Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་ཆེམས་འཇོག་སྟངས།

Posted on 2010-09-262010-09-26 By ཡེ་ཤེས་ 36 Comments on ཁ་ཆེམས་འཇོག་སྟངས།

ཀླུ་སྨྱོན།
dying-man
ང་ཚོས་ཡུན་རིང་ཞིག་ལ་འདང་མ་བརྒྱབ་པའི་གནད་དོན་ཞིག་སྟེ།

གལ་སྲིད་ཁྱེད་རང་ད་ལྟ་ཁ་སྣ་སྐམ་ཞིང་དབུགས་ཐུང་ལེན་བྱེད་བཞིན
འཇིག་རྟེན་ཕྱི་མའི་ལྟད་མོར་ཆས་ལ་ཉེ་བ་དང་།

ཁྱེད་ཀྱི་གྲོགས་པོ་དང་གཉེན་ཉེ་དག་གིས་ཁྱེད་ཀྱི་མལ་ཁྲིའི་མཐའ་བསྐོར་ནས།

སེམས་སྐྱོ་བས་གཟིར་ཞིང་མིག་མཆི་མས་ཁེངས་བཞིན།
ཁྱེད་ཀྱི་ཆེས་མཐའ་མཇུག་གི་སྐད་ཆ་ཚིག་གསུམ་སྟེ།

ཁྱེད་ཀྱི་འཆི་ཁའི་ཁ་ཆེམས་དྲོན་མོ་དེར་ཉན་འདོད་ཡོད་ཚེ།

ཁྱེད་ཀྱིས་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་མཇུག་བྱང་སྟེ།

བརྗོད་འདོད་པའི་ཁ་ཆེམས་ཚིག་གསུམ་དེ་ཅི་ཞིག་ཡིན་ནམ།

རང་ཉིད་ཀྱི་ཆེད་དམ། གཉེན་ཉེའི་ཆེད་དམ། མི་རིགས་ཀྱི་ཆེད་དམ། རྒྱལ་ཁབ་ཀྱི་ཆེད་དུ།

ཁྱེད་ཀྱི་ཁ་ཆེམས་ངོ་མ་དེ་ཅི་ཞིག་ཡིན་ནམ།

སྙན་ངག Tags:ཨཨཨ

Post navigation

Previous Post: ཟངས་དཀར་དུ་བུད་མེད་ལ་འགྱུར་བ་ཞེས་པའི་གློག་བརྙན་འདིར་ལྟ་ཨེ་མྱོང་།
Next Post: བོད་ཀྱི་གཞས་མ་རིན་ཆེན་ཕྱི་རྒྱལ་གྱི་གར་སྟེགས་སུ་མངོན་པ།

Comments (36) on “ཁ་ཆེམས་འཇོག་སྟངས།”

  1. བློ་གྲོས་མཐའ་ཡས། says:
    2010-09-26 at 2:23 pm

    ངས་ཁ་ཆེམས་ཅི་ཡང་མི་འཇོག   ཡང་ཡིན་ཟེར་ན་ཁ་ཆེམས་ཟེར་བ་དེ་ལ་ཉན་མཁན་མི་འདུག   དཔེར་ན་ངའི་ཕ་ཡུལ་དུ་བླ་མ་ཡག་པོ་ཞིག་ཡོད།   ཁོང་གྲོངས་ཁར་ཁོང་གི་སྐུ་ཚེ་གང་པོའི་སློབ་མ་རྒན་པ་ཁོང་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་མཁན་ཚོ་བོས་ནས་ཁྱེད་ཚོ་ང་ལ་འདང་འདུན་པ་ཞིག་ཡོད་ན།    ང་ཤི་རྗེས་སྤྲུལ་སྐུ་མ་བཙལ་གསུངས་ནས་སྐུ་གཤེགས་པ་རེད།    འོན་ཀྱང་ཁོང་སྐུ་གཤེགས་ནས་ལོ་གཉིས་འགོར་རྗེས་སློབ་མ་ཚོས་སྤྲུལ་སྐུ་བཙལ་ནས་ཁྲི་སྟོན་རྒྱས་ཐག་ཆོག་བྱས་སོང་།   ཡོད་ཚད་དེ་འདྲ་རེད།    དེར་བརྟེན་ཁ་ཆེམས་ཅི་ཡང་མི་འཇོག   ད་དུང་བོད་ཀྱི་དཔའ་བོ་དཔའ་མོ་ཚོའི་ཁ་ཆེམས་ཡོད་ཆད་རླུང་ལ་སྐུར་གྱི་འདུག   ཁ་ཆེམས་ཟེར་བ་དེ་ལ་ཡིད་ཆེས་མི་འདུག

  2. བློ་གྲོས་མཐའ་ཡས། says:
    2010-09-26 at 2:26 pm

    ཨོ་ང་ལ་སྲིང་མོ་ཡག་པོ་ཞིག་ཡོད་ན།   ངས་ཁྱོད་སོང་ལ་ཨ་ལགས་ཀླུ་སང་ལ་ཞབས་ཕྱི་ཡག་པོ་ཞུས་ཟེར་ས་རེད།      ད་དུང་རྒྱུན་དུ་གཟུགས་པོ་གཙང་མར་བཀྲུས་ནས་ཞབས་ཕྱི་ཞུས་ཟེར་ས་རེད།   དེ་ནི་ཁྱེད་དང་ཡུན་རིང་མ་མཇལ་བས་ཁྱེད་དྲན་པའི་གཏམ་རེད་ཟེར་ན་ཡང་ཆོག    ཧ་ཧ་ཧ་ཧ།

  3. ཀརྡོ་རབ་འབྱམས་པ་ says:
    2010-09-26 at 2:50 pm

    ངའི་ཁ་ཆེམས་ནི། རང་ཉིད་དམ་ངའི་ཆེད་དུ་སྨོན་ལམ་གང་བཟང་ཐོབས། གཉེན་ཉེའི་ཆེད་དུ་ངའི་རྒྱུ་ནོར་ལྷག་མའི་ཆེ་དུ་མ་རྩོད་ཅིག མི་རིགས་ཀྱི་ཆེད་དུ་ཕོ་མོ། སྐྱ་སེར། ཡུལ་ལུང་དང་། ཆོས་བརྒྱུད་ཕྱིར་དུ་མ་རྩོད་ཅིག རྒྱལ་ཁབ་ཀྱི་ཆེད་དུ་སྐད་དང་རིག་གཞུང་། ཆོས་དང་འཁོར་ཡུག་གང་ཐུབ་སྲུང་སྐྱོབ་གྱིས་ཤིག །

  4. བློ་གྲོས་མཐའ་ཡས། says:
    2010-09-26 at 3:11 pm

    ཨོ།   ངའི་ཆེད་དུ་སྨོན་ལམ་གང་བཟང་ཐོབས་ཟེར་བ་དེ་རབ་འབྱམས་པ་ཞིག་གི་གསུངས་སྟངས་མ་རེད་ཡ།    ཕལ་ཆེར་ཚིག་གི་རབ་འབྱམས་པ་ཞིག་ཡིན་ས་རེད།   ཨ་ལ་རྩེད་མོ་ཡིན།   དེས་ན་ཁྱེད་ཀྱི་ཀརྡོ་ཟེར་བ་དེ་ཅི་ཡིན་ཞིག་གསུངས་ན་ཆོག་གམ།  

  5. སྟག་སྨྱོན། says:
    2010-09-26 at 3:27 pm

    དབུགས་ཆད་པ་ནས་ང་ཚོའི་འབྲེལ་བ་རྫོགས་སོང་བ་རེད། རྗེས་མ་ང་ཚོ་གཅིག་བྱས་ན་གླིང་གཅིག་གི་སྲོག་ཆགས་ཡང་མིན་སྲིད། ཕན་ཚུན་ངོ་མི་ཤེས་ཅིང་སྐད་བརྡ་ཡང་འཕྲོད་ཀི་མ་རེད།

  6. སྟག་སྨྱོན། says:
    2010-09-26 at 3:30 pm

    རྣམ་ཤེས་ཡོད་ན་ང་ཚོ་འཇིག་རྟེན་གཅིག་གི་སྲོག་ཆགས་མིན་སྲིད་པས་སེམས་ཁྲལ་མ་བྱེད། རྣམ་ཤེས་མེད་ན་ང་ས་རྡོ་ཆགས་འགྲོ་གི་རེད། དེའི་ཕྱིར་ས་རྡོའི་ཆེད་དུའང་སེམས་ཁྲལ་མ་བྱེད་ཟེར་གི་ཡིན།

  7. སྒྲོན་མ་མཚོ། says:
    2010-09-26 at 3:45 pm

    ཁོ་མོར་ཁ་ཆེམས་གཞན་ཞིག་ཡོད། གལ་ཏེ་བཙུན་མ་རྣམ་དག་རེ་བྱེད་འདོད་ན་ང་བཞིན་འཇིག་རྟེན་གྱི་བདེ་བ་ཡིད་ཚིམས་པ་ཞིག་ལོངས་སུ་སྤྱོད་རྗེས་བཙུན་མའི་གྲལ་དུ་སྡོད་ཅེས་ལབ་ས་རེད། དེ་བཞིན་གྲྭ་བ་ལའང་དཔེ་དེ་བཞིན་ནོ། བཅོམས་ལྡན་འདས་ཀྱིས་ཀྱང་དེ་ལྟར་མཛད་འདུག རྒྱུ་མཚན་ངེས་ཅན་དུ་འདུག་སྟེ། མང་པོ་ཞིག་གིས་འཇིག་རྟེན་གྱི་བདེ་བའི་དྲོད་ཁུག་ན་ག་འདྲ་ཞིག་ཡོད་དམ་སྙམ་ནས་གྱེར་བཞིན་པ་དེའོ། ཨ་ཁུ་ཀླུ་སྨྱོན་ལ་འདོད་སྲེད་དངོས་ཀྱི་ཉམས་མྱོང་གང་ཡང་མེད་པས་ཁོང་གི་ཐུགས་ལ་དེ་ལྟར་ཡོད་པ་ཉག་གཅིག་རེད། འཆི་ཁར་ཞལ་ཆེམས་དགོས་ན་ངས་ནི་འདྲ་ཞིག་འཇོག་ས་རེད། ཧཧཧཧཧ སྐུ་རྩེད་ཡིན་ཨ་ལགས་ལོ་ལོ།

  8. རི་སྤྱང་ཁེར་འགྲོ says:
    2010-09-26 at 5:27 pm

    མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བཤད་རྒྱུ་གང་ཡང་མེད།
    ཆུ་ཤོག་ནག་པོ་ཞིག་ནང་སྒྲིལ་བའི་བསགས་དངུལ་ཕྲན་ཚེགས་ཁྱིམ་གྱི་ཟུར་གང་ཞིག་ན་སྦས་སྐུང་བྱས་ཡོད་པ་དེ་བཟའ་ཟླ་ལ་བཤད་འདོད་ཡོད།།

  9. མི་ནག་མདུང་ཐུང། says:
    2010-09-26 at 10:59 pm

    འཆི་ཁར་གཏམ་མ་མང་། ཉལ་ཁར་ཇ་མ་མང་གི་དཔེ་རེད། ང་ཡིན་ན། འཆི་ཁ་ལ་མོར་ཅིག་ཅིག་ཉིག་ཉིག་བཤད་ས་མ་རེད། ཁ་རོག་གེར་དབུགས་རྔ་དེ་བསྡུས་འགྲོ་ས་རེད།

  10. གངས་དཀར་ལྷ་མོ། says:
    2010-09-27 at 12:33 am

    ཁ་ཆེམས་ཟེར་བ་འདི་ནུས་པ་གཏན་གཏན་ཡོད། དེར་བརྟེན་རྗེས་མ་བླ་ཆེན་དེ་ཚོ་གཤེགས་ཁར་ངེས་པར་དུ་ཁ་ཆེམས་ཡག་པོ་དེ་འདྲ་བཞག་ཐུབ་ན་ལེགས་མོད། 

    ཁྱེད་ཀྱིས་ལྟར་ན་བོད་ཀྱི་བླ་ཆེན་ཚོས་ཁ་ཆེམས་ཇི་འདྲ་འཇོག་ན་ལེགས་སམ། ང་ལ་འདོད་པ་གསུམ་ཡོད།

    ༡༽ སློབ་མ་ཚོ། ང་ཤི་རྗེས། དགོན་པ་འདི་སློབ་གྲྭ་ཆེན་མོ་ཞིག་ལ་སྒྱུརད་ཤིག དེ་ལ་ཕོ་མོ་རིགས་རུས་ལ་དབྱེ་བ་མི་འཛིན་པར་གཙོ་བོ་དེང་དུས་ཀྱི་ཤེས་ཡོན་རྣམས་མཐར་ཕྱིན་པ་སློབ་ཤིག་ལྟ་བུ།

    ༢༽སློབ་མ་ཚོ། ཁོ་བོ་འདས་རྗེས། དགོན་པ་འདིའི་ཁྲི། ཡོན་ཏན་དང་ཀུན་སྤྱོད། བསམ་པ་ལེགས་པ་རྣམས་ལ་སྤྲོད་ཤིག

    ༣༽ སློབ་མ་ཚོ། ཁོ་བོ་གཤེགས་རྗེས། དགོན་པ་འདིའི་བདག་པོར། སྲང་ལམ་ནས་ཁྱི་ཞིག་སྒྲུག་ནས། ཁྱི་དེའི་བཀའ་ལ་མཉན་རོགས། 

    ད་དུང་་་་་་་་

  11. མེ་ཏོག་དཀར་པོ། says:
    2010-09-27 at 2:46 am

    ཨ་མ་མ། གངས་དཀར་ལྷ་མོ། བསམ་བློ་ཡར་ཐོན་རེད་འདུག

  12. བསྟན་འཛིན་སྐྱིད། says:
    2010-09-27 at 3:15 am

    ཁ་བརྡའི་ལས་བྱེད་ཡོངས་དང་རྩོམ་པ་པོ་མཐུན་མོང་ལ་གུས་མོས་ཐོག་མར་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

  13. རྒྱ་གྲམ་དམར་པོ། says:
    2010-09-27 at 3:38 am

    ངས་ནི་ཁ་ཆེམས་འདི་ལྟར་འཇོག་འདོད་ རང་བཙན་སླར་གསོའི་ཆེད་ མི་ཐོག་ནས་མི་ཐོག་བར་ འཐབ་བརྩོད་འདི་མུ་འཐུད་གནས་དགོས་། རང་སྐྱོང་ཡང་མི་དགོས་ལ་རྒྱ་ཡི་རྩ་ཁྲིམས་འོག་གི་མིང་དོན་ཚུངས་པའི་རང་སྐྱོང་དེ་བས་བརྩོད་དགོས་དོན་མེད་དེ་ནི་བོད་ཕུང་ལ་སྦྱོར་བའི་ལམ་སྣེ་རེད་ཅེས་བཤད་འདོད།།།།།

  14. མེ་ཏོག་དཀར་པོ། says:
    2010-09-27 at 3:57 am

    ངས་འདི་ལྟར་བཤད་ན་འདོད།
    ཆོལ་གསུམ་ཡོངས་སུ་རྫོགས་པའི་རང་བཙན་ཐོབ་ན་ཤིན་ཏུ་ལེགས་པས་དེར་ཟད། གཞན་བོད་ཡུལ་རྒྱ་ཡིས་གང་བའི་རང་བཙན་ལས་བོད་ཡུལ་བོད་མིས་སྐྱོང་བའི་རང་སྐྱོང་ལེགས་པས་དེ་གང་མྱུར་ལོན་ཐབས་ལ་བརྩོན་ཅིག །བོད་མིའི་སྐྱིད་སྡུག་མཉམ་མྱོང་མ་བརྗེད།

  15. དོལ་སྨྱོན། says:
    2010-09-27 at 4:42 am

    ང་ལ་ནི་ཁ་ཆེམས་གང་ཡང་མེད་ ཡིན་ན་ཡང་སྨོན་ལམ་ཚིག་གསུམ་འདི་ལྟར་འཇོག ཡིད་འཕྲོག་ལྷ་མོ་ཡོངས་དང་ལྷག་པར་དུ་སོར་མོ་ལྔ་པོ་སོགས་ལ་བཀའ་དྲིན་རྗེས་དྲན་དང་སྐྱེ་བ་བདུན་གྱི་བར་དུ་སླར་ཡང་མཇལ་འཕྲད་ཡོངས་བའི་སྨོན་འདུན་ཞུ་རྒྱུ་ཡིན།

  16. jamgyal says:
    2010-09-27 at 5:14 am

    གངས་དཀར་ལྷ་མོའི་བསམ་ཚུལ་དང་པོ་དེ་ཡག་པོ་རེད་ཨ་

  17. jamgyal says:
    2010-09-27 at 5:16 am

    ཁ་ཆེམས་ཉན་ཨ་ཡོང་

  18. དོལ་སྨྱོན། says:
    2010-09-27 at 5:25 am

    གངས་དཀར་ལྷམོའི་ཁ་ཆེམས་ལ་དེ་ཙམ་ངོས་ལེན་མེད་ ཧ་ལམ་ཞོགས་དུང་གི་བསམ་བློ་དང་འདྲ་བོ་འདུག
    གསར་བ་ཐམས་ཅད་བླང་བྱ་དང་རྙིང་པ་ཐམས་ཅད་དོར་བྱར་འདོད་པ་ཨེ་ཡིན་
    མེ་ཏོག་དཀར་པོས་ཀྱང་ཅལ་འདྲོགས་བྱས་འདུག

  19. བསྟན་འཛིན་སྐྱིད། says:
    2010-09-27 at 5:29 am

    བཀྲ་ཤིས་བདེ་ལེགས་ཞུ།

  20. གཙང་ཁའི་བུ says:
    2010-09-27 at 6:50 am

    ངས་རང་ཉིད་འཆི་བའི་དུས་ལ་བབས་པ་ཤེས་ན་ཧ་ཅང་སྐྲག་ས་རེད། གལ་སྲིད་ཁ་ཆེམས་འཇོག་ཐུབ་ན་འཇོག་དང་འཇོག དེ་ཡང་མི་རིགས་ལ་ལ་རྒྱ། རྒྱལ་ཁབ་ལ་ཤ་ཞེན། ཆོས་ལུགས་ཀྱི་འཐེན་འཁྱེར། ལུང་ཚན་ལ་མཐུན་ལམ། ཕུ་ནུ་དམ་ཚིག་སོགས་ཐམས་ཅད་ལ་ཕན་པའི་ཁ་ཆེམས་དབུགས་མ་ཆད་བར་གང་ཐུབ་ལབ་ས་རེད། འོན་ཏེ་ངའི་རྗེས་སུ་སྨོན་ལམ་གདབས་རོགས་རྩ་བ་ནས་ལབ་ས་མ་རེད། རྗེས་སྡོད་ཚོས་ངོས་ནས་རེ་བ་དེ་བསྒྲུབ་ཐུབ་མིན་ནི་གནས་ཚུལ་ཐ་དད་རེད། སྤྱིར་བཏང་ང་ཚོའི་ཁ་ཆེམས་ཀྱི་དོན་འབྲས་སྨིན་མ་སྨིན་ནི་གཙོ་ཆེ་རང་གི་ཚེ་འདིར་མིའི་སེམས་ལ་བག་ཆགས་བཟང་ངན་བསྐྲུན་སྟངས་ལས་ཀྱང་རག་ལེན་པ་ཞིག་རེད།

    ང་ཚོའི་ཕ་ཡུལ་གྱི་གཏམ་དཔེ་ལས་ནི། འཆི་ཁར་གཏམ་མ་མང་། ཉལ་ཁར་ཇ་མ་མང་ཟེར།
    རེད་དེ་ངས་གཏམ་དཔེའི་རྭ་བས་འགོངས་ཅི་ཐུབ་བྱེད་ས་རེད།

    ཨ་ལགས་ནི་ཨ་ལགས་རང་རེད། ནམ་ཡང་འཆི་བ་མི་རྟག་པ་ལ་གོམས་འདྲིས་བྱས་པའི་འབྲས་བུ་རེད།

  21. ཨ་ནུ་ཐང་བསོད་ནམས། says:
    2010-09-27 at 7:42 am

    དྲ་གྲོགས་ཚོས་བསམ་ཚུལ་ཡག་ཀྱང་རྗེས་འཇུག་པ་ཚོས་ཁོང་ཚོའི་ཞེན་འདོད་དང་མི་མཐུན་པའི་ཁ་ཆེམས་ཤིག་ངོས་ལེན་བྱེད་རྒྱུ་ཁོག་པོ་རེད། འཇུ་མི་ཕམ་དང་གཙང་པ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་མི་ཉུང་པ་ཞིག་གིས་ཡང་སྲིད་མེད་པའི་ཁ་ཆེམས་བཞག་ཀྱང་ཡང་སྲིད་ཐོན་པ་རེད། ཡང་སྲིད་ལ་ཁེ་ཚོང་ཡོད་ན་ནམ་ཡང་ཡོང་ངེས་རེད། ཇི་སྲིད་ཚོགས་ཁྲོད་ཡང་སྲིད་ལ་རིན་ཐང་ཡོད་པ་དེ་སྲིད་དུ་ཡང་སྲིད་ཐོན་ངེས་རེད་ལ། ཡང་སྲིད་ཇི་སྲིད་ཐོན་པ་དེ་སྲིད་དུ་ཡང་སྲིད་རྣམས་ཀྱིས་སྤྱི་ཚོགས་ཀྱི་འགན་དབང་འཁུར་ངེས་རེད། ཡང་སྲིད་མེད་པའི་ཁ་ཆེམས་བཞག་ཀྱང་ཐོན་ངེས་རེད། འཇིག་རྟེན་གྱི་མི་འདི་ཇི་འདྲའི་ཁེ་ཕན་ལ་དུང་བའང་།

  22. གཙང་ཁའི་བུ says:
    2010-09-27 at 8:12 am

    དྲ་གྲོགས་ཚོ། ད་ནི་སྔོན་དང་མི་འདྲ་བ་ང་ཚོས་རྗེས་རབས་པ་ཚོ་ལ་ཡང་སྲིད་རྩོད་དཔྱད་བྱེད་རོགས་ལབ་ཀྱང་བྱེད་མི་སྲིད་པའི་དུས་ལ་སླེབས་ཡོད། ང་ཚོ་འདིའི་འཐད་ལ་སེམས་ཁྲལ་དང་དུས་ཚོད་མི་གཏང་། འདི་ནི་ཨ་ལགས་དྲིན་པོ་ཆེ་ཚོས་མཛད་སྤྱོད་ལས་རང་བཞིན་གྱིས་འགག་འགྲོ་གིན་རེད། དེ་བཞིན་བླ་སྤྲུལ་གྱི་ཡང་སྤྲུལ་མི་དགོས་ལབ་མཁན་ཚོས་འདོད་པའང་ཡོངས་སུ་འགྲུབ་ངེས་རེད། རྗེས་ཤོག་ནས་བླ་སྤྲུལ་མི་དགོས་ལབ་ནས་སྐད་འབོད་བྱེད་པ་ལས། ཨ་ལགས་དག་ལ་གསང་ཡུམ་རེ་འབུལ་ཐུབ་ན། རང་བཞིན་གྱིས་སྒྲུང་རྫོགས་ཀྱི་རེད།

  23. ཚངས་དབྱངས། says:
    2010-09-27 at 10:12 am

    ངའི་ཁ་ཆེམས་འདི་ཡིན།

    བོད་པ་ཚོ། ནམ་ཡང་རྒྱ་མིའི་དབང་འཛིན་པའི་གཏམ་ལ་ཡིད་ཆེས་རྩ་བ་ནས་མ་བྱེད། རང་ཉིད་ཕུང་བར་བྱའོ། དུས་རྟག་ཏུ་རང་གིས་བརྟག་དཔྱད་མཛོད། རང་གིས་ཐག་གཅོད། རྒྱ་མིས་འཕགས་པ་སྤྱན་རས་གཟིགས་དང་འོད་དཔག་མེད་ལ་སྡུག་སྦྱོར་ཚད་མེད་བྱེད་སྟབས། གཞན་སྨྲོས་ཅི་དགོས།

    ནམ་ཡང་གཞན་ལ་རེ་བ་མ་བཅོལ། བསྒྲུབ་བྱ་རྣམས་རང་གིས་སྒྲུབས་ཤིག གཞན་གྱིས་བསྒྲུབ་པར་རེ་བ་མ་བྱེད་ཨང་།

     

  24. ཆོས་དབྱིངས་སྒྲོལ་མ says:
    2010-09-27 at 10:50 am

    ཁ་ཆེམས་མི་དགོས་ཁ་ཆེམས་མི་དགོས།གང་ཡིན་ཟེར་ན་བོད་པའི་བླ་མ་མང་པོ་ཞིག་གིས་ཁ་ཆེམས་བཞག་པ་ལྟར་ཡང་སྲིད་དམ་སྤྲུལ་སྐུ་མང་པོ་ཞིག་ངོས་འཛིན་བྱས་ཡོད་ལ་སྤྲུལ་སྐུ་དེ་ཚོས་མང་ཚོགས་ལ་ཕན་ཐོགས་པའི་བྱ་བ་ཞིག་བྱེད་པ་ཕར་ཞོག་དེ་ལས་ལྡོག་སྟེ་བླ་མ་གོང་མའི་མཚན་སྙན་རྫོད་མཁན་ཤ་སྟག་རེད།
    ཕ་ཞིག་གིས་རང་གི་བུ་དང་བུ་མོར་ཁ་ཆེམས་བཞག་ན་ནི་ཁོ་ཚོར་ཕན་པ་ལས་སེམས་ཁྲལ་དང་དྲན་གདུང་གི་རྒྱུ་རུ་འགྲོ་སྲིད། རྒྱུ་ནོར་གྱི་ཁ་ཆེམས་ཡིན་ན་ནི་དེ་བས་ཀྱང་རྙོག་དྲ་ཚ།

  25. རྒྱ་གྲམ་དམར་པོ། says:
    2010-09-27 at 11:03 am

    ངས་བཤད་འདོད་པའི་ཁ་ཆེམས་དེ་ཕོ་གསར་ཚངས་དབྱངས་གི་བཤད་འདུག་དེ་ལས་ལྷག་པའི་ཁ་ཆེམས་ཕལ་ཆེར་ཡོད་མ་ཡིན།

  26. ནོར says:
    2010-09-27 at 12:01 pm

    ཆོས་དབྱིངས་སྒྲོལ་མ་ལགས། ཁྱེད་རང་བོད་ཀྱི་བླ་སྤྲུལ་དེ་ཚོ་ངན་པ་དེ་འདྲ་ཞིག་མཐོང་ན་ཁྱེད་རང་རྒྱ་ནག་དམར་པོའི་ལམ་ལུགས་ལ་ཞུགས་ནས་ང་ཚོ་ལ་འཆའ་སྨོད་གྱིས་དང་། དཔེ་ཡག་པོ་འདུག
    དེ་རང་ཁ་བརྡ་ནང་གི་བོད་ཀྱི་མཛེས་མ་འདི་གཉིས་བསམ་ཚུལ་ཡག་པ་ལ།

  27. དོལ་སྨྱོན། says:
    2010-09-27 at 12:02 pm

    ཚངས་དབྱངས་ཀྱིས་གསུངས་པ་ལོས་བདེན་

    རང་ཉིད་རང་གིས་མགོན་ཡིན་གྱི།།
    གཞན་ནི་སུ་ཞིག་མགོན་དུ་གྱུར།།
    རང་ཉིད་ལེགས་པར་བསྐྱངས་གྱུར་ན།།
    མཁས་པས་མཐོ་རིས་ཐོབ་པར་འགྱུར།།
    ཞེས་གསུངས་པ་མ་ཡིན་ནམ།

  28. གཙང་ཁའི་བུ says:
    2010-09-27 at 12:10 pm

    དོལ་སྨྱོན་ལགས།
    བདག་ཉིད་བདག་གི་མགོན་ཡིན་གྱི། །
    གཞན་ནི་སུ་ཞིག་མགོན་དུ་གྱུར།།
    བདག་ཉིད་ལེགས་པར་ཐུལ་བས་ན།།
    མཁས་པས་མཐོ་རིས་ཐོབ་པར་འགྱུར།།
    ཞེས་གསུངས་པ་མ་ཡིན་ནམ།

  29. ཆོས་དབྱིངས་སྒྲོལ་མ says:
    2010-09-27 at 12:18 pm

    དོལ་སྨྱོན་དང་གཙང་ཁའི་བུ་ཟུང་ལ།
    བདག་ཉིད་བདག་གི་མགོན་ཡིན།།
    བདག་ཉིད་བདག་གི་དགྲ་ཡིན།།
    ཞེས་གསུངས་པ་མ་ཡིན་ནམ

  30. རིག་བཟང་། says:
    2010-09-27 at 12:47 pm

    ལ་ལས་ཁ་ཆེམས་བླང་དོར་གསལ་བའི་མེ་ལོང་རེད། འགའ་རེའི་ཁ་ཆེམས་རྫུན་མ་ཕུང་དཀྲིགས། རྫོགས་མེད་གྱོད་ཀྱི་སྣ་འདྲེན་ཡང་ཡོད་པས་ཁ་ཆེམས་འཇོག་དུས་བསམ་གཞིགས་ནན་ཏན་གཏོང་དགོས་འདུག

  31. གཙང་ཁའི་བུ says:
    2010-09-27 at 1:25 pm

    ཆོས་དབྱིངས་སྒྲོལ་མ་ལགས། ཁྱོད་རང་གིས་གཏམ་འདི་༼བོད་པའི་བླ་མ་མང་པོ་ཞིག་ གིས་ཁ་ཆེམས་བཞག་པ་ལྟར་ཡང་སྲིད་དམ་སྤྲུལ་སྐུ་མང་པོ་ཞིག་ངོས་འཛིན་བྱས་ཡོད་ལ་སྤྲུལ་སྐུ་དེ་ཚོས་མང་ཚོགས་ལ་ཕན་ཐོགས་པའི་བྱ་བ་ཞིག་བྱེད་པ་ཕར་ཞོག་དེ་ལས་ ལྡོག་སྟེ་བླ་མ་གོང་མའི་མཚན་སྙན་རྫོད་མཁན་ཤ་སྟག་རེད།༽ཅུང་ཐལ་དྲག་མེད་འགྲོ ངས་བསམ་ན་ཁྱོད་རང་ཡང་སྲིད་དང་སྤྲུལ་སྐུའི་རྣམ་དབྱེ་མི་ཤེས་མཁན་ཞིག་གིས་འདི་འདྲ་བཤད་པའི་སྐབས་སུ་བབ་མེད་སྙམ། རང་གི་གཏམ་ལ་རང་གིས་ཡིད་ཆེས་ཡོད་པའི་སྟེང་ནས་བཤད་ན་དགོས་པ་ཡོད། དེ་མིན་ན་འཆལ་གཏམ་ལས་འགྱུར་གྱི་མ་རེད།

  32. ཨ་ནུ་ཐང་བསོད་ནམས། says:
    2010-09-27 at 2:32 pm

    རང་གི་རང་གི་མགོན་ཡིན་ཅི།།
    དེ་ལས་མགོན་ཞིག་ཡོད་མ་ཡིན།།
    རང་ཉིད་རང་གི་དགྲ་ཡིན་ཅི།།
    དེ་ལས་དགྲ་ཞིག་ཡོད་མ་ཡིན།
    དེ་བརྟེན་བསམ་བློ་ལེགས་པ་བཏང་།།
    དེ་བརྟེན་གཞན་དང་གྲོས་བསྡུར་བྱོས།།
    དེ་བརྟེན་རིག་པ་ལེགས་པོ་སྦྱོང་།།
    དེ་བརྟེན་གནས་ཚུལ་རྒྱུས་ལོན་བྱོས།།
    དེ་བརྟེན་ཕྱི་ནང་འགྲོ་ལུགས་སློབ།།
    དེ་བརྟེན་ཚོས་སྲིད་གོམས་པ་བྱོས།།
    དེ་བརྟེན་ཤེས་བྱའི་རྒྱལ་ཁམས་འགྲིམ།།
    ཤེས་བྱ་མེད་ན་རིག་པ་རེད།།
    རིག་པ་མེད་ན་ཤེས་བ་མེད།།
    ཤེས་བ་མེད་ན་རྨོངས་བ་ཡིན།།
    རྨོངས་བ་ཡིན་ན་གཞན་གཡོག་འགྲོ།།
    གཞན་གཡོག་སོང་ན་རང་དབང་ཉུང་།།
    རང་དབང་མེད་ན་བདེ་བ་ཆུང་།།
    བདེ་བ་ཆུང་བའི་མི་ལུས་ཏེ།།
    ཡོད་ཀྱང་གནས་འདི་རིན་ཐང་མེད།།
    ཕྱི་ཡང་ཁྱི་རོ་བཞིན་དུ་འཕེན།།
    གསོན་ཡང་བྱོལ་སོང་རྗེས་སུ་འགྲོ།།
    དེ་བརྟེན་འཇིག་རྟེན་འདི་ཉིད་ནང་།།
    ཤེས་རིག་དར་ཞིང་རྨོངས་སེལ་བའི།།
    རིག་པ་རྒྱལ་པོ་སྐྱེས་བ་ཤོག།
    རིག་པའི་རྒྱལ་པོས་བྱིན་མཐུ་ལས།།
    གོ་ལ་འདི་ལ་དབང་སྒྱུར་ཤོག།
    སྤྲུལ་སྐུ་རྒས་ཡོལ་ཕེབས་པར་ཤོག།
    ཞི་བདེ་ཡུན་གནས་རིང་བ་ཤོག།
    མི་རྣམས་འདྲ་མཉམ་ཡོང་བ་ཤོག།
    སྐྱེས་འགྲོ་ཀུན་ལ་བདེ་སྐྱིད་ཤོག།
    བདེ་བས་དགའ་སྤྲོ་འདྲེན་པ་ཤོག།
    དགའ་སྦྤོས་འདོད་འདུན་ཚིམས་པར་ཤོག།
    འདོད་པས་དོན་ཀུན་འགྲུབ་པར་ཤོག
    དོན་གྱིས་བོད་མི་སྲུང་གྱུར་ཅིག།
    བོད་མི་ངོ་བོའི་མ་བརླགས་སྲུང་གྱུར་ཅིག།
    བོད་ཀྱི་སྐད་ཡིག་མ་བརླགས་སྲུང་གྱུར་ཅིག།
    བོད་ཀྱིས་བོད་ས་བརླགས་སྲུང་གྱུར་ཅིག།

  33. ལ་སྟོད་བུ། says:
    2010-09-27 at 2:36 pm

    ང་ཡི་ཁ་ཆེམས་འཇོག་རྒྱུ་ནི་ཚེ་ཡི་དུས་ལ་བབས་དུས་སྔས་མགོར་སུ་སླེབ་ལ་རག་ལུས་པ་རེད།
    རྒྱུ་ནོར་ལ་དགའ་བའི་གཉེན་ཉེ་དེ་ཚོར། ལས་བྱས་པ་ཆུད་མི་ཟ།མ་བྱས་པ་མི་འཕྲད། ང་ཡི་རྒྱུ་དེ་དག་ཁྱེད་ཚོར་དབང་གི་མེད། དེ་དག་ཐམས་ཅད་མཆོད་སྦྱིན་ལ་གཏོང་ཟེར་ས་རེད།
    མི་རིགས་ཀྱི་དོན་དུ་ཤི་ཐུག་ཡོང་མཁན་ཡོད་ན། བུད་མེད་ཐམས་ཅད་སྐྱེ་སྒོ་མ་འགོག་་བུ་རྣམས་གྲྭ་བ་བྱེད་རྒྱུར་དམ་གྲགས་གྱིས་ལ་སྔགས་འཆང་གི་བསྟན་པ་མང་ཙམ་སྤེལ་ཐབས་གྱིས།
    རྒྱལ་ཁབ་ཀྱི་དོན་དུ་ཤི་ཐུག་རྒྱབ་མཁན་དེ་ཚོར། སྐྱེ་བ་འདིར་བོད་མིར་སྐྱེ་དུས་རྒྱ་ནག་ལ་ངོ་རྒོལ་གྱིས་ལ་རང་ཡུལ་གྱི་ཆེད་དུ་རང་སྲོག་བློས་གཏོང་གྱིས།
    སྐྱེ་བ་རྗེས་མར་རྒྱ་མིར་སྐྱེ་བ་བླང་དུས་བོད་དུ་གནས་སྤོས་བྱས་ཏེ་བོད་ཀྱི་རིགས་གཞུང་ཉམས་རྒུད་དུ་གཏོང་ཐབས་གྱིས།
    དགེ་ལ་དད་པ་རྣམས་ལ་མི་རྟག་པ་སྒོམ་ཟེར་ས་རེད།
    ཧཧཧཧ་མ་གཞི་ནས་རྣམ་རྟོག་དེ་འདྲ་བླངས་མ་ཡོང།

  34. ཀརྡོ་རབ་འབྱམས་པ་ says:
    2010-09-27 at 3:03 pm

    ཁ་ཆེམས་དང་བརྡ་གླུ་ནོར་བ་མ་ཟད། མེ་དཀར་དང་སྤོབས་མཐའ་ནོར་འདུག
    སྤོབས་མཐའ་ལགས་སུ།
    ༡༡༣༽ ཀརྡོ་རབ་འབྱམས་པ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༦ གི་ཆུ་ཚོད་ ༡༨ སྐར་མ་ ༥༤

    མེ་དཀར་ལགས་སུ།

    ཀརྡོ་རང་མིང་ཡིན་ལགས། །
    ཕ་མས་བཏགས་པའི་བསྡུས་མིང་། །
    རབ་འབྱམས་ཚིག་ལ་བརྟེན་ནས། །
    གནས་ལྔའི་རིག་པ་མཇལ་སོང་། །

    བོན་བསྟན་ང་ཡིས་མི་ཤེས། །
    ས་དགེ་བཀའ་རྙིང་བུ་ཇོ། །
    ཞི་བྱེད་སོགས་ལ་མོས་པས། །
    ཆོས་བརྒྱུད་རིས་མེད་གཅིག་ལགས། །

  35. གཞོན་ནུ་ཟླ་མེད། says:
    2010-09-27 at 8:22 pm

    འ་དཀོན་མཆོག་མཁྱེན། ཁ་བརྡ་ནང་ན་ཚང་མས་ཁ་ཆེམས་བཞག་འདུག ཚང་མ་ཤི་ལ་ཡོད་ནི་ཆེད་ཡིན་རེ། ད་ངས་ཚང་མ་ལ་འཆི་ཀར་ཕན་པའི་གདམས་པ་ཞིག་བཏོན་ན་རེད་ཀོ ཁྱོད་ཚོ་ཚང་མ་ཕ་ཡུལ་ན་ཕ་མ་མཉམ་པོ་མེད་ན་རྒྱུ་རྫས་ཕྱོགས་ནས་ཁ་ཆེམས་བཞག་མ་བཞག་ཡོད་ནི་མ་རེད། ཤི་རྗེས་ཚང་མ་རང་རང་གནས་སའི་རྒྱལ་ཁབ་དེར་ཐིམ་འགྲོ་ནི་རེད། བོད་སྤྱི་བའི་དོན་དུ་འཇོག་རྒྱུ་ཡོད་ན། རང་དབང་རང་ལག་ན་ཡོད་དུས། མ་ཤི་སྔོན་ལ། སྨན་ཁང་དུ་མ་སྐྱལ་སྔོན་ལ། འོ་ད་གཡུག་ཞོག་དེ་ལས་འཆི་ཀར་ཕན་པའི་གདམས་པ་དེ། གལ་ཏེ་ལས་ཀྱི་བར་དོ་གྲུབ་གྱུར་ན། ། འཕྲལ་དུ་བརྟགས་པས་སྐྱེ་འཆི་བར་དོ་ཡི། ། སྡུག་བསྔལ་བདེན་པར་མེད་པའི་ཚུལ་རྟོགས་ནས། ། འཁྲུལ་སྣང་དག་པར་འཆར་བར་བྱིན་གྱིས་རློབས། ། འབྱུང་བ་ལོག་པའི་དགྲ་བཞི་འཇིགས་སྣང་གསུམ། ། མ་ངེས་རྟགས་རྣམས་སྣ་ཚོགས་ཤར་བའི་ཚེ། ། ཕྱི་ནང་གསང་བ་བསྒྱུར་བའི་རྣལ་འབྱོར་གྱིས། ། རྣམ་དག་ཞིང་དུ་སྐྱེས་པར་བྱིན་གྱིས་རློབས། །

  36. མེ་ཏོག་དཀར་པོ། says:
    2010-09-27 at 9:25 pm

    གཞོན་ནུ་ཟླ་མེད་མ་མཐོང་ནས་རྒྱུན་རིང་སོང་བས་ཁ་བརྡ་ཡང་ཅང་ཅང་འདྲ་རེད་སོང་། ད་ཕེབས་པ་ལེགས།
    ཀ་རྡོ་ལགས་ཁྱེད་ཀྱིས་ཚིགས་བཅད་གཉིས་དེ་བརྡ་གླུའི་འོག་ཏུ་མཐོང་སོང་བས་ཐུགས་རྗེ་ཆེ།

    མུ་མཐུད་ཁ་ཆེམས་འཇོག་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme