Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་ཆེའི་སྟོན་པའི་འཁྲུངས་སྐར་ལའང་གུས་བརྩི་དགོས་སམ།

Posted on 2014-12-242014-12-24 By ཁ་བརྡ་ 16 Comments on ཁ་ཆེའི་སྟོན་པའི་འཁྲུངས་སྐར་ལའང་གུས་བརྩི་དགོས་སམ།

འཇམ་གཅེས།

 
ད་ནང་ཞོགས་པ་སྔ་མོ་ནས་གཉིད་ལས་སད་མ་ཐག་ཏུ་བསམ་བློ་འདྲ་མིན་སྣ་ཚོགས་པ་ཞིག་ཀྱང་རང་དབང་མེད་པར་མངོན་དུ་གྱུར་འདུག གཙོ་བོ་ནི་ཉིན་འདི་དག་ལ་ཤར་ནུབ་ཡུལ་ལུང་སོ་སོ་ནས་ཡེ་ཤུའི་སྟོན་པའི་རྗེས་འབྲངས་པ་ཚོས་སྟོན་པ་ཡེ་ཤུའི་འཁྲུངས་ཚེས་སྲུང་བརྩིའི་ཕྱིར་དུ་མེ་ཏོག་དང་ཤིས་ཚིག ཚོན་མདོག་དཀར་དམར་གཉིས་ལས་གྲུབ་པའི་མིའི་གཟུགས་སོགས་གཟུགས་བརྙན་འདྲ་མིན་སྣ་ཚོགས་པ་ཞིག་ངོ་དེབ་བམ་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་དང་། སྐད་འཕྲིན་སོགས་བརྒྱུད་ལམ་ཡོད་ཚད་ཀྱི་ནང་དུ་ཧ་ཅང་མང་། དགའ་སྟོན་གྱི་རྣམ་པ་འདི་དག་ནི་སྟོན་པ་ཡེ་ཤུའི་རྗེས་འཛིན་པ་དག་ལ་མཚོན་ན་བསུ་འོས་པའི་དུས་ཆེན་ཞིག་ཡིན་པར་ནམ་ཡང་ངོས་འཛིན་ཞུ་བཞིན་ཡོད།

འོན་ཀྱང་ཆེས་གདོད་མ་ཉིད་ནས་ད་ལྟའི་བར་དུ་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་སོ་སོར་གནས་བཞིན་པའི་ང་ཚོ་བོད་མི་རིགས་ལ་མཚོན་ན། ཡེ་ཤུའི་སྟོན་པའི་འཁྲུངས་སྐར་ལ་ཅིའི་ཕྱིར་གུས་བརྩི་དགོས་པ་ཡིན་ནམ། གལ་ཏེ་འགྲོ་བ་མི་ཕན་ཚུན་མཛའ་མཐུན་དང་། ཆོས་ལུགས་ཕན་ཚུན་ལ་གུས་བཀུར་མཚོན་ཕྱིར་ཡིན་པར་འདོད་དམ། འདོད་ན། ཁ་ཆེའི་སྟོན་པ་ཨིས་སི་ལ་མིན་དང་། ཧིན་དྷི་ཆོས་ལུགས་ཀྱི་སྟོན་པ་ལྷ་ཆེན་དབང་ཕྱུག་ལ་སོགས་པ་ཆོས་ལུགས་དེ་དག་གི་སྟོན་པ་འམ་ཨ་ལ་སོགས་ཀྱི་དུས་ཆེན་ལའང་གཅིག་མཚུངས་སུ་གུས་བརྩི་དང་། དགའ་སྟོན་བྱ་དགོས་ཏེ་རྒྱུ་མཚན་ཀུན་ནས་མཚུངས་པས་སོ།།
ལྷག་པར་དུའང་ཡུལ་གྱར་བོད་མིའི་གནས་ཡུལ་རྒྱ་གར་དང་བལ་ཡུལ་རྒྱལ་ཁབ་གཉིས་ལ་མཚོན་ན་མི་འབོར་བརྒྱ་ཆ་བདུན་ཅུ་ལས་བརྒལ་བ་ཁ་ཆེ་དང་ཧིན་དྷིའི་རྗེས་འཇུག་པ་ཡིན་ཟེར་ཆོག་ལ། ང་ཚོ་བོད་རིགས་ཀྱི་འདས་མ་ད་གསུམ་ལ་བསམ་བློ་རེ་བཏང་ན་རྒྱ་གར་ལྟ་བུའི་བཀའ་དྲིན་ཅན་ཞིག་ཕྱིའི་རྒྱལ་ཁབ་སུ་ཞིག་ཀྱང་མེད་པར་འགྲེལ་བཤད་ཞུ་ག་ལ་དགོས།

ད་ལྟའི་བོད་མི་རིགས་ཀྱི་ལས་དབང་དང་བདེ་སྡུག་གི་ཐོག་ནས་བསམ་བློ་རེ་བཏང་བ་ཡིན་ན་ཡང་། འདས་པའི་ལོ་ཤས་ནས་བཟུང་བོད་ཕྱི་ནང་གང་ས་ནས་བསྟན་སྲིད་སྤྱིའི་ལ་རྒྱ་དང་རྩ་དོན། མི་རིགས་ཀྱི་བདག་དབང་དང་བདེ་སྡུག འདྲ་མཉམ་དང་ཐོབ་ཐང་། མདོར་ན་རང་ཡུལ་རྩོད་ལེན་གྱི་ཕྱིར་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་ཕངས་མེད་ཀྱི་སྒོ་ནས་མེ་ལྕེ་དམར་མོའི་ནང་དུ་གཅིག་བཞུད་གཉིས་བཞུད་གནང་མཁན་གྱི་དཔའ་བོ་ཕོ་མོ་༡༣༤ ཙམ་ཟིན་ཡོད།
ལྷག་པར་དུའང་འདས་པའི་བདུན་ཕྲག་གཅིག་ཙམ་གྱི་སྔ་ཕྱིའི་ནང་དཔའ་བོ་ཕོ་མོ་གསུམ་གཅིག་རྗེས་གཅིག་གིས་མ་ཟིན་པ་ལྟ་བུའི་སྒོ་ནས་གཤེགས་སོང་། དེ་ལྟ་བུའི་གནས་སྟངས་ཀྱིས་རྐྱེན་པའི་བོད་རང་གི་སྲོལ་རྒྱུན་དུ་ཡོད་པའི་ལོ་གསར་གྱི་དགའ་སྟོན་ལའང་གཅིག་གྱུར་གྱི་ཐོག་ནས་རོལ་ཐུབ་མེད་ན། ཕྱི་ལུགས་ཀྱི་ལོ་གསར་དང་། ཕྱི་ལུགས་སྟོན་པའི་དུས་ཆེན་ཁག་ལ་ཅིའི་ཕྱིར་འཚང་ཀ་རྒྱག་གིན་ཡོད་དམ།

མདོར་བསྡུས་ནས་བཤད་ན། རང་ཉིད་ཀྱི་ངོ་ཤེས་དང་། གྲོགས་པོ་གྲོགས་མོ་སོགས་ཀྱིས་མཚོན་འབྲེལ་ཡོད་དག་ལ་ཤིས་ཚིག་རེ་དང་རྣམ་འགྱུར་རེ། སྤྲེལ་ལད་རེ་དགོས་གལ་ཆེ་འདུག་ན་སྒེར་སོ་སོར་འབྲེལ་བ་གནང་དགོས་པ་ལས། སྤྱི་ཚོགས་ཀྱི་མིག་སྔར་ཅིའི་ཕྱིར་འུར་རྒྱག་གིན་ཡོད། ལྷག་པར་དུ་འང་ན་བཟའ་དམར་སེར་ཅན་གྱི་བླ་སྤྲུལ་དང་། མཁན་པོ་དགེ་བཤེས། སྔགས་འཆང་སློབ་དཔོན་སོགས་ཀྱི་མཚན་སྙན་གྱི་ཅོད་པན་འཆང་བ་ཚོ་ཡིན་ཡང་། རྟོགས་པ་ལྷ་དང་མཉམ་ནའང་། ཀུན་སྤྱོད་མི་དང་མཐུན་པ་ཞིག་ལ་བག་ཡོད་པར་བྱོས། རང་ཚུགས་མ་ཤོར་བ་གནང་རོགས་ཞེས་ཞུ་ན་འདོད།
ངས་འདི་ལྟར་བཤད་དུས་སུ། མི་ཚོས་ང་ལ་མཁྲེགས་འཛིན་མཁན་དང་། གུ་དོག་རིང་ལུགས་པ་སོགས་མི་འདོད་པའི་ཚིག་མཚོན་ཆར་ལྟར་ཕབ་ཀྱིན་འདུག་མོད། ང་ལ་མཚོན་ན་དེ་ལྟ་བུའི་རིགས་ལ་དགའ་སྡུག་གི་ཚོར་སྣང་གང་ཡང་མེད། ད་དུང་གང་འདོད་འུར་རོགས།།

བསམ་ཚུལ།

Post navigation

Previous Post: སན་ཏ་ ཁི་ལའུ་སི།
Next Post: སྟོན་པ་ཡེ་ཤུ་ནི་མིའི་རིགས་ཀྱི་ལམ་སྟོན་པ་དང་འཆིང་གྲོལ་བ་ཆེན་པོ་ཞིག་རེད།

Comments (16) on “ཁ་ཆེའི་སྟོན་པའི་འཁྲུངས་སྐར་ལའང་གུས་བརྩི་དགོས་སམ།”

  1. ལྡོང་གསེར་མིག says:
    2014-12-24 at 11:50 pm

    ཉིན་ཤས་སྔོན་ནས་བཟུང་སྟོན་པ་ཡེ་ཤུ་བའི་འཁྲུངས་ཚེས་དང་ཕྱི་ལོ་གསར་ཚེས་ཀྱི་དགའ་སྟོན་ཆེད་ཤིས་ཤོག་བསྐུར་བ་དང་དྲ་བརྙན་གཏོང་བ་སོགས་མང་པོ་མང་པོ་ཞིག་བྱས་དང་བྱེད་བཞིན་མཆིས། ངའི་ཉེ་རིང་གཉིས་སུ་གནས་པའི་དྲ་གྲོགས་སྐོར་ཞིག་གིས་བོད་པ་ཚོས་ཡེ་ཤུའི་འཁྲུངས་སྐར་གལ་ཆེའི་དུས་ཆེན་དུ་བརྩི་སྲུང་བྱེད་པར་དགག་བྱ་གནང་མཁན་ཡང་ཡོད་སྐད། ཡིན་ཡང་། ཡར་ལུང་ཁོག་ལ་བསྡད་ན་ཡར་ལྷ་ཤམ་པོ་གསོ་དགོས་པའི་དཔེ་ལྟར་ཕྱི་གླིང་དུ་སྡོད་མཁན་ཚོས་ཡེ་ཤུའི་འཁྲུངས་སྐར་བརྩི་སྲུང་ཞུ་དགོས་པ་བཤད་མི་དགོས་ཤིང་དེས་ནི་ཤར་ནུབ་མི་རིགས་ཕན་ཚུན་བར་མཐུན་སྒྲིལ་གྱི་སྣེ་མོ་དམ་དུ་གཏོང་བར་ཕན་ཐོགས་ཀྱང་གང་འཚམས་རེ་འབྱུང་བ་ལས་གནོད་པའི་བྱ་བ་རྡུལ་ཙམ་ཡང་མ་མཐོང་། ཡང་ཅིག་བཤད་ན། ཕྱི་གླིང་དུ་ཡོད་པའི་བོད་པའི་ཆོས་ཚོགས་དང་སློབ་མ་རྣམས་ཀྱིས་རང་རེ་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་སངས་རྒྱས་དང་བླ་རབས་ཀྱི་འཁྲུངས་མཆོད་ལ་སོགས་པར་ཕྱི་གླིང་མགོ་སེར་བ་ཅི་ཙམ་ཞིག་གིས་སྲུང་བརྩི་དང་དགའ་བ་སྒོམ་བཞིན་འདུག གཅིག་བྱས་ན་དེ་དག་གི་སེམས་ལ་དད་པའི་ས་བོན་རྣམ་པར་དག་པ་རེ་སྐྱེས་ཡོད་སྲིད་ལ། ཡང་ན་བོད་མི་རིགས་ཀྱི་བསམ་བློའི་ཀུན་སྤྱོད་ལ་དུང་བའི་མཐུན་སྒྲིལ་གྱི་བག་ཆགས་མངོན་འགྱུར་བ་རེའང་ཡིན་སྲིད། དེ་བཞིན་བལ་ཡུལ་དང་རྒྱ་གར་སོགས་ལ་མཚོན་ན་ཡང་རྒྱལ་ཁབ་དེའི་ལོ་གསར་དང་། ཡང་ན་མེ་ལྷ་སོགས་ལྷ་ཡི་རོལ་རྩེད་ཀྱི་དགའ་སྟོན་སོགས་ལ་བོད་པ་མང་པོ་ཞིག་གིས་ཡུལ་མིའི་གོམས་སྲོལ་བཞིན་བསྲུ་བརྩིའི་ཆེད་སློབ་གྲྭས་གུང་གསེང་གཏོང་བ་དང་། དགོན་པའི་འཚོགས་ཐུན་འཇོག་པ་སོགས་བྱེད་པ་འདིས་ཕན་ཚུན་ཡུལ་གོམས་གཤིས་ལུགས་ཀ་གུས་ཞབས་དང་མཐུན་སྒྲིལ་གྱི་རྣམ་པ་ཞིག་ཏུ་འགྱུར་བས་སེམས་མི་ཆུང་བར་མཛོད་ཅིག །

  2. སྤོབས་པ་མཐའ་ཡས། says:
    2014-12-25 at 12:58 am

    “ཁ་ཆེའི་སྟོན་པ་ཨིས་སི་ལ་མིན་དང་། ཧིན་དྷི་ཆོས་ལུགས་ཀྱི་སྟོན་པ་ལྷ་ཆེན་དབང་ཕྱུག་ལ་སོགས་པ་ཆོས་ལུགས་དེ་དག་གི་སྟོན་པ་འམ་ཨ་ལ་སོགས་ཀྱི་དུས་ཆེན་ལའང་གཅིག་མཚུངས་སུ་གུས་བརྩི་དང་། དགའ་སྟོན་བྱ་དགོས་ཏེ་རྒྱུ་མཚན་ཀུན་ནས་མཚུངས་པས་སོ།།”
    དེང་སང་གོ་ལ་གཅིག་གྱུར་ཅན་དུ་གྱུར། མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་གི་དུས་རབས་འདིར་སླེབས་དུས་ང་ཚོའི་རྩོམ་པ་པོ་ཚོས་སྤྱིར་བཏང་གི་ཤེས་བྱ་འདི་ལྟ་བུ་ཙམ་ལ་རྨོངས་པའི་རང་རྟགས་བསྟན་ན་མིའི་སྔོན་དུ་མཛེས་པོ་མེད། ཁ་ཆེའི་སྟོན་པ་ནི་མོ་ཧ་མད་རེད། ཨི་ཟི་ལམ་ཟེར་ན་ཆོས་ལུགས་ཀྱི་མིང་ཡིན་པ་མ་གཏོགས་སྟོན་པའི་མིང་མ་རེད། ཨི་ཟི་ལམ་ཟེར་བ་དེ་ཞི་བདེའི་དོན་རེད་ཅེས་པ་ཐོས། དབང་ཕྱུག་ནི་ཧིན་དྷུའི་ལུགས་ཀྱི་ལྷ་ཞིག་ཡིན་པ་མ་གཏོགས་སྟོན་པ་མ་རེད། སྤྱིར་ན་ཧིན་དྷུ་ཟེར་བ་དེ་ནི་རྒྱ་གར་གྱི་ཡུལ་གྱི་དད་མོས་སྲོལ་རྒྱུན་ཀུན་གྱི་སྤྱི་མིང་ལྟ་བུ་ཞིག་མ་གཏོགས་སྟོན་པ་གཅིག་ཁོ་ནའི་བསྟན་པར་ངོས་བཟུང་རྒྱུ་མེད། དེ་བཞིན་དུ་ཨལ་ལ་ནི་ཁ་ཆེའི་ཆོས་ལུགས་ཀྱི་དད་མོས་ངོར་འཇིག་རྟེན་བྱེད་པ་པོ་དང་སྣང་སྲིད་ཀྱི་ཁྱབ་བདག་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་གཅིག་པུ་དེ་ཡིན་པར་འདོད་པ་མ་གཏོགས་སྟོན་པ་མ་རེད།

  3. གནམ says:
    2014-12-25 at 1:49 am

    ཧ་ཧ་ཧ། ཤེས་མི་ཤེས་གཉིས་ཀ་གསུང་རྐྱང་རེད་འདུག་གི་ཨ། གདོང་སྤོབས་ཆེ་བ་ལ། ཨ་ལ་ལ་ལ། དིས་སེང་གི་མྱི། ཅིག་ཉན་གི་ན་གསེར་ཡུམ་དུམ་པ། ཧ་ཧ་ཧ།

  4. འཇམ་གཅེས། says:
    2014-12-25 at 1:59 am

    དྲྭ་གྲོགས་སྤོབས་མཐའ་ལགས་ལ་ཡ་ཡ་ཟེར་རྒྱུ་དང་། ལྡོང་གསེར་ལགས་སུ་རྩོམ་ཡིག་མགོ་འཇུག་ཡོངས་རྫོགས་ཀྱི་དོན་སྙིང་ལ་བསམ་གཞིགས་རེ་གནང་དགོས། སྤྱིར་ཡིག་ཚོགས་ཧ་ཅང་ཉུང་བའི་རྩོམ་ཡིག་ཞིག་ཡིན་མོད། གནད་དོན་མི་ཉུང་བ་ཞིག་འདུས་པར་བྱས་ཡོད། དཔེ་ན་འདས་པའི་བདུན་ཕྲག་གཅིག་ཡས་མིན་སོགས་སོ།།

  5. པདྨ says:
    2014-12-25 at 2:02 am

    འདི་ནི་བདག་ཅག་གི་༧སྐྱབས་མགོན་༧རྒྱལ་བ་༧རིན་པོ་ཆེས་ཁ་ཞྭ་དཀར་པོ་གྱོན་པ་ཁ་ཆེ་ལྷ་ཁང་དུ་སྤྲོ་སྐྱིད་གསོལ་འདེབས་སྨོན་ལམ་གནང་ཆོག་ན་དད་འབངས་གངས་ཅན་པ་ཚོ་མགོ་གར་འགྲོ་རྔ་མ་ཟེར་བ་དེ་མིན་ནམ། འདི་ཕྱི་གཉིས་ཀ་ལ་ཕན་མེད་དོན་མེད་ཀྱི་གསོན་བསྲེག་བཏངས་བ་ལ་གུས་རྩི་དགོས་ན་འགྲོ་བ་མི་རིགས་སུ་ཡིན་ཡང་དགའ་སྤྲོ་དང་བདེ་མཉམ་དུ་རོལ་ན་ལེགས་ཆ་ལས་སྐྱོན་ཆ་ཞིག་གཏན་ནས་མ་མཐོང་ལོ་འཇམ་གཅེས་ལོ་ལོ། །

  6. འཇམ་གཅེས། says:
    2014-12-25 at 2:10 am

    གསལ་བཤད་ཐུང་ཙམ་ཞུ་དགོས་པར་སྣང་། གོང་གསལ་རྩོམ་ཡིག་དང་འབྲེལ་བའི་མྱི་སྐད་སྨྲ་བ་དག་ལ་ནི་གང་འོས་ཀྱི་ལན་རེ་འབུལ་འཆར་ཡོད། དེ་ལས་ལོག་པ་དག་ནི་ལན་མེད་དེ་ཡང་ལན་གྱི་དོད་ཡིན་པས་ཤེས་པར་གྱིས།

  7. ཐུབ་པ། says:
    2014-12-25 at 2:10 am

    དིས་སེང་གི་མྱི། ཅིག་ཉན་གི་ན་གསེར་ཡུམ་དུམ་པ། ཧ་ཧ་ཧ།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-12-25 at 2:31 am

    བོད་ཀྱི་དེབ་ཐེར་རྙིང་པའི་ནང་ཀླ་ཀློའི་ཆོས་ཞེས་འཁོད་ཡོད་པ་ཅིག་དྲན། དེ་ཁ་ཆེའི་ཆོས་ལུགས་ལ་ཟུར་བ་ཡིན་ཤས་ཆེ། ཧཧཧཧ།
    ཁ་ཆེའི་དཀོན་མཆོག ཀླ་ཀློའི་དཀོན་མཆོག་ཡིན་ན། ཡེ་ཤུའི་དཀོན་མཆོག་ཀྱང་། ཀླ་ཀློའི་དཀོན་མཆོག་ཏུ་དོན་གྱིས་ཁས་བླངསསུ་སོང་བ་རེད། ཨོ་ཧོ། སྐད་ཆ་འདིའི་རིགས་ཕྱི་བསྒྲགས་སུ་འགྲོ་མི་ཉན་ནོ།། །།

  9. ཁྲི་རལ་པ་ཅན་ says:
    2014-12-25 at 2:32 am

    སྤོབས་པ་མཐའ་ཡས་ཀྱིས་གསུངས་པ་བདེན་པར་གོ།ཁ་ཆེའི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་བྱས་ན་སྡུག་པོ་གང་མ་རེད་ཡག་པོ་རེད།Islamཟེར་བ་ཁ་ཆེའི་ཆོས་མིང་ཞི་བ་ལ་གོ།དེང་སང་གི་ཁ་ཆེའི་བསྟན་སྲུང་དམག་སྐུལ་སློང་གི་jihadཟེར་བ་དེའང་སོ་སོའི་ནང་གི་ཉོན་མོངས་དང་འཐབ་རྩོད་བྱས་པར་གོ།ཁ་ཆེའི་གསུང་རབ་ཀོརན་གྱི་ནང་དུ་ལྷ་ཆོས་དགེ་བ་བཅུ་དང་མི་དགེ་བ་བཅུ་སོགས་ཧ་ལམ་ནང་པ་དང་གཅིག་མཚུངས་སུ་བཀོད་འདུག་པ།ང་རང་གིས་བཀླགས་པ་ཀོརན་དབྱིན་འགྱུར་མ་ཞིག་ཏུ་དངོས་སུ་མཐོང་།
    དེ་འདྲ་སྟོན་པ་དང་བསྟན་པ་ལ་སྲུང་བརྩི་བྱས་ན་མི་འོས་པ་གང་ཡང་མ་རེད།

  10. འཇམ་གཅེས། says:
    2014-12-25 at 2:51 am

    ནང་པ་སངས་རྒྱས་པའི་སྟོན་མཆོག་འགྲན་ཟླ་མེད་པ་ཁོང་ཉིད་སྐུ་འཁྲུངས་པའི་དུས་བཟང་ལ་བོད་པ་ཚོས་མཆོད་མཇལ་བྱེད་སྲོལ་ཙམ་དང་། དགོན་པ་གྲྭ་ཚང་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་རེ་མ་གཏོགས་སྤྲོད་སྐྱིད་དམ་དགའ་སྟོན་གྱི་རྣམ་པ་གང་ཡང་མངོན་གྱི་མེད་ལ། ཕྱི་ཡུལ་གྱི་སྟོན་པའི་དུས་བཟང་ཟེར་ནས་རང་རིགས་བསྟན་སྲིད་ཀྱི་དོན་དུ་སྐུ་ལུས་མེ་མཆོད་འབུལ་བཞིན་པའི་ཉིན་སྔར་ཕྱི་དག་ལ་བོད་པ་ཚོས་སྤྲོ་སྐྱིད་ཀྱི་ལས་སུ་འཚང་བཞིན་པ་འདི་ཚོ་ལ་བསམ་ན་ཡིད་མུག་དགོས་པ་ཞིག་མ་ཡིན་ནམ། བོད་པའི་ལོ་གསར་ལ་མཚོན་ན་གོང་གསལ་བཞིན་དུས་ཡིན་གང་ཙམ་རིང་མཉམ་རོལ་ཐུབ་མེད། གང་ལྟར། དགོས་ས་ལ་ཆད། མི་དགོས་ས་ལ་ལྷག་ཟེར་བ་དེ་རེད། སྤྱིར་བཏང་ནི་ཆོས་ལུགས་གང་ཞིག་ཡིན་རུང་གུས་བཀུར་དགོས་པ་དང་། ཆོས་བྱེད་མི་སྣའི་བར་གྱི་མཐུན་ལམ་ནི་གལ་ཆེན་ཡིན་པར་ངས་ཀྱང་ངོས་འཛིན་ཞུ་བཞིན་ཡོད། འོན་ཀྱང་རང་ཚུགས་མེད་པའི་རྣམ་པ་དང་། གསར་འགྲོགས་སམ་ཨ་སར། རང་རིགས་ཀྱི་གནས་སྟངས་ལ་བསམ་ཤེས་ཙམ་ཡང་མི་ནུས་པའི་སྤྱོད་ངན་འདི་དག་ནི་བདག་ལ་མཚོན་ན་སྙིང་ན་བྱེད་རྒྱུད་ངོ་མ་དེ་ཡིན།

  11. ལུང་རྟོགས། says:
    2014-12-25 at 8:21 am

    ངས་སྟོང་ལོ་གསར་པའི་ལོ་གསར་མི་བསུ་ལ། ཡེ་ཤུའི་སྟོན་པའི་འཁྲུངས་སྐར་དེའས་ཀྱང་མི་བསུ། ཅིའི་ཕྱིར་ཞེ་ན། ང་བོད་པ་ཞིག་དང་ནང་པ་ཞིག་ཡིན་པས་འདི་དག་བསུ་དགོས་དོན་མི་འདུག ང་ལ་བོད་གངས་ཅན་པ་རང་ཉིད་ཀྱི་ལོ་གསར་བསུ་རྒྱུ་ཡོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་བསུ་རྒྱུ་ཡོད། བོད་པ་ཚོ། ཁྱོད་ཚོ་ཅིའི་ཕྱིར་འདི་ལྟར་གཡམ་རྒྱུག་བྱེད་བཞིན་ཡོད། ཁྱོད་ཚོ་ལ་འདི་དག་སྲུང་རྩི་བྱེད་དགོས་པའི་འགན་འཁྲི་ཅི་ཞིག་ཡོད། ཁྱོད་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་སྲུང་བརྩི་བྱེད་མཁན་ཡེ་ཤུའི་ཆོས་དད་པ་ཞིག་མཐོང་ཨེ་མྱོང་། ནུབ་ཕྱོགས་པ་ཚོས་རང་ཉིད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། དམག་སོགས་ཀྱི་སྟོབས་ཤུགས་ལ་རྟེན་ནས། ཁོཚོའི་ཆོས་ལུགས་དང་། སྐད་ཡིག རིག་གཞུང་དང་། གོམ་བཤིས་སོགས་ཀྱིས་འཛམ་གླིང་དབང་བསྒྱུར་རྒྱུའི་ཧམ་སེམས་འཆང་བཞིན་པ་མ་ཤེས་སམ། ཁོ་ཚོས་རང་ཉིད་ཀྱི་སྐད་ཡིག་ལ་འཛམ་གླིང་སྤྱི་སྐད་དུ་འབོད་བཞིན་ཡོད་ལ། ཡེ་ཤུས་ཆོས་ལུགས་ལ་འཛམ་གླིང་སྤྱིའི་ཆོས་ལུགས་སུ་འབོད་བཞིན་ཡོད་པ་འདིས་སྟེང་ནས་ཁོ་ཚོའི་ཧམ་སེམས་དེ་གསལ་པོ་མཐོང་ཐུབ། དོན་ངོ་མ་འཛམ་གླིང་སྤྱི་སྐད་ཟེར་བ་དང་སྤྱིའི་ཆོས་ལུགས་ཟེར་བ་ཞིག་གཏན་ནས་མེད། ལྷག་ཏུ་ཡེ་ཤུའི་ཆོས་སྤེལ་མཁན་ཚོའི་ཧམ་སེམས་ནི་ཚད་ལས་བརྒལ་བ་ཞིག་ཡིན། ཁོང་ཚོ་གྲོང་ཁྱེར་ནང་དུ་སླེབས་ཡོད་ཅིངགྲོང་རྡལ་ནང་དུ་སླེབས་ཡོད། ཁོང་ཚོ་སློབ་གྲྭའི་ནང་དུ་སླེབས་ཡོད་ལ་སྨན་ཁང་ནང་དུ་སླེབས་ཡོད། ཁོང་ཚོ་གྲོང་གསེབ་ཏུ་སླེབས་ཡོད་ལ་དགོན་པའི་ནང་དུའང་སླེབས་ཡོད། མདོར་ན་རི་བོའི་རྩེ་དང་རྒྱ་མཚོའི་འགྲམ་གང་དུ་ཡང་ཁོང་ཚོ་མ་སླེབས་པའི་གནས་མེད། ཁོ་ཚོས་སློབ་གྲྭ་རྒྱག་པ་དང་སྨན་ཁང་བཙུགས་པ་ཉམ་ཐག་ལ་རོག་པ་བྱེད་པ་སོགས་དགེ་ལས་འདི་དག་གི་རྒྱབ་ལ་ཆོས་ལུགས་སྤེལ་རྒྱུའི་ཧམ་སེམས་རི་འདྲ་བ་རེ་འཆང་མེད་པ་ཧ་ཅང་དཀོན། འདི་ལྟ་བུའི་གནས་སྟང་གི་འོག་ནས་ང་ཚོས་ད་དུང་ཁོ་ཚོའི་རྗེས་སུ་གཡམ་རྒྱུག་གིས་ཁོ་ཚོའི་འདོད་དོན་སྒྲུབ་རོག་བྱེད་པ་ནི་དཔེར་ན་རང་ཉིད་གསོད་པའི་ཤན་པ་ལ་གྲི་བསྡར་རོག་བྱེད་པ་དང་ཅིག་མཚུངས་ཡིན། བོད་པ་ཚོ། “རང་ཚུག་མ་ཤོར་གཞན་སེམས་མ་དཀྲུག” མཐའ་དོན་མཁས་དབང་དགེ་ཆོས་ཀྱིས། གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་། །རིག་རྩལ་ཐབས་མཁས་གློག་གི་འཁྲུལ་འཁོར་གྱིས། །དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ། །སྐྲ་སེར་སྤྲེའུའི་རིགས་ལ་དོག་ཟོན་མཛོད།། ཞེས་པའི་བསླབ་བྱ་འདི་ཡིད་ལ་བཟུང་རོག།

  12. ཇུས་ཏོག says:
    2014-12-25 at 8:47 am

    ཆོས་ལུགས་འཐེན་ཁྱེར་གྱི་སྐད་ཆ་མ་བཤད་ན་ཡག་གི་རེད་།
    ཡུལ་ཆུ་ཐུང་ནས་ཡུལ་ཁྲིམས་བརྩི་དགོས་པ་རེད་།
    ཆོས་ལུགས་ཡོངས་རྩོགས་ལ་དག་སྣང་དགོས་པ་རེད་།
    ཆོས་ཐམས་བཅས་བུ་རམ་རེད་།
    ག་ནས་ཟས་ཀྱང་མངར་མོ་རེད་།།

  13. ལུང་རྟོགས། says:
    2014-12-25 at 8:55 am

    ཧཧཧ མགོ་སྟོང་ཚོའི་སྐད་ཆ་བཤད་ལུགས་འདི་འདྲ་རེད། དོན་ངོ་མ་ཁོང་ཚོས་ཆོས་ལུགས་ཅིག་ལ་ཡང་དད་པ་དག་སྣང་ཡོད་མ་རེད།

  14. འཇམ་གཅེས། says:
    2014-12-25 at 9:12 am

    ཇུས་ཏོག་ཟེར་བའི་དྲྭ་གྲོགས་ལགས། འབྲེལ་མེད་དོན་གཞན་གྱི་སྐད་ཅོལ་མ་གནང་རོགས། ཨ་རི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་ནི་མང་གཙོའི་རྒྱལ་ཁབ་རེད་ལ། སྤྱིར་འཛམ་གླིང་འདིའི་ནང་དུ་ཡེ་ཤུའི་ཆོས་ལ་དད་མོས་མ་བྱས་ཡིན་ན་ཁྲིམས་ལུགས་གང་འགལ་གྱི་ཡོད་དམ། ཡུལ་ཁྲིམས་གང་དང་འགལ་འགྲོ་བ་རེད་དམ། དེ་ལས་ཀྱང་དུས་ཆེན་བརྩི་སྲུང་མ་བྱས་པ་ཡིན་ན་ཡང་ཁྲི་ས་ལུགས་གང་ཡང་འགལ་གྱི་མེད། མདོར་ན་ཆོས་དད་རང་མོས་རེད། ད་དུང་ཆོས་ལུགས་འཐེན་ཁྱེར་ཅིའི་ཕྱིར་རེད་སོང་བ་རེད།

  15. ཇུས་ཏོག says:
    2014-12-25 at 10:25 am

    རྒྱལ་བ་་ལྔ་པ་དང་ཟླ་བ་ལྔ་བ་ནོར་མི་ཉན་།
    གཡག་རྔ་དཀར་དང་གྲངས་ལྔ་ནོར་མི་ཉན་།

  16. ཁྱུང་སེ། says:
    2014-12-25 at 11:29 am

    ཧ་ཧ་ཧ་སྤོབས་མཐའ་འདི་ཡིས་སྐད་ཆ་སྔ་ཕྱི་རྒྱབ་འགལ་དང་མགོ་རྔ་མེད་པའི་སྐད་ཆ་དག་བཤད་ཀྱི་རེད། ཡང་དེ་རིང་ཁོས་འདི་ན་ཆོས་ལུགས་མི་རིགས་མཐུན་འབྲེལ་ཡིན་ན་ཅིག་དགོས་ཟེར། ནམ་རྒྱུན་གཞན་གྱི་ཆོས་ལུགས་ལ་དམའ་འབེབས་རྐྱང་བྱེད་ཀྱི་ཡོད།
    གང་ལ་སྲུང་བརྩི་དང་གུས་ཞབས་བྱེད་མིན་མི་རང་རང་སོས་སོས་ཐག་ཆོད་བྱེད་ཆོག་པའི་རང་དབང་རེད། དེ་ལ་ང་ཚོ་བོད་པ་མང་ཆེ་བ་ནང་པ་བ་ཡིན་པས་བོད་པས་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་དང་དེའི་སྟོན་པའི་འཁྲུངས་སྐར་དང་དུས་ཆེན་ལ་སྲུང་བརྩི་བྱེད་མི་རུང་ཟེར་བ་དེ་གནམ་གྱི་བཀའ་ཡིན་ན་མ་གཏོགས་གཏན་ཚིགས་དང་གནས་ལུགས་མེད་པའི་སྐད་ཆ་རང་རེད། མི་འདི་རིགས་ནི་ཆོས་ལུགས་ཏྨོངས་དད་དང་ཕྱོགས་ཞེན་གྱི་སྐྲན་ནད་ཀྱིས་ཟིན་རྟགས་རང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme