Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་དང་ཁ་སྤུ་དབྱེ་འབྱེད།

Posted on 2014-06-262014-06-26 By ཁ་བརྡ་ 13 Comments on ཁ་དང་ཁ་སྤུ་དབྱེ་འབྱེད།

ཁྲི་རལ་པ།

དེ་སྔོན་ནས་བྷེལ་ཇམ་ནང་གནས་འཁོད་བོད་མི་མང་དག་ཅིག་ལ་ཡིག་ཆ་ནག་པོ་ཆགས་བཞིན་པའི་དཀའ་ངལ་ཅིག་ཡོང་གི་ཡོད་ནའང་། བར་ལམ་བོད་མིའི་སྒྲིག་འཛུགས་ནས་ཐབས་འཚོལ་གནང་བཞིན་པ་སོགས་བརྒྱུད་ལམ་རེ་ཟུང་ནང་འཐོན་སོང་བས། དཀའ་རྙོག་དེ་ཅུང་ཞི་འཇམ་གྱི་རྣམ་པར་སོང་རུང་། དེ་རིང་སྤྱི་ཟླ་༦ པའི་ཚེས་༢༦ ཉིན་བོད་ཀྱི་བང་ཆེན་གསར་ཤོག་དྲ་བའི་ནང་། བྷེལ་ཇམ་དུ་དཀའ་ངལ་འཕྲད་སའི་བོད་མིའི་ཚོགས་གཙོ་སྨོན་ལམ་གྲགས་པ་ལགས་སུ་བཅར་འདྲི་བྱས་པར་བལྟས་ཏེ། རང་ཉིད་ནི་དཀའ་ངལ་དེ་ལ་འབྲེལ་བ་གང་ཡང་མེད་མོད། བོད་མི་ཞིག་ཡིན་པའི་ཆ་ནས་སེམས་པ་མི་སྐྱིད་པ་ཆེན་པོ་བྱུང་།
སྨོན་ལམ་གྲགས་པ་ནས་ད་ལྟའི་བྷེལ་ཇམ་བོད་མིའི་གནས་སྟངས་སྐོར་ལ་(ང་ཚོར་ལོ་སྔོན་མའི་ལོ་མཇུག་(2013་09་01)ནས་དཀའ་ངལ་འཕྲད་པ་རེད། ད་ལྟ་དཀའ་ངལ་འཕྲད་བཞིན་པའི་བོད་མི་སུམ་བརྒྱ་ནས་བཞི་བརྒྱའི་བར་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། ང་ཚོ་དང་ཐད་གར་ཁ་པར་ཐོག་ནས་འབྲེལ་བ་ཡོད་པའི་མི་གྲངས་༣༠༠ ལྷག་ཙམ་ཡོད། དེའི་ནང་ནས་མི་གྲངས་༡༥༠ ལྷག་ཅིག་ལ་སྦེལ་རྗམ་སྐྱབས་བཅོལ་ལས་ཁུངས་ཀྱིས་སྐྱབས་བཅོལ་སྤྲོད་ཀྱི་མིན་པ་ཐག་བཅད་ཚར་བ་རེད། ཡིན་ནའང་ཁོ་ཚོ་ཚང་མས་བསྐྱར་དུ་ང་ཚོར་སྐྱབས་བཅོལ་ཐོབ་ཐང་ཡོད་ཟེར་ནས་ཁྲིམས་ཐོག་ནས་ཞུ་གཏུག་བྱེད་ཀྱི་ཡོད། འདི་ནི་ང་ཚོའི་གོ་སྐབས་ཆེས་མཐའ་མ་དེ་རེད།

ད་ལྟ་དེའི་ནང་ནས་ཀྱང་མི་གྲངས་༣༠ ནས་༤༠ ལྷག་ཅིག་ལ་ཁྲིམས་ཐོག་ནས་ཀྱང་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་གཅོད་བྱས་ཏེ། སྦེལ་རྗམ་རྒྱལ་ཁོངས་ནས་ཕྱིར་འགྲོ་དགོས་པའི་བཀའ་རྒྱ་འབྱོར་གྱི་འདུག སྔོན་མ་ཞིག་ལ་ཡང་སྦེལ་ལྗམ་དུ་བོད་མི་མང་པོ་ཞིག་ལ་སྐྱབས་བཅོལ་མ་རག་པའི་དཀའ་ངལ་བྱུང་འདུག། སྐབས་དེར་ཁོ་ཚོའི་རིགས་ལ་སྐྱབས་བཅོལ་གྱི་ཐོབ་ཐང་མེད་ནའང་། ས་གནས་སུ་སྡོད་ཆོག་པ་དང་ལས་ཀ་ལས་ཆོག་པའི་ཡིག་ཆ་ཞིག་ཡོད་པ་རེད། ཡིན་ནའང་། ད་ལྟ་ང་ཚོར་དེ་འདྲ་ཡང་ཡོད་པ་མ་རེད། སྔོན་མ་དང་བསྡུར་ན་ད་ལྟ་དཀའ་ངལ་ཧ་ཅང་ཆེན་པོ་རེད།)ཅེས་གསལ་བཤད་གནང་ཡོད་ཅིང་། བྷེལ་ཇམ་ནང་གི་ད་ཆ་སྐྱབས་བཅོལ་བོད་མིའི་གནས་ཚུལ་དེ་འདྲ་ཅིག་ཏུ་གྱར་ཡོད་པ་རེད།
འོན་ཀྱང་། སྔ་ལོ་བྷར་ཟིལ་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་བྷེལ་ཇམ་བོད་མི་ཚོར་དཀའ་ངལ་འཕྲད་དོན་གྱི་རྐྱེན་རྩ་ནི་(སྤེལ་ལྗམ་གཞུང་གིས་སྐྱབས་བཅོལ་ལ་འཛིན་པའི་སྲིད་ཇུས་ནི་ཁ་སང་བྱ་ཉལ་བསྡད་ཡོད་སར་དེ་རིང་བྱ་ཉལ་བསྡད་མེད་པར་འགྱུར་བ་ཕྱིན་ཡོད་ལ། ད་ལྟའི་སྐྱབས་བཅོལ་འགན་འཛིན་ལྕམ་Maggie་De་Block ཚོགས་པ་ཡིས་སྐྱབས་བཅོལ་ཐད་དམ་དྲག་སྲིད་ཇུས་བཟུང་སྟེ་སྤེལ་ལྗམ་གཞུང་ལ་ཁེ་ཕན་བསྐྲུན་ཡོད་སྟབས།སྤེལ་ལྗམ་མི་མང་ཁྲོད་ཁོ་མོ་ལ་རྒྱབ་སྐྱོར་གྱི་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཁོ་མོ་མ་འོངས་བར་སྲིད་འཛིན་ཆགས་སྲིད་པའང་བརྗོད་ཀྱི་ཡོད་ལ། ཕྱི་ཟླ་༣ པའི་ནང་སྤེལ་ལྗམ་གྱི་འོས་བསྡུའི་སྐབས་ཁོ་མོའི་ཚོགས་པ་ལ་རྒྱབ་སྐྱོར་འཐོབ་ཆེད་སྐྱབས་བཅོལ་ཐད་དམ་དྲག་གི་སྲིད་ཇུས་བཟུང་པ་ཡིན་སྲིད་ལ། འོས་ཤོག་རྗེས་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད་བསམ་གྱི་འདུག)ཅེས་གསུངས་ཏེ། དཀའ་ངལ་ཅན་ཚོར་སྐབས་ཐོག་གི་སེམས་གསོ་དང་དཀའ་ངལ་ཡོང་ཁུངས་དོགས་གཞི་ཁ་བསྒྱུར་ཙམ་གནང་ཐུབ་ཡོད་ནའང་། ད་ཆ་སྐད་ཆ་དེ་ཚོར་ཆ་འཇོག་བྱེད་རྒྱུ་དཀའ་མོ་ཡིན་པ་མ་ཟད། སྨོན་ལམ་གྲགས་པས་འགྲེལ་བརྗོད་ལྟར་ན་(བྷེལ་ཇམ་སྐྱབས་བཅོལ་ལས་ཁུངས་ཀྱིས་སྐྱབས་བཅོལ་མི་སྤྲོད་པའི་རྒྱུ་མཚན་ཡིག་ཐོག་ནས་སྤྲད་ཀྱི་ཡོད་རེད།

དེ་ཚོའི་ནང་ལ་ཡང་ཚང་མར་གཅིག་གྱུར་དུ་ཡོད་པའི་རྒྱུ་མཚན་གཙོ་བོ་དེ་ཁྱེད་རང་ཚོར་རྒྱ་གར་ནང་དཀའ་ངལ་མི་འདུག། རྒྱ་གར་གཞུང་གི་སྲུང་སྐྱོབས་འདུག། བོད་ལ་སློག་གི་མི་འདུག། ཁྱེད་རང་ཚོར་RC དང་IC འདུག་ཟེར་གྱི་ཡོད་རེད། དེ་ནས་ཁྲིམས་ཁང་ནས་ཀྱང་ང་ཚོར་ཁྱེད་རང་ཚོ་རྒྱ་གར་ལ་ཕར་ལོག་ན་དཀའ་ངལ་མི་འདུག་ཟེར་གྱི་ཡོད་རེད། དེས་མ་ཚད་བོད་ནང་ལ་ལོག་ན་ཡང་དཀའ་ངལ་མི་འདུག། དེང་སྐབས་བོད་ནང་ལ་༸གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པ་དང་། གྲྭ་བཙུན་ཚོར་དཀའ་ངལ་ཡོད་པ་ལས་མི་སྐྱ་ཚོར་དཀའ་ངལ་མི་འདུག་ཟེར་གྱི་འདུག།གནད་དོན་འདིའི་ཐོག་ནས་བལྟས་ན་གསལ་པོ་ཆགས་ཀྱི་འདུག)ཅེས་དཀའ་རྙོག་འདིའི་འབྱུང་ཁུངས་ཁོ་རང་གསལ་སྟོན་བྱས་ཡོད་པས། དེ་ནི་ཕལ་ཆེར་(༢༠༡༣ལོའི་ཟླ་༣པའི་ཚེས་༦ཉིན་ལ་སིད་སུ་དང་སྤེལ་ལྗམ་གཞུང་གི་སྐྱབས་བཅོལ་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དང་བལ་ཡུལ་དུ་བསྐྱོད་ཡོད་པ་དང་། ཁོང་ཚོས་ལྡི་ལི་ནས་སྐུ་ཚབ་དོན་གཅོད་ཁང་དང་བདེ་དོན་ལས་ཁུངས། སྣེ་ལེན་ཁང་། བོད་ཀྱི་སྲིད་བྱུས་ཁང་། མདུན་ལམ་ལམ་སྟོན་ཚོགས་པ། བོད་ཀྱི་ཚོང་དོན་ཚོགས་པ། ད་དུང་རྒྱ་གར་གྱི་མཁས་པ་དང་བོད་མི་སྒེར་བ་ཁག་ཅིག་བཅས་ལ་ཐུག་འཕྲད་གནང་ཡོད་འདུག།
ངྷ་རམ་ས་ལའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད། དགུ་བཅུ་གསུམ། བོད་རང་བཙན་སློབ་ཕྲུག་ཚོགས་པ། སྒྲོལ་མ་གླིང་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་དང་བདེ་སྲུང་། འཕྲོད་བསྟེན། སྤྱི་འཐུས་ལྷན་ཁང་། སྣེ་ལེན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་འདུག། དེ་བཞིན་ངྷ་རམ་ས་ལའི་SP ལའང་ཐུག་འཕྲད་གནང་ཡོད་པ་དང་། དེའི་རྗེས་ཁོང་ཚོ་བལ་ཡུལ་དུ་བསྐྱོད་དེ་བོད་མིའི་ཚོགས་པ་ཁག་ལ་གཟིགས་སྐོར་གནང་སྟེ། སྤྱི་ཡོངས་ཀྱི་ཆ་ནས་བལ་ཡུལ་ལས་རྒྱ་གར་ནང་གནས་སྡོད་བོད་མི་ཚོའི་གནས་སྟངས་ཡག་པོ་ཡོད་པ་དང་། ས་གནས་ཁ་ཤས་སུ་རྒྱ་གར་ཡུལ་མི་ལས་བོད་མིའི་གནས་སྟངས་ཡག་པ། བོད་མི་ཚོས་རྒྱ་གར་ཡུལ་མི་གཡོག་ཏུ་བཀོལ་བའི་གནས་སྟངས་སོགས་གཟིགས་ཡོད་འདུག)ཅེས་སྔ་ལོར་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་འགྲེལ་བརྗོད་གནང་དང་འབྲེལ་བ་གཏིང་ཟབ་ཡོད་ས་རེད།

དོན་དངོས་སྟེང་བཙན་བྱོལ་བོད་མི་སྤྱི་བྱིངས་ལ་གཞུང་སྒེར་ཚོགས་པ་ཀུན་ནས་རྒྱབ་རོགས་དང་མཐུན་རྐྱེན་འཛོམས་པོ། གཞིས་ཆགས་སོགས་གྲལ་དག་ཡར་རྒྱས་ཆེན་པོ་ཡོད་པ་བསྔགས་བརྗོད་ཀྱི་ཡུལ་རེད། འོན་ཀྱང་། བོད་ནས་གསར་འབྱོར་ཚོར་སྐྱབས་བཅོལ་གྱི་ངོ་བོར་འཚོ་བའི་མཐུན་རྐྱེན་སྦྱར་མཁན་དང་འཕྲོད་བསྟེན་ལྟ་སྐྱོང་། ས་ཆ་དང་ཁང་པ། ལས་ཀའི་གོ་སྐབས་དང་ཚོང་སོགས་རོགས་སྐྱོར་དེ་འདྲ་ཅི་གང་མེད་པ་དངོས་གནས་ཡིན་པ་མ་ཟད། ང་རང་ལྟ་བུ་བཙན་བྱོལ་དུ་བསླེབས་སྐབས་RC ཡང་གཞུང་འབྲེལ་གྱིས་བཟོ་རོགས་དང་རྒྱབ་གཉེར་སོགས་གང་ཡང་མི་འདུག་པར། རྒྱ་གར་ལས་ཁུངས་ཁག་ལ་བོད་མི་ཚོས་ཧིན་སྒོར་ཁྲི་གཉིས་ནས་བཞི་བར་གྱི་འགྲོ་སོང་བཏང་སྟེ་ནག་པོ་བཟོ་བཞིན་འདུག།
དེ་འདྲ་གལ་ཆེན་དུ་བརྩིས་དོན་ཕྱི་རྒྱལ་དུ་འགྲོ་བསྐྱོད་ཁོ་ནའི་ཆེད་རེད་ཅེས་ན་ཅུང་ཧམ་བཤད་རེད། གལ་ཏེ་RC མེད་ན་ཉིན་མོ་ཚུན་ལ་རྒྱ་གར་ཉེན་རྟོག་པས་འཇུས་ཏེ་བོད་ནང་བཏང་བའང་བྱུང་མྱོང་བ་དང་། ལྷག་པར་ལས་ཀ་དང་ཕར་ཚུར་འགྲོ་བསྐྱོད་གང་ཡང་བྱེད་མི་ཐུབ་པ་རེད། གནས་ཚུལ་དེ་འདྲའི་འོག་གསར་འབྱོར་ཚོར་སྲུང་སྐྱོབས་ཀྱང་མེད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་། རང་གཞུང་གིས་ང་ཚོ་སྐྱབས་བཅོལ་བ་འདྲ་འདྲའི་ནང་གི་མི་འདྲ་བ་ཟེར་བ་ངོམས་ཆེད་དུ། ལོ་རེའི་ནང་ཧིན་སྒོར་ས་ཡ་མང་པོ་འགྲོ་སོང་བཏང་སྟེ་འཕྲོད་བསྟེན་དང་ཆུ་གློག་གི་རིན་འབབ་ནས་ཞིང་ཁ་འདེབས་ལས། སློབ་སྦྱོང་དང་ཚོང་ལས། ཐ་ན་མྱོས་རྫས་སྤྱོད་མཁན་ཚོ་ཚུན་ལ་རོགས་སྐྱོར་ཆ་ཚང་ཡོད་པའི་གཞིས་ཆགས་ཁག་དང་གསར་འབྱོར་ཚོ་གཞི་གཅིག་ཏུ་བཞག་སྟེ། ཕྱི་རྒྱལ་གཞུང་འབྲེལ་མི་སྣ་དེ་འདྲ་ལ་འགྲེལ་བཤད་གནང་ན་ལན་པོ་མེད་པ་རེད་སྙམ།

རྒྱུ་མཚན་ཁོ་གཉིས་ངོ་བོ་ཁོ་རང་མི་འདྲ་བ་ཡིན་པས་ཕུགས་སུ་དཀའ་རྙོག་ཡོང་རྒྱུ་ངེས་གཏན་ཡིན་པ་རེད། དེ་ལས་རྗེས་ཕྱོགས་ནས་ཁ་དང་ཁ་སྤུ་དབྱེ་འབྱེད་བྱས་ཏེ། རོགས་ཚོགས་དང་གཞུང་འབྲེལ་མི་སྣ་སུ་ཐུག་ན། དཀའ་ངལ་ཡོད་པ་ཚོ་ནི་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་ཡོད་པ་དང་ཐོབ་ཐང་མེད་པ་གསལ་དཀྲོལ་བྱས།གནས་སྟངས་ཡག་པོ་ཡོད་པ་ཚོ་དེའི་ཚོད་ཀྱིས་དྲང་བཤད་བྱས་ན་ཕྱི་གསལ་ནང་གསལ་ཡོང་གི་རེད་མ་གཏོགས། བོད་ནང་དཀའ་རྙོག་ཇི་ཙམ་ཡོད་པ་ནི་མཐོང་ཆོས་སུ་གྱུར་ཡོད་པས། རྒྱ་གར་ནང་བསླེབས་ཚར་ཕྱིན་བོད་མི་ཚོར་སྐྱབས་བཅོལ་གཞན་གྱི་ལམ་ཁ་མེད་པ་ཞིག་ཏུ་གྱུར་ཚེ། མི་མ་ཤི་ན་ཐབས་མི་ཟད་ཀྱི་དཔེ་ལྟར། བོད་མི་མང་ཆེ་བ་བོད་ནས་ཐད་ཀར་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་ཏན་ཏན་འགྲོ་ངེས་ཡིན་ལ། དེ་དུས་བཙན་བྱོལ་གཞུང་དང་བོད་ནང་གི་བོད་མི་ཚོའི་བར་འབྲེལ་ལམ་ཡང་ཇེ་ཞན་དུ་སོང་སྟེ། བོད་དོན་འཐབ་རྩོད་སྤྱིར་ཤུགས་རྐྱེན་ངན་པ་ཐེབས་མི་སྲིད་པ་མ་རེད།

བསམ་ཚུལ།

Post navigation

Previous Post: སྙན་ངག་གང་ནས་འབྲི། ཇི་ལྟར་འབྲི།
Next Post: རྒས་གསོའི་ཇོ་མཇལ་ལས་བྱེད།

Comments (13) on “ཁ་དང་ཁ་སྤུ་དབྱེ་འབྱེད།”

  1. གནམ says:
    2014-06-26 at 6:26 pm

    ཁོང་ཚོ་དཀའ་ངན་ཅན་ཚོ་ཕྱིར་གཏོང་གི་ཡིན་ན་བོད་ནང་རང་ལ་གཏོང་དུ་འཇུག་དགོས་བ་རེད། བྷེལ་ཇམ་གཞུང་གིས་དག་ཙམ་ཧམ་བཤད་བྱེད་ཀྱི་ཡོད་པ་འདྲ། ཨ་རི་དང་ཡོ་རབ་གླིང་གི་རྒྱལ་ཁབ་སྟོབས་ལྡན་གྱི་མི་སེར་ཆགས་པའི་བོད་རིགས་ལག་འཁྱེར་ཡོད་པ་རྣམས་ཀྱང་། དགྱ་འདྲེ་ཚང་གིས་ནག་ཆེན་དང་ཉེས་ཅན་ལ་བརྩིས་ནས། བོད་ནང་ལ་ལོག་མ་ཆོག་པའི་དཀའ་ངལ་སྤྲད་དང་སྤྲོད་བཞིན་པ་མ་ཤེས་སམ། དགྱ་ནག་ལ་གྲྭ་བ་ལས་མི་སྐྱ་ལ་དཀའ་ངལ་མི་འདུག་ཟེར་ན། བོད་པ་ཚོས་ཆབ་སྲིད་ཀྱི་སྐྱབས་གནས་འཚོལ་བཞིན་ཡོད་པ་ད་དུང་ཡང་མ་ཤེས་མདོག་མདོག་བྱེད་ཀྱི་ཡོད་པ་འདྲ། སྐད་ཆ་འདི་ཚོ་ནི་བོད་ཀྱི་དཀའ་ངལ་གྱི་ཟུར་ཙམ་ཡང་མ་ཤེས་བའི་ཧམ་བཤད་དམ་ཁྱད་གསོད་རེད། རྒྱ་གར་ན་རྒྱལ་བ་རིན་པོ་ཆེ་སྐུ་བཞུགས་པའི་བར་དུ། རྒྱ་གར་ན་བོད་མི་མང་ཆེ་བ་ལ་དཀའ་ངལ་མེད་པའི་རྒྱུ་མཚན་ཞིག་སྣང་བ་ལ། དཀའ་ངལ་ཡོད་པའི་ཉུང་ཤས་ཀྱི་དགོས་འདུན་དང་སྲུང་སྐྱོབས་ལ་རྡོག་རོལ་གཏང་ན། འཇིག་རྟེན་ཡུལ་ཁྲིམས་གང་དང་མི་མཐུན་པ་རེད། དཀའ་ངལ་ཡོད་པ་ཚོ་དང་སྲུང་སྐྱོབས་དགོས་བ་ཚོ་རྒྱལ་ཁབ་གང་ཡིན་ལ་སྐྱབས་འཚོལ་དུ་འགྲོ་བཞིན་པ་རེད། སྤྱིར་བོད་པ་ཚང་མ་འཛམ་གླིང་ཡུལ་ཁག་གཞན་གྱི་མི་དང་གཅིག་མཚུངས་ཀྱི་ལམ་ནས། ཡུལ་དེའི་ཁྲིམས་དང་ཐོབ་ཐང་རག་པ་ལ་མདུན་པ་དང་འདོད་མོས་ཡོད། ཡིན་ན་ཡང་རྒྱ་གར་ལྟ་བུ་ལ། ཕན་ཚུན་གཉིས་ཀྱི་བར་ལ་མགོ་གཡོག་མགོ་སྐོར་ཙམ་ལས་ཡུལ་ཁྲིམས་དང་མཐུན་པའི་ཤོག་གི་རྣ་གཅིག་ཀྱང་སྟོན་རྒྱུ་མེད་པ་དེ་དངོས་ཡོད་ཡིན། བལ་བོ་ནི་དེ་ལས་ཀྱང་ཐབས་སྡུག་པ་ཡོད། སྐྱབས་བཅོལ་ཟེར་བའི་ཚིག་འབྲུ་འདི་གཉིས་གླེང་ས་དང་འཚོལ་ས་ཡོད་ས་ནས་སྐྱབས་བཅོལ་བའི་ཐོབ་ཐང་རྩོད་ལན་མཐའ་གཅིག་དུ་དགོས་བ་འདི། མི་རིགས་ཤིག་དང་བོད་རིགས་ཤིག་གི་མ་འོངས་བའི་ཤི་གསོན་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པས། ཚང་མས་ཤུགས་རྒྱག་དགོས་བ་རེད། ཉིན་ཞིག་ང་ཚོ་ལ་སྐྱབས་བཅོལ་དང་སྲུང་སྐྱོབས་གང་ཡང་མི་དགོས་བར་ཕ་ཡུལ་དུ་ལོག་ཐུབ་པ་བྱུང་ན། སྐབས་དེར་ང་ཚོས་ཁོང་ཚོ་ལ་ཐུགས་རྗེ་ཆེ་ཞུས་ཆོག་པ་རེད། རོགས་ཕན་དགོས་ན་འབུལ་དགོས་བ་ཞིག་རེད། དུས་དེ་དག་གི་བར་དུ། ང་ཚོ་གནས་མེད་པའི་ལྡོམ་པོ་རེད། བདེ་སྲུང་མེད་པའི་ཡུལ་མི་རེད། ཐོབ་ཐང་ནི་ཡིན་གཅིག་འཚོལ་དགོས། མི་རེ་ངོ་རེ་ཡི་དགོས་མདུན་དང་སྲུང་སྐྱོབ་དང་། དེ་ལས་མང་བའི་འཛམ་གླིང་གི་སོ་སོ་དང་ཆ་འདྲ་བའི་ཆེད་དུ། ཤུགས་རྒྱོབས་ཤོག།

  2. ལུང་རྟོགས། says:
    2014-06-27 at 3:05 am

    གང་ལྟར་ཁྲི་རལ་མིང་ཅན་འདིས་ཡང་བོད་མིའི་སྒྲིག་འཛུགས་ཀྱི།དབུ་ཁྲིད་ཚོ་ནག་པོ་བཟོ་རྩིས་བྱས་པ་ཙམ་ལས་གཞན་ཅི་མི་འདུག བོད་ཀྱི་བཙན་པོ་ཞིག་གི་མཚན་ཁྱེར་ནས་རྟག་པར་ནང་རྒོལ་བྱེད་པ་འདི་ཧ་ཅང་ཐབས་སྡུག་རེད། འདི་ལྟར་བྱེད་དགས་ན་མིང་དེ་རྗེ་པོ་སློགས་རོགས།

  3. དཔལ་དོན། says:
    2014-06-27 at 5:26 am

    རྒྱ་གར་ནས་གནས་སྡོད་ཆོག་པའི་ལག་འཁྱེར་RCབཟོ་བ་ཕྱི་རྒྱལ་ལ་འགྲོ་བ་གཅིག་པུའི་ཆེད་དུ་རེད་ཟེར་ན། འོ་ན་ཕྱི་རྒྱལ་ལ་མི་འགྲོ་མཁན་གྱི་གཞིས་ཆགས་ཁག་ལ་ཡོད་པའི་བོད་པ་ཚོར་སྐབས་འདིའི་སྲིད་སྐྱོང་གིས་ལོ་ཉི་ཤུར་དུས་ཡུན་རྒྱང་བསྲིངས་ལ་འབད་བརྩོན་བྱས་ནས་གྲུབ་འབྲས་ཐོན་རབས་མང་དུ་བསྒྲགས་སོང་བསམ་སོང་། ཁོ་ཚོ་ཕྱི་རྒྱལ་ལ་འགྲོ་གི་མརེད། RCག་རེ་བྱེད་ཀྱི་ཡོད་པ་རེད།

    གང་ལྟར་གསར་འབྱོར་གནས་སྡོད་ས་གནས་ཆེ་ཁག་གསུམ་དེ་བལ་ཡུལ། ལྡི་ལི། རྡ་རམ་ས་ལ་བཅས་རེད། ས་ཁུལ་འདི་གསུམ་གྱི་བོད་མི་གསར་འབྱོར་བར་བལྟ་རྟོག་ག་རེ་ག་རེ་ཡོད་པ་རེད་དམ། འདིའི་སྐོར་ཤེས་མཁན་ཡོད་དམ།་

  4. ཀརྨ་བློ་གསལ་ says:
    2014-06-27 at 6:42 am

    མང་པོ་མང་པོ་ཞིག་ལབ་དགོས་དོན་མེད། གསལ་པོ་གསལ་རྐྱང་གཅིག་ཡོད་པ་ནི་གསར་འབྱོར་བ་བལ་ཡུལ་དུ་འབྱོར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་སུ་ཐོ་འགོད་བྱས་པའི་རྗེས་སུ་སྤྱི་མཚུངས་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༼འགྲོ་བསྐྱོད་པ་སི༽གནང་གི་ཡོད་མོད། བོད་པ་ཚོར་དཀའ་ལས་ལྷག་མ་ཞིག་འཕྲད་པ་ནི་རྒྱ་གར་ནང་ཡོད་པའི་རྡ་སར་ཤར་རྒྱག་རྩིས་སྤྲད་པ་དེ་རེད་ལ། དེ་ནས་རྒྱ་གར་སྐྱབས་བཅོལ་བ་ལེན་པའི་ཆིངས་ཡིག་ནང་ཞུགས་མེད་སྟབས། བོད་པ་གསར་འབྱོར་པ་ཚོར་དཀའ་ངལ་འདི་འཕྲད་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་གསལ་ནང་གསལ་འབོད་པའི་བཙན་བྱོལ་སྤྱི་ཚོགས་ནང་དུ་གནད་དོན་འདི་ནི་ནག་ཁུང་ནང་ལྷག་ཡོད་པ་རེད། ད་མཁྱེན་སོང་ངམ།

  5. པདྨ་འཕྲིན་ལས། says:
    2014-06-27 at 8:08 am

    གསར་འབྱོར་བ་ལ་དཀའ་ངལ་ཡོད་ན་ཐད་ཀར་སྲིད་སྐྱོང་མཆོག་ལ་ཞུས་ན་མ་རེད་དམ། ཁོང་སྲིད་སྐྱོང་ལ་བཞེངས་སྐབས་གསར་འབྱོར་ཆེད་དུ་ཁེས་ལེན་མང་པོོ་བྱེས་བྱུང།

  6. འཁྱམས་པོ། says:
    2014-06-28 at 12:31 am

    གནད་དོན་འདུག ཐུགས་རྗེ་ཆེ།

  7. དྲང་བདེན་མེ་ལྕེ། says:
    2014-06-28 at 6:58 am

    བྷེལ་ཇམ་ཞེས་པའི་རྒྱལ་ཁབ་དེ་ཡང་་་་རྒྱ་མིའི་རྒྱུགས་ཁྱི་ཡིན་ས་རེད།
    ཡང་མིན་ན་་་་དོལ་རྒྱལ་ཚོགས་པ་ཡིན་ས་རེད་དེ་མ་གཏོགས་འགྲོ་ས་མི་འདུག

  8. བཙན་བྱོལ་བ་ says:
    2014-06-29 at 2:34 am

    གསར་འབྱོར་བའི་དཀའ་ངལ་རྐྱང་རྐྱང་བཤད་ནས་མ་འདུག དྲང་པོར་བལྟ་ན་ཕྱི་རྒྱལ་ལ་ཡོད་མཁན་ནང་ནས་དཀའ་ངལ་ཆེ་ཤོས་ནི་བོད་མི་གཞིས་ཆགས་པ་རྣམས་རེད། ཡིག་ཆ་མ་རག་པའི་དཀའ་ངལ། དྲི་བའི་དཀའ་ངལ་སོགས་རེད། འོན་ཀྱང་ཁ་བརྡ་དང་དུས་བབ་སོགས་ཀྱི་དྲ་རྒྱ་ནང་ཁོང་ཚོའི་དཀའ་ངལ་གླེང་མཁན་ནི་རི་བོང་ར་དང་སྤུན་རང་རེད། ད་དུང་མེད་རབས་དང་མི་འཇོན་རབས་སོགས་སྐྱོན་འདོན་རྒྱུན་མི་ཆད་རེད། འདི་དག་གིས་བརྗོད་མི་འདོད་པའི་མིའི་མི་གཞི་ཅིག་གསལ་སྟོན་བྱེད་ཀྱི་འདུག

  9. ཞོལ་གཡག་འབྲོང་རྒྱུད། says:
    2014-06-29 at 9:39 am

    ཨ་རོགས། ཕྱི་རྒྱལ་ལ་བོད་དང་རྒྱ་བལ་སོགས་ནས་གསར་དུ་འབྱོར་བ་ཚང་མ་གསར་འབྱོར་རེད་མ་གཏོགས་གསར་འབྱོར་རྙིང་འབྱོར་གྱི་རྣམ་དབྱེའི་གདགས་གཞི་ཁོ་རང་ཡོད་པ་མ་རེད། གཞིས་ཆགས་ཀྱི་གསར་འབྱོར་རྣམས་ཡིག་ཆ་དང་དྲི་བའི་དཀའ་ངལ་ནི་བོད་ཀྱི་གསར་འབྱོར་རྫུན་མ་ཐོན་ནས་མ་བིན་འཁྲབ་པའི་འབྲས་རྟགས་ཡང་དག་རེད་ལ། མིག་ན་བ་ལག་པས་བཟོས་པ་ཞིག་ཡིན་ཙང་ཁག་འདོགས་བྱེད་ས་ཁོ་རང་ཡོད་པ་མ་རེད། བྱས་ཙང་ཁ་བརྡ་དང་དུས་བབས་སོགས་ཀྱི་ནང་གླེང་དགོས་པའི་རྒྱུ་མཚན་ཅང་ཡོད་པ་མ་རེད། གཞིས་ཆགས་ཀྱི་གསར་འབྱོར་རྣམས་ནི་གཞིས་ཆགས་ཁག་ནང་གཞིས་ཁང་ས་གཞི་སོགས་འདུག་ས་བརྟེན་ས་ཡོད་མཁན་རྐྱང་རེད་ལ། རྒྱ་གར་ནང་གཏན་སྡོད་ཆོག་པའི་ཕྱི་མི་གནས་སྡོད་ཀྱི་ལག་འཁྱེར་ལ་དཀའ་ངལ་ཅི་ཡང་མེད་པ་རེད་ལ་སྲོག་ལ་ཉེན་ཁ་སྤུ་ཙམ་ཡང་མེད་པ་རེད། དེས་ན་ང་ཚོས་གླེང་དགོས་པ་ནི་བོད་ནང་ནས་གུང་ཁྲན་གྱིས་གདུག་རྩུབ་མནར་གཅོད་ལས་ཉེན་གཡོལ་ཆེད་ཧི་མཱ་ལའི་རི་བོ་བརྒལ་ནས་སྲོག་སྐྱོབ་ལ་ཡོང་མཁན་གྱི་སྤུན་ཟླ་རྣམས་ཀྱི་བདེ་སྡུག་གླེང་དགོས་པ་ནི་འོས་འགན་རེད།

  10. བཙན་བྱོལ་བ་ says:
    2014-06-29 at 2:36 pm

    གསར་རྙིང་དབྱེ་བ་མེད་པར་ཕྱི་རྒྱལ་ལུང་པར་འབྱོར་སྐབས་ཚང་མས་སྒྲུང་རྫུན་ཤ་སྟག་བཟོས་ནས་ཆབ་སྲིད་བཙོན་པ་མིན་ན་ཡིན་ཁུལ། སྐྱབས་བཅོལ་སྔར་ནས་རེག་ཟིན་ན་ཡང་མེད་ཁུལ། དངུལ་འབུམ་སྤྲད་ནས་ཕྱིན་ན་ཡང་ཐད་ཀར་བྲོལ་བྱོལ་ཡོང་ཁུལ་སོགས་རྫུན་ཤ་སྟག་བཤད་པས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་རེད། ནོར་འཁྲུལ་སོ་སོས་བཟོས་པ་རེད། ད་དུང་གཞུང་ལ་སྐྱོན་བརྗོད།

  11. གཙན་ནག་པ། says:
    2014-06-29 at 10:38 pm

    བོད་མིའི་མིང་འཁྱེར་ཏེ་ཧི་མ་ལ་ཡི་མི་རིགས་ཡང་མང་པོ་ཞིག་སྐྱབས་བཅོལ་ཡོད་པ་ཡིན་པ་དེ་དག་ལ་དགོངས་ཚུལ་གང་ཡོད་དམ། བལ་ཡུལ་ནང་ནས་སྤྱི་ལོ། ༡༩༩༦ ནས། ༢༠༠༣ བར་རང་བཙན་ལག་དེབ་མང་པོ་ཚོང་སྒྱུར་བྱས་ཏེ། བོད་མི་དངོས་གནས་ལ་རང་བཙན་ལག་དེབ་མི་རག་པའི་དུས་ཞིག་ཀྱང་བྱུང་བ་རེད།

  12. བཙན་བྱོལ་བ་ says:
    2014-06-29 at 11:53 pm

    བལ་ཡུལ་ནས་སྔ་མོར་རང་བཙན་ལག་དེབ་མང་པོ་བཟོས་པའི་སྐོར་ལ། དེའི་ཚེ་དུས་དང་མི་འདྲ། དུས་དེའི་ཚེ་དང་བླངས་དཔྱ་ཁྲལ་ཞེས་ཟེར་ཞིང་། དང་བླངས་ཐོག་གཞུང་ལ་ཞལ་འདེབས་འབུལ་དེབ་ལྟ་བུར་གོ་བས་ཧི་མ་ལ་ཡ་བ་མང་དག་ཅིག་གིས་བཟོས་ཡོད། དེའི་རྒྱབ་ཏུ་ལྐོག་ཟ་སོགས་ཀྱི་དོགས་གཞི་གང་ཡང་མེད། ཧི་མ་ལ་ཡ་བཟོས་མི་ཆོག་པའི་སྐད་ཆ་གང་ཡང་མེད།

  13. ལུང་རྟོགས། says:
    2014-06-30 at 8:01 am

    བཙན་བྱོལ་བས་བཤད་པ་བདེན་པ་རེད། སོ་སོས་ཕྱི་རྒྱལ་གཞུང་ཚབ་ཁག་ལ་རྫུན་བཤད་པའམ། ཡང་ན་གཞུང་ཚབ་ཁང་ལ་འགྲོ་ཙམ་ཡང་མི་བྱེད་པར། ཁྲིམས་འགལ་གྱིས་མི་གཏོང་མཁན་ལ་སྒོར་མོ་འབུམ་མང་པོ་སྤྲད་ནས་འགྲོ་ལུག་གང་ཡང་མ་གཉེར་བར་ཕྱི་རྒྱལ་ལ་སོང་། ཕྱི་རྒྱལ་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་ཡོང་དུས་ཡོད་ཚད་བོད་མིའི་སྒྲིག་འཛུགས་ཀྱིས་མ་འགྲིག་རབ་རྐྱང་བཤད་པ་ནི་མི་གཞི་མེད་པའི་སྐད་ཆ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme