་པོ་ཞིག་ཆགས་བསྡད་པ་དེ་རེད།
    ཨོ་ཡ།
    ལྕམ་མོ་ནི་ལྕམ་སྲིང་ལ་གོ་བ་དེ་མདོ་སྨད་ཕྱོགས་ལ་ཡོད་མེད་ངས་མི་ཤེས། ཀླུ་སྨྱོན་གྱིས་ཤེས་ན་ད་དུང་གསལ་ཙམ་གསུང་རོགས། སྤྱིར་བོད་སྐད་ཀྱི་སྤྱི་འགྲོས་ལ་ལྕམ་མོ་ནི་ཅི་ཞིག་རེད་དམ། ངས་གོང་བཀོད་ཁ་ནོར་དཔེ་བརྗོད་འདི་གསལ་བོར་ཞུ་མི་སྤོབས་ཀི

  6. ཨ། says:
    2015-10-15 at 5:12 am

    ཟེར་ནོར་ཉན་ནོར་གང་ཡིན་ནམ། ལྕམ་མོ་གཅུང་མོའི་ཁྱད་ལ་ལྟོས། གལ་སྲིད་ལྕམ་མོ་ལབ་འདུག་ཀྱང་། སྲིང་མོའི་ཞེ་ས་ལྕམ་མོར་སོམས།

  7. གཅན བཟོད་རྒྱམ། says:
    2015-10-15 at 5:16 am

    མཆཉ་བུ་གཉིས་པའི་གདོངས་ཚུལ་ལ་མོས་མཐུན་ཡོད། འོན་ཀྱང་ངས་འདིར་བཀོད་དོན་ནི་གཅིག་ནས་རྩེད་མཚར་དང་གཉིས་ནས་དོ་སྣང་གི་ཆེད་དུ་ཡིན། གཞན་དགོངས་སེལ་ཞུ་དགོས་ཞེས་པའི་དོན་མིན་པ་གོང་དུ་གསལ་བོར་བྲིས་ཡོད་ལགས།
    ཁ་ནོར་དེའི་རྗེས་སུ་མུ་མཐུད་ནས་འདྲི་མཁན་དང་བཤད་མཁན་མང་པོས་ཁ་ནོར་རྟ་ལུད་གཏོང་གཏང་བྱས་སོང་མོད། གླེང་རིན་མེད་པ་ཞིག་གླེང་དགོས་དོན་མི་འདུག་སྙམ།
    གླེང་ཟིན་པ་དེ་རྩེད་མཚར་གྱི་ཚུལ་དུ་ཡིན་པ་གོང་ནས་ཀྱང་བྲིས་ཡོད།

  8. གཅན བཟོད་རྒྱམ། says:
    2015-10-15 at 5:18 am

    ངས་ཀྱང་གསན་ནོར་ཐེབས་མེད་པའི་ཆེད་དུ་དྲ་ཐག་བཞག་ཡོད། དེར་གསན་གཟིག་གནང་རྗེས་བསམ་ཚུལ་གསུང་རོགས། སྲིང་མོ་ལ་ལྕམ་མོ་ཟེར་སྲོལ་ཞིག་ཡོད་ན་གང་ཤེས། གཅུང་མོ་ཟེར་བ་ནི་བོད་ལ་ཡོངས་གྲགས་རེད། དེ་མིན་ལྕམ་ཟེར་ན་་་་་་་་་་ ཟེར་བ་ལས་དོན་གཞན་ཞིག་ལ་གོ་སྲོལ་ཨེ་ཡོད་དམ་སྙམ།

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-15 at 5:31 am

    གསལ་འགྱུར་བཤད་མཁན་ཅིག་གི་ངོས་ནས་བཤད་ན་ཁ་མ་ནོར་བ་བྱ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ད་ལན་གཅན་བཟོད་རྒྱམ་གྱིས་རྩེད་མཚར་འདི་དྲན་སྐུལ་རེད། ཡག་པོ་འདུག་ལ་ཉན་ཤེས་མཁན་ཅིག་ཡིན་ན་ཁེ་སང་ཡོད། མ་གཞི་ཨ་རི་ན་བོད་པའི་རླུང་འཕྲིན་ཁང་ནང་ཕྱག་ལས་གནང་མཁན་དེ་ཚོས་གསར་འགྱུར་མཁོ་སྒྲུབ་འདི་ཞ་ཞོར་དུ་ལས་ཀ་འདྲ་མིན་ནམ། བཤད་སྟངས་དང་ཡིག་བསྒྱུར་སོགས་གང་ཐད་ནས་སྐྱོ་བའི་ཁར་རླུང་འཕྲིན་ཁང་གི་ལས་བྱེད་འདེམས་སྒྲུབ་ལ་བསམ་དུས་བཀས་བཀོད་རིང་ལུགས་འོག་འགྲོ་ཀི་ཡོད་པ་དྭོགས་གཞི་ཆེན་པོ་ཡོད། དེར་བརྟེན་ཤེས་ཡོན་དང་གསར་འགོད་སོགས་ཉམས་མྱོང་ལ་གཟིགས་ཀྱི་ཨེ་ཡོད་དམ།

  10. རྨུ་ཐག་གི་བུ་རྒྱུད། says:
    2015-10-15 at 6:02 am

    ང་ནི་སྔོན་མ་ནས་འདི་ཚོ་ལ་ཡིད་ཐང་ཆད་ཚར། འདིའི་སྐོར་ལ་རྩོམ་ཡིག་འགའ་རེའང་བྲིས་ཡོད། ད་ཡང་ཁོམ་སྐབས་ཤིག་ལ་ཅིག་འབྲི་འདོད་ཡོད།

  11. དྲང་བདེན says:
    2015-10-15 at 11:09 am

    ཡིག་རྙིང་ལ་རྩ་བ་ནས་བལྟས་མྱོང་མེད་པ་འདྲ་་་་སྲིང་མོ་ལ་་ལྕ་སྲིང་དང་ལྕམ་དྲལ་་ལྕམ་མོ་སོགས་ག་ཚོད་དགོས་རགས་རེད་

  12. ལྷ།བྱ་འཕུར་མ། says:
    2015-10-15 at 3:46 pm

    ངས་སྐད་ཆ་དྲང་མོ་བཤད་ན་ཨེ་ཤ་ཡ་རླུང་འཕྲིན་ཁང་གི་གསར་འགྱུར་ཟེར་བ་ཕལ་ཆེར་ལོ་རེའི་ནང་ཐེངས་བཅུ་མ་གཏོགས་ལྟ་ཉན་བྱེད་མེད། ཨེ་ཤ་ཡ་རླུང་འཕྲིན་ཁང་གིས་རླུང་འཕྲིན་གསར་འགྱུར་ནས་དྲ་ཐོག་གསར་འགྱུར། དེ་ནས་བརྙན་ཐུང་གསར་འགྱུར་བཅས་ཡར་རྒྱས་ཆེན་པོ་ཕྱིན་འདུག རླུང་འཕྲིན་ཁང་གི་དྲ་ཚུགས་གསར་འགྱུར་ལ་ལྟ་དུས་ཕལ་ཆེར་གསར་འགོད་པ་ཚོས་གླ་ཆ་ལེན་པ་མ་གཏོགས་ཡིག་ནོར་ཡ་མེད་གཏོང་གི་ཡོད་པའི་ཚོར་སྣང་བྱུང་པས་ཡིད་ཆད་དེ་ཉན་ཀློག་བྱེད་ཀྱི་མེད།

    གཅན་བཟོད་རྒྱམ་ལགས་ཀྱིས་བཤད་པ་ལྟར་ཐད་ཀར་ཙི་ཙི་དེ་བརྙན་ཐུང་དེའི་སྐར་མ་ཉེར་གཅིག་ཐོག་ཏུ་བསྣན་ནས་ཉན་པ་ཡིན། ང་རང་ཉན་ནོར་བྱུང་མེད་ན་གསར་འགོད་པ་དཔལ་ལྡན་རྒྱལ་ལགས་ཀྱིས་ཨ་མ་ལགས་སྐུའི་( ལྕམ་མོ་)ཡིན་པའི་ཆ་ནས་ཟེར་དུས་ངའི་དབང་བོ་ཡོད་ཚད་སྤྲིད་སོང་།གཅན་བཟོད་རྒྱམ་ལགས་ཁག་མི་འདུག གསར་འགོད་པ་ཁ་ནོར་ཐེབས་ཏེ་མི་མང་པོས་སྤྲིད་བཅུག་ཡོད་ཤག

    གསར་འགོད་པ་ལགས་བརྙན་ཐུང་འདིའི་ནང་གི་ཁ་ནོར་དེ་ཕྱིར་བསྡུ་བཅོས་སྒྲིག་བྱས་ན་ཡག་པོ་འདུག ད་ལྟ་བཅོས་སྒྲིག་བྱས་ན་སྔ་མེད་ན་རྗེས་ལུས་ཐེབས་མེད་བསམ།

  13. དཔལ་ལྡན་རྒྱལ། says:
    2015-10-15 at 10:33 pm

    གཅན་བཟོད་རྒྱམ་ལགས། དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ།
    ལྕམ་མོ་ཟེར་བའི་ཚིག་དེ་གོ་མ་ཐག་ཁྱེད་ཀྱི་གཟུགས་པོ་ཡོངས་སྤྲིད་དགོས་དོན་ཆེན་པོ་མི་འདུག་སྙམ།
    བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ལྕམ་མོ་ནི། སྲིང་མོ་དང་ཆུང་མའི་ཞེ་ས་ཞེས་འགྲེལ་བརྗོད་གནང་འདུག་ལ།
    དག་ཡིག་གསར་བསྒྲིགས་ལས། ལྕམ་ནི་སྲིང་མོ་ཡི་མིང་གཞན་ཞེས་འགྲེལ་བརྗོད་གནང་འདུག

  14. ཆོས་ཉིད་འོད་ཟེར། says:
    2015-10-16 at 12:43 am

    ལྕམ་མོ་ནི་མཚམས་རེར་ཆུང་མ་དང་། མཚམས་རེར་སྲིང་མོ་ལ་གོ་རེད། བརྗོད་གཞི་དང་སྐབས་དུས་ཀྱི་གོ་སྟངས་རེད།

  15. རོང་པོ་འཇོ་ན་ནས says:
    2015-10-16 at 12:54 am

    ང་ཉིན་ཤས་གུང་སེང་ལ་ཡོད་པས་འདིར་དྲ་ལམ་སྐྱོ་བས་དྲ་དེབ་ཀློག་ཡ་ཁག་པོ་འདུག་པས་ཐེང་ཤས་ཀློག་ཐབས་བྱས་པས་དེ་རིང་ཀློག་ཐབས་ཙམ་བྱུང་། སྤྱིར་གསར་འགོད་པས་ཁ་ནོར་དང་ཚིག་ནོར་ཤོག་མི་ཉན་པ་གལ་ཆེན་རེད་དེ་ཆུང་ཆུང་ཞིག་ཆེན་པོ་བཟོ་ཡ་ལ་འབད་པ་ནི་ཡག་པོ་མ་རེད། དེ་ལ་བྲན་གཡོག་གཤིས་ཀའི་བསམ་བློ་ཟེར་བ་དེ་རེད། ཧཧཧཧཧ

  16. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-16 at 4:06 am

    དཔལ་ལྡན་རྒྱལ་ལགས།
    ཨ་རི་ན་བོད་སྐད་རླུང་འཕྲིན་ཁང་དུ<> དང་<> ཡོད་ན་དཔེ་སྒམ་ནང་མ་འཇོག་ནས་མང་ཙམ་ཀློག་རོགས་མ་གཏོགས་གསལ་འགོད་གསར་བསྒྲགས་སོགས་ལ་ཡིག་ནོར་མང་དུ་འགྲོ་ཡི་འདུག་ལགས།། མ་གཞི་གསར་སྒྲུབ་ལས་ཀ་དེ་ཞོར་ལས་ཡིན་ན་ཁག་མེད་དགོངས་དག་ཞུ།།

  17. དཔལ་ལྡན། says:
    2015-10-16 at 10:41 am

    གཅན་བཟོད་རྒྱམ་ལགས་ཀྱི་གཟུགས་པོ་སྦྲིད་ནོ་ཁག་ཡོད་རྒྱུ་མ་རེད། མདོ་སྨད་ཕྱོགས་ནས་ཞེ་ས་མང་པོ་མི་རྒྱག་པ་དང་། ལྷག་པར་བརྡ་རྙིང་པ་ནི་གཅིག་རེ་གཉིས་རེ་མ་གཏོགས་ཤེས་རྒྱུ་མ་རེད། ལྕམ་མོ་ནི་སྲིང་མོ་དང་ཆུང་མའི་ཞེ་ས་རེད་འདུག་སེམས་ཁྲལ་མ་བྱེད།

  18. གཅན བཟོད་རྒྱམ། says:
    2015-10-16 at 1:33 pm

    སྐུ་ཞབས་དཔལ་ལྡན་རྒྱལ་གྱིས་གསལ་བཤད་དང་དག་འབུད་གནང་བར་དགའ་བསུ་ཞུ། མ་གཞི་ནས་འུ་ཚོའི་སྤྱི་ཚོགས་ནང་ན་ཚིག་དང་དོན་ལ་ལྷན་པ་རྒྱག་རྒྱུར་གོམས་པ་དང་མཁས་པ་མང་པོ་ཡོད་པ་ངའི་མི་ལོ་༡༨ རིང་གི་ཉམས་མྱོང་ཡིན།
    དྲང་བདེན་ལགས། ངས་བརྡ་རྙིང་མི་ཤེས་ལ། མཚམས་འདིར་ཚིག་མཛོད་ནང་གི་བརྡ་རྙིང་ཞིག་ཆེད་དུ་མི་མང་གི་མགོ་རྨོངས་བྱེད་དུ་འདིར་བེད་སྤྱོད་གཏོང་དགོས་དོན་ཨེ་ཡོད་ན། བརྙན་ཐུང་དེའི་སྐད་མ་༢༡ ནས་མར་མུ་མཐུད་ནས་ཁ་ནོར་(ངའི་འདོད་པ་ཡིན )ཐེབས་པ་ཅི་ཙམ་འདུག དེ་དག་ཀྱང་བརྡ་རྙིང་དུ་སོམས་ལ་མུ་མཐུད་ནས་བེད་སྤྱོད་གནང་རོགས། བརྙན་ཐུང་འདིར་ཁ ནོར་རམ་རྐང་བཙུག་ནས་བརྡ་རྙིང་བེད་སྤྱད་པ་ཡིན་པར་ཆ་ཞོག ད་དུང་གཞན་དག་ནའང་མང་དུ་ཡོད་ཀྱང་བརྡ་རྙིང་ཡིན་པར་ཆ་འཇོག་མི་ནུས་ཀྱང་ཁྱེད་ཅག་གི་དགོངས་པར་མཐུན་སྣང་དུ་འཇོག་པར་བྱའོ།། ཡ་ཡ།

    དྲ་གྲོགས་མང་པོས་ཟེར་བ་བཞིན་ཆུང་ཆུང་ཡིན་པར་ཆ་བཞག་ནས་ཆེན་པོ་མི་བཟོ་ལགས།

  19. དཔལ་ལྡན་རྒྱལ says:
    2015-10-17 at 11:12 am

    ང་ཚོའི་སྤྱི་ཚོགས་ཁྲོད་གང་ཟག་སུ་རུང་ཞིག་་གིས། ༧གོང་ས་མཆོག་དང་འབྲེལ་ཡོད་ཀྱི་ནོར་འཁྲུལ། ཁ་ནོར་དང་ཚིག་ནོར། ཡང་ན་ཞེ་ས་རྒྱག་མ་ཤེས་པ་ཙམ་མཐོང་ཐོས་བྱུང་བ་ཡིན་ན། མི་ཁག་ཅིག་གིས་ཤེས་བཞིན་དུ་གང་ཟག་དེ་འཇོམས་བྱེད་ཀྱི་ལག་ཆ་ཡག་པོ་ཞིག་རག་སོང་བསམ་ནས་སྤྱི་ཚོགས་ཁྲོད་དཀྲམ་གང་ཐུབ་བྱེད་ངེས་ཡིན།
    གཅན་བཟོད་རྒྱམ་ལགས། ངས་ཁྱེད་ཉིད་གང་ཟག་དེའི་གྲས་ཡིན་པར་ཡིད་ཆེས་བྱེད་ཀྱིན་མེད།
    ངའི་ཉམས་མྱོང་ལས་་ཤེས་རྟོགས་བྱུང་བ་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་འཇོན་གཉིས་ལྡན་གྱི་མི་ཁག་ཅིག་གིས་ཐབས་རྩལ་འདི་བེད་སྤྱོད་གཏོང་ནས་འཆར་གཞི་ལྡན་པའི་ངང་གང་ཟག་གང་རུང་ཞིག་ལ་མིང་འཆལ་བཟོ་བཞིན་ཡོད་ལ། མི་དེ་དག་བོད་ཀྱི་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་པ་མ་ཟད། བོད་མི་དབྱིངས་ཀྱི་བསམ་བློ་འཁོར་བསྐྱོད་ཀྱི་འགྲོས་ལའང་ཧ་ཅང་རྒྱུས་མངའ་ཆེ། དེར་བརྟེན་ཁོང་ཚོས་ཐབས་རྩལ་འདིིའི་བྱེད་ནུས་གསལ་བོར་ཤེས་ཡོད། ཁོང་ཚོས་ཐབས་རྩལ་འདི་བདེ་སྤྱད་གཏོང་སྐབས་འཆར་གཞི་ལྡན་པའི་ངང་ལག་བསྟར་བྱེད་ངེས་ཡིན། གང་ཟག་འདིའི་གྲས་ཀྱིས་བེད་སྤྱོད་གཏོང་བཞིན་པའི་ཐབས་རྩལ་འདི་ལ་ཡ་ལན་སྤྲོད་རྒྱུ་མེད་པ་ངའི་ཉམས་མྱོང་ལས་གསལ་བོར་ཤེས་ཡོད།
    གཅན་བཟོད་རྒྱམ་ལགས། ངས་ཁྱེད་ཉིད་ལ་ཡ་ལན་སྤྲད་དོན་ནི། ཁྱེད་ཉིད་གང་ཟག་འདིའི་གྲས་ཡིན་པར་ང་རང་ཡིད་ཆེས་མེད་པས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme