Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་དྲོ་བོ་འབྲོང་ཆུང་དངོས་གྲུབ་རེད།

Posted on 2016-12-112016-12-11 By ཁ་བརྡ་ 17 Comments on ཁ་དྲོ་བོ་འབྲོང་ཆུང་དངོས་གྲུབ་རེད།

unnamed-2—ཤར་ཕྱོགས་ཁུག་རྟ།

 
ཁ་དྲོ་བ་ལ་ནི་དྲོ་ཡག་ཅིག།
དོན་འགྲུབ་པ་ལ་ནི་འགྲུབ་ཡག་ཅིག།
ལས་སྒྲུབ་པ་གཙང་ལ་འཇོན་པ་ཅིག།
བུ་དཔའ་བོ་འབྲོང་ཆུང་དངོས་གྲུབ་རེད།།

ཡུལ་ལྡི་ལིའི་དོན་གཅོད་འཁུར་མ་ཐག།
བུ་བསོད་ནམས་ཅན་གྱི་རླུང་རྟ་དང་།།
མི་དམ་ཚིག་ཅན་གྱི་ཕྱག་ལས་ལ།།
ཕྱོགས་གང་སར་མཐུན་རྐྱེན་ཁྲ་ལམ་མེར།།

མགོན་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག།
གནས་སྲིད་འཛིན་ཕོ་བྲང་ནང་དུ་བསུས།།
ས་ཆེན་པོར་དབང་པའི་གྲགས་ལྡན་ཚོར།།
གསུངས་བྱིན་ཅན་བདུད་རྩིས་ཆབ་རྒྱུན་ཕབ།།

བོད་གངས་ཅན་གནས་བབ་ཀུན་གྱིས་གཟིགས།།
བོད་རིག་པའི་ཟབ་འཇིངས་ཀུན་ལ་བསྟན།།
བོད་མི་རིགས་ཟླ་མེད་སྙིང་སྟོབས་ཅན།།
མགོན་༧བསྟན་འཛིན་རྒྱ་མཚོས་ཞིབ་ཏུ་བཀྲལ།།

ཆེས་མཆོག་ཏུ་མཐོ་བའི་སྲིད་འཛིན་དང་།།
དབུས་ནང་སྲིད་བློན་ཆེན་གཞོན་པ་དང་།།
དེའི་བཀའ་འོག་ཕྱི་སྲིད་དྲུང་ཆེ་སོགས།།
མགོན་༧ཐམས་ཅད་མཁྱེན་པའི་ཞབས་ལ་འཁོར།།

ཉིན་འདི་འགར་འཕགས་ཡུལ་རྒྱལ་ས་ན།།
༧མགོན་ཕྱག་ན་པདྨོའི་འོད་ཟེར་དེ།།
དགུང་ཉི་མ་ལས་ཀྱང་ལྷག་ཅིག་ཤར།།
ཁྱོད་བསོད་ནམས་ཆེའོ་འབྲོང་ཆུང་ལགས།།

དུས་ནམ་ཡང་དམན་ས་འཛིན་པ་དང་།།
ལས་གང་གནང་ཁྲོམ་བསྒྲགས་མི་བྱེད་པར།།
སེམས་གངས་དཀར་༧གངས་ཅན་མགོན་པོ་ལ།།
གངས་ཏི་སེ་ལས་ཀྱང་དཀར་ཁྱོད་བསྟོད།།

ཁ་དྲོ་ཞིང་ལས་ལ་འཇོན་པ་དང་།།
ནང་དམ་ཚིག་སྤྱི་ལ་གཙང་བ་ཡི།།
བུ་དཔའ་བོ་འབྲོང་ཆུང་དངོས་གྲུབ་ཁྱོད།།
ལས་གང་གནང་ཡར་ཟླའི་དཔེ་ལྟར་དུ།།
དུས་ནམ་ཡང་གོང་ནས་གོང་འཕེལ་ཤོག།

༢༠༡༦། ༡༢། ༡༡། ཉིན་གྱི་དགོང་མོར་བྲིས།

སྙན་ངག

Post navigation

Previous Post: བལ་མོ་གསེར་གྱི་སྣ་དཀྱུ་ཅན།
Next Post: དུར་ཐང་གི་ཞབས་བྲོ།

Comments (17) on “ཁ་དྲོ་བོ་འབྲོང་ཆུང་དངོས་གྲུབ་རེད།”

  1. གཡག་རྒོད། says:
    2016-12-11 at 5:42 pm

    བཟང་གི བསྟོད་ཡུལ་ནོར་མི་འདུག

  2. ཨ་འབར་འཇིགས་དབང། says:
    2016-12-11 at 6:05 pm

    ༅༅། ཤར་ཕྱོགས་ཀྱི་ཁུག་རྟའི་བསྟོད་པ་དེ།
    བསྟོད་ས་དེ་ནོར་བ་མི་འདུག་ལགས།
    ངས་ཁྱོད་ལ་བཀྲིས་བདེ་ལེགས་ཞུ།
    མགོན་བྱམས་བརྕེ་ཅན་ཁོང་སྐུ་ཚེ་བརྟན།
    ཕྱིར་འཛམ་གླིང་སྐྱེ་འགྲོ་སེམས་ཙན་དང།
    སྒོས་གངས་ཅན་པ་རྣམས་ཐུགས་རྗེའི་འཛིན།

  3. ནུབ་ཕྱོགས་གངས་ཕྲུག says:
    2016-12-11 at 11:31 pm

    ལེགས་པར་བསྟོད་དོ་འབྲོང་ཆུང་དངོས་གྲུབ་ལགས།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-12 at 2:01 am

    གནས་ཚུལ་ཆ་ཚང་རྟོགས་ནས་དྲ་ནང་ལ་ཕེབས་
    མཁན་ཡོད་ན་དགའ་བསུ་ཡོད་།

  5. ཀརྡོ་རབ་འབྱམས་པ་ says:
    2016-12-12 at 3:37 am

    སྲིད་སྐྱོང་ལ་མ་བསྟོད་པར། བཀའ་ཟུར་དང་དོན་གཅོད་པ་གཅིག་ལ་བསྟོད་དགོས་དོན་ག་ཡིན་ནམ། ལགས།

  6. ཁྱུང་སེ། says:
    2016-12-12 at 4:05 am

    ཁུག་རྟ་ལགས་མ་ཤེས་ཤེས་ནདོག་མ་བྱེད། ཁ་སང་རང་ཨེ་ཤའི་རང་དབང་རླུང་འཕྲིན་ཁང་ནས་དྷི་ལི་དོན་གཅོད་འབྲོང་ཆུང་ལ་བཀའ་འདྲི་གནང་བར་གོང་ས་མཆོག་གི་དྷི་ལིའི་མཛད་རིམ་ཁག་དོན་གཅོད་སྔོན་མ་བསྟན་པ་ལགས་ཀྱིས་གོ་སྒྲིག་གནང་བ་ཡིན་པར་གསུངས།

  7. ཏི་སི། says:
    2016-12-12 at 4:14 am

    ད་ཡང་སྤྱི་འཐུས་ར་སྤུ་ཅན་ནགོ་དག་པོ་བཙུགས་དུས་དཀྲུགས་ཡིག་བྲིས་འདུག སྐུ་དངོས་འབྲོང་ཆུང་ལགས་ཁྱོད་མིན་ན་ཚང་ནས་མཁཐེན་གསལ་རེད། སྐུ་བསྟན་པ་ལགས་དྷི་ལི་བཞུགས་སྐབས་སུ་མཛད་པ་དང་གཅིག་མཚུངས་རེད།

  8. ཏི་སི། says:
    2016-12-12 at 4:19 am

    ཁུག་རྟ་འདི་དུས་འགྱུར་སྐབས་སུ་ཡོང་མཁན་ཞིིག་ཡིན་ན་ཁོས་ཀྱང་ཨ་ཁུ་གུང་་ཐང་ཚུལ་ཁྲིམས་ལག་དམར་བཟོ་མཁན་དང་གཅིག་མཚུང་རེད། ཡིན་ནའང་ད་སྲིད་སྐྱོང་ལ་ཕྱི་ནང་གང་སྤྱི་ཐོག་ལ་སྲུང་བ་བྱ་ར་མ་བཟོ་ན་མི་འདི་ཚོས་གྲས་རྟག་རྟག་རྫོགས་ས་རེད།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-12 at 6:12 am

    གོང་མཆོག་རྒྱལ་ཁབ་ག་འདྲ་ཞིག་གི་སྲིད་འཛིན་དང་སྲིད་བློན་མཁས་དབང་སོགས་དང་མཇལ་འཕྲད་གནང་རྒྱུ་དེ་གོང་ས་མཆོག་གི་སྐུའི་གཟི་བརྗིད་འོག་ཏུ་འདུས་པ་ལས་ལས་བྱེད་པའི་བྱེད་ལས་ཀྱི་ཐོག་ནས་གོང་ས་མཆོག་གི་མཛད་འཕྲིན་རྒྱས་པར་ཡིད་ཆེས་གནང་མཁན་ཡོད་ན་་དེ་ནོར་བ་མ་རེད་དམ་?

  10. ཀརྡོ་རབ་འབྱམས་པ་ says:
    2016-12-12 at 6:13 am

    འབྲོང་ཆུང་བཀའ་བློན་བྱས་རྗེས་མང་། །
    འབྲོང་ཆེན་སྲིད་སྐྱོང་བློ་སེང་རེད། །
    ་
    འབྲོང་ཆུང་དོན་གཅོད་འཁོད་པ་བཟང་། །
    འབྲོང་ཆེན་བློ་བཟང་སེང་གེ་རེད། །
    ་
    ཁུག་རྟ་བློ་ལོག་སྤྱི་འཐུས་ཐོབ། །
    སྤྱི་འཐུས་ཐོབ་ནའང་ངུ་རྒྱུ་མང་། །

  11. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-12 at 6:41 am

    གོང་ས་མཆོག་གི་ཐུགས་སྐྱེད་སྨོན་ལམ་དང་གཞན་ཕན་བྱང་སེམས་ཀྱི་རླབས་ཆེན་མཛད་འཕྲིན་འོག་ཏུ་བོད་རིགས་འཚོ་བཞིན་པ་མ་ཟད་ གོང་ས་མཆོག་གི་མཚན་སྙན་འོག་ཏུ་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་ ཁྲིམས་བཟོ་བོད་མི་སྤྱི་འཐུས་གྲོས་ཚོགས་ ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་དང་བཅས་པའི་ལས་དོན་ཚགས་ཚུད་ཡོང་ཐུབ་པ་འདི་དག་ཁོང་གི་སྐུའི་གཟི་བརྗིད་འོག་ནས་ང་ཚོ་འཚོ་བཞིན་པ་ལས་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པའི་བྱེད་ལས་ཀྱི་ཐོག་ནས་གོང་ས་མཆོག་གི་མཛད་འཕྲིན་རྒྱས་པར་ཡིད་ཆེས་གནང་མཁན་ཡོད་ན་མི་དེ་ཚོའི་མཉམ་དུ་གཞུང་པ་ཚེ་དབང་བསོད་ནམ་ཡང་མེད་དོ་།

  12. འཆི་མེད་italy says:
    2016-12-12 at 8:34 am

    གཞུང་པ་དབང་བསོད་ནམ་གྱི་དྲང་གཏམ་དང་གནས་ལུགས་དང་རྒྱུན་མཚན་ལྡན་པ་ཞིག་གསུང་འདུག།བཀའ་དྲིན་ཆེ།

  13. ཀརྡོ་རབ་འབྱམས་པ་ says:
    2016-12-12 at 9:04 am

    http://tibettimes.net/%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%93%E0%BD%82%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A3%E0%BC%8B%E0%BD%81%E0%BD%96%E0%BC%8B%E0%BD%82%E0%BD%85%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%B2-2/
    ་
    བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་ངས་ཤེས་ཀྱི་མེད།
    རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་ངས་ཤེས་ཀྱི་མེད།
    བོད་ཀྱི་དུས་བབ། ཆུ་ཚོད་ ༥ སྔོན་ལ། རིག་པ། (༣)

  14. ཀརྡོ་རབ་འབྱམས་པ་ says:
    2016-12-12 at 9:06 am

    བོད་དར་དང་རྒྱ་དར་མཉམ་བསྒྲེང་བྱུང་བ་ལྟར། ཐེ་དར་དང་རྒྱ་དར་མཉམ་བསྒྲེང་བྱུང་ཡོ་དམ། ལགས།

  15. འབྲོང་བུ་སོག་ཚ། says:
    2016-12-12 at 10:59 am

    བསྟོད་སྔ་མ་གྲགས། རྗེས་སོར་རིམ་པའི་བལྟ་ཆོག

  16. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-12-12 at 3:09 pm

    ཧཧཧཧ་་་་་ངོ་མ་ཁ་དྲོ་བོ་རེད་འདུག་ཡ། སྐུའི་ཤ་ལ་ཉེན་ཁ་འདུག་པས་འགན་མི་བཟོད་ཟེར་ལུང་བསྟན་རྫུན་མ་རྒྱག་དུས་ངས་ཀྱང་མི་ནུས་ཟེར་ནས་བྲོས་རེད། ངོ་མ་བྱས་ན་རང་སྲོག་གཏོང་དགོས་བྱུང་ནའང་གཏོང་དགོས་སར་དེ་ལས་ལྷག་ཡོད་མ་རེད་དེ་འབྲོང་གིས་གང་འདྲ་བྱས་སོང་ངམ། ཤ་ཁུག་གིས་བཤད་པར་ཅི་ལྟའམ། ལྟོས་ན་ཁོང་གིས་བོད་རྒྱ་ནག་གི་ཁོངས་སུ་གཏོགས་པ་བཤད་ཀྱི་མི་འདུག་གམ། ཧཧཧཧཧཧ་་་་་་་་་ལན་ཅི་ཡོད་དམ།

  17. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-13 at 6:11 am

    ད་ལྟ་བར་དུ་གོང་ས་མཆོག་གི་མཚན་སྙན་འོག་ཏུ་བཀའ་ཤག་རིམ་པ་དང་སྤྱི་འཐུས་རིམ་པ་ཕྱི་རྒྱལ་གྱི་
    དོན་གཅོད་རིམ་པ་ལྷན་ཁང་ཁག་གི་དབང་ལྡན་མི་
    སྣ་དང་ས་གནས་འགོ་འཛིན་རིམ་པ་བོད་རིགས་བལ་ཚོང་དང་བཅས་པའི་ལས་དོན་ཡོངས་རྫོགས་གོང་ས་མཆོག་གི་མཚན་སྙན་འོག་ཏུ་
    འགྲུབ་ཀྱི་ཡོད་ལ་ཐ་ན་བོད་རྒྱའི་འབྲེལ་མཐུད་ཡང་གོང་ས་མཆོག་གི་མཚན་ཐོག་ནས་གནང་ཡོད་ན་བོད་ཕྱི་ནང་གཉིས་ཀྱིས་འཚོ་བའི་ལས་དོན་ཡོངས་རྫོགས་གོང་ས་མཆོག་གི་མཚན་སྙན་འོག་
    ནས་འཚོ་བཞིན་པ་ལས་གོང་ས་མཆོག་གི་མཛད་འཕྲིན་རྒྱས་པ་དེ་ལས་བྱེད་པའི་བྱེད་ལས་ལ་རག་པའི་ངོས་འཛིན་གནང་མཁན་ཡོད་ན་མི་མང་ནས་ཐུགས་སྣང་ཟབ་ཙམ་གནང་དགོས་པ་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme