Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་ཆེའི་བུ་མོའི་བག་ཆགས་དྲང་ཚིག་དུང་ཟླ་དཀར་པོ།

Posted on 2015-02-052015-02-05 By ཁ་བརྡ 34 Comments on ཁ་ཆེའི་བུ་མོའི་བག་ཆགས་དྲང་ཚིག་དུང་ཟླ་དཀར་པོ།

ཨེ་མ་ཧོ།

 
ན་མོ་གུ་རུ་རཏྣ་ཏྲ་ཡ་ཡ།
དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ།།
རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས།།
ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ།།
བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི།།

དེ་ཡང་ཕྱི་ལོ་༢༠༡༡ ༢ ༣ ཉིན་ཁ་ཆེ་བུ་མོ་ཨ་སེ་ལ་ཞེས་པའི་སྐྱེ་སྐར་གྱི་མགྲོན་འབོད་སོང་ནས། ངས་བོད་ལུགས་ཀྱི་ཁ་བཏགས་དཀར་པོ་དང་སངས་རྒྱས་ཀྱི་སྐུ་འདྲ་ཡོད་སའི་ལེགས་བྱང་ལ་སྨོན་བྲིས་ནས་ཕུལ། དེ་ནས་བཟུང་མོས་ང་རང་ངོ་ཤེས་ནས་ཨ་ཕའི་དགའ་གྲོགས་ཀྱི་བླ་མ་ཞེས་འབོད། བུ་མོའི་ཕ་རྒན་མ་ཧྰ་མོ་དྷ་ཡང་ངེད་གཉིས་གཙུག་ལག་སློབ་གྲྭ་ཁང་དུ་འཛིན་གྲྭ་གཅིག་པར་ལོ་བཞི་རིང་གྲོགས་པོ་ཡག་ཤོས་སུ་མཆིས། མཚམས་རེ་ངའི་ལུས་སྦྱང་གི་སློབ་ཚན་ཁང་དུ་ཨ་སེ་ཕ་བུ་དག་མཉམ་དུ་ཞུགས་ནས་སོ་སོར་སྤྱི་ཕན་བདེ་འགྲོས་ཀྱི་ལུས་སྦྱང་ཡང་མཉམ་དུ་རྩལ་སྦྱང་བྱས་པ་ཉུང་ཉུང་མིན། ད་ལོ་ཁོ་རང་ནི་སློབ་མཐར་ཕྱིན་པ་རེད། མ་ཧྰ་མོ་དྷ་ནི་ལོ་བཞི་རིང་ལ་སེམས་ཁམས་རིག་པའི་ཚན་ རིག་ལ་སྦྱང་བས་ནང་ཆོས་ལ་ཤིན་ཏུ་དགའ་བོ་ཆགས་ཞིང་ང་ཡོད་ས་ནས་ཀྱང་སྐྱབས་འགྲོ་དང་སེམས་བསྐྱེད་ལ་ལྐོག་སྦྱོང་བྱས་ནས་འབད་བརྩོན་གནང་བཞིན་ཡོད་དོ།།

ད་ལོ་༢༠༡༥ ༢ ༣ ཉིན་བུ་མོ་ཨ་སེ་ལ་ལོ་བརྒྱད་དུ་སོན་པ་ཡིན། ང་ཡང་མོའི་སྐྱེ་སྐར་ལ་མ་ཐོན་ཡང་། མོ་རང་ཕ་དང་གཉིས་ཀ་ཡོང་ནས་བདག་ལ་ཕྱེ་ཐུད་ཞིམ་མངར་རིགས་དང་ལེགས་བྱང་ཞིག་ཁྱེར་ནས་ང་ལ་གནང་ཞིང་གཏམ་གླེང་མང་པོ་བྱས་པ་ཡིན། སོང་ཉིན་ཁོང་ཕ་བུ་ཕ་ཡུལ་ཁ་ཆེའི་རྒྱལ་ཁབ་ཏུ་ལོག་འགྲོ་རྒྱུ་རེད་འདུག དེ་ནས་བཟུང་ནམ་ཡང་ཐུག་མི་སྲིད་པ་ཡིན་པ་ཤེས་ནས་བུ་མོ་ཆུང་ཆུང་དེ་ངུས་ནས་ང་ལ་བདེ་སྨོན་གནང་། ངས་སངས་རྒྱས་ཀྱི་སྐུ་པར་ཞིག་བོད་ལུགས་ཀྱི་ཟངས་རག་གི་གའུ་ཞིག་ཕུལ།། བུ་མོས་བཤད་རྒྱུ་སངས་རྒྱས་སྐུ་པར་གའུ་མི་དགོས་བཀའ་དྲིན་ཆེ་གསུངས། ངས་ཨུ་ཚུགས་ཀྱིས་ཕུལ་ཡང་བླངས་མ་སོང་། གང་ཡིན་ནམ་ཞུས་པས། བུ་མོས་ཨ་མས་མཐོང་ན་སངས་རྒྱས་སྐུ་གད་སྙིགས་སུ་གཡུག་གི་རེད། གལ་ཏེ་ཨ་མས་མ་མཐོང་ས་ནས་ཕ་ཡུལ་དུ་ཁྱེར་སོང་ན་སྲོག་གི་ཉེན་ཁ་ཡོད། ང་ནི་ཁ་ཆེ་བ་ཡིན་ལབ་སོང་། ཕ་ཡང་ཅུང་ཟད་ཁ་སྐྱེངས་ནས་དེ་ག་རང་རེད་ཅེས་ལབ། ཕ་དང་བུ་མོས་དགོངས་དག་ཅེས་གསུངས། ངས་འོ་ན་གཏན་མིན་ཞུས་ནས་དབྱིན་སྒོར་བཅུ་བྱིན་ནས་བདེ་མོ་བྱས་ནས་སོ་སོར་གྱེས།།

unnamed

ངས་འདི་ནས་བོད་རིགས་དྲ་གྲོགས་ཚོ་ལ་བཤད་དགོས་དོན་ནི་ང་ཚོ་བོད་པ་ཚོས་ང་ཚོའི་བོད་རང་གི་ཆོས་དང་རིག་གཞུང་ལ་གཅེས་སྐྱོང་ག་ཚོད་གནང་གི་ཡོད་དམ། ཕྱི་ལོ་ཆིག་སྱོང་དགུ་བརྒྱ་ལྔ་བཅུ་ང་བརྒྱད་སྐབས་སུ་བོད་མི་ཕལ་མོ་ཆ་ཞིག་གིས་ཕ་མགོ་བུས་རྡུང་། བླ་མགོ་བཅད། དགོན་པ་གཏོར། ད་དུང་དེ་དག་དཔའ་བོ་རུ་རྩིས་ནས་ཅོལ་ཆུང་དག་གིས་བསྟན་པ་གནོད་པ་ཚབ་ཆེན་བྱས། ང་ཚོའི་བོད་པས་ཕ་མ་དང་བླ་མས་ཆོས་ཇི་ཙམ་བཤད་ཀྱང་ཞོགས་དུང་དང་ཚ་སྨྱུག་སོགས་ཀྱིས་མའོའི་རང་ལུགས་བཟུང་ནས་ལོག་རྟོག་བརྩམས་པ་སོགས་ལ་གུ་ཡངས་བཏངས་ནས་ད་དུང་དཔྱོད་ལྡན་དུ་འབོད་པ་དང་ཏང་ལ་ངོ་དགའ་འཁྲབ་པ་འདིས་རང་ལུགས་ཤོར་བའི་གོ་དོན་དངོས་མ་ཞིག་རེད་དྲན་ནོ།། ང་ཡང་བླ་མའི་མིང་འཛིན་པ་ཞིག་གིས་ད་སྔོན་ཡན་ལ་ཡེ་ཤུ་དང་ཁ་ཆེའི་གྲོགས་པོ་ཚོ་ལ་མཐུན་ལམ་བྱས་པ་ཕལ་ཆེ་བ་ཡང་རང་ཚུགས་མ་ཟིན་པའི་དོན་དག་ཅིག་རེད་འདུག་སྙམ་པས་ངེས་པར་བཅོས་བསྒྱུར་བྱེད་རྒྱུ་ཡིན་ནོ།།

སྟོན་དང་བསྟན་པ་ཚད་མས་ངེས་ཤེས་ཀྱང་།།
འཇིག་རྟེན་མཐུན་འཇུག་ངན་པའི་གཞན་དབང་གིས།།
རང་ལུགས་མེད་པའི་རིས་མེད་ངོ་དགའི་གཏམ།།
རང་ཚུགས་མ་ཟིན་གཞན་ལ་བཤད་འདི་འགྱོད།།
ད་ནས་རྒྱལ་བསྟན་ཞི་བདེའི་ཁང་བཟང་དུ།།
བག་ཡོད་བདུད་རྩིའི་ཆོས་ལ་ལོངས་སྤྱོད་ནས།།
རྣམ་དཀར་དགེ་བ་སྒྲུབ་པའི་གྲོགས་རྣམས་ལ།།
སྐུ་ཚེ་བརྟན་ཅིང་འགྲོ་དོན་མཐར་ཕྱིན་སྨོན།།

ཅེས་པ་རབ་རྒྱན་མེ་ལུག་མཆུ་ཟླའི་དབང་ཕྱོགས་བཟང་པོ་གཉིས་པར་དབྱིན་ཡུལ་བྷན་གྷོར་མཐོ་རིམ་སློབ་གྲྭ་ཆེན་མོའི་སློབ་ཁང་ནས་ཤྲྰིཿཨེ་མ་ཧོས་བྲིས་པར་དགེའོ།། །།

སྣ་ཚོགས།

Post navigation

Previous Post: རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་བལ་ཡུལ་དུ་འཚོགས་པ།
Next Post: རྒྱ་ཡན་པའི་མཚན་མོ།

Comments (34) on “ཁ་ཆེའི་བུ་མོའི་བག་ཆགས་དྲང་ཚིག་དུང་ཟླ་དཀར་པོ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-02-06 at 12:14 am

    བོད་བླ་ཡིན་མདོག་གིས། ཁ་ཆེ་ཆོས་པར་ནང་ཆོས་སྐུ་འདྲ་སྤྲོད་མཁན། ཛམ་གླིང་ལོ་རྒྱུས་ལ་རྒྱུས་མངའ་རྩ་ནས་མེད་པར། ཨ་རིར་ལོ་ག་ཚོད་ཕྱིན་སོང་ངམ། ད་དུང་ཁ་ཆེར། རྩ་རླུང་དང་ཐིག་ལེ་སྨྲ་རྒྱུ་དང་། མ་སྨིན་གསང་སྒྲོག་ཞེས་པ་དེ་དཔལ་དགྱེས་རྙིང་ལུགས་མེད་པ་འདྲ། ཧཧཧ།

  2. བདེན་པའི་ཕོ་ཉ་ says:
    2015-02-06 at 1:31 am

    ཨེ་མ་ཧོ་ཟེར་བ་འདི་་འཛམ་བུ་གླིང་པའི་འགྲོ་ལུགས་མ་ཤེས་པ་དང་རང་ངོ་མ་ཤེས་པའི་ཆོས་ཚོང་བ་ཞིག་རེད་འདུག་མགོ་སེར་རྣམས་ལ་ཚོང་ཡག་པོ་ཡོད་ཞག་རེད་

  3. ཆུ་ཐིགས་སྔོན་མོ says:
    2015-02-06 at 2:28 am

    ཨེ་མ་ཧོས་གསུང་བ་བདེན་པ་རེད་་་་་་

  4. ཨ་ར་དཀར་པོ says:
    2015-02-06 at 2:29 am

    ཁ་ཆེའི་མི་ལ་ནང་པའི་སྐུ་འདྲ་སོགས་སྤྲད་པ་དེ་ཕར་ཕྱོགས་ལ་བརྩི་བཀུར་དང་ཆེ་མཐོང་མ་བྱས་པའི་ཁར་ཆེད་དུ་ཀྱག་ཀྱག་བྱས་པས་རེད། གཞན་གྱི་དད་འདུན་ལ་བརྩི་མེད་རྡོག་རུལ་བཏང་བ་རེད། གལ་ཏེ་ཁ་ཆེའི་ལུང་པ་རུ་ཡོད་ན་ཁྱོད་ཀྱི་སྐེ་གཅོད་རྒྱུ་ལས་གཞན་ཡོད་མ་རེད། ཆོས་ལུགས་ཀྱི་ནད་དུག་ཕོག་པའི་མི་ཁྱོད་ལྟ་བུས་བོད་རྒྱ་ཆེའི་མི་མང་ལ་ཁ་ཏ་བསླབ་བྱ་བྱེད་དགོས་དོན་མེད། བོད་རིགས་མི་མང་ཚང་མ་ཁྱོད་ལྟ་བུ་ཆོས་ལུགས་ཀྱི་ནད་དུག་ཅན་ཞིག་ཆགས་འདོད་ཡོད་མ་རེད། གཞན་གྱི་ལྟ་བ་དང་ཆོས་ལུགས་སོགས་བཙན་གྱིས་སྒྱུར་བའི་དབང་ཆ་ཁྱོད་ལ་ཡོད་ལེ་མ་རེད། རང་ཚོད་ཟིན་ན་མཁས་པ་ཡིན་པ་སེམས་ལ་ཞོག

  5. ཅོ་རི་ཉི་མ། says:
    2015-02-06 at 3:34 am

    ཆོས་ལུགས་པའི་དཀོར་ཟན་འདི་ཚོས་སྐད་ཆ་འདི་འདྲ་བཤད་འོང་གི་རེད། རིགས་ཞེན་ལ་རྒྱ་ཅན་གྱི་ཞོགས་དུང་དང་རྣམ་དཔྱོད་ཅན་མདའ་སྨྱུག་གཉིས་ཀྱིས་མའོ་ཡི་རང་ལུགས་བཟུང་འདུག་ཟེར་བའི་སྐད་ཆ་འདི་ཁུངས་ལུང་མེད་པའི་སྐད་ཆ་རེད་པ། དཔྱོད་ལྡན་ཁོང་གཉིས་ཀྱིས་ཆོས་ལུགས་པའི་བྲན་གཡོག་ལམ་ལུགས་ཀྱི་ནག་ཉེས་ཐེར་འདོན་བྱས་པ་འདི་དམངས་གཙོའི་རང་ལུགས་དང་མཐུན་པའི་བྱ་བ་ཞིག་རེད།

    ཁ་ཆེའི་རྒད་པོ་ཞིག་དགའ་གྲོགས་མཚན་མཐུན་ཆགས་པ་ཁྱོད་ལྟ་བུ་ཞིག་ལ་བོད་ཀྱི་ཆོས་ལུགས་ཐོག་ཏུ་སྐད་ཆ་བཤད་པའི་ཐོབ་ཐང་ཅང་ཡོད་ཀྱི་མ་རེད། དེ་ལས་ཁ་ཆེ་རྒད་པོའི་མཉམ་དུ་ཆང་ས་རྒྱོབ་ཞོག་་་ཧཧཧ

  6. ཅོ་རི་ཉི་མ། says:
    2015-02-06 at 3:35 am

    ནོར་་་བཅོས་་
    ཁ་ཆེའི་རྒད་པོ་ཞིག་གི་དགའ་གྲོགས་མཚན་མཐུན་ཆགས་པ་ཁྱོད་ལྟ་བུ་ཞིག་ལ་བོད་ཀྱི་ཆོས་ལུགས་ཐོག་ཏུ་སྐད་ཆ་བཤད་པའི་ཐོབ་ཐང་ཅང་ཡོད་ཀྱི་མ་རེད། དེ་ལས་ཁ་ཆེ་རྒད་པོའི་མཉམ་དུ་ཆང་ས་རྒྱོབ་ཞོག་་་ཧཧཧ

  7. ཅོ་རི་ཉི་མ། says:
    2015-02-06 at 4:11 am

    དོན་དངོས་པོའི་ཐོག་ཏུ་སངས་རྒྱས་བསྟན་པ་ལ་གནོན་པ་ཚབ་ཆེན་བྱས་མཁན་ཁྱོད་དང་ཁྱོད་ལྟ་བུའི་སྐྱ་མིན་སེར་མིན་ཆོས་པགས་གྱོན་མཁན་ཚོ་རེད། ཁྱོད་ལྟ་བུ་ཚོའི་བྱས་སྟངས་ལ་བརྟེན་ནས་ཁྱིམ་པ་མང་པོ་ཤཀྱའི་བསྟན་པ་ལ་མི་དགའ་བ་ཆགས་ཡོད། ཁྱོད་ཚོས་ལུས་ལ་ཆོས་པགས་གྱོན་ཀྱང་ཁྱིམ་པ་མི་སེར་ལས་ཀྱང་ཐབས་སྐྱོ་བའི་དུག་ནད་ཁོག་ཏུ་སྦས་ཡོད། བྲན་གཡོག་ལམ་ལུགས་དང་དབང་སྒྱུར་སྲིད་ཇུས་བློས་གཏོང་བཞིན་མེད། བོད་མི་རིགས་ཀྱི་ཐོག་ཏུ་བྲན་གཡོག་ལམ་ལུགས་དང་དབང་སྒྱུར་སྲིད་ཇུས་བེད་སྤྱོད་བྱེད་ཐུབ་ཆེད་དུས་རྟག་ཏུ་སངས་རྒྱས་བསྟན་པ་དང་བསྟན་པ་ཟེར་བཤད་བཞིན་ཡོད། དོན་དངོས་ཐོག་དངོས་སངས་རྒྱས་བསྟན་པར་བསམས་ན་ཤཀྱའི་རྒྱལ་པོ་ལྟར་ལག་ཏུ་ལྷུང་གཟེད་དང་འཁར་རྒྱུག་བཟུང་ནས་ཆོས་ཕྱོགས་སུ་མ་ཕེབས་དོན་ཅི་རེད་དམ། ཁྲམ་པ་འདི་ཚོ། རྒྱུས་ཡོད།

  8. རྫ་ཆུ་སྔོན་མོ says:
    2015-02-06 at 6:30 am

    ཁ་ཆེ་རྣམས་ཀྱིས་བཙོག་ཏུ་ལྟ་བཞིན་དུ། །
    རྒྱལ་བའི་སྐུ་བརྙན་ཕུལ་བའི་ཨུ་ཚུཊ་འདི།།
    བྱ་བའི་ཐབས་ལ་རྨོངས་པ་རང་གི་མགོ །
    ཡུང་མ་བཞིན་དུ་དུམ་སེ་གཅོད་པའི་རྒྱུ། །

  9. ཁྱུང་སེ། says:
    2015-02-06 at 7:07 am

    སྔགས་པ་རིག་འཛིན་རྡོ་རྗེ་དེ་དག་བོད་ཀྱི་བུ་མོ་ལ་རིགས་མ་སྔགས་མ་ཕྱག་རྒྱ་མ་མཁའ་འགྲོར་ངོས་འཛིན་བྱེད་སྟངས་དེ་དག་ཁ་ཆེའི་བུ་མོར་བྱས་པ་ཡིན་ན་འོ་བརྒྱལ་བཟོས་ཡོང། ཡང་ན་ཁྱེད་རང་ཁ་ཆེར་འགྱུར་རྒྱུ་ལས་ཐབས་ཤེས་མེད།

  10. ཇུས་ཏོག says:
    2015-02-06 at 7:41 am

    ཁ་ཆེ་ལ་་སངས་རྒྱས་ཀྱི་སྐུ་གནང་ཡས་དེ་ཚོ་ནོར་བ་རེད་།ཁ་ཆེ་བུ་མོ་འདོད་
    ཆགས་དགོས་པ་རེད་འཇོན་གྱི་མ་རེད་།
    ཁ་ཆེའི་བུ་མོ་ཤ་འཇམ་མཛེས་།
    དྲི་བཟང་སྟུ་དམ་འོག་གྱོ་མང་།
    ངུ་བཅོར་མང་ལ་ཡང་ཡང་དཔྱོད་།
    ཕོ་རྒོད་ང་ལ་ཉམས་མྱོང་ཡོད་།
    ཧ་ཧ་

  11. མེ་ཏོག་དཀར་པོ says:
    2015-02-06 at 7:47 am

    ཨེ་མ་ཧོ་བསྙེན་སྒྲུབ་འདྲ་བྱེད་ནས་རྒྱལ་སྤྱིའི་གནས་སྟངས ཧ་གོ་མི་འདུག ཁ་ཆེ་ལ་སྐུ་བྱིན་པ་འདིས་རང་མདོག་བསྟན་འདུག

  12. གནམ says:
    2015-02-06 at 8:06 am

    དེ་འདྲ་ཞིག་གང་ལ་ཡིན། རང་ལ་ཡོད་པའི་ནང་ཆོས་གསེར་འདྲ་བོ་འདིའི་ལྟ་སྤྱོད་འགྲོ་ལུགས་ཕྱོགས་ཀྱི་ཟུར་ཙམ་ཞིག་ཡིན་ན་ཡང་། སོ་སོ། རང་གི་ཁྱིམ་མི། དགའ་ས། ངོ་ཤེས་སུ་ཡིན་ལ། ངོ་སྤྲོད་དང་ཆོས་སྐལ་སྤྲོད་ཐུབ་ན། དེ་ནི། གངས་ཅན་བླ་མ་ཞིག་གི་ཕྱག་རྗེས་རེད། ཕ་རོལ་བོ་ལ་འདོད་པ་མེད་ན། དེ་ཡང་མི་སྐྱོན་དེ། སྐེ་ལ་གྲི་དང་། ལྐོག་ལ་རྒྱུ་སྤྲད་ནས་བཙན་བཀའ་ནི་མ་སྟེར་བས་སོ།

    སངས་རྒྱས་བསྟན་པ་དར་བ་དང་། སེམས་ཅན་བདེ་བ་ལྡན་པར་ཤོག།
    ཁ་ཆེ་འདི་ཚོ་ཁ་ཆེ་ཆོས་ལུགས་ནས་སྐྱབས་གཅིག་ཙམ་ཐུབ་པ་ཡིན་ན་ཡང་། དགེ་བ་དཔགས་མེད་ཞིག་ཡོད་པ་ནི། ཞུ་མ་དགོས་བ་ཞིག་རེད། ཁ་སང་དེ་རིང་ཁ་ཆེ་འགྲོ་བའི་བདེ་སྡུག་ལ་སེམས་ཁུར་མི་ཞུ་ཟེར་ན། བླ་གྲྭ་ཞིག་གི་མྱི་ལུས་ཐོབ་པ་ཡང་དོན་མེད་ཡིན་པ་ཤེས་དགོས།

    བོད་ཀྱི་བླ་གྲྭ་དང་དད་ལྡན་ལ། དོན་མེད་ཀྱི་སྐུར་བ་འདེབས་པ་ནི། མྱི་དེ་ལ། རང་སེམས་རང་ལ་མི་གསལ་བའི་ན་ཚོ་ཡོད་པ་ཡིན་པ་རེད། ན་ཚ་དེ་འདྲ་མེད་རྒྱུ་ན། འཛམ་གླིང་ཧྲིལ་བོ་འདི་ལ་ཆེས་དགོས་བ་དེ་གང་ཡིན་པ་གསལ་བོ་ཤེས་བས་མ་ཚད། བོད་མིའི་ནང་ཆོས་འདི་ཡང་འཛམ་གླིང་ཧྲིལ་བོ་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་གསལ་བོར་ཤེས་ནི་རེད།
    ད་མྱི་འདི་ཅན་པོ་ལ་བཤད་མ་བཤད་ཡོད་ནི་ཞིག་མིན་ཐལ། སོ་སོའི་ཁྱིམ་ཕུག་ན་སྡུག་བསྔལ་བཅོལ་སའི་མྱིག་བཙུམ་ས་ཞིག་ཡོད་པ་རེད། ཀྲོའོ་ཞི་མོའོ་ལྟར་གཞན་གྱི་རྟེན་འཁོར་ནི་རྩ་མེད་བྱེད་དགོས་ཟེར་ནི་རེད། ཅི་བཤད་འདི་བཤད་མེད་པའི་དྲ་འབུ་འདི་ཚོའི་སྐད་ཆ་ལ་ཆགས་འཇོག་ཞིག་ཡོད་པ་མ་རེད། ལྷག་ཏུ་ལྷ་མེད་ཀླུ་མེད་ཚོ་དེ་ལས་སྡུག་པ་ཡོད་པ་རེད།

  13. པདྨ says:
    2015-02-06 at 8:34 am

    ཨེ་མ་ཧོ་ལ་མངོན་པར་བསྟོད་པ་ཡིན། ཁ་ཆེས་ང་ཚོའི་ལོ་རྒྱུས་ལྡན་པའི་སྟོན་པའི་སྐུ་འདྲ་གཏོར་བཏངས་པ་ཙམ་ཡང་མ་ཤེས་པར་བུ་མོ་ཆུང་ཞིག་ལ་དེང་དུས་མི་དྲག་ཚོས་བྱེད་སྟངས་བཞིན་དུ་གསེར་སྐུ་དང་ཐང་ཁ་དག་ཁ་ཆེ་ཡེ་ཤུའི་དཔོན་པོ་ཚོ་ལ་སྦྱིན་པ་དང་གཅིག་པ་རེད། བདེན་པ་ཡིན། ཡིན་ན་ཡང་དྲ་མཆན་འདེབས་པ་འདི་དག་ཕལ་ཆེ་བ་ཆོས་ཕྱོགས་ལ་ཁ་ཆེའི་བུ་མོ་ལོ་བརྒྱད་ལོན་པའི་ཤ་ཞེན་ཙམ་ཡང་མེད་པ་ཤེས་ཡོད། མདོར་ན་ཁ་ཆེ་དང་ཡེ་ཤུ་དང་ཆོས་མེད་ཏང་ཡན་ལ་གྲོགས་པོ་བྱས་ན་ཕན་པ་ལས་གནོད་པ་ཆེ། བོད་དོན་ཤོར་བ་ལ་ཁྱོད་རྣམས་ལ་ཕན་ཐོག་གང་ཡང་མེད་དོ། མཐོ་ས་ནས་ཆོས་ལུགས་དུག་ཏུ་འཛིན་མཁན་ལ་ཕ་བུ་འདུ་ཤེས་བཟུང་ནས་བོད་རྒྱལ་ཁབ་ཆེན་པོ་ཤོར་བ་རེད། ད་དུང་བོད་མི་ཕལ་མོ་ཆེས་མི་ཤེས་འདོགས་དང་ཆོས་ཀྱི་ལ་སྐྱོན་དུ་ལྟ་བ་འདི་ཚོ་བལྟས་ན་མཚན་དཀྱིལ་དུ་ཞོགས་དུང་བོས་པ་རེད། ཅོ་རིས་རྣམ་དཔྱོད་ཀྱི་བློ་གསལ་དེ་དགེ་ལུགས་པའི་གྲྭ་རྟ་ཉམས་མྱོང་བསྟན་པ་རེད་མོད། འོན་ཀྱང་ཁོང་ལ་ཁ་ཆེ་དང་ཡེ་ཤུ་བའི་མཁའ་འགྲོ་དང་སྲས་དང་སྲས་མོ་ཡོད་པར་གོ་ཐོས་ཡོད་པས་གང་ཤེས།

  14. ཅོ་རི་ཉི་མ། says:
    2015-02-06 at 9:28 am

    བོད་ཀྱི་བླ་སྤྲུལ་ཚོས་མི་ལོ་གཅིག་སྟོང་མ་ཟིན་ཙམ་ཞིག་གི་རིང་ལ་བོད་མི་རིགས་དབང་སྒྱུར་བྱས། སྲིད་དབང་འཛིན། མཆོད་ཡོན་འབྲེལ་བཙུགས། ཕྱིའི་དགྲ་ནང་འདྲེན་བྱས། བོད་མི་ཉམ་ཆུང་ཁྲི་ཕྲག་མང་པོའི་སྲོག་བཅད། ཁ་ནས་བྱམས་དང་སྙིང་རྗེ་བཤད། ལག་ལེན་བོད་མི་མནར་གཅོད་དང་ནང་དཀྲུགས་བྱས།

    འཛམ་གླིང་གི་མི་ཡི་རྗེས་མ་ཟིན། དེང་རབས་ཉི་ཤུའི་ནང་དུ་ས་ཐོག་ནས་མོ་ཊ་དང་།་བར་སྣང་ནས་གནམ་གྲུ་ཡི་ཐོག་ནས་དམག་འཁྲུག་བརྒྱབ་སྐབས་བོད་ཆེན་པོའི་རྒྱལ་ཁབ་ལ་རྐང་འཁོར་ཙམ་ཡང་མེད། རྩྭ་ཀྲག་ཙམ་བཟོ་མ་ཤེས། རྗེས་ལུས་ནང་གི་ཡང་ལུས་ཆགས་བཅུག་མཁན་བླ་སྤྲུལ་ཚོ་མིན་ན་སུ་རེད་དམ།

    སྔ་ཡང་ཡུལ་ལུང་ཕུང་ལ་སྦྱར་ཡོད་ལ་བོད་མི་རིགས་སྡུག་ལ་སྦྱར་ཡོད། དེང་སང་མུ་མཐུད་ནས་ཡུལ་ལུང་ཕུང་ལ་སྦྱོར་བཞིན་ཡོད་ལ་བོད་མི་རིགས་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་གཡུག་གི་ཡོད། ཁྱོད་ཚོས་འདོད་པ་དེ་ཆོས་མ་རེད། དངུལ་དང་གོ་གནས་རེད། ཁྱོད་ཚོས་སྒྲུབ་པ་དེ་བོད་མི་རིགས་ཀྱི་བདེ་སྐྱིད་མ་རེད། ཁྱོད་རང་ཚོའི་ཆེད་དུ་ལྷ་ཡི་དབང་རྒྱལ་ཆེན་མི་ཡུལ་ཕེབས་ལྟ་བུའི་ལོངས་སྤྱོད་བསམས་པ་རེད།

    ད་དུང་་་ཁྱོད་ཚོས་གཟབ་གཟབ་མ་བྱས་ན་ཁ་ཆེ་དང་བོད་མིའི་བར་དུ་འཁོན་འགྲས་མི་བཟོ་པའི་ངེས་པ་གཏན་ནས་མི་འདུག ཆོས་ལུགས་པ་ཁྱོད་ཚོ་ལས་བྱ་བྱེད་མང་བ་ཤིག་སུ་ཡོད་དམ།

  15. ཅོ་རི་ཉི་མ། says:
    2015-02-06 at 9:45 am

    ག་དུས་ཡིན་ནའང་བོད་པའི་སངས་ཆོས་འདིར་ཡག་པོ་རབས་དང་བཟང་རབས་རྒྱན་རབས་ཤ་སྟག་བཤད་ཀྱི་རེད། བོད་བླ་མའི་ཆོས་ལུགས་དེ་འདྲ་ཡག་པོ་ཞིག་ཡིན་ན་བོད་མི་རིགས་ཀྱིས་མ་ཤི་གོང་ནས་དམྱལ་བ་མྱོང་དགོས་པའི་རྒྱུ་མཚན་མི་འདུག་ག བོད་མི་རིགས་ལ་ཕྱོགས་བཞི་མཚམས་བརྒྱད་ནས་ཚང་མས་བརྙས་བཅོས་བྱས་པ་མ་ཟད་ཐ་ན་ཤིག་གིས་ཀྱང་བརྙས་བཅོས་བྱེད་ཀྱི་རེད་བ།

    ཁྱོད་ཚོས་སངས་ཆོས་ཡག་རབས་བཟང་རབས་བཤད་བསྡད་པ་དེ་ཁྱོད་རང་ཚོའི་གོ་གནས་སྲ་བརྟན་བཏང་ཆེད་དང་། རྒྱུ་བདག་རེག་ཆེད། དཔལ་འབྱོར་འཐོབ་ཆེད་དུ་རེད་མ་གཏོགས་བོད་མི་རིགས་ཀྱི་ཆེད་དུ་ཡག་པོ་ཡིན་མིན་དེང་སང་རང་གཞན་ཚང་མའི་མིག་མདུན་དུ་གཤམ་བཞག་ཡོད་པ། བོད་མི་རིགས་ཆོས་ལུགས་ཀྱི་བྲན་གཡོག་བྱེད་འདོད་ཀྱི་གཡོ་ཇུས་་མཚམས་ཞོག

    བོད་མི་རིགས་གནས་ན་སངས་རྒྱས་བསྟན་པ་གནས་དང་མ་གནས་ཁྱད་པར་མེད་ད། བོད་མི་རིགས་གསོན་པ་འདི་བླ་སྤྲུལ་ཚོའི་བྲན་གཡོག་བྱེད་ཆེད་དུ་གསོན་པ་མ་རེད་ད།

  16. ཀརྡོ་གཉེར་ཕྱག་པ་ says:
    2015-02-06 at 10:00 am

    བོད་ཀྱི་བླ་སྤྲུལ་ཚོས་རྐང་འཁོར་བཟོ་མ་ཤེས་ན་ཡང་། དཀྱིལ་འཁོར་བཟོ་ཤེས། བོད་པས་ཙག་ཀྲ་བཟོ་མ་ཤེས་ན་ཡང་། མེ་ལྕགས་བཟོ་ཤེས་པ་དེ་ཡང་ཅོ་རིས་ཤེས་དགོས་འདུག

  17. ཅོ་རི་ཉི་མ། says:
    2015-02-06 at 10:05 am

    ཞོགས་དུང་དང་མདའ་སྨྱུག་གཉིས་ཆོས་ལ་སྐྱོན་བལྟ་མཁན་ཡིན་ན་ཁྱོད་རང་ཚོ་ཆོས་དང་སྐྱོན་གཉིས་པག་བརྫིས་བརྫིས་བྱེད་མཁན་རེད། ཤཀྱའི་ལྷ་ཆོས་ནང་དུ་དུག་བཏབ་མཁན་རེད། ཤཀྱའི་ལྷ་ཆོས་སྲིད་དང་སྤྲད་སྤྲད་བཏང་མཁན་རེད། ཆོས་སྲིད་ཟུང་འབྲེལ་བྱས་པ་འདི་ཐར་པ་དང་འཁོར་བ་ཟུང་འབྲེལ་བྱས་པ་རེད། འདི་གཉིས་ཟུང་འབྲེལ་བྱས་ནས་གཉིས་ཀའི་ནུས་པ་ཉམས་སོང་བ་རེད།

  18. གནམ says:
    2015-02-06 at 10:10 am

    སངས་རྒྱས་ཆོས་ཡག་པོ་མེད་ན། མེད་པའི་མེད་སྟངས་ཤོད་དང་།

    སྲིད་ཀྱི་ཆ་ནས། ཆོས་བ་ཚོས་ཆོས་ལུགས་སྦྱིན་ནས་མི་དབང་འགུག་པ་དང་། མི་སྐྱ་ཚོས་བུ་རྒྱུད་སྤེལ་ནས་མངའ་ཐང་སྐྱེད་པ་ནི་གཅིག་པ་ཡིན་ཤེས་བར་བྱོས་ཤིག།

    བོད་ཀྱི་སྟོབས་ཤུགས། བོད་ཀྱི་དཔལ་འབྱོར་ནི། བོད་མི་སུ་རུང་གིས་རྒྱ་བསྐྱད་གཏོང་ཐུབ་ན། དེ་ལ་སྔ་ན་མེད་པ་ཞིག་གོང་དུ་འཕེལ་བའི་སྨོན་འདུན་བྱེད་དོ།
    ནང་དགྲ་བ་ཡིས་ཁ་ལ་གཏོར་ནག་རྒྱོབས།

  19. ཅོ་རི་ཉི་མ། says:
    2015-02-06 at 10:20 am

    ཁྱོད་ཚོས་གཏོར་ནག་བརྒྱབ་མདོག་མདོག་སྔ་ཡང་བྱས་པ་རེད། རྒྱ་གུན་ཁྲན་གྱིས་གནམ་གྲུའི་ནང་ནས་བྷམ་གཡུགས་དུས་་་་ཁྱོད་ཚོས་པག་གི་བྷམ་གཡུགས་པ་རེད། ཁྱོད་ཚོས་གཡུགས་པའི་པག་གི་བྷམ་དེས་ཁྱི་ཞིག་ཡང་བསད་ཐུབ་མ་པ་རེད། ཕུང་རྒན་ཁྱོད་ཚོའི་གཏོར་ནག་ལ་རྒྱུས་ཡོད་ད་་་་་་ཧཧ

  20. གནམ says:
    2015-02-06 at 10:38 am

    ང་ཚོ་གངས་ཅན་ཚང་གི་ཤི་བོ་ཚོ་ལ་ཤི་མཚང་བྲུས་མ་ཡོང་ཨ། ་་་དགྲའི་སླུ་བྲིད་ལ་མགོ་བོ་དག་ཙམ་འཁོར་སོང་བ་ལས། དགྲའི་སྔུན་སོ་ནས་ལངས་མ་ཐུབ་པ་དེ་འདྲ་མ་རེད་ཐལ། པག་གཡུག་དགོས་ན་འདྲ། འུར་རྡོ་གཡུག་དགོས་ན་འདྲ། ད་ལ་བལྟས་ན་སྔོ་མ་ཚོ་ངར་ནི་རེད། ཁོ་རེ། ཁ་རྒྱགས་པ་མ་ཤོད།

  21. མེ་ཏོག་དཀར་པོ says:
    2015-02-06 at 11:31 am

    ཇབ་ཆུང་ཁ་ཤས་ཤིག་རང་གི་ལྟ་བ་དང་རྒྱབ་འགལ་དུ་སོང་བ་དོལ་ཕྲུག་ཟེར་ནས་དམའ་འབེབས་གཏོང་ཁུལ་བྱེད་གི་འདུག་ག
    ངས་ཆོས་སྐྱོང་རྒྱལ་ཆེན་ཤུགས་ལྡན་བསྟེན་གི་ཡོད།
    ད་གཅིག་ཤོག་ད།
    ཤུགས་ལྡན་བསྟེན་ན་སྡུག་ག གནས་ཆུང་བསྟེན་ན་ཡག་ག་ཡིན་སྟངས་ཤོད་ད།

  22. མེ་ཏོག་དཀར་པོ says:
    2015-02-06 at 11:36 am

    བོད་པའི་ན་ཚ།
    རྒྱལ་མཚན་ནོར་བུ་ཉེས་མེད་ལ་དམའ་འབེབས།
    ཨོ་རྒྱས་མཐའ་ཡས་རྡོ་རྗེ་ཉེས་མེད་ལ་སྡང་བ།
    ཤུགས་ལྡན་བསྟེན་པའི་ཕྱོགས་གཏོགས་རྣམས་མི་གྲལ་ནས་ཕུད་ཐབས།
    ཞྭ་དམར་ཕྱོགས་ལ་ལྟ་སྟངས་སྐྱོ་བོ།

  23. ལུང་རྟོགས། says:
    2015-02-06 at 11:43 am

    བཀླགས་མ་ཐུབ་རུང་དོལ་འདྲེ་དང་རྒྱ་ཁྱི་ཚོའི་སྙིང་ལ་ཕག་སྟངས་ལ་ལྟས་ན་ཡག་པོ་གསུང་ཡོད་པ་ཐག་གི་ཆོད། ངོ་སོ་བསྟོད།

  24. ཇུས་ཏོག says:
    2015-02-06 at 9:25 pm

    གང་ལ་སྦྱང་པ་དེ་ལ་མཁས་།
    ཕྱུགས་རྫིའི་འུར་་བརྡོ་འབེན་ལ་མཁས་།
    རྩག་ཀྲའི་སྔོན་དུ་མེ་ལྕག་ཡོད་རེད་།
    མེ་ལྕག་ལ་དཔེ་བླང་ནས་ཙག་ཀྲ་འཟོས་པ་རེད་།
    འུར་བརྡོ་ལ་དཔེ་བླང་ནས་མེ་མདའ་དང་མཚོན་ཆ་བཟོས་པ་རེད་།
    བོན་ཆོས་ནས་ནང་ཆོས་དར་བ་རེད་།
    འོ་མ་ནས་ཞོ་དང་ཕྱུ་ར་དར་ར་སོགས་བཟོས་པ་རེད་།
    ནང་པའི་ཆོས་ངོ་མ་འཕྲོད་ནས་ཁ་གཏོང་གི་ཡོད་རེད་།
    སངས་རྒྱས་ཆོས་ལ་འཐོས་བསམ་སྒོམ་གསུམ་བྱས་ནས་དད་པ་རྙེད་དགོས་པ་རེད་
    ཆོས་ཐམས་བཅས་གུ་རམ་རེད་།
    ག་ནས་བཟོས་ཀྱང་མངར་མོ་རེད་།ཧ་ཧ་ཧ་སྐུ་རྩེད་ཞུས་།

  25. ཀརྡོ་གཉེར་ཕྱག་པ་ says:
    2015-02-06 at 11:58 pm

    པཎ་ཆེན་རྒྱལ་ནོར་ཆུང་དུས་ཉེས་མེད་རེད། །
    ད་ལྟ་ཉེས་མེད་མཐོང་ན་དམུས་ལོང་རེད། །

    ཨོ་རྒྱན་འཕྲིན་ལས་རྡོ་རྗེར་སྡང་མཁན་རྒྱ་གཞུང་ཙམ། །
    ཤུགས་ལྡན་བསྟེན་མཁན་བོད་གྲལ་ཐོན་མཁན་དོལ་ཚམ་ཙམ། །

    ཞྭ་དམར་སྐུ་ཐོག་གཉིས་ཀྱི་ནག་ཉེས་བརྗེད་མཁན་ལྐུགས་པ་རེད། །
    མེ་དཀར་ཤུགས་ལྡན་བསྟེན་ནས་ཕན་ན་ཁེ་སང་རེད། །

  26. ཀརྡོ་གཉེར་ཕྱག་པ་ says:
    2015-02-06 at 11:59 pm

    ཨོ་རྒྱན་འཕྲིན་ལས་རྡོ་རྗེར་སྡང་མཁན་རྒྱ་གཞུང་ཙམ། །
    ཤུགས་ལྡན་བསྟེན་མཁན་བོད་གྲལ་ཐོན་མཁན་དོལ་ཚམ་ཙམ། །
    འདི།
    ཨོ་རྒྱན་འཕྲིན་ལས་རྡོ་རྗེར་སྡང་མཁན་རྒྱ་གཞུང་ཙམ། །
    ཤུགས་ལྡན་བསྟེན་མཁན་བོད་གྲལ་ཐོན་མཁན་དོལ་ཚོགས་ཙམ། །
    བཅོས།

  27. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-07 at 11:34 pm

    ཁ་ཆེ་ཞེས་པའི་ཚབ་ཏུ་མུ་སུལ་མན་ཞེས་པ་གཀོལ་སྤྱོད་དགོས་པར་མཐོང་། ཁ་ཆེ་ཡིན་པ་སངས་རྒྱས་པ་དང་། ཧིནྡུ་ཡིན་པ་ཡང་ཡོད། ཆོས་ས་པཎ་གྱི་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ཡང་ཁ་ཆེ་ཡིན་པ་སྨོས་ཟིན།
    ཤྲྰིཿཨེ་མ་ཧོའི་གྲོགས་པོ་མུ་སུ་མན་དེ་གཅིག་ན། སུ་པི་ཞེས་པའི་མུ་སུལ་མན་ཡིན་ངེས། དེ་དག་གིས་སྔགས་ཀྱི་ལུགས་སྲོལ་བྱེད་པ་ཞིག་ཐོས། ལ་དྭགས་རྒྱལ་པོ་སེང་གེའི་རྣམ་རྒྱལ་གྱི་མ་རྒྱལ་ཏུན་ཞེས་པ་ཡང་མུ་སུལ་མན་སུ་པི་ཡིན་ནམ་སྙམ་། བདག་གི་གྲོང་ཡུལ་ན་ཐོག་བརྩེགས་སུམ་ཅན་གྱི་ཟངས་ལ་གསེར་གཡོགས་པའི་རྒྱལ་བ་བྱམས་པའི་སྐུ་འདྲ་བཞེངས་དུ་ཕྲ་རྒྱན་རིགས་རྒྱལ་ཁ་ཏུན་སུ་སུལ་མན་དེ་ཡིས་ཕུལ་ཞེས་བྲིས་། མོ་ཁ་ཆེའི་ཡུལ་ནས་འོངས་མ་མིན་པར་སྦལ་ཏི་ཡུལ་ནས་འོངས་། ལ་དྭགས་རྒྱལ་རབས་ཤིག་ན་མོ་སྒྲོལ་དཀར་གྱི་སྤྲུལ་པར་རྩིའོ་ཞེས་བྲིས་སོ།

  28. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-08 at 12:34 am

    བཞེངས་དུ་ཞེས་པ་བཞེངས་དུས་ཞེས་ཞུས་དག་བྱས་སོ།

  29. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-08 at 12:39 am

    འོངས་མ་མིན་པར་ཞེས་པར་ཡང་་འོངས་པ་མིན་པར་བཅོས་རྒྱབ་དགོས། དེ་མིན་འགག་པ་གཉིས་ཀྱིས་རྣལ་མ་གོ་ངེས།

  30. ཀརྡོ་གཉེར་ཕྱག་པ་ says:
    2015-02-08 at 12:41 am

    བོད་པས། སྔར་གྱི་ཀ་ཤི་མི་རི་ལ། ཁ་ཆེ་དང་། དེའི་ཆོས་ལུགས་མུ་སལ་མན་ལ། ཁ་ཆེའི་ཆོས་ཞེས་གྲགས་པས། ཁ་ཆེ་ནི། ཁ་ཆེའི་ཆོས་མུ་སལ་མན་ལ་ཁ་ཆེ་དང་གཅིག ཆོས་དེ་བྱེད་མཁན་ལ་ཁ་ཆེ་དང་གཉིས། ཀ་ཤི་མི་རི་སྟེ། ཁ་ཆེ་ཡུལ་ལ་གནས་པའི་མི་རིགས་ལ་ཁ་ཆེ་ཟེར་བ་གསུམ་ལས། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ནི་གསུམ་པ་དེ་ལ་གོ་དགོས་སོ།།

  31. ཇུས་ཏོག says:
    2015-02-08 at 3:49 am

    ཆོས་ལུགས་དབྱེ་འབྱེད་འཚེ་བའི་ལམ་་།
    རང་རང་སྒྲུབ་མཐའ་སྲུང་ན་དགའ་།
    ཆོས་ཀྱི་མ་ནོར་མི་ཡི་ནོར་།
    ལག་ལེན་བྱེད་པོ་མི་ཡི་ནོར་།
    ཆོས་ལ་ཡིད་ཆེས་ཡོད་ན་ཆོས་ལུགས་ཚང་མར་དག་སྣང་ཟབ་།
    ཆོ་ལ་ཡིད་ཆེས་མེད་ན་སྤྱི་ཚོགས་མ་དཀྲུགས་ཁ་རྩུམ་ཁྱི་འཁྱམས་།

  32. རིག་པའི་ཡེ་ཤེས། says:
    2015-02-08 at 4:36 am

    ཆོས་པའི་སྨྱོ་གར་འཁྲབ་བཞིན་འཁྲབ་བཞིན།།
    ཆོས་བརྒྱུད་ཕན་ཚུལ་མ་དཀྲུགས་རོགས།།

  33. པདྨ says:
    2015-02-08 at 4:54 am

    ཆོས་དང་འཇིགས་རྟེན་མ་ཤེས་ནས།།
    ཇུས་མེད་ཇུས་དྭོགས་མང་བ་འདི།།
    ཇུས་ངན་ལམ་དུ་མ་སོང་ངམ།།
    ཇུས་ཏོག་མང་ན་རང་ཉིད་ཕུང་།།

  34. ཁྲོ་གཏུམ་ says:
    2015-02-09 at 6:22 am

    རྩ་རླུང་ལང་ན་ཐིག་ལེ་བཞུར་བ་དཔེ་རེད། ཡག་གི་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme