Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་ན་ཊའི་ཝན་ཁོ་ཝར་གྲོང་ཁྱེར་དུ་ནང་པའི་དུས་སྟོན་ཐེངས་གསུམ་པ་ཚུགས་པ།

Posted on 2017-06-112017-06-12 By ཁ་བརྡ་ 2 Comments on ཁ་ན་ཊའི་ཝན་ཁོ་ཝར་གྲོང་ཁྱེར་དུ་ནང་པའི་དུས་སྟོན་ཐེངས་གསུམ་པ་ཚུགས་པ།

Tsendok 2

འདི་ལོའི་ས་ག་ཟླ་བའི་ཚེས་ ༤  ཉིན་དང་། སྤྱི་ཟླ་ ༥ ཚེས་ ༢༨ ཉིན་ཁེ་ན་ཊའི་ནུབ་ཕྱོགས་མཚོ་རྒྱུད་ཀྱི་མངའ་སྡེ་ British Columbia ཡི་ཝན་ཁོ་ཝར་ Vancauver གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ནང་པ་ཐུན་མོང་གི་ངོས་ནས་སངས་རྒྱས་རྗེས་དྲན་གྱི་དུས་སྟོན་ཐེངས་གསུམ་པ་ཚུགས་ཡོད་པ་རེད།

ད་ལོའི་ནང་པའི་དུས་སྟོན་འདིར། ཝ་ར་ན་སིར་རྟེན་གཞི་བྱས་ཡོད་པའི་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་དབུ་བླ་དང་། སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་རྣམ་གཉིས་ཆེད་ཕེབས་གནངས་ཡོད་པ་དང་། མངའ་སྡེ་འདིའི་ནང་གི་ནང་པའི་དགོན་པ་ཁག་དང་ཆོས་ཚོགས་ཁག་གི་དབུ་འཛིན་རྣམ་པ་དང་། དགེ་འདུན་པ་དང་བཙུན་མ། སྔགས་པ་བཅས་བརྒྱ་ཕྲག་བརྒལ་བ་དང་མི་དམངས་ཆིག་ཁྲི་བརྒལ་བ་མཉམ་ཞུགས་བྱས་ཡོད་པ་རེད།

དམིགས་བསལ་གྱི་རིམ་པ་ཞིག་ལ།  ཁེ་ན་ཊའི་སྲིད་བློན་མཆོག་ད་ལོའི་དུས་སྟོན་ཐོག་དངོས་སུ་ཕེབས་འཆར་ཡོད་པ་སྐབས་མཚམས་སུ་བྲེལ་བ་ཆགས་པའི་དབང་གིས་སྲིད་བློན་གྱི་སྐུ་ཚབ་ཅིག་ཆེད་མངགས་གནངས་ཡོད་པ་དང་། དེ་བཞིན་ British Columbia མངའ་སྡེ་གཞུང་གི་རིག་གཞུང་བློན་ཆེན། ཝན་ཁོ་ཝར་ Vancauver གྲོང་ཁྱེར་གྱི་ཉེན་རྟོག་དཔོན་གྱིས་མཚོན་པའི་གནད་ཡོད་མི་སྣ་ཁག་ཅིག་བཅས་ཆེད་དུ་མཉམ་ཞུགས་གནང་ཡོད་ཅིང་། མངའ་སྡེ་གཞུང་གི་ B.C. Provincial Government ཡིས་གཞུང་འབྲེལ་ནང་པའི་དུས་སྟོན་ B.C. Buddhist Festival ཞེས་མངའ་སྡེ་གཞུང་གི་གཞུང་འབྲེལ་དུས་སྟོན་ཁོངས་སུ་ངོས་བཞེས་གནངས་ཡོད་པ་རེད།

སྤྱི་ཟླ་ ༥ ཚེས་ ༢༨ ཉིན་ལ་མཚོན་ན། ཁ་ན་ཊའི་ནུབ་རྒྱུད་དུ་ཆགས་ཡོད་པའི་གྲོང་ཁྱེར་གྲགས་ཅན་ཝན་ཁོ་ཝར་གྱི་གནམ་གཤིས་ཧ་ཅང་ལེགས་ཤིང་། ས་གནས་འདིར་གཏན་སྡོད་བྱེད་མཁན་གྱི་མི་དམངས་དང་འཛམ་གླིང་ཡུལ་ཕྱོགས་གཞན་ནས་ལྟ་སྐོར་དུ་ཡོང་མཁན་རྣམ་པ་བཅས་ཀྱི་གདོང་ལ་དགའ་སྣང་གི་འཛུམ་མདངས་དམིགས་བསལ་བ་ཞིག་མངོན་འདུག གནམ་གཤིས་ལེགས་ཤིང་མི་རྣམས་སྤྲོ་སྐྱིད་ཀྱི་དུས་བཟང་འདིར། སྦི་སི་ནང་པའི་དུས་སྟོན་(B.C. Buddhist Festival) ཐེངས་གསུམ་པ་དེ་རྩེ་སྒྲོལ་གླིང་ཀ་(Tisdall Park) རུ་ཚུགས་ཡོད་པ་དང་། ཚུགས་ཡུལ་དེ་ནི་གྲོང་ཁྱེར་འདིའི་ནང་གི་ས་འོག་མེ་འཁོར་དང་། སྤྱི་སྤྱོད་འགྲུལ་འཁོར་གང་ཞིག་བརྒྱུད་ནའང་ཧ་ཅང་སྟབས་བདེ་ཞིང་། མཛེས་ལྗོངས་ཧ་ཅང་ལེགས་པའི་གླིང་ག་ཞིག་རེད། ནང་པའི་མི་རིགས་ཕན་ཚུན་ལ་རང་རང་གི་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ངོ་སྤྲོད་བྱེད་རེས་དང་། ནང་པའི་རིག་གནས་དང་ཡུལ་ལུང་རིག་གནས་ཀྱི་ཁྱས་ཆོས་ལྡན་པའི་མཆོད་གཤོམ་དང་། མཆོད་རྫས། རི་མོ་དང་ཡི་གེའི་སྒྱུ་རྕལ་ངོ་སྤྲོད་འགྲེམས་སྟོན་གྱི་རྣམ་པ་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་རེད། ལྷར་པར་དུ། དུས་སྟོན་རྩ་ཚིག་ལ་༼སྟོན་པ་གཅིག རྒྱུད་པ་མང་པོ། One Buddha, many traddition༽ཞེས་བཀོད་ཡོད་པ་དེ་ནི། ནང་པ་ཐུན་མོང་གིས་ཐུན་མོང་གི་གོམ་སྟབས་བསྒྱུར་བའི་སྒོ་མོ་ཆེན་པོ་ཞིག་ཕྱེས་པ་དང་མཚུངས་པ་ཞིག་རེད་ཅེས་བསྔགས་བརྗོད་བྱེད་མཁན་མང་པོ་འདུག

Tsendok 1ནང་པའི་དུས་སྟོན་ཐེངས་གསུམ་པ་འདིར། མངའ་སྡེ་འདིའི་ནང་རྟེན་གཞི་བྱས་ཡོད་པའི་རྒྱལ་ཁབ་ ༡༦ ལྷག་གི་ནང་པའི་དགོན་པ་དང་ཆོས་ཚོགས་ ༥༦ ཙམ་དང་། མི་གྲངས་ཆིག་ཁྲི་ལྔ་སྟོང་ལྷག་མཉམ་འཛོམས་ཀྱིས་ཆོས་བརྒྱུད་རང་རང་གི་ལུགས་ཀྱིས་སྨོན་ལམ་གསུང་འདོན་གྱི་མཛད་རིམ་དང་། ཆོས་བརྒྱུད་ཁག་གི་དབུ་བླ་དགེ་འདུན་པ་རྣམས་མཉམ་འཛོམས་ཀྱིས་ཆོས་ཀྱི་བགྲོ་གླེང་ཚུགས་པ། ནང་པའི་ཡུལ་ལུང་དང་མི་རིགས་སོ་སོའི་རིག་གཞུང་འཁྲབ་སྟོན། ཆོས་བརྒྱུད་ཁག་གི་ཆོ་ག་ཕྱག་ལེན་དང་འབྲེལ་བའི་འགྲེམ་སྟོན། ནང་པ་དང་ནང་པའི་ཡུལ་ལུང་ཁག་གི་རི་མོའི་བརྩམས་ཆོས་བཤམས་སྟོན། སྟོན་པའི་སྐུ་བརྙན་ལ་ཁྲུས་གསོལ་འབུལ་བ། ནང་པའི་རིག་གནས་དང་འབྲེལ་བའི་མཆོད་ཆས་ཉོ་བླུ། ཆོས་ཀྱི་རོལ་དབྱངས་དང་སྒོམ་གྱི་ཉམས་ལེན་འགྲེལ་བརྗོད། བྱིས་པར་དམིགས་པའི་རྩེད་ར་བཅས་བྱེད་སྒོ་སྣེ་མང་ཞིག་གོ་སྒྲིག་བསྐྱངས་ཡོད།

ནང་པའི་དུས་སྟོན་འདི་ཐོག་མར་དབུ་འཛུགས་གནང་མཁན་དང་སྐབས་དང་པོ་ནས་གསུམ་པ་བར་གྱི་གཙོ་སྐྱོང་བ་ནི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་ཁོངས་རྗེ་ཀླུ་འབུམ་ཁང་ཚན་གྱི་མཚན་སྒྲོགས་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་ཡིན་པ་དང་། ཁོང་གིས་གསུངས་པ་ལྟར་ན། Tsendok 3དུས་སྟོན་འདི་ནི། གཙོ་བོ་དེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཆོས་བརྒྱུད་ཁག་ཚང་མ་ལྟ་གྲུབ་ཀྱི་ཆ་ནས་གཅིག་གྱུར་མིན་ནའང་། བྱམས་བརྩེ་ཉམས་ལེན་དང་གོང་སྤེལ་བྱེད་མཁན་གྱི་ཆ་ནས་གཅིག་གྱུར་ཡིན་པའི་ཆ་ནས་མཐུན་སྒྲིལ་མཉམ་གནས་བྱེད་དགོས་པའི་དགོངས་པ་རྒྱ་ཆེར་བཞེས་གནངས་པ་དང་ཆབས་ཅིག ཁོང་གིས་དངོས་སུ་ཉམས་བཞེས་གནང་གི་ཡོད་པ་དང་། འཛམ་གླིང་ཤར་ནུབ་ཁག་ལ་ཕེབས་སྐབས་སུ་དེ་འབྲེལ་གྱི་བཀའ་སློབ་ལམ་སྟོན་གནངས་དང་གནངས་བཞིན་པ་རེད། དེར་བརྟེན། ང་རང་གི་བསམ་པར། ང་ཚོས་རང་རང་གི་ཐག་ཉེ་ན་ཡོད་པའི་རང་རིགས་ནང་པ་ཚོས་ཕན་ཚུན་ངོ་ཤེས་པ་དང་། ལྷག་པར་དུ་དགོན་པ་དང་ཆོས་ཚོགས་ཁག་བར་འབྲེལ་ལམ་བཙུགས་ནས་ནང་པའི་ཆོས་བརྒྱུད་ཁག་བར་མཐུན་ལམ་དང་རྒྱུས་ལོན་དང་མཉམ་འཛོམས་ཀྱི་གོ་སྐབས་མང་བ་ཞིག་ཡོང་བ་བྱས་ཏེ། རིམ་པས་ཉམས་ལེན་དང་སློབ་གཉེར་སོགས་ལ་ཐུན་མོང་གི་གོ་སྐབས་དང་ནུས་པ་འདོན་པ་སོགས་ལ་དམིགས་ནས་བཙུགས་པ་དང་། རིམ་པས་ནང་པ་ཐུན་མོང་གི་ངོས་ནས་ལས་གཞི་རྒྱ་ཆེ་བའི་ལས་གཞི་དེ་འདྲ་སྤེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ལས་གཞི་རྒྱ་ཆེ་ཙམ་སྤེལ་ཐུབ་པ་ཡིན་ན། ནང་པའི་སྤྱི་ཚོགས་དང་སྤྱི་ཚོགས་གཞན་ནང་འཕྲོན་བསྟེན་ཞབས་ཞུ་དང་། སློབ་གཉེར་མཐུན་འགྱུར་གྱི་ཞབས་ཞུ་སོགས་ལས་ཀ་ལས་རྒྱུ་མང་པོ་ཞིག་ཡོད་པར་མཐོང་གི་ཡོད། དེ་གཅིག་རེད། ད་ལྟ་ང་ཚོའི་ནང་པའི་དུས་སྟོན་འདི་ས་གནས་འདིར་སྡོད་མཁན་གྱི་ནང་པའི་མི་རིགས་དཔེར་ན། རྒྱ་གར། བོད། རྒྱ་ནག སོག་པོ། ཁོ་རི་ཡ། འཇར་པན། ཝེ་ཐི་ནམ། འབར་མ་སོགས་མི་རིགས་དང་ཡུལ་ལུང་། རྒྱལ་ཁབ་མི་འདྲ་བའི་ནང་པའི་མི་མང་ཕན་ཚུན་བར་རྒྱུས་ལོན་བྱེད་པའི་འདུ་འཛོམས་དམིགས་བསལ་བ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དེ་བཞིན་ནམ་རྒྱུན་ནས་ཆོས་ཚོགས་ཕན་ཚུན་བར་འབྲེལ་ལམ་དང་། མཉམ་ཞུགས་སོགས་ཀྱང་སྔར་ལས་ཇེ་མང་དུ་འགྲོ་བཞིན་པ་ཞིག་ཆགས་ཀྱི་འདུག གང་ལྟར། སངས་རྒྱས་རྗེས་དྲན་གྱི་ནང་པའི་དུས་སྟོན་འདི་བརྒྱུད་ནས་ནང་པ་ཕན་ཚུན་ངོ་ཤེས་པ་དང་ཕན་ཚུན་རྒྱུས་ལོན་བྱེད་པ། ཕན་ཚུན་རིག་གནས་དང་ཆོས་ཀྱི་བགྲོ་གླེང་ལ་མཉམ་ཞུགས་བྱེད་པ་སོགས་ལ་ཤུགས་རྐྱེན་གསར་པ་ཞིག་ཐེབས་ཀྱི་ཡོད་པ་རེད་འདུག

Tsendo 4དེ་ཡང་། ནང་པའི་དུས་སྟོན་འདིའི་བྱུང་རིམ་བསྡུས་ཙམ་ཞུས་ན། ཁ་ན་ཊའི་ནུབ་རྒྱུད་གྲོང་ཁྱེར་ཝན་ཁོ་བར་ལ་རྟེན་གཞི་བྱས་པའི་མཚན་སྒྲོགས་དགོན་པའི་ངོས་ནས་གསོལ་འདེབས་ཞུས་དོན་ལྟར། སྤྱི་ལོ་༢༠༡༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝན་ཁོ་བར་དུ་ཆེད་ཕེབས་ཀྱིས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་ཐུགས་རྗེ་ཆེན་པོའི་དབང་ཚེད་སྩལ་གནངས་ཤིང་། འཛམ་གླིང་གི་ཡུལ་གྲུ་སོ་སོའི་གནས་པའི་ནང་པ་ཕན་ཚུན་མཛའ་མཐུན་དང་མཉམ་གནས་ཡོང་རྒྱུ་གལ་ཆེ་བའི་བཀའ་སློབ་ཕེབས་པ་ལྟར། མཚན་སྒྲོགས་རིན་པོ་ཆེ་མཆོག་ཆེ་སྐུ་དངོས་གྲོང་ཁྱེར་འདིའི་ནང་དུ་རྟེན་གཞི་བྱས་ཡོད་པའི་ནང་པའི་དགོན་པ་དང་ཆོས་ཚོགས་ཕལ་མོ་ཆེར་ཆེད་དུ་བཅར་ནས་ནང་པ་ཐུན་མོང་གི་ངོས་ནས་ས་ག་ཟླ་བའི་ནང་སྟོན་པར་རྗེས་དྲན་གྱི་དུས་སྟོན་ཞིག་སྲུང་བརྩི་བྱེད་ཐུབ་པ་ཡིན་ན་དགེ་མཚན་ཆེ་བའི་སྐོར་ཞུས་པ་བཞིན། དགོན་པ་དང་ཆོས་ཚོགས་ཁག་གིས་དེ་འདྲ་ཞིག་ཚུགས་རྒྱུ་བྱུང་ན་ལེགས་པའི་དགོངས་འཆར་དང་མཉམ་ཞུགས་བྱུང་བ་བཞིན་སྤྱི་ལོ་ལོ་ ༢༠༡༥ ཟླ་ ༥ ཚེས་ ༣༠ ཉིན་ནང་པའི་དུས་སྟོན་ཐོག་མ་དེ་བཙུགས་གནངས་པར། དགོན་པ་དང་ཆོས་ཚོགས་ཉེར་བརྒྱད་ལྷག་དང་མི་མང་སྟོང་ཕྲག་དྲུག་ལྷག་མཉམ་ཞུགས་གནངས་འདུག

ཕྱི་ལོ་ ༢༠༡༦ ལོའི་སྤྱི་ཟླ་ ༥ ཚེས་༢༩ ཉིན་ནང་པའི་དུས་སྟོན་ཐེངས་གཉིས་པ་བཀོད་སྒྲིག་གནང་ཡོད་པ་དང་། དེར་དགོན་པ་དང་ཆོས་ཚོགས་སུམ་ཅུ་སོ་དགུ་ལྷག་དང་མི་དམངས་ཆིག་ཁྲི་ཉིས་སྟོང་ལྷག་འདུ་འཛོམས་བྱུང་ཡོད་པ་རེད་འདུག

ད་ལོའི་དུས་སྟོན་སྐབས་གཤམ་གསལ་བརྗོད་གཞི་བཅུ་ལས་འཕྲོས་པའི་བགྲོ་གླེང་གནངས་ཡོད་པ་རེད།

 

༡༽      འཛམ་གླིང་ཞི་བདེ་ཡོང་སླད་དུ། ཡུལ་ལུང་། མི་རིགས། རིག་གཞུང་། ཆོས་བརྒྱུད་བཅས་མི་འདྲ་བ་གང་མང་མཉམ་འཛོམས་ཐོག ས་ཟླའི་དུས་ཆེན་སྲུང་བརྩི་འདིས། མི་རིགས་དང་ཆོས་བརྒྱུད་ཕན་ཚུན་བར་མཐུན་འབྲེལ་ཡ་རབས་བཟང་སྤྱོད་རྣམས་གོང་མཐོར་གཏོང་བ་དང་། རིག་གཞུང་འདྲ་མིན་ངོ་སྤྲོད་རྒྱུས་ལོན་བྱེད་པ། ཆོས་བྱེད་དགེ་འདུན་པ་རྣམས་ཀྱིས་ལྟ་སྒོམ་སྤྱོད་གསུམ་སྐོར་ལ་བགྲོ་གླེང་དང་། ལེགས་སྤེལ་ཉེས་འགོག་གི་ལེགས་ཆ་ལེན་རེས་བྱས་ཏེ། ནུས་པ་མཉམ་སྤུངས་ཐོག རྒྱལ་བསྟན་མི་ཉམས་གོང་འཕེལ་གཏོང་རྒྱུ་སོགས་བྱེད་སྒོ་སྣ་མང་ཞིག་སྤེལ་བཞིན་ཡོད་པ་ལས། ད་ལྟར་གྲུབ་འབྲས་ཡག་ཤོས་གང་ཐོན་ཡོད་མེད་དང་། མ་འོངས་པར་དོན་གནད་གང་གི་ཐོག་ཤུགས་སྣོན་རྒྱག་དགོས་སམ།

 

༢༽      ད་ལྟ་ང་ཚོས་སྲུང་བརྩི་བྱེད་བཞིན་པ་ཐུན་མོང་གི་སྨོན་ལམ་འདུ་འཛོམས་དུས་ཆེན་འདི་མུ་མཐུད་རྒྱུན་སྤེལ་དང་། བྱེད་སྒོའི་རྣམ་གྲངས་ཇེ་མང་དུ་གཏོང་བ་སོགས་ལ་དགོངས་ཚུལ་གང་ཡོད།

 

༣༽      སངས་རྒྱས་ཆོས་དང་དགེ་འདུན་ཏེ།། ཐར་པ་འདོད་པ་རྣམས་ཀྱི་སྐྱབས།། ཞེས་གསལ་བ་ལྟར། རང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས། ཆོས་པ་ཕྱི་ནང་གི་ཁྱད་པར་ཤེས་གལ་ཆེ་ན། ཁྱད་པར་འབྱེད་ཆོས་གང་ཡིན། སྐྱབས་ཡུལ་གང་ཡིན། སྐྱབས་སུ་འགྲོ་ཚུལ་ཕན་ཡོན་བཅས་ངོས་འཛིན་ཐུབ་པར་བྱས་ཏེ། དཀོན་མཆོག་ལ་ཞེ་ནས་དད་པ་ཐོབ་པའི་ནང་པ་རྣལ་མ་ཞིག་ཆགས་རྒྱུར། རང་སྒེར་དང་རང་གཞན་ནང་པ་ཐུན་མོང་ལ་འགན་འཁྲི་གང་ཡོད།

 

༤༽     ནང་པའི་རིག་གཞུང་ཁྱབ་སྤེལ་ཁོངས་སུ་མིའི་སྤྱི་ཚོགས་ཀུན་ལ་བདེ་སྐྱིད་བསྐྲུན་ནུས་པའི་ཆོས་ཚུལ་གཞན་ལ་མེད་པ་ཞིག་ཡོད་པ་ནི། (༡) ནང་པའི་སེམས་ཁམས་ཚན་རིག་དང་། (༢) ནང་པའི་རྟེན་འབྱུང་ལྟ་གྲུབ། (༣) ནང་ཆོས་ཉམས་ལེན་གྱི་རིམ་པ་བཅས་དབྱེ་བ་གསུམ་དུ་ཕྱེས་ནས་བསྟན་ཡོད་པ་དེ། དུས་རབས་ཉེར་གཅིག་པའི་ཚན་རིག་མཁས་པ་ཚོས་ཀྱང་བསྔགས་པའི་མེ་ཏོག་གཏོར་བཞིན་པ་ནི། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་མཆོག་ནས་གསལ་སྟོན་ཁྱབ་སྤེལ་གྱི་སྒོ་མོ་ཕྱེས་པ་ཞིག་རེད། དེས་ན་འདིར་འཛོམས་ནང་པ་ཡོངས་ཀྱི་ངོས་ནས་ཀྱང་། དེ་ལྟ་བུའི་ནང་ཆོས་ཀྱི་ཁྱད་ཆོས་ཤེས་པར་བྱས་ཏེ། སྤྱི་ཚོགས་ནང་ཞབས་ཞུ་རོགས་འདེགས་བྱེད་ཐུབ་པ་གང་ཡོད་དམ།

 

༥༽      རྒྱལ་ཁབ་ཕྱི་ནང་དང་ཆོས་བརྒྱུད་ཁག་མང་ནས་ཕེབས་པའི་ནང་པ་གང་མང་ལྷན་འཛོམས་ཀྱིས་དུས་ཆེན་སྲུང་བརྩི་འདིའི་ཁྲོད། ཁྱེད་རང་ལ་མཐོང་སྣང་དང་ཚོར་སྣང་གསར་པ་གང་བྱུང་མིན་དང་། སྲུང་བརྩི་བྱེད་སྒོ་སྣ་མང་སྤེལ་བཞིན་པའི་ནང་། བཟང་ཕྱོགས་དང་ངན་ཕྱོགས་ཀྱི་གྲུབ་འབྲས་དང་ཞན་ཆ་ཁག་གང་ལ་དོ་སྣང་བྱུང་ངམ།

 

༦༽     རྒྱལ་ཁབ་འདིའི་ནང་། ཆོས་ལུགས་དང་རིག་གནས་སྣ་ཚོགས་མཉམ་གནས་ཀྱི་ཁོར་ཡུག་འདིའི་ནང་། ནང་པ་ཚོས་ནང་པའི་རིག་གནས་གོང་སྤེལ་རྒྱུད་འཛིན་བྱེད་པར་ནུས་པ་འདོད་སྟངས་དང་། ནང་པའི་ཆོས་པ་ཚོས་སྤྱི་ཚོགས་ཞབས་ཞུ་སྒྲུབ་པར་ཆོས་ལུགས་གཞན་ནས་ལེགས་ཆ་ལེན་པ་དང་ལག་བསྟར་བྱེད་སྟངས་ཅི་ཡོད།

 

༧༽     སྤྱི་ཚོགས་རིག་གནས་ཀྱི་ཁྱབ་ཁོངས་ནས་བྱམས་བརྩེ་དང་སྙིང་རྗེའི་སྐོར་སྤྱི་ཚོགས་ནང་ཁྱབ་སྤེལ་བྱས་ཏེ། བཟང་སྤྱོད་གོང་སྤེལ་གྱི་ནུས་པ་འདོན་པར། ནང་པ་ཚོའི་ངོས་ནས་དམིགས་བསལ་གྱི་ནུས་པ་ཅི་ཞིག་འདོན་ཐུབ་དགོས་སམ།

 

༨༽      ནང་པའི་མི་རིགས་ཁག་གི་རིག་གཞུང་རྒྱབ་ལྗོངས་མི་འདྲ་ནའང་། སྟོན་པ་གཅིག་གི་རྗེས་འབྲངས་པ་་ཡིན་པའི་འདུ་ཤེས་དར་སྤེལ་དང་། ནང་པའི་སྤྱི་ཚོགས་ཕན་ཚུན་བར་རིག་གཞུང་སྤེལ་རེས་ཀྱིས་མཚོན་པའི་འདུ་འཛོམས་གོ་སྐབས་མང་པོ་བསྐྲུན་པར་ནུས་པ་གང་འདྲ་ཞིག་འདོན་ཐུབ་དགོས་སམ།

 

༩༽      མཛོད་རྩ་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་འོ།། ཞེས་གསལ་བ་ལྟར། སྟོན་པའི་ལུང་རྟོགས་ཀྱི་བསྟན་པ་གཉིས་ཏེ། བཤད་པ་ཐོས་བསམ་དང་། སྒོམ་པ་ཉམས་ལེན་གྱི་སྒྲུབ་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པར་གསུངས་འདུག་ན། དམིགས་བསལ་ཆོས་བྱེད་རབ་བྱུང་ཚོར་འགན་འཁྲི་གང་ཡོད། དུས་ཆེན་གླེང་སྟེགས་འདིས་གཞོགས་འདེགས་གང་བྱེད་ཐུབ་བམ།

 

༡༠༽    ད་ལྟ་ང་ཚོས་སྲུང་བརྩི་བྱེད་བཞིན་པ་ནང་པ་ཐུན་མོང་གི་སྨོན་ལམ་འདུ་འཛོམས་དུས་ཆེན་འདི་མུ་མཐུད་རྒྱུན་སྤེལ་དང་། བྱེད་སྒོའི་རྣམ་གྲངས་ཇེ་མང་དུ་གཏོང་བ་སོགས་ལ་དགོངས་ཚུལ་ཅི་ཡོད།

 

༡༡༽    ནང་པའི་རིག་གནས་དང་རིག་གནས་གཞན་གྱི་བར་ལ་ཐུན་མོང་གི་གླེང་སྟེགས་དང་ཁོར་ཡུག་བསྐྲུན་པར་ང་ཚོས་ནུས་པ་ཅི་ཞིག་འདོན་ཐུབ་པ་དང་། ཡར་ཐོན་གྱི་སྤྱི་ཚོགས་འདིའི་ནང་། ང་ཚོས་དུས་རབས་དང་འཚམ་པའི་ནང་པ་ཞིག་བྱེད་ཕྱོགས་ཐད། ཐུན་མོང་གིས་ནུས་པ་འདོན་སྟངས་ཐད་ལ་དགོངས་ཚུལ་ཅི་ཡོད།

 

༼ས་གནས་ནས་འཇིགས་མེད་ཀྱིས་བཏང་།༽

 

 

གསར་འགྱུར།

Post navigation

Previous Post: བོད་པའི་སློབ་ཕྲུག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་རྒྱུགས་འབྲས།
Next Post: དྲུག་བཞིའི་དོན་རྐྱེན། 
 
 


Comments (2) on “ཁ་ན་ཊའི་ཝན་ཁོ་ཝར་གྲོང་ཁྱེར་དུ་ནང་པའི་དུས་སྟོན་ཐེངས་གསུམ་པ་ཚུགས་པ།”

  1. BONPO says:
    2017-06-14 at 9:18 am

    ༼ནང་པའི་རིག་གཞུང་ཁྱབ་སྤེལ་ཁོངས་སུ་མིའི་སྤྱི་ཚོགས་ཀུན་ལ་བདེ་སྐྱིད་བསྐྲུན་ནུས་པའི་ཆོས་ཚུལ་་་གཞན་ལ་མེད་པ་ཞིག་་་ཡོད་པ་ནི།༽

    དང་པོ་བོད་མི་རིགས་ཀྱི་སྤྱི་ཚོགས་ཀུན་ལ་བདེ་སྐྱིད་བསྐྲུན་ཐུབ་ཀྱི་ཡོད་དམ། ཡང་ན་བོད་མི་རིགས་ཀྱི་སྤྱི་ཚོགས་ཀུན་ལ་བདེ་སྐྱིད་གང་དང་གང་བསྐྲུན་མྱངས་སམ། །

    ནང་པའི་རིག་གཞུང་་་དང་་་བོད་མི་རིགས་ཀྱི་རིག་གཞུང་་་གཉིས་ལ་ཁྱད་པར་གང་དང་གང་ཡོད་དམ། །

    ༼ནང་པའི་རིག་གནས་དང་རིག་གནས་གཞན་གྱི་བར་ལ་ཐུན་མོང་གི་གླེང་སྟེགས་དང་ཁོར་ཡུག་བསྐྲུན་པར་ང་ཚོས་ནུས་པ་ཅི་ཞིག་འདོན་ཐུབ་པ་དང་།༽

    ནང་པའི་རིག་གནས་་་ཟེར་བ་དེ་ག་འདྲ་ཞིག་ལ་གོ་དགོས་སམ། རིག་གནས་གཞན་་་ཞེས་པའི་རིག་གནས་དེ་དག་གང་དང་གང་ལ་ངོས་འཛིན་དགོས་པ་ཡིན་ནམ། །

  2. རྟ་དབྱངས། says:
    2017-06-20 at 1:52 am

    ངོ་མ་སྟོབས་ཀི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme