Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་སྨྱོན་ཧེ་རུ་ཀ་ལ་གླུ་བསྐུལ་རྡོ་རྗེའི་ཐོལ་གླུ་ཞེས་བྱ་བ། །

Posted on 2011-05-142011-05-14 By ཁ་བརྡ་ 143 Comments on ཀླུ་སྨྱོན་ཧེ་རུ་ཀ་ལ་གླུ་བསྐུལ་རྡོ་རྗེའི་ཐོལ་གླུ་ཞེས་བྱ་བ། །

74080_138079559578223_100001285385000_206214_6295349_n
ན་མ་ཤྲྰི་བཛྲ་དྷརྨྰ་པ་ལ་ཡེ། །
ལས་ཀྱི་མེ་ཏོག་ཕོག་པའི་དམ་ཚིག་མཆེད་ལྕམ། །
བརྩེ་གདུང་རྒྱུན་ཆད་མེད་པའི་རྡོ་རྗེའི་མཆེད་པོ། །
གང་ཤར་སྙན་ངག་འབྲི་བའི་ཁྲག་འཐུང་དཔའ་བོ། །
གནས་ཡུལ་ཞིང་ཁམས་ངེས་མེད་གང་དུ་ཕེབས་སོང་། །

སྨྱོན་པའི་འཇིག་རྟེན་དེ་ཡང་སྟོང་པར་གྱུར་འདུག །
བདེན་པའི་སྙན་ངག་དེ་ཡང་གོ་ཚོར་མི་འདུག །
བྱམས་བརྩེའི་གོམས་བགྲོད་འོག་ནས་འདས་པ་མིན་ན། །
ཁ་བརྡ་བྱིས་པའི་གྲོ་རར་ལན་ཅིག་ཕེབས་ཤོག །

ཆགས་ཆེན་ཡབ་རྒན་མེད་པའི་ད་ལི་འདི་ཚོ། །
མི་སྨྲའི་རྟུལ་ཞུགས་འོག་ནས་ལྟོ་བ་སྐམ་པོ། །
མི་སྙན་རྒྱུ་མ་དཀར་ནག་དབྱངས་རྟ་གཟེན་མོ། །
མི་འདོད་ཁ་བརྡ་དྲ་བ་ཟ་ཟིར་རྡིར་བྱུང་། །

ཆགས་པ་ཆོས་སུ་སྨྲས་ཀྱང་ཅི་ཡང་མི་སྐྱོན། །
སྡང་བ་གླུ་རུ་བླངས་ཡང་བདག་ལ་མི་གནོད། །
མ་རིག་མགོ་བོ་འཁོར་བའི་བྱས་པ་དག་ལ། །
ཀ་ཁ་བརྡ་སྤྲོད་རིག་པའི་ལམ་བཟང་སྟོན་ཤོག །

བརྟན་གཡོའི་སྲོག་གི་ཀ་བ་མི་རྟག་སྙིང་པོ། །
ཟག་བཅས་སྒྱུ་མའི་གྲོང་གི་རྟུལ་ཞུགས་སྤྱོད་པ། །
སྔགས་འཆང་རིག་པ་འཛིན་པའི་སྦས་ཡུལ་འགྲིམ་པ། །
མ་མཛད་ད་ལྟ་ཉིད་དུ་གནས་འདིར་ཕེབས་ཤོག །

རཀྟ་དམར་པོའི་ཁྲག་གིས་བཟི་བ་མིན་ནམ། །
གནས་གསུམ་མཁའ་འགྲོའི་བཀའ་ཆད་ཕོག་པ་མིན་ནམ། །
གློག་འཕྲུལ་ཁྲེལ་མེད་དུམ་བུར་སོང་བ་མིན་ན། །
དྲ་མཐར་འདི་ཚོ་སོ་རེ་རྒྱག་པར་རན་འདུག །

ལྟ་བ་མཐོང་ཆེན་ཤམ་བྷ་ལ་རུ་ཕྱིན་ཀྱང་། །
གོམས་པ་ཕྲ་མོ་རང་ཡུལ་ཕྱོགས་ལ་སྤོས་ཤོག །
བྱ་སྤྱོད་མཛད་པ་སྐྱ་སེར་འདྲིས་མར་སྟོན་ཀྱང་། །
སྙན་འབྲས་བཟང་པོ་རྣམ་དཔྱོད་རིག་པ་ངོམས་ཤོག །

ཆོས་སྲིད་མཁྱེན་པའི་ལ་རྒྱའི་དཔའ་བོ་ཁྱེད་ཉིད། །
ཐུགས་བསྐྱེད་བརྟན་པོའི་སྲོག་གི་ཀ་བ་ཚུགས་ན། །
ཐུགས་རྗེ་ཆེན་པོའི་ཕྱག་གི་ཕྲིན་ལས་ཆ་ཤས། །
ཐུགས་དམ་མ་གཡེལ་ད་ལྟ་ཉིད་དུ་ཕེབས་ཤོག །

གངས་སེང་རྒྱལ་པོའི་གཡུ་རལ་གཞི་ནས་མ་ཉམས། །
གངས་ཅན་སེང་ཕྲུག་རྩལ་དྲུག་རྒྱལ་ཁ་ཐོབ་པས། །
གངས་ལྗོངས་མདུན་ལམ་གསར་བ་མཐའ་ནས་རྒྱས་པའི། །
གངས་སེང་རྒྱལ་དར་ཁྲ་མོ་གནམ་ལ་སྒྲེངས་ཤོག །

རྒྱུ་འབྲས་མན་ངག་བདུན་ལྡན་གོ་ཆ་བགོ་བའི། །
རྒྱལ་སྲིད་རིན་ཆེན་སྣ་བདུན་མཐུ་དཔུང་ངོམས་ཏེ། །
འཕགས་ནོར་ཡན་ལག་བདུན་ལྡན་རྐང་པ་ཚུགས་ནས། །
མི་འཇིགས་འཇིག་རྟེན་བདུན་པོ་ཞབས་ཀྱིས་ནོན་ཤོག །

རྨི་ལམ་ཟ་ཟིང་ཞིག་གི་སྣང་བ་དེ་ལ། །
ཡིད་མཐུན་ལྷ་ལྕམ་ཞིག་དང་རྩེད་བར་རྨིས་ཀྱང་། །
རྨི་ལམ་སྒྱུ་མ་འདི་ལ་ཡིད་བརྟན་ཅི་ཡོད། །
གྲོགས་པོས་འཕྲིན་བཅོལ་འདི་ལ་སྤྱན་གྱིས་གཟིགས་སམ །

སྐུ་ཚེ་རིང་སྐྱིད་ཞབས་བརྟན་སྨོན་ལམ་ཞུས་ན། །
གསུང་སྙན་དགྱེས་པའི་ཕྱག་རྩོམ་ཡང་ཡང་གནང་ནས། །
ཐུགས་བསྐྱེད་དམ་བཅའི་བཞེད་དོན་ཇི་བཞིན་འགྲུབ་པའི། །
རྩ་གསུམ་རྒྱ་མཚོའི་ཤིས་པའི་མེ་ཏོག་ཐོར་ཤོག །
ཅེས་པའང་ཁ་བརྡ་དྲ་བ་ལ་ཟུར་ལྟ་ཞིག་བྱས་པས་རྐྱེན་དང་ཀླུ་སྨྱོན་ཧེ་རུ་ཀ་དེང་སང་དྲ་སྟེང་ལ་མི་འདུག་གང་དུ་ཕེབས་སོང་ངམ་རྐྱེན་ངན་འདྲ་བྱུང་བ་མིན་ནམ་ཞེས་སྙིང་གྲོགས་ཞིག་དང་གླེང་མོལ་བྱས་པའི་རྗེས་སུ་ཅི་དྲན་དུ་ཤྲྰི་སྨྱོན་པས་གང་ཤར་དུ་བྲིས་པ་དགེའོ། ། ༢༠༡༡ ༥ ༡༣་ལའོ། །

སྙན་ངག

Post navigation

Previous Post: ༄༅། །བོད་མི་རིགས་མཐུན་སྒྲིལ་སྲ་བརྟན་གྱི་ཆེད་དུ་མཚན་གནས་གལ་ཆེན་ཞིག་ངེས་པར་དུ་ཕུལ་དགོས།
Next Post: མི་ཚང་གཅིག་གི་མནར་སྡུག

Comments (143) on “ཀླུ་སྨྱོན་ཧེ་རུ་ཀ་ལ་གླུ་བསྐུལ་རྡོ་རྗེའི་ཐོལ་གླུ་ཞེས་བྱ་བ། །”

  1. བོན says:
    2011-05-14 at 9:01 pm

    ཡང་ཉི་མ་མ་ཆོད་ནས་ཀླུ་སྨྱོན་ལ་བསྟོད་སྨད་སྒྲོ་བཀུར་འདྲ་བྱས་འདུག་གྰ ད་དུང་I miss uཞེས་པུ་གུ་ངུ་གཟུགས་ཀྱི་པར་འདི་དཔར་རྐུས་རང་རེད། ཧ ཧ། ད་དགྱེས་རྡོར་འདི་ཚོས་དྲ་བརྫེད་མང་གི་ཡ།

  2. རྩམ་དགའ། says:
    2011-05-14 at 10:30 pm

    ཀླུ་མོ་འདྲེ་མོ་ཞིག་གི་རུམ་ཕུག་ནས། །
    སྟུ་ཁུང་དྲོན་པོ་སྐྱུར་བ་མ་ཕོག་སྟེ། །
    དྲ་བའི་བུ་ཕྲུག་དག་གིས་བསྒུགས་བསྡད་ཀྱང་། །
    ཅི་ཡང་མི་སེམས་སྨྱོན་ལུགས་སྐྱོ་བ་ལ། །

  3. གཞོན་ནུ་ཟླ་མེད says:
    2011-05-14 at 10:42 pm

    སྨྱོན་པ་སྨྱོས་ན་སྐད་ཆ་རྫོགས་རྒྱུ་མེད།།
    སྨྱོ་བ་དྭངས་ན་སྐད་ཆ་ཚིག་གཅིག་མེད།།
    ད་ནི་སྨྱོ་འབོག་སངས་ནས་སྒོར་རྗེས་སུ།།
    ནང་རྒྱུགས་དགོང་རྒྱུགས་བྱེད་ལ་ཕྱག་འཚལ་ལོ།།

    ཡོད་ན་མི་འགྲིག་དྲ་རྒྱ་ཀུ་ཅོའི་འགེངས།།
    མེད་ན་མི་འགྲིག་ཁ་བརྡ་སྟོང་ལྷང་ལྷང་།།
    སྨྱོན་པའི་སེམས་ཁམས་དབྱར་ཀའི་སྤྲིན་དང་འདྲ།།
    ཁ་བརྡ་ཚང་གི་ཏོས་ཀྲང་ཁྱེད་ལ་བསྟོད།།

  4. དཔལ་དགྱེས་པ་རྡོ་རྗེ says:
    2011-05-15 at 2:45 am

    ཨེ།
    གཞི་མེད་སྒྲོ་འདོགས་བྱེད་པའི་བོན་གཟུགས་གཅིག །
    འདོད་པ་རྐུབ་ལ་སྤྲོ་བའི་རྩམ་དགའ་གཉིས། །
    ཞེན་པ་སྒོར་ལ་རེ་བའི་ཟླ་མེད་གསུམ། །
    སྤྱན་རས་བདག་ལ་གཡར་བ་བཀའ་དྲིན་ཆེ། །
    ཀླུ་སྨྱོན་ཀླུ་ཡུལ་ཕེབས་ཀྱང་ཐོན་རན་ཡིན། །
    ཀླུ་མོ་མཛེས་མ་ལོན་ན་ངོམས་རན་ཡིན། །
    ཀླུ་འབུམ་པོ་ཏི་ཡོད་ན་འཆད་རན་ཡིན། །
    ཀླུ་བསྐུལ་རྡོ་རྗེའི་ཐོལ་གླུ་འདི་ཐལ་ལོ། །
    ན་གྰ་ཤྲྰིས་སོ། །

  5. རྩམ་དགའ། says:
    2011-05-15 at 2:52 am

    སྟུ་བཤད་རྫོགས་རྒྱུ་མེད་པའི་རྩམ་དགའ་ངའི། །
    མ་མཐོང་དྲ་གྲོགས་དྭངས་མར་གྱུར་བའི་གྲོགས། །
    གཞོན་ནི་ཟླ་མེད་ཅེས་པའི་ལབ་རྒན་ཁྱོད། །
    ད་རུང་མ་ཤི་གསོན་པར་བཞུགས་པས་སྤྲོ། །

  6. རྩམ་དགའ། says:
    2011-05-15 at 3:07 am

    མིང་བྱང་འདི་ཉིད་མཐོང་དུས་འཇིགས་ནི་ཟིག །
    བུ་མོ་མཛེས་མར་རིག་དུས་མྱོན་ནི་ཟིག །
    ཁ་ལྕེ་གང་ལ་བསྐོར་ཡང་བདེ་ནི་ཟིག །
    དཔལ་རྡོ་བླ་རྒན་ཁྱོད་ཀྱང་བདེ་ལེགས་སམ། །

  7. རྩམ་དགའ། says:
    2011-05-15 at 3:21 am

    ཀླུ་སྨྱོན་ཀླུ་མོའི་ཡུལ་ནས་ལྷག་མེད་ཀི །
    ཀླུ་སྨྱོན་སེམས་ཁམས་ད་རུང་དྭངས་མེད་ཀི །
    ཀླུ་སྨྱོན་དགའ་སའི་སྒྲེས་སའི་མཛེས་མ་དེས། །
    ཀླུ་སྨྱོན་ཐེངས་ཤིག་བོས་ར་ཡོང་ནི་རེད། །

  8. དོལ་སྨྱོན། says:
    2011-05-15 at 4:34 am

    ཀླུ་སྨྱོན་འབྲུག་ལ་ཕྱིན་པ་མ་གོ་འམ།།
    འབྲུག་མོར་སྟུ་ལྡག་བྱེད་པ་མ་ཐོས་སམ།།
    དགའ་བདེའི་ཀློང་ན་རྒྱལ་བ་མ་རྟོགས་སམ།།
    ཁ་བརྡའི་དྲ་ཚིག་བརྗེད་པ་མ་རིག་གམ།།

  9. རྩམ་དགའ། says:
    2011-05-15 at 4:59 am

    ཀླུ་སྨྱོན་འབྲུག་ལ་ཕེབས་རབས་མ་གོ་ཐལ། །
    འབྲུག་པ་ཀུན་ལེགས་ཚང་གི་ལོ་རྒྱུས་སྣེར། །
    འཇུ་བའི་དུས་ལ་སླེབས་པར་མཐོང་སོང་ནས། །
    ག་ལེར་བུད་ལ་སོང་ནི་ཡིན་ན་ཐང་། །

  10. རྩམ་དགའ། says:
    2011-05-15 at 5:13 am

    འབྲུག་གི་བུ་མོ་ཤ་ཁ་འཇམ་རབས་འདུག །
    སྟུ་ཁ་དེ་ཡང་གཞན་ལས་དམ་རབས་འདུག །
    དོལ་སྨྱོན་ཁྱོད་ཀྱང་རེམ་མ་འགྲོ་རྩིས་བྱོས། །
    ལམ་གྱི་འགྲོ་སོང་ཆེ་རབས་མི་འདུག་ལགས། །

  11. དོལ་སྨྱོན། says:
    2011-05-15 at 5:23 am

    འབྲུ་མོ་ཚོའི་སྟུ་ཁ་དམ་པ་གཅིག།
    ཀླུ་སྨྱོན་ཚང་གི་མཇེ་མགོ་སྦོམ་པ་གཉིས།།
    དགའ་བདེའི་དཔལ་ལ་རོལ་བའི་བདེ་བ་གསུམ།།
    མཉམ་དུ་འཛོམས་པའི་ཉི་མ་ཤར་བ་རེད།།

  12. དཔལ་དགྱེས་པ་རྡོ་རྗེ says:
    2011-05-15 at 5:50 am

    ཨོྃ་སྭ་སྟི། །
    ཆགས་པ་ཅན་ལ་འདོད་རྩོམ་ཀླུ་སྨྱོན་པ། །
    སྡུག་པ་ཅན་ལ་ཁྲག་འཐུང་ཧེ་རུ་ཀ །
    ཡིག་རྨོངས་ལོག་རྟོག་བསལ་བའི་ཨ་ལགས་སང་། །
    གངས་ཅན་བསྟན་པའི་སྲོག་ཏུ་ཞབས་བརྟན་ཤོག །
    བོད་ཤྲྰིས་སོ། །

  13. ཀརྡོ་རབ་འབྱམས་པ་ says:
    2011-05-15 at 7:39 am

    ཀླུ་སྨྱོན་ཀླུ་མོ་འཚོལ་དུ་ཕེབས་ཀྱང་རུང་། །
    ཀླུ་མོ་མཛེས་དང་མི་མཛེས་གང་ཡང་རུང་། །
    ཀླུ་མོ་མཉམ་འཁྲིད་ཡོད་ཀྱང་མེད་ཀྱང་རུང་།
    ཀླུ་སྨྱོན་སྙན་དངགས་སྙན་ཚིག་སྤེལ་རན་འདུག །
    དཔལ་དགྱེས་མཉམ་དུ་ཀརྡོས་གསོལ་བ་འདེབས། །

  14. བྱ་རྒོད་རྒྱལ་པོ། says:
    2011-05-15 at 8:30 am

    ཀླུ་སྨྱོན་མེད་པའི་ཁ་བརྡའི་དོ་ར་ན།།
    ན་ཆུང་ཚེ་སྐྱིད་དྲན་པའི་སྙན་ངག་དག།།
    དག་མཛེས་ལྷ་མོའི་སྙན་ལ་མ་སོན་ཡང་།།
    ཡང་ཡང་བཙན་གྱིས་འབྲི་མཁན་དུད་འགྲོ་ཀླུ།།

  15. ཀརྡོ་རབ་འབྱམས་པ་ says:
    2011-05-15 at 11:19 am

    འོ། རིགས་མཐུན་སྨྱོན་པ་ང་ཚོ་ཨེ།།།།།།།།

  16. སྤོབས་པ་མཐའ་ཡས། says:
    2011-05-15 at 1:16 pm

    དཔལ་དགྱེས་རིན་པོ་ཆེ་འདི་འདི་དེང་སང་ཁ་ཇེ་བདེ་རེད། རིག་པ་ཇེ་རྣོ་རེད།

  17. དཔལ་དགྱེས་པ་རྡོ་རྗེ says:
    2011-05-15 at 3:01 pm

    ཀྱེ་མ་ཀ་ཡེ་བདག་ལ་གསོན་དང་། །
    རྒྱ་བལ་གྲྭ་སར་རླུང་ལྟར་གྲགས་པའི། །
    ཧེ་རུ་ཀ་པའི་རྟུལ་ཞུགས་སྤྱོད་པ། །
    བློ་ལྡན་ཡིན་ན་མཁྱེན་ཚོད་མིན་ནམ། །
    དྲ་སྟེང་འདི་ནས་ལུས་མེད་མིང་བྱང་། །
    ཡང་སྤྲུལ་རྩོད་པའི་རྩམ་དགའ་རིན་ཆེན། །
    གཞུང་དོན་ལས་བྱེད་ཀརྡོ་རབ་འབྱམས། །
    བདེ་མོ་བཞུགས་པར་དགའ་སྤྲོ་བརྟས་ཡོད། །
    བྱ་རྒོད་རྒྱལ་པོས་གཤོག་སྐྱག་གཡུགས་སོང་། །
    བོན་ཕྲུག་ཁ་སེར་དམོད་ངན་བདོ་ཡང་། །
    སྤོབས་པ་མཐའ་ཡས་ཐུགས་དགེས་སྨོན་པས། །
    སྒྱུ་ལུས་འཇིག་པའི་བར་ཆད་བསལ་སོང་། །
    ཡར་སྔོན་ཟིན་བྲིས་དར་ནས་བཟུང་སྟེ། །
    ཁ་བརྡ་ཁ་ལག་འབྲེལ་ནས་ཚུན་ཆོད། །
    སྔགས་རྒན་ཀླུ་སྨྱོན་རྔུལ་ཁྲག་ཐིག་པ། །
    གནམ་ཀླད་མཛོད་སྒོར་ཆོས་སྦྱིན་གནང་འདུག །
    བྱས་ཤེས་དྲིན་བཟོའི་སློབ་ཕྲུག་ཡོད་ན། །
    བསྟོད་གླུ་དྲན་པའི་ཕྱག་འཚལ་རི་མོ། །
    བསུབ་མེད་ཕྱག་རྩོམ་ཆར་དུ་སྙིལ་ཤོག །
    སྙན་ངག་མཁན་པོ་འདས་པར་གྱུར་རུང་། །
    སྙན་ཚིག་ལོ་རྒྱུས་ཤུལ་བཞག་བསྟན་བཅོས། །
    སྙན་དང་མི་སྙན་ཇི་ལྟར་བརྗོད་རུང་། །
    ཀ་མད་སུམ་ཅུའི་སྤྲུལ་སྐུ་ལོས་ཡིན། །
    ཆོས་འབྲེལ་ཐོབ་པའི་ཀླུ་སྨྱོན་མིན་རུང་། །
    ཆོས་ཅན་རྟོག་པའི་དྲ་བ་འདི་ཚོར། །
    ཆོས་ཡོད་ཆོས་མེད་ཇི་ལྟར་མོད་རུང་། །
    ཆོས་པ་ང་ཡིས་སེམས་ཀྱི་ཉེ་སར། །
    ཤྲྰིས་སོ། །

  18. ལུང་རྟོགས། says:
    2011-05-15 at 3:15 pm

    བཤད་རུང་མ་བཤད་རུང་ཁ་བརྡ་ཚང་ཇ་ཞིག་ཡིན་ན། ཨ་ཁུ་ཀླུ་སྨྱོན་ནི་ཚ་འདྲ་པོ་ཞིག་རེད།

  19. གཞོན་ནུ་ཟླ་མེད says:
    2011-05-15 at 4:01 pm

    བིམ་པའི་མཆུ་སྒྲོས་སྤྱན་མིག་འོད་ཀྲིག་ཀྲིག།
    ངག་སྒོ་ཡངས་པ་སྙན་ངག་གློག་འཁྱུགས་འཁྱུགས།།
    གཟུགས་གཞི་སྨྱིག་མ་སྟངས་སྟབས་འདར་ཡོམ་ཡོམ།།
    མཛེས་སྡུག་ཚེ་སྐྱིད་མེད་ན་ཀླུ་སྨྱོན་མེད།།

    ཀླུ་སྨྱོན་ཀླུ་ཡི་རྗེས་འགྲོ་མི་ཤེས་མོད།།
    ཚེ་རིང་སྐྱིད་ཀྱི་རྗེས་འགྲོ་ཁོ་ཐག་ཡིན།།
    ཁྲིམས་དང་སྒྲིགས་ཀྱིས་གཅུམ་པའི་སེམས་པའི་སྒོ།
    མཛེས་མས་མིག་གིས་ཕྱེས་ན་བཟོད་ཐབས་མེད།།

  20. རྩམ་དགའ། says:
    2011-05-15 at 4:59 pm

    བོན་རྒན་རྒན་མོའི་སེམས་ཁམས་དོག་མོ་རེད། །
    ཁ་ལྕེ་བདག་མེད་དུག་གི་ལོ་མ་རེད། །
    རྐང་ལག་གཉིས་ཀ་ཐེའུ་རུང་འཁྱམ་པོ་རེད། །
    གང་ལ་སླེབས་ན་དེ་རུ་སྨྱོན་རྟགས་བསྟན། །

    མིག་ཟུང་དག་ནི་རྒན་མོའི་སྟུ་ཁུང་རེད། །
    མཐོང་ཚད་ཐམས་ཅད་སྲང་གི་སྐྱག་པ་རེད། །
    སྨྱུ་གུའི་རྩེ་མོ་སྦྲུལ་གྱི་ཁ་རླངས་རེད། །
    ཐམས་ཅད་སེམས་ཁམས་དཀྲིག་པའི་གཤེད་མ་རེད། །

    འདི་ན་དྲ་གྲོགས་དག་ནི་འཛོམས་བྱས་ཏེ། །
    དགའ་སྤྲོའི་རྩེད་མོ་ཐེངས་ཤིག་རྩེས་པ་ལ། །
    ཁྱོད་དང་ཁྱོད་འདྲའི་སེམས་ཁམས་དོག་མོ་ཅན། །
    འགའ་རེས་སྨྱོན་རྟགས་བསྟན་པ་ངོ་རེ་ཚ། །

  21. པད་དཀར་ཕོ་ཉ། says:
    2011-05-15 at 5:08 pm

    གྲུབ་ཆེན་དོ་རྗེ་ཚང་གི་སྤྲུལ་པ་སྟེ། །
    ཨ་ལགས་ཀླུ་སྨྱོན་ཐུགས་རིག་ཅི་བས་བཀྲ། །
    འཁྲིག་སྦྱོར་གཏམ་གྱི་གནས་ཚུལ་གླེང་ཙ་ན། །
    ཆགས་ལྡན་མི་ཡི་གཉིད་ཀྱང་འགགས་པར་བྱེད། །
    གེ་སར་དམག་གི་འཛིངས་རབས་ལབ་ཙ་ན།།
    ས་གཞི་སྐྱོང་བའི་དཔའ་ཡང་ཞུམ་པར་འགྱུར།།
    དཔལ་འབྱོར་ཁེ་དབང་སྐོར་ཞིག་ཤོད་ཙ་ན། །
    ཚོང་དཔོན་རྒན་པོའི་བློ་ཡང་འཐོམ་པར་བྱེད།།
    རང་མོས་སྙན་ངག་རོལ་དབྱངས་འཁྲོལ་ཙ་ན།།
    མྱ་ངམ་ཐང་ཡང་དག་པའི་ཞིང་དུ་སྒྱུར།།
    སྐད་གསང་མཐོན་པོས་སྲིད་དོན་རྩོད་ཙ་ན།།
    ཉམ་ཆུང་ཡིན་ཡང་ལ་རྒྱའི་སྤོབས་པ་སྟེར།།
    གསར་འབྱོར་སྐབས་ཀྱི་དཀའ་སྡུག་གླེང་ཙ་ན།།
    དགྲ་བོ་ཡིན་རུང་མིག་ནས་མཆི་མ་འབྱིན།།
    ངེས་འབྱོངས་སྐྱོ་ཤས་གསུང་བཤད་གནང་ཙ་ན།།
    སུ་ཡང་དད་པས་སྤུ་ལོང་གཟེང་བར་འགྱུར།།
    གཡོ་མེད་ཀྲོང་ངེར་བཞུགས་པ་མཇལ་ཙ་ན།།
    དྲང་སྲོང་རྒན་པོའི་རྗེས་འཇུག་ངོ་མ་ཞིག
    པད་དཀར་ཕོ་ཉའི་སོར་མོའི་འདུ་འགོད་ལས།།
    མཆེད་པའི་ཀླུ་སྨྱོན་ཚང་གི་གཤིས་ཚིག་དག
    སྒྲོ་བཏགས་མ་ཡིན་ཁ་བརྡའི་དྲ་གྲོགས་ཚོས།།
    ཞིབ་ཏུ་གཟིགས་དང་ག་ལེར་མཁྱེན་པར་ངེས།།

  22. ཟླ་བ་ཆོས་འཛོམས། says:
    2011-05-16 at 2:33 am

    ཀླུ་སྨྱོན་མེད་པའི་ཁ་བརྡའི་ཁང་ཆུང་འདི།།
    དྲི་ངན་མེད་པའི་དག་གཙང་ཁང་ཞིག་རེད།།
    དེ་རུ་ཕེབས་པའི་སྐུ་མགྲོན་རྣམ་པ་དག།
    དོན་མེད་ངག་སྡུག་འགོ་ས་མེད་འདི་སྐྱིད།།

  23. སྐྱུ་རྩི། says:
    2011-05-16 at 2:35 am

    རིགས་མ་མགོ་སེར་དེ་ཡིས་སྒྱུ་ཐབས་ཀྱིས།
    ཀླུ་སྨྱོན་ཟུང་འཇུག་བདེ་སྟོང་ཀྱིས་མྱོས་དེས།
    ཁ་བརྡ་གྲྭ་བར་ཕེབས་པའི་སྐལ་བཟང་དེ།
    རི་བོང་རྭ་ཡི་སྤུན་དང་འགྲན་་པར་ངེས།

  24. གཞོན་ནུ་ཟླ་མེད says:
    2011-05-16 at 3:07 am

    རྩམ་དགའ་ཁྱེད་རྩམ་པའི་ཁུག་ཏིས།།
    དྭངས་གཙང་གི་གསང་ཞིག་ཕུད་ན།།
    གཞི་བདག་བཞིན་གློག་ལྟར་འབྱོན་པ།།
    གཞོན་ནུ་ང་འགྲན་ཟླ་མེད་ཡ།།

    རྩམ་དགའ་ཁྱེད་སྦྲང་དཀར་རྩམ་པ།།
    གངས་ཅན་པ་ཟ་ལ་དགའ་ནོ།།
    དྭངས་གཙང་གི་གསུར་ཞིག་ཕུད་ན།།
    བར་དོ་བ་སྤྲིན་ལྟར་འདུས་ནོ།།

    རྩམ་དགའ་ཁྱེད་དགོངས་པ་བཞེས་དང་།།
    ནུབ་ཕྱོགས་འདི་ལྷ་མིན་གནས་འདྲ།།
    དོན་མེད་ཀྱི་བྲེལ་གསེང་ཁྲོད་ན།།
    དགོས་མེད་ཀྱི་འཁྲུག་པ་མང་གི།

    དེ་རིང་གི་ཀླུ་རོལ་ཉིན་མོ།།
    རི་མཐོ་ཞིང་ས་གཙང་སྒང་ལ།།
    དུད་སྤྲིན་གྱིས་ས་གཞི་བཀང་ནས།།
    རྩམ་དགའ་པ་འབོད་པ་བྱེད་ངེས།།

    མ་ཐུག་པའི་དུས་ཡུན་རིང་མོར།།
    མ་དྲན་པ་ཉིན་གཅིག་མེད་པས།།
    མ་བཞིན་གྱི་བརྩེ་བ་འདི་ཀོ།
    མ་འདྲིས་པའི་མཛའ་བཤེས་ཁྱེད་ལའོ།།

  25. དཔལ་དགྱེས་པ་རྡོ་རྗེ says:
    2011-05-16 at 5:55 am

    ཨེ་མ་ཧོ།
    གྲོགས་པོ་རྩམ་དགའ་ལ་ངོ་སོ་བསྟོད་དོ། །
    བོན་ཕྲུག་ཁ་སེར་ལ་ཨ་ལན་མེད་ཀི །
    ཟླ་བ་ཆོས་འཛོམས་ལ་ཡི་ག་མེད་ཀི །
    གཞོན་ནུ་ཟླ་མེད་ཁྱེད་སྐལ་བ་བཟང་ངོ། །
    གཞོན་ནུ་ཟླ་མེད་ཀྱིས་གཏམ་སྐུལ་ཉན་ནས། །
    དགྱེས་རྡོར་ཤི་མེད་ཀྱང་དྲ་མཐར་ཉུལ་ཡོད། །
    ཕུ་ནུའི་སྐྱིད་སྡུག་དེ་ཡིད་ལ་འཁོར་ནས། །
    མི་འོང་དམ་བཅའ་དེ་འཇའ་རུ་མཚུངས་ཐལ། །
    སྐྱིད་སྡིག་མ་ངེས་པའི་གྲུ་ཁ་འདི་ནས། །
    ཕུ་ནུ་ནང་དམེ་དེ་ཤིན་ཏུ་ངན་པས། །
    གཟུར་གནས་བློ་ལྡན་གྱི་དགྱེས་པ་རྡོ་རྗེས། །
    གཟི་དཔང་མཁྱེན་རབ་ཀྱི་འོད་སྣང་འདི་ཀ །
    ཁ་བརྡའི་གླེང་སྟེགས་འདི་གླིང་དཀར་མཚོན་ན། །
    ཀླུ་སྨྱོན་སེང་ཆེན་ཉིད་བདུད་འདུལ་ཕེབས་ཤུལ། །
    བོན་སྔགས་ཁྲོ་ཐུང་གི་ལྐོག་གཡོ་ངན་ཇུས། །
    ཧོར་གླིང་གཡུལ་འབྱེད་ཀྱི་གཏམ་འདི་དྲན་ཐལ། །
    ད་ནི་བདག་གི་གཏམ་མགུར་འདི་ཆུ་བོ་ཞིག་ལ་མཚོན་ན་རོང་དོགས་པའི་ས་མཚམས་ཞིག་ནས་ཆུ་ཆེན་བཞུར་བ་བར་སྣང་ནས་ཐོན་པ་ལྟ་བུ་འབད་རྩོལ་གང་ཡང་མེད་པར་ཤུགས་དྲག་གི་གཏམ་མགུར་དག་གཅིག་རྗེས་གཉིས་འཐུད་ཀྱིས་ཤར་སོང་ཡང་མི་རྟག་དུས་ཀྱི་རྒྱལ་མོའི་ལོ་ཚོ་ཡིས་ཡི་ག་དེ་ཙམ་མ་གནང་བར་ཐལ། དེ་རིང་དེ་ཙམ་ཡིན། ཁྱེད་རྣམས་བདེ་མོ་གྱིས། མ་ཤི་ན་རྗེས་སུ་མཇལ་ཆོག ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །

  26. དོལ་སྨྱོན། says:
    2011-05-16 at 8:40 am

    ཀླུ་སྨྱོན་གྱི་སྡོམ་པ་ཤོར་ཐལ།།
    ཀླུ་སྨྱོན་གྱི་སྙན་ངག་བོར་ཐལ།།
    བརྩེ་དུང་གི་གོམ་བགྲོད་བར་ནས།།
    ཚེ་སྲོག་དེ་ཤོར་བ་མིན་གྲོ།།

    སྟོང་གསུམ་འདི་རྒྱ་རང་ཆེ་རུང་།།
    འཛམ་གླིང་འདི་གྲངས་རང་མང་རུང་།།
    ཀླུ་སྨྱོན་གྱི་རྣམ་ཤེས་ཡོད་ཚད།།
    ཚེ་སྐྱིད་ལ་ལྡིང་སྐོར་བྱེད་ཚོད།།

    མཐོང་ཚད་སེམས་ངོགས་སུ་འཆར་ཞིང་།།
    བསམ་ཚད་སྨྱུག་རྩེ་ནས་བཞུར་བའི།།
    ཟླ་མེད་སྙན་ངག་གི་མཁན་པོ།།
    མྱུར་མཇལ་སྨོན་ལམ་ཞིག་འདེབས་སོ།།

  27. ཨ་སྨྱོན། says:
    2011-05-16 at 3:31 pm

    བལ་ཡུལ་ནས་ཨ་ཇོ་རྩམ་དགའ་ལ་སྤྲིངས་པ།
    མཐོ་བ་ལྷ་ཆོས་གཏན་དུ་གནས་པ་དང་།།
    དམའ་བ་འཇིག་རྟེན་ཁྱིམ་ཐབས་སྤེལ་བ་སྟེ།།
    ལུགས་གཉིས་བསྟན་པ་མི་ཉམས་འཕེལ་བ་ལ།།
    ནུ་མཇེ་སྟུ་གསུམ་སྦྱོར་བ་གལ་རེ་ཆེ།།

    འོན་ཀྱང་རྒྱ་གཞུང་བཀག་སྡོམ་བཙན་པ་དང་།།
    ཡུལ་གྲུ་གང་སར་འགྱིག་སྤྱོད་མང་བ་དང་།།
    འགའ་ཞིག་ངོ་ཚའི་སྒྲོག་གིས་བཅིངས་པས་ན།།
    ནུ་མཇེ་སྟུ་གསུམ་བསྟན་པ་ཉམས་ལ་ཕྱོགས།།

    ཀླུ་སྨྱོན་ཞིང་ཁམས་གཞན་ལ་ཆས་ཀྱང་རུང་།།
    དོལ་སྨྱོན་ཏིང་ངེ་འཛིན་ལ་བཞུགས་ཀྱང་རུང་།།
    ཨ་ཇོ་རྩམ་དགའ་རྗེས་འབྲང་བརྒྱུད་པར་བཅས།།
    ནམ་ཡང་སྤོབས་པ་ཞུམ་པར་རིགས་མ་ཡིན།།

    སྨྲ་བརྗོད་རང་དབང་ཡངས་པའི་གླིང་ཀ་འདིར།།
    ཀླུ་སྨྱོན་ཧེ་རུ་ཀ་ཡི་བཞུགས་སྟེགས་ནས།།
    ནུ་མཇེ་སྟུ་གསུམ་སྐོར་གྱི་མྱངས་འབྲས་དག །
    ཚམ་ཚོམ་མེད་པར་གཏན་དུ་གླེང་བར་ཞུ།།

  28. རྩམ་དགའ། says:
    2011-05-16 at 5:04 pm

    དེ་རིང་འདིར་ཆེད་དུ་དྲ་གྲོགས་ཡོངས་ལ་རེ་བ་ཐུང་ཐུང་ཞིག་ཞུས་ན་འདོད།
    ངེད་ཚོ་ཚང་མ་དངོས་སུ་ཐུག་མྱོང་མེད་ཀྱང་དྲ་རྒྱའི་ནང་ནས་མཇལ་བའི་་སེམས་ཐག་ཉེ་བའི་སྤུན་ཟླ་རེད།
    ཁ་བརྡ་ཚང་གིས་དཀའ་ངལ་ལ་མ་འཛེམས་པར་རང་རིགས་ལ་འདི་འདྲའི་གོ་སྐབས་ཡག་པོ་བསྐྲུན་ཡོད་པ་ཚང་མས་ཤེས་གསལ་རེད། ང་ཚོས་འདི་ནས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་གནང་མ་ཐུབ་རུང་དོན་མེད་སྨྱོན་གཏམ་བཤད་ནས་ཡིག་རྩལ་ཡག་པོ་ཡོད་མཁན་དག་ལ་སུན་པོ་བཟོས་བསྡད་ན་ཡག་པོ་མ་རེད། སྨྱུག་མིང་ཞིག་གི་འོག་ནས་རྙོག་དྲ་བཟོས་བསྡད་ན་ཡག་པོ་མ་རེད། དེ་ཅོལ་ཆུང་རེད། ང་ཚོ་ཚང་མས་ཤ་གྲུ་མཉམ་འདེགས་གང་ཡོང་ཅི་ཡང་བྱས་ནས་རང་རིགས་སྐད་ཡིག་ཡར་རྒྱས་ལ་ཆེར་བཏང་མ་ཐུབ་རུང་ཞབས་འདྲེན་བྱས་ན་ག་ལ་འགྲིག མདོར་ན་་་་བོད་ཡིག་སྤྱོད་སའི་དྲ་རྒྱ་ཁ་ཤས་ཡོད་ན་ཡང་འདི་ནི་ཡག་ཤོས་ཡིན་པས་ཁྲིམས་མཐུན་ཐུགས་གཙང་ཐོག་ནས་ཕེབས་རོགས་གནང་ཞུས་སྙིང་ནས་ཞུའོ།

  29. པད་དཀར་ཕོ་ཉ། says:
    2011-05-16 at 5:11 pm

    མཐོ་བ་ལྷ་ཆོས་གཏན་དུ་གནས་པ་དང་།།
    དམའ་བ་འཇིག་རྟེན་ཁྱིམ་ཐབས་སྤེལ་བ་སྟེ།།
    ལུགས་གཉིས་བསྟན་པ་མི་ཉམས་འཕེལ་བ་ལ།།
    ནུ་མཇེ་སྟུ་གསུམ་སྦྱོར་བ་གལ་རེ་ཆེ།།

    འོན་ཀྱང་རྒྱ་གཞུང་བཀག་སྡོམ་བཙན་པ་དང་།།
    ཡུལ་གྲུ་གང་སར་འགྱིག་སྤྱོད་མང་བ་དང་།།
    འགའ་ཞིག་ངོ་ཚའི་སྒྲོག་གིས་བཅིངས་པས་ན།།
    ནུ་མཇེ་སྟུ་གསུམ་བསྟན་པ་ཉམས་ལ་ཕྱོགས།།

    ཀླུ་སྨྱོན་ཞིང་ཁམས་གཞན་ལ་ཆས་ཀྱང་རུང་།།
    དོལ་སྨྱོན་ཏིང་ངེ་འཛིན་ལ་བཞུགས་ཀྱང་རུང་།།
    ཨ་ཇོ་རྩམ་དགའ་རྗེས་འབྲང་བརྒྱུད་པར་བཅས།།
    ནམ་ཡང་སྤོབས་པ་ཞུམ་པར་རིགས་མ་ཡིན།།

    སྨྲ་བརྗོད་རང་དབང་ཡངས་པའི་གླིང་ཀ་འདིར།།
    ཀླུ་སྨྱོན་ཧེ་རུ་ཀ་ཡི་བཞུགས་སྟེགས་ནས།།
    ནུ་མཇེ་སྟུ་གསུམ་སྐོར་གྱི་མྱངས་འབྲས་དག །
    ཚམ་ཚོམ་མེད་པར་གཏན་དུ་གླེང་བར་ཞུ།།

  30. དཔལ་དགྱེས་པ་རྡོ་རྗེ says:
    2011-05-16 at 5:52 pm

    ༄༅། །བོན་མིང་ལ་ཕུལ་བའི་གཏམ་ཡ་མནྟ་ཀའི་མེ་ལོང་ཞེས་བྱ་བ། །
    ན་མོ་གུ་རུ་པདྨ་ཀ་ར་ཡེ། །
    གཉུག་མའི་བདེ་གཤེགས་ཀྱི་སྣང་བ་མཐའ་ཡས། །
    རིགས་འདུས་རྒྱལ་ཚབ་ཏུ་གཟུགས་སྐུར་བཞེངས་པ། །
    མཚོ་སྐྱེས་བླ་མ་ཉིད་སྙིང་དབུས་མཆོད་ནས། །
    གཟུངས་སྤོབས་བློ་གྲོས་ཀྱི་གཏེར་སྒོ་འབྱེད་ཡ། །
    སངས་རྒྱས་བསྟན་པ་ཡི་སྙིང་པོ་མཐར་ཐུག །
    བདེན་བཞིའི་བླང་དོར་ལ་ཚུལ་བཞིན་མཛད་པ། །
    དྲང་ངེས་ལྡེམ་དགོངས་ཀྱི་གནད་གསང་མཁྱེན་ན། །
    གསང་ཆེན་གསང་སྒྲག་ཅེས་གཞན་ན་མི་འདུག །
    བྱམས་བརྩེའི་ཕྱི་ཤུན་དེ་ཁ་ཁྱེར་གནང་ནས། །
    ལས་འབྲས་བསླུ་མེད་ལ་རྒྱབ་འགལ་སྨྲས་ན། །
    དྲང་བདེན་དཀོན་མཆོག་གི་མཁྱེན་གཉིས་ཡེ་ཤེས། །
    འདི་ཕྱི་བར་དོ་ལ་གསལ་སྒྲིབ་མི་སྲིད། །
    རང་བྱས་ཉེས་པ་ཞིག་གཏན་ནས་མེད་ཀྱང་། །
    མ་ཉེས་ཁ་གཡོག་གི་རྫུན་ཐག་ནག་པོ། །
    ཉེས་མེད་བདེན་ཆེན་གྱི་མགུལ་ལ་དཀྲིས་ཀྱང་། །
    བོན་མིང་གཤིན་པོ་ལ་ཡེ་ནས་མི་སྐྲག །
    བོན་ཆོས་ཞེས་པ་འདི་གསར་ཆོས་གྲགས་ཀྱང་། །
    ཕ་མེས་དྲང་བདེན་ཚོ་རྒྱབ་དཔུང་བཞག་ནས། །
    རྟོག་ཆོས་ལབ་རྡོལ་ལ་བློ་ཕུད་གཏོད་པ། །
    རྗེས་འཇུག་བོན་ལུགས་ལ་དགོས་པ་ལོས་ཡོད། །
    བོན་མིང་བན་རྫུན་གྱི་སྐྱ་མིན་སེར་མིན། །
    གཞི་མེད་སྒྲོ་བཏགས་ཀྱི་ཁ་སྨྲས་ཉེས་པ། །
    ལས་འབྲས་རྟེན་འབྲེལ་ལ་མི་འཇིགས་དཔའ་བོ། །
    ཕུ་ནུ་ཁྱོད་འདྲ་ཞིག་སྲིད་ན་དཀོན་ཐལ། །
    ཤ་ཁྲག་རུས་རྒྱུད་དེ་གཅིག་ལས་མཆེད་ཀྱང་། །
    ཤ་འཁོན་ལན་ཆགས་ཀྱི་ཆགས་སྡང་རྨོངས་པ། །
    ཤ་ཉེ་བོན་བུ་ཡི་ཚོར་འགྱུའི་ཕྲག་དོག །
    ཤ་ཚ་སྙིང་ཉེ་རུ་ཁ་ཡག་མ་ཤོད། །
    ཉེས་མེད་དམ་བཞག་གི་ཀླད་རྒྱ་མ་དཀྲུགས། །
    བདེན་ཆེན་སྡུག་སྦྱར་གྱི་ཉེན་བརྡ་མ་གཏོང་། །
    བོད་ཆོས་སྐྱིད་སྡུག་གི་གཏམ་རྒྱུད་རིང་མོ། །
    དུས་གསུམ་འབྱུང་འགྱུར་གྱི་བགྲོ་གླེང་གནང་ཤོག །
    ཁ་བརྡའི་དྲ་བ་འདི་སྤྱི་ཕན་ཡིན་ཡང་། །
    ཁྭ་ཏའི་ཨག་སྐད་བཞིན་དོན་མེད་མང་ན། །
    ཁ་མཁས་ནེ་ཙོ་ཁྱེད་དགེ་སྡིག་མེད་རུང་། །
    ཁ་ཁོག་གཡོ་སྒྱུ་འདིས་བདག་ལ་མི་གནོད། །
    ཞི་ལའི་ཆོས་བཤད་དེ་རྣ་བར་མི་འགྲོ། །
    ལོང་བས་ལམ་སྟོན་དེ་ཡིད་ལ་མི་འཕྲོད། །
    གསང་ཆེན་རྒྱུད་སྡེ་ལ་དད་པ་ཡོད་ན། །
    གབ་སྦས་གསང་རྒྱ་ལ་ཐུགས་དོགས་མི་དགོས། །
    རང་སེམས་དྭངས་གཙང་གི་མེ་ལོང་ངོས་སུ། །
    ཕྱི་ཐག་ཁྲེལ་ཡོད་ཀྱི་གཟུགས་བརྙན་གསལ་བས། །
    ཆོས་བརྒྱད་ཆགས་སྡང་གི་དམོད་ངན་མི་དགོས། །
    རྒྱལ་དང་རྒྱལ་སྲས་ཀྱིས་མི་ཁྲེལ་ངེས་སོ། །
    དུས་ངན་སྙིགས་མ་ཞེས་བྲང་རྡུང་མི་དགོས། །
    ཁ་སེར་རྐུབ་སེར་ལ་ཁྱད་པར་མི་འདུག །
    སྐྱ་སེར་བན་བོན་ལ་དབྱེ་བསལ་མེད་པར། །
    རང་ཆོས་གྲུ་བཞི་འདི་དཔུང་གིས་འདེགས་རེམས། །
    འཁོར་བའི་འདུག་ཆོས་ཞེས་ཁྱོད་ཀྱིས་སྒྲུབ་ནས། །
    མྱང་འདས་གསང་ཆེན་ལ་སྒྲོ་བཀུར་བཏང་ན། །
    རང་གཤིས་མི་འགྱུར་གྱི་ཡིད་བཞིན་ནོར་བུ། །
    མི་འདོད་ཐལ་དོང་དུ་གཡུག་པ་མིན་ནམ། །
    འཁོར་པའི་ལན་ཚྭ་འདི་ཁ་ལ་མ་རེད། །
    མྱང་འདས་ཡོན་ཏན་ཡང་རྣ་བས་མ་ཐོས། །
    རང་མཐོང་བ་གླང་གི་རྟུལ་ཞུགས་འཛིན་པས། །
    བོན་བན་ཤན་འབྱེད་ཀྱི་ཤེས་རབ་མེད་ཐལ། །
    རང་སྣང་ཀྲོག་ཀྲོག་གི་མགོ་བོ་སྒྱེལ་ནས། །
    གངས་སེང་རྒྱལ་པོ་ལ་འགྲན་འདོད་བྱས་ཀྱང་། །
    ཀརྨ་རྐུན་མ་ཚོ་རྒྱབ་དཔུང་ཁྲིད་པ། །
    ཡར་དཔེ་ལྟ་ས་ཞིག་གཏན་ནས་མ་རེད། །
    མི་དབང་རིན་ཆེན་ལ་རིན་ཐང་ཡོད་པས། །
    མི་ངན་ཁྱེད་ཚོ་ཡིས་དཔེ་སྟོན་མི་དགོས། །
    མི་ཚེ་ཤོག་དཀར་ཀྱི་ལྡེབས་སུ་བཤམས་ཡོད། །
    མི་རིགས་ལ་རྒྱ་འདི་བདེན་དཔུང་ཆེ་ཨང་། །
    རི་བོ་སྤྲིན་ཆེན་ཡིས་མནན་པ་འདྲ་བའི། །
    རྨི་ལམ་ཟང་ཟིང་གི་སྣང་བ་ཞིག་ལ། །
    གནམ་ས་གོ་འབྱེད་ཀྱི་བདེན་གཏམ་དྲི་བཟང་། །
    ཞི་བདེའི་རྒྱ་མཚོ་ལ་ཁྱབ་པར་རྨིས་སོང་། །
    ཆོས་སྲིད་ཟུང་འབྲེལ་གྱི་དབུ་མའི་ལམ་བཟང་། །
    མི་འདོད་དོལ་འདྲེ་འདྲ་ཡིན་ན་མ་གཏོགས། །
    ཆེ་རྒུ་འཛམ་གླིང་གི་དེད་དཔོན་ཚང་མས། །
    སྤྱི་མཐུན་ཞི་བདེ་ལ་བརྩོན་པར་མཐོང་ངམ། །
    བན་བོན་བདེན་རྫུན་ལ་རྩོད་པ་མིན་ཀྱང་། །
    ལས་འབྲས་བསླུ་མེད་ཀྱི་བདེན་མཐའ་རིང་མོ། །
    ངོ་ལྐོག་ཀུན་མཚུངས་ཀྱི་སྙན་ངག་རི་མོ། །
    སོར་བཅུའི་འདབ་མ་ཡིས་རྡོ་འབུམ་བརྐོས་ཡོད། །
    བྱམས་བརྩེ་དྲང་བདེན་གྱི་ལ་རྒྱ་ཡོད་ན། །
    ཤ་ཁྲག་རུས་འདྲེས་ཀྱི་སྤུན་ཟླ་ཚང་མ། །
    སྐྱིད་སྡུག་མཉམ་མྱོང་གི་གླུ་དབྱངས་བླངས་དང་། །
    མི་ལུས་རིན་ཆེན་གྱི་འབྱུང་གནས་དེ་ཀ །
    སོར་བྱང་སྔགས་སྡོམ་གྱི་ཉམས་ལེན་མ་ཤེས། །
    ཕྱག་རྫོགས་དབུ་མ་ཡི་གནད་གསང་མ་གོ །
    གནའ་དེང་རིག་རྩལ་གྱི་གནད་འགག་མ་རྟོག །
    མུན་ནག་མདའ་འཕེན་གྱི་ཁ་ཕོ་མ་ཆེ། །
    ཁ་བརྡ་དྲ་བ་ཡི་འདུ་ར་ཁྲ་མོར། །
    གསང་རྒྱ་བོད་ཡིག་གི་མིང་ངན་འོག་ནས། །
    བན་བོན་ནང་དཀྲུག་གི་ལ་སྟོད་བུ་མོ། །
    བོན་མིང་ཁྱེད་ཚོ་ལ་ཞེན་པ་ལོག་ཐལ། །
    བན་བོན་རྩོད་པ་དེ་ཁྱོད་འདྲའི་མི་ཤེས། །
    ཁ་ངན་སྨྲ་བ་ཙམ་ཁྱོད་ཚོར་ཡོད་ཀྱང་། །
    ལུང་རིགས་ན་ཚོད་ཀྱི་སྐལ་བ་ཕྲ་བས། །
    ཁ་མཆུ་མི་གཏོང་བའི་རེ་སྐུལ་ཐལ་ལོ། །
    བོན་མིང་ལ་ཤྲྰི་སྨྱོན་པས་ཤར་མར་བྲིས་པ་དགེའོ། །

  31. དཔལ་དགྱེས་པ་རྡོ་རྗེ says:
    2011-05-16 at 5:54 pm

    རྩམ་དགའི་གསུངས་ལ་ཡི་རང་དང་རྒྱབ་སྐྱོར་ཡོད། དེ་བཞིན་ནོ།

  32. ལ་སྟོད་བུ། says:
    2011-05-16 at 6:07 pm

    དཔལ་དགྱེས་ཤར་མར་བྲིས་པར།
    ཡིག་ནོར་ནམ་མཁའི་སྐར་ཚོགས།
    ཁ་མཆུའི་སྣ་འདྲེན་སུས་བཙུགས།
    མཆན་ཨང་སོ་གཉིས་ལ་གཟིགས།

    བོན་མིན་བོན་དུ་བརྫུས་པའི།
    གསང་མིང་སྨྱུག་མིང་དེ་སྤྱད་དེ།
    བན་བོན་ཁྲག་ལྟར་དཀྲུགས་པའི།
    དཔལ་དགྱེས་ཉེས་པར་སོམ་ཤིག

    ནམ་མི་ལངས་ཁག་མེད།
    ཉི་མས་ཕུལ་རྒྱག་བྱེད་སོང།
    གཏམ་མི་སྨྲ་ཁག་མེད།
    ་་་་་་་་་་་་་་་་་་་་་་་་་་་་

  33. དཔལ་དགྱེས་པ་རྡོ་རྗེ says:
    2011-05-16 at 8:34 pm

    ཡ་ཡ། ལ་སྟོད་བུ་ཁྱོད་ཁག་མེད་ཀི་མོ། ལ་སྟོད་བུའི་ཕ་དེ་ངས་བསད་སོང་ནི་ཡིན་ན་ཐང་། དེ་མིན་ན་རྡོ་ཐང་ལ་ཡོད་པ་དེ་ཐོད་ལ་རྒྱབ་ནི་རེད། ཁ་སང་ཁྱོད་ལ་དཔལ་ལྡན་ལྷ་མོ་དགྱེས་པའི་རྡོ་རྗེ་ཞིག་ཡོད་འདོགས་ཀྱི་ཀུ་རེ་བཤད། མ་ཚད་ལ་སྟོད་བུ་ཞིག་ལས་བུ་མོ་རིན་ཐང་ཅན་ཡང་མིན་ཚུལ་ཟེར་བ་བརྗེད་སོང་ནི་ཨེ་རེད། ཧ ཧ། བོན་གྱི་གསང་དང་སྨྱུག་མིང་ཁུར་མཁན་དེ་ལ་སྟོད་བུ་ཁྱོད་ཡིན་པ་གཞི་ནས་ཤེས་སོང་། །

  34. དཔལ་དགྱེས་པ་རྡོ་རྗེ says:
    2011-05-16 at 9:24 pm

    # ༣༢༽ ལ་སྟོད་བུ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༦ གི་ཆུ་ཚོད་ ༡༨ སྐར་མ་ ༠༧

    དཔལ་དགྱེས་ཤར་མར་བྲིས་པར།
    ཡིག་ནོར་ནམ་མཁའི་སྐར་ཚོགས།
    ཁ་མཆུའི་སྣ་འདྲེན་སུས་བཙུགས།
    མཆན་ཨང་སོ་གཉིས་ལ་གཟིགས།

    བོན་མིན་བོན་དུ་བརྫུས་པའི།
    གསང་མིང་སྨྱུག་མིང་དེ་སྤྱད་དེ།
    བན་བོན་ཁྲག་ལྟར་དཀྲུགས་པའི།
    དཔལ་དགྱེས་ཉེས་པར་སོམ་ཤིག

    ནམ་མི་ལངས་ཁག་མེད།
    ཉི་མས་ཕུལ་རྒྱག་བྱེད་སོང།
    གཏམ་མི་སྨྲ་ཁག་མེད།
    ་་་་་་་་་་་་་་་་་་་་་་་་་་་་
    # ༣༣༽ དཔལ་དགྱེས་པ་རྡོ་རྗེ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༦ གི་ཆུ་ཚོད་ ༢༠ སྐར་མ་ ༣༤

    ཡ་ཡ། ལ་སྟོད་བུ་ཁྱོད་ཁག་མེད་ཀི་མོ། ལ་སྟོད་བུའི་ཕ་དེ་ངས་བསད་སོང་ནི་ཡིན་ན་ཐང་། དེ་མིན་ན་རྡོ་ཐང་ལ་ཡོད་པ་དེ་ཐོད་ལ་རྒྱབ་ནི་རེད། ཁ་སང་ཁྱོད་ལ་དཔལ་ལྡན་ལྷ་མོ་དགྱེས་པའི་རྡོ་རྗེ་ཞིག་ཡོད་འདོགས་ཀྱི་ཀུ་རེ་བཤད། མ་ཚད་ལ་སྟོད་བུ་ཞིག་ལས་བུ་མོ་རིན་ཐང་ཅན་ཡང་མིན་ཚུལ་ཟེར་བ་བརྗེད་སོང་ནི་ཨེ་ རེད། ཧ ཧ། བོན་གྱི་གསང་དང་སྨྱུག་མིང་ཁུར་མཁན་དེ་ལ་སྟོད་བུ་ཁྱོད་ཡིན་པ་གཞི་ནས་ཤེས་ སོང་། །

  35. གཞོན་ནུ་ཟླ་མེད says:
    2011-05-17 at 12:17 am

    ཁ་བརྡ་དྲ་རྒྱ་ནང་གི།
    ཁ་ལས་རླུང་རྟ་ཅན་པོ།།
    ཁ་བའི་སྤུན་ཟླ་རྣམས་པ།།
    ཁ་སེམས་མཐུན་པ་གནང་རོགས།།

    ཁ་སོ་མ་རྒས་གོང་ལ།།
    ཁ་སྤུ་མ་སྐྱེས་སྔོན་ལ།།
    ཁ་མཆུ་རྒྱག་གི་མ་འདུག།
    ཁ་ཚིག་དོན་ཡོད་གནང་རོགས།།

  36. ལ་སྟོད་བུ། says:
    2011-05-17 at 12:39 am

    མཁན་པོའི་གོ་སར་བཞུགས་པ།
    མཁན་པོའི་ཉམས་ཤིག་ཡོད་དགོས།
    ཅལ་ཅོལ་མགུར་གླུར་གྱེར་ནས།
    ཐམས་ཅད་དཀྲུགས་པར་མ་གནང།

    ཉམས་རྟོགས་སྣེ་གཅིག་མེད་པར།
    མགུར་གླུ་ལེན་པའི་ངང་ཚུལ།
    འཐོར་བྱེད་ནེ་ཙོའི་རྣམ་ཐར།
    ཀུན་གྱི་མིག་ལ་བསྟར་སོང།

    བསྟན་པ་ནང་དཀྲུགས་བྱེད་པ།
    ཕ་བསད་དགྲ་ལས་སྡུག་བྱུང།
    མཁན་མིང་རྒྱལ་མཚན་འཕྱར་ནས།
    འཕྲིན་ལས་འདི་ལྟར་ཡིན་ནམ།

  37. ལ་སྟོད་བུ། says:
    2011-05-17 at 1:06 am

    དང་པོ་མགུར་གླུ་བླངས་བྱུང།
    བར་དུ་ཁ་མཆུ་བཙུགས་སོང།
    ཁ་སེམས་མི་མཚུངས་གླུ་ལ།
    ཡོང་རྒྱུ་དེ་ལས་ཅི་ཡོད།

    དང་པོ་ཉམས་རྟོགས་ཤར་ཚུལ།
    མགུར་རྩོམ་གླུ་ཞིག་བླངས་བྱུང།
    བར་དུ་གཉིས་འཛིན་བློ་ཡིས།
    ཐམས་ཅད་ཞོ་ལྟར་དཀྲུགས་ཀྱིས།

    རྡོ་རྗེའི་གླུ་ཞིག་ཡིན་ན།
    དྭངས་པའི་སེམས་ཤིག་སྐྱེས་ཡོང།
    ཆགས་སྡང་མགུར་གླུར་རློམས་པས།
    སྲིད་པའི་རྩེ་ནས་དཀྲུག་གི།

    རང་རྩོམ་གླུ་ལ་གཞན་གྱིས།
    མཆན་མང་སྤེལ་བའི་ཀུན་སློང།
    ད་ནས་ཁྱེད་ཀྱི་རྩོམ་ལ།
    མཆན་བུ་འདེབས་པར་མི་བྱ།

  38. ལ་སྟོད་བུ། says:
    2011-05-17 at 1:11 am

    བོན་མིན་བོན་བརྫུས་མིན་ན།
    དགག་པའི་གཏམ་ལན་འདེབ་རན།
    བོན་བརྫུས་ཡིན་པའི་རྟགས་སུ།
    ལན་མེད་ལྐུགས་སྡོད་ངོ་མཚར།

  39. གཞོན་ནུ་ཟླ་མེད says:
    2011-05-17 at 1:19 am

    གཡུང་དྲུང་རི་མོར་བཀྲ་བའི་འོར་མོ་ལུང་།།
    གཡུང་དྲུང་སྟོན་པས་བོན་སྐོར་གསུམ་དུ་བསྐོར།།
    གཡུང་དྲུང་དམ་ཚིག་གཉན་པོ་གསང་བར་གཏད།།
    གཡུང་དྲུང་བུ་སློབ་ནམ་མཁའི་སྐར་ཚོགས་འདྲ།།

    ལྭ་བ་དཀར་བོ་ལྟ་བུའི་རྡོ་ལེབ་སྟེང་།།
    ལ་བ་སྟོད་པའི་བོན་ཆུང་དཀྱིལ་དྲུང་བཞུགས།།
    ལ་མོ་རྒྱབ་ཀྱི་དགྱེས་པ་རྡོ་རྗེ་ལ།།
    ལ་འུར་རྦད་འདྲེའི་རྦོད་པ་གཏོང་བ་འདྲ།།

    བན་བོན་གཉིས་ཀྱིས་ང་ཁྱོད་རྩོད་པ་འདི།།
    ཆོས་བོན་གཉིས་ཀྱི་དམ་ཚིག་སྡོམ་དང་འགལ།།
    ཁ་ཞེ་གཉིས་ནས་བོད་ལ་གཅེས་བདེན་ན།།
    རང་རང་ས་ནས་ལུགས་གཉིས་བསྐྱངས་པས་དགའ།།

  40. གཞོན་ནུ་ཟླ་མེད says:
    2011-05-17 at 1:20 am

    ལག་པའི་རྡོ་རྗེའི་སྡིག་མཛུབ་དགྲ་ལ་མཛད།།
    གསང་སྣེ་རྡོ་རྗེ་གཅེར་ལངས་རོ་ལ་བྱེད།།
    ཁ་ཚིག་རྡོ་རྗེའི་ཆར་བ་གཞན་ལ་འབེབས།།
    མཐུ་སྔགས་རྡོ་རྗེས་དགེགས་དཔུང་འཇོམས་ལ་བསྟོད།།

    བླ་མ་དགྱེས་པ་རྡོ་རྗེའི་སྒོ་གསུམ་ལ།།
    ཡི་དམ་དགྱེས་པ་རྡོ་རྗེའི་འཆང་བདེན་ན།།
    དམ་ཚིག་དགྱེས་པ་རྡོ་རྗེ་དྲན་དགོངས་ལ།།
    གསང་བ་གཉན་པོའི་རྡོ་རྗེ་མ་སྒྲོགས་ཤིག།

    དབང་བསྐུར་རྡོ་རྗེའི་དམ་ཚིག་མནའ་ཆུ་ཡིས།།
    བུ་སློབ་རྡོ་རྗེའི་སྤུན་གྲོགས་འཆང་བདེན་ན།།
    དགེ་བ་རྡོ་རྗེའི་མེ་ཏོག་སྐྱེད་ཚལ་འདི།།
    ཚིག་ངན་རྡོ་རྗེའི་ཐོག་མདས་མ་ཆོམས་ཤིག།

  41. སྤོབས་པ་མཐའ་ཡས། says:
    2011-05-17 at 2:39 am

    དྲ་གྲོགས་ཚོ། ད་ལོའི་ས་ག་ཟླ་བ་ནམ་རེད། མཆོད་མེ་ཀོང་བུ་གང་སྦར་བསམ་པ་ལས་བསམ་བློ་གཞན་མེདལགས།

  42. གཞོན་ནུ་ཟླ་མེད says:
    2011-05-17 at 2:57 am

    སྤོབས་པ་མཐའ་ཡས། ༡༽ ས་ག་ཟླ་བའི་ཚེས་བཅོ་ལྔ་ནི་ཕྱི་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་རེད། ༢༽ གཟའ་ལྷག་པ། ༣༽ འབྱུང་བའི་འཕྲོད་སྦྱོར་ས་ཆུ། ས་ཆུ་ཕྲད་པ་ལང་ཚོ་སྦྱོར། ། ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད།། ༤༽ གསོ་སྦྱོང་། དགེ་བ་གསོ་ཞིང་སྡིག་པ་སྦྱོང་བར་ཤིན་ཏུ་སྟོབས་ཆེ་བའི་ཉིན་མོ། ༥༽ རྒྱ་གར་ནས་ནམ་ཕྱེད་ཆུ་ཚོད་ ༠༠/༡༤ཐོག་ཟླ་འཛིན་ཡོད་པས་དགེ་བའི་འགྱུར་ཁྱད་ཆེ་བར་སོང་། རྣམ་དཀར་དགེ་སྦྱོར་ལ་བརྩོན་པར་འཚལ།།

  43. གཞོན་ནུ་ཟླ་མེད says:
    2011-05-17 at 3:05 am

    སྤོབས་པ་མཐའ་ཡས། ད་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ནི་དེ་རིང་ནས་རྩིས་པའི་ཉིན་སུམ་ཅུ་སོ་གཅིག་རྗེས་ནས་རེད། འདུལ་བ་ནས་༼དེ་ནི་ཐུར་མས་བཟང་ངོ་།༽གསུངས་པ་ལྟར་དེ་རིང་ནས་ཐུར་མས་བགྲང་བར་བྱའོ།། གལ་ཏེ་མ་ངེས་ན་ཡང་༼ཟླ་བ་ཉ་གང་པའི་ཕྱིར་རོ།༽ གསུངས་པ་ལྟར་ཟླ་བ་ལ་གཟིགས་པར་འཚལ་ལོ།།

  44. གཅན་བཟོད་རྒྱམ། says:
    2011-05-17 at 3:13 am

    སྤྱིར་ད་ལོ་ཟླ་ལྷག་མེད་པ་ཡིན་ན་ས་ག་ཟླ་བའི་ཚེས་བཅོ་ལྔ་དེ་རིང་རེད། ལོ་ལྟར་རྒྱ་གར་བ་སྟོང་ཕྲག་ལུང་བ་ས་ཟླའི་དུས་ཆེན་དུ་མེག་ལོར་གཙུག་ལག་ཁང་གི་གཡག་གཡོན་དུ་སློང་མོ་བྱེད་པར་ཡོང་གི་ཡོད། ད་ལོ་རྒྱ་གར་སློང་བ་ཚོས་བོད་རྩིས་ལ་ཟླ་ལྷག་ཡོད་པ་ཤེས་མེད་ས་རེད། གསང་བའི་ལས་ཁུངས་ཀྱིས་ཀྱང་དེ་ཁོ་ཚོར་ཁྱབ་བསྒྲགས་བྱེད་མེད་ས་རེད་པ། ཁ་སང་གཙུག་ལག་ཁང་གི་གཡག་གཡོན་དང་སྐོར་ལམ་གང་སར་རྒྱ་གར་བས་ཁེངས་བསྡད་འདུག བོད་པའི་ལོ་ལོན་ཚོས་ད་ལོའི་ས་ག་ཟླ་བ་ད་དུང་སླེབས་མེད་ཚུལ་འགྲེལ་བཤད་རྒྱག་གིན་འདུག རྒྱ་གར་བ་ཚོས་འདུག་སའི་རས་གུར་དང་འགྱིག་ཤོག ཐབ་ཆས་ནང་མི་སོགས་ཚང་མ་འབྱོར་འདུག
    ད་ནངས་སྔ་མོ་ད་དུང་སྐོར་ལམ་སོགས་ན་བསྡད་འདུག ཧ་ཧ་ཧ

  45. གཞོན་ནུ་ཟླ་མེད says:
    2011-05-17 at 3:22 am

    བཟོད་རྒྱམ་ལགས། ས་ག་ཟླ་བར་རྡ་སར་སློང་མོ་ལ་ཡོང་མཁན་རྒྱ་གར་བ་དེ་ཚོའི་ལག་པའི་མཛུབ་མོ་རྣམས་རྩེ་མོ་མེད་པ་རྒ་མོ་དང་མཚུངས་པ་ཅི་རེད་ཟེར་ནས་དྲི་བ་འདོན་མཁན་མང་པོ་འདུག དེ་ཡང་རྡ་སར་སོང་མྱོང་མཁན་གྱི་ཨ་རི་བ་དེ་དག་གིས་དྲི་བ་འགོད་ཀྱིན་འདུག ངས་ནི་རྩ་ནས་མི་ཤེས། ཁྱོད་ཚོས་དེའི་རྒྱུ་རྐྱེན་ཤེས་སམ།

  46. གཞོན་ནུ་ཟླ་མེད says:
    2011-05-17 at 3:26 am

    རྒ་མོ་མ་རེད་ལྒ་མོ་ཡིན་ས་རེད། ཇ་ལྒ་ཡང་ཟེར།

  47. རྩམ་དགའ། says:
    2011-05-17 at 3:44 am

    འ་རོ་་་བཟོད་རྒྱམ་བདེ་མོ་ཡིན་ནམ།
    ད་ལོ་རྒྱ་གར་སློང་མོ་བ་དེས་ཚོས་ཞབས་འདྲེན་ཆུང་ཆུང་ཞིག་བྱས་འདུག་ག་་་་་དེ་མིན་ས་ཟླའི་ཚེས་བཅོ་ལྔ་ག་དུས་ཡིན་མིན་ཏག་ཏག་ཤེས་ཀིན་ཡོད་ད། ཁོམ་པ་རེད་བྱུང་ན་འདིར་ཕེབས་རྒྱུ་བརྗེད་མི་ཉན་་་་་ཨ་ཁུ་ལོ་ལོ།
    འོ་་་རེད་
    ཚུར་ཡོང་ཁར་ཐུག་མ་སོང་་་་དགོངས་དག

  48. གཅན་བཟོད་རྒྱམ། says:
    2011-05-17 at 3:58 am

    གྲོགས་རྩམ་དགའི་སྐད་ཆ་གོ་བས་ཧ་ཅང་དགའ་སྤྲོ་ཆེ། གལ་སྲིད་ང་དེར་ཡོང་སྐབས་རེ་འགྲིག་ན་ཁྱོད་བཙལ་ནས་ཡོང་གི་ཡིན། རེད་ཡ། ཁྱོད་འགྲོ་ཁ་ཏག་ཏག་ལ་ངེད་གཉིས་ཐུག་མ་སོང་ང་། ད་སྐྱོན་མི་འདུག ངེད་གཉིས་ལ་ན་རྒྱུ་ཚ་རྒྱུ་རེ་མ་བྱུང་ན་ཐུག་གི་རེད། ཐུག་ནས་ཤ་ཆང་རེར་རོལ་གི་རེད་ཡ། ཧ་ཧ་ཧ

  49. གཅན་བཟོད་རྒྱམ། says:
    2011-05-17 at 4:01 am

    ཨ་ཁུ་གཞོན་ནུ་ཟླ་མེད་ལགས། ཁྱོས་མགོ་སེར་དེ་ཚོར་ན་ནིང་རྒྱ་གར་གྱི་གློག་བརྙན་ཟིག་ལ་Oscar བྱ་དགའ་ཐོབ་པ་རེད། དེར་ལྟོས་དང་ཤེས་ཀི་རེད་ལབ་རོགས་ཀྱིས། གཞན་ངས་འདི་ནས་ཁྱོད་ལ་ངོ་སྤྲོད་འདྲ་ཞིག་བྱས། ཁྱོས་ཡང་དེ་ནས་མགོ་སེར་དེ་ཚོར་ངོ་སྤྲོད་འདྲ་བྱས་བསྡད་ན་དུས་ཚོད་འགོར་བ་རང་རེད་འདུག་ག དེ་ཙམ་ཡིན།

  50. དཔལ་དགྱེས་པ་རྡོ་རྗེ says:
    2011-05-17 at 4:33 am

    གྲོགས་ཀུན་པོ་བདེ་མོ་ཕེབས་བཞག་ཀྱང་། །
    ཀླུ་སྨྱོན་པ་ཨེ་ཐོན་བསམ་ནས་ཡོང་། །
    མིག་ཤར་ཅིག་ཁ་བརྡར་བལྟས་མོད་ཀྱང་། །
    ཁོ་མེད་ནས་ཁོ་ཐག་ཆོད་དེ་ཐལ། །

    རང་སྣང་གང་ཤར་རི་མོ། །
    ཚོགས་མགུར་ཤར་ཅིག་བྱས་ཀྱང་། །
    ལ་སྟོད་བུ་སུག་རྐུན་མས། །
    རྐང་པ་ཚ་སྐུམ་བྱས་སོང་། །

    ལ་སྟོད་བུ་མོའི་ངོ་ལ། །
    ཕ་བསད་དགྲ་རུ་བལྟས་ཡོད། །
    གཞོན་ནུ་ཟླ་མེད་ཚོ་ལ། །
    དཔལ་ཆེན་རྡོ་རྗེ་འཇིགས་བྱེད། །

    བདུད་བཞིའི་དགྲ་ལས་མ་རྒྱལ། །
    རྒྱལ་བས་དགྱེས་ཐབས་མེད་པའི། །
    མ་གྱུར་འགྲོ་བ་འདི་རྣམས། །
    ཀྱེ་མ་སྙིང་རེ་རྗེ་ཡ། །

    རང་སྣང་རྣམ་དག་ངོ་ན། །
    གཉུག་མའི་དེ་སྟོན་པ་བདེ་གཤེགས། །
    གཤིས་བོན་གཡུང་དྲུང་སྟོན་པ། །
    གཅིག་དང་ཐ་དད་མི་འདུག །

    རྟོན་བཞི་གོ་ལོག་མེད་ན། །
    བསྟན་དགྲ་ཕྱི་ན་མི་འདུག །
    ཆགས་སྡང་དུག་གིས་བཟི་ན། །
    བན་བོན་ཁྱད་པར་མེད་དོ། །
    འཇིག་རྟེན་མི་ནག་ཁ་རྩོད། །

  51. དཔལ་དགྱེས་པ་རྡོ་རྗེ says:
    2011-05-17 at 5:17 am

    ཨོ། སྤོབས་པ་མཐའ་ཡས་འདི་ཀླུ་སྨྱོན་མིན་ན་བསམ་ཡོད། རྣམ་དཔྱོད་བློ་སྤོབས་ཅན་འདི་ལྟ་བུས་ལོ་ཟླ་ཞག་དུས་ཀྱང་བརྗེད་པ་དང་མི་ཤེས་པ་མི་སྲིད། སྔོན་ཀླུ་སྨྱོན་བལ་ཡུལ་ན་ཡོད་སྐབས་སུ་སྟོན་པ་འཁྲུངས་སྐར་ཞིག་ང་ཚོ་བོད་ཡོངས་ཀྱིས་ཡེ་ཤུ་འཁྲུངས་སྐར་ལྟ་བུ་དུས་ཆེན་ཞིག་ཚེས་ན་ཞེས་གསུང་སྐུལ་ལ་ཕྲན་པ་ཤིན་ཏུ་སེམས་ལ་བབས་པ་བྱུང་སོང་། དེ་དུས་བདག་གིས་ས་ག་ཟླ་བ་དེ་དུས་ཆེན་སུམ་འཛོམས་ཀྱི་ཟླ་ཞེས་སམ་ཡར་ངོའི་ཚེས་བརྒྱད་ལ་བདག་ཅག་གི་སྟོན་པ་ཐབས་མཁས་ཐུགས་རྗེ་ཅན་གྱི་འཁྲུངས་སྐར་རེད་ཅེས་ཡང་གླུ་ཞིག་བླངས་ཡོད། ། དེ་དག་རིས་མེད་བོད་མི་ཡོངས་དང་ནང་ཆོས་ལ་དད་པ་ཡོད་མཁན་ཚོ་དང་ཁྱད་པར་དུ་རྒྱལ་ཕྱི་ནང་གི་ནང་ཆོས་དོན་གཉེར་གྱི་བྱིས་པ་གཞོན་ནུ་རྣམས་ཀྱི་སེམས་ལ་བག་ཆགས་ཟབ་མོ་བཞག་པའི་ཐབས་སུ་བརྩོན་ན་ཤིན་ཏུ་ལེགས་སོ་སྙམ་ཡོད།

  52. རྩམ་དགའ། says:
    2011-05-17 at 6:17 am

    ཀླུ་སྨྱོན་ཚང་གི་རྣ་བས་མི་གོ་ནོ། །
    ངེད་ཚོའི་རི་སྡེ་གོང་མའི་ནང་གི །
    ཨ་ཁུ་བཀྲ་ཁོ་ཞེས་པའི་ལོ་ལོན་དེར། །
    གཅིག་པ་གཅིག་རྐྱང་རེད་འདུག་དཀོན་མཆོག་གསུམ། །

    ཀླུ་སྨྱོན་ཚང་གི་མིག་གིས་མི་རིག་ནོ། །
    ཁོ་བོའི་གནས་ཚང་དབྱིན་ཇིས་རྒན་མོའི། །
    སེར་ཐོ་སུག་ཐུང་ཅན་གྱི་ཁྱི་འདི་དང་། །
    གཅིག་པ་གཅིག་རྐྱང་རེད་འདུག་ཡུམ་དུམ་པ། །

    ཀླུ་སྨྱོན་གན་གིས་ཁ་ཞིག་མི་གྲགས་ནོ། །
    དྷ་སའི་སྲང་ན་ཁེར་འདུག་བྱས་པའི། །
    རྒྱ་གར་རྒད་པོ་སྤུ་ཁ་ཅན་དེ་དང་། །
    གཅིག་པ་གཅིག་རྐྱང་རེད་འདུག་ཨ་མའི་ཤ། །
    ཧ་ཧ་ཧ་དེ་རེད་ལ།

  53. བོན says:
    2011-05-17 at 1:35 pm

    ངས་ནམ་རྒྱུན་སེམས་ལ་དྲནབཞིན་པ་ནི་ཁྱེད་ཉིད་བག་མི་ཕེབས་པའི་འཇིག་རྟེན་ལས་གདན་ཞུས་ཀྱིས་བློ་བདེ་གུ་ཡངས་ཀྱི་རྒྱལ་ཁམས་ཤིག་ལ་སྐྱེལ་ན་འདོད། གང་ཡིན་ཞེ་ན་ཁྱོད་ཚོའི་འཇིག་རྟེན་འདི་ནི་ཅི་འདྲའི་གུ་དོག་ཅིང་། དེ་འདྲའི་སོས་དལ་མེད་པའི་ཁོར་ཡུག་ཅིག ད་དུང་ལས་དང་དེའི་རྣམ་སྨིན་ལྕི་བ་ཞིག ཨ་ཧ། ངོ་མ་བསམ་ཤེས་ཀྱི་དཔྱོད་ལྡན་ཞིག་ཡིན་ན་བྱ་བ་དེ་ལ་འཇུག་མི་སྲིད་ལ། ད་དུང་དེ་ལ་ངོ་རྒོལ་བྱ་སྲིད། ཁྱེད་ནི་འཇིག་རྟེན་འདིའི་སྟེང་གི་འདྲེན་པ་ཞེས་པའི་མིང་གིས་བསྙད་པའི་གང་ཟག་མཆོག་ཏུ་གྱུར་བ་ཞིག་རེད་ཅེས་དད་ལྡན་མང་པོས་ཐལ་མོ་སྙིང་གར་གཏུག་ཏེ། མིག་མཆི་མས་དགང་བཞིན། ཁྱེད་ཀྱི་ཕྱོགས་ལ་ཅེར་ཞིང་འདི་ཕྱིའི་སྐྱབས་གནས་སུ་རེ། ཡོད་ཚད་བློས་གཏོང་གིས་ཁྱོད་ཚོའི་ཕྱོགས་ལ་ཕུལ། ངོ་མ་ད་དུང་ཁྱོད་ཀྱི་ཐུགས་དེ་མཁྲག་ལ་སྲ་བ་ནི་རྡོ་རྗེ་ཕ་ལམ་དང་གཅིག་མཚུངས་རེད། ཁྱོད་ལ་སྐྱེས་སྦྱང་གི་ཡོན་ཏན་མེད་ཀྱང་སེམས་ལ་བརླན་ཐིགས་ཤིག་ཀྱང་མེད་པས། ཁོ་ཚོ་ལ་ཤ་ཚ་ཞིག་ཀྱང་མེད་པས། བྱམས་དང་སྙིང་རྗེ་ཞེས་པ་དེ་ལ་ཐུགས་བསམ་བཞེངས་མྱོང་ཡོད་པས། དད་ལྡན་གྱི་རྒྱུད་ཆུད་གཟན་པ་ཡིན་པས། ཚུལ་འཆོས་ཀྱིས་ལས་ངན་གསོག་ནུས་པ་མཁྱེན་ཡོད་པས། རང་གིས་རང་ལ་ཁྲེལ་གྱི་མི་འདུག་པས། ལས་དང་རྣམ་སྨིན་ལ་འཇིགས་མེར་མེར་མི་འདུག་པས། སངས་རྒྱས་ཀྱི་གསུང་དང་དེའི་རྗེས་འཇུག་མཁས་པའི་གདམས་ངག་གཟིགས་མྱོང་ངམ། ཁྱེད་ཅག་གིས་བསྟན་འཛིན་ཞེས་པའི་མཚན་དེའི་དགོས་དོན་རྟོགས་ཡོད་པས།

    ངའི་ཀུན་རྟོག་འདི་མ་རིག་གིས་ཆེས་ཆེར་བདོ་བའི་རྣམ་ཤེས་ཤིག་མིན་ན། དགེ་སློང་ལག་དཀར་ནང་བཞིན་ལོག་ལྟ་ཅན་ཞིག་མིན་རྒྱུ་ན། ངས་ཁྱེད་ཚོ་ལ་ཡོན་ཏན་ཏིལ་འབྲུ་ཙམ་ཞིག་མཐོང་མྱོང་མེད་ལ། ད་དུང་ཉམས་ཆུང་དང་དབུལ་པོ་ལ་སྡང་སེམས་དང་། མཆའ་དམོད། འབྱོར་ལྡན་དང་གོང་མ་ལ་སྤྲེལ་ལད། རང་ལ་རྣམ་དཀར་ཡོན་ཏན་གང་ཡང་མེད་ཀྱང་ཆེ་རློམས། ཆོས་གོས་ཕྲག་ལ་བཀལ་ཏེ་གཞི་གསུམ་ཕྱག་བཞེས་གནང་བའི་དགེ་འདུན་པའི་གྲལ་དུ་འཚང་། ཁྱེ་ཚོས་སྦལ་པ་རྨ་ཅན་ཞིག་གིས་སྦལ་པ་གཞན་པ་ཡོངས་ལ་ནད་བགོས་པ་དང་། འོ་རུལ་ཐིགས་པ་ཞིག་གིས་འོ་མ་ཚང་མ་རུལ་བའི་དཔེ་དང་དེའི་དཔེ་ཅན་དག་གསན་མྱོང་ངམ། ངོ་མ་ད་ལྟ་ཁྱོད་ཚོའི་ཕྱག་བཞེས་དེ་ཚོ་ལ་བསམ་ན་མིའི་གསོན་ཁྲག་འབྱིན་པའི་སྲིན་པོ་ཞིག་དང་གཉིས་སུ་མ་མཆིས། རང་ཁེ་གཞན་ཕམ་ལ་དགའ་བ་ནི་གདོན་གསོན་པོ་ཞིག་དང་གཉིས་སུ་མ་མཆིས། ལན་དང་རྣམ་སྨིན་ལ་རེ་བ་ནི་ཡི་དྭགས་དང་འདྲ་བའི་གང་ཟག་ཁྱེད་ཅག་ལས་གང་གིས་ནོངས་པ་ཡིན་ནམ།

    ཁྱེད་ཚོས་ལས་དང་རྒྱུ་འབྲས་ཁས་མི་ལེན་ཞིང་། སྡོམ་དང་དམ་ཚིག་ལ་བརྩི་སྲུང་མི་བྱེད་མཁན་ཚོ་སྟོབས་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ནང་བཞིན་འགྱིང་བའི་ཡུལ་གྲུ་དག་ཏུ། དད་ལྡན་ཚོའི་རྒྱུད་ཆུད་གཟན་པའི་དུས་ཚོད་དེར་ཁྱོད་ཚོ་ལ་བསླབ་བྱ་རེ་ཕུལ་མཁན་འདུག་སྟེ། གོང་མས་ཚོགས་བསགས་པ་རེད་ཅེས་དང་། ང་ཚོའི་བསོད་ནམས་རེད། ཁྱེད་ཚོ་མེད་ན་སྡུག་གྱོང་རེད་ཟེར། ངས་བསམ་ན་ངོ་མ་སྡིག་ཆེན་དམྱལ་བ་འགྲོ་ཁ་དཔོན་ལུས་རེད་ཟེར་བ་དེ་རེད་མ་གཏོགས་གོང་མའི་སྐུ་བསོད་གང་ཡང་མ་རེད། གོང་མའི་ཡང་སྤྲུལ་འཁྲུལ་མེད་ཡིན་ན་གོང་མའི་རྣམ་ཐར་སྐྱོང་དགོས་པ་ལ་དེ་མེད་པས་སོ། །སྐུ་ཚེ་གང་བསྟན་འགྲོའི་དོན་ལ་ཐུགས་གཞོལ་ཞིང་སྡེ་སྣོད་གསུམ་བློར་ཆུད་པའི་དགེ་བའི་བཤེས་གཉེན་ཉམས་ཆུང་དེ་ཚོ་དད་ལྡན་དབུལ་པོ་རེའི་འགྲམས་ན་ཀྲོང་ངེར་གནས་པ་མཐོང་དུས་ཞེ་རྩ་གཏིང་ཟིང་ཞིང་། ངས་ངེས་པར་དུ་བསྒྱུར་བཅོས་ཤིག་བྱ་ཐུབ་པ་ལ་མ་འབད་ན་འགྲིགས་ས་མ་རེད་བསྙམ་པའི་ཚོར་སྣང་ཞིག་གིས་དམ་བཅའ་བཞག་པ་ཡིན། ངའི་དམ་བཅའ་དཀོན་མཆོག་གསུམ་ལ་བཞག་ཡོད་ལ། ངས་བྱ་བ་དཀོན་མཆོག་གསུམ་གྱི་དྲུང་དུ་བྱ་རྒྱུ་ཡིན། ངའི་བྱ་བ་འདིར་གཙོ་ཆེན་རང་དོན་ཡོད་ན་དཀོན་མཆོག་གིས་ཆད་པ་གཅོད་ངེས་རེད། ངའི་བྱ་བ་འདི་དག་དང་པོ་འགོ་བཙུགས་ས་རང་དོན་དང་གཞན་དོན་གཉིས་ཀ་ལས་བཙུགས་ཀྱང་། བྱ་བ་འདིའི་བར་དང་མཇུག་དེ་གཞན་དོན་ཁོ་ན་བསྒྱུར་བ་ལས་རང་དོན་དང་མ་འབྲེལ་བ་ཞིག་བྱ་ན་འདོད།

    .

  54. གཞོན་ནུ་ཟླ་མེད says:
    2011-05-17 at 8:00 pm

    དྲ་གྲོགས་བོན་ལགས་ལ་ཞུ་རྒྱུ། སྐུ་ཉིད་ཡང་ཁ་བརྡ་ནང་གི་དྲ་གྲོགས་གཞན་དག་ལྟར་བགྲོ་གླེང་བྱེད་རྒྱུ་དང་། ཚིག་རྒྱག་བྱེད་རྒྱུ། ཀུ་རེ་རྩེ་རྒྱུ། ད་དུང་ཚིག་མཚོན་འདེབས་རྒྱུ་སོགས་ལ་དགའ་བ་ཞིག་ཡིན་བཟོ་འདུག་པས། གཞན་གྱིས་ཀྱང་ཁྱེད་ལ་དེ་ལྟར་བྱེད་ནི་རེད། དེ་ཁྱེད་ལ་མཚོན་ན་འཚོ་བའི་ཆ་ཤས་ཞིག་ཏུ་བརྩི་རྒྱུ་ཡིན་པའི་ཡིད་ཆེས་ཡོད། འོན་ཀྱང་སྐུ་ཉིད་ཀྱི་བོན་ཞེས་པའི་དཀོན་མཆོག་གི་ཡ་གྱལ་ཞིག་གི་མིང་ཁས་ཡོང་པ་དང་། དེ་བཞིན་དུ་ཆོས་ལུགས་ཞིག་གི་སྤྱི་མིང་ཁས་ཡོང་པ་འདི་ནི་ཡག་པོ་ཞིག་ཏུ་མི་མཐོང་། ཕ་རོལ་བོས་སྐུ་ཉིད་ལ་བགྲོ་གླེང་གནང་པའི་དབང་དུ་བཏང་ན་ཡང་་སྐུ་ཉིད་ཀྱིས་མིང་གི་ནུས་པས་སྤྱི་ཚོགས་ལ་གོ་བ་སྤྲོད་སྟངས་གཞན་ཞིག་འབྱུང་སྲིད་པས། སྙུག་མིང་གཞན་ཞིག་བེད་སྤྱོད་བཏང་ན་ཡག་ས་རེད། འདི་ནི་གསལ་འདེབས་ཙམ་ཡིན། ངས་དེ་སྔ་ཁྱེད་དང་མཉམ་དུ་ཕན་ཚུན་སྐད་ཆ་ཡག་སྡུག་ཡང་བཤད་མ་མྱོང་མོད། འདིའི་ནང་དུ་ཆོས་ལུགས་བར་གྱི་སྐད་ཆ་རྙོག་དྲ་ཚ་བོ་ཡོང་རྐྱེན་གཅིག་ནི་སྐུ་ཉིད་ཀྱིས་མིང་འདོགས་སྟངས་ཀྱི་སྟེང་ནས་ཀྱང་ཡོང་གི་མེད་དམ་སྙམ།
    གཞན་ཞིག་གིས་བོན་དང་བོན་ཟེར་ནས་བཤད་ན་སྐུ་ཉིད་ལ་མ་གནོད་ན་ཡང་། བོན་ལ་དད་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པའི་སྣང་ངོར་བདེ་བོ་ཞིག་ཏུ་འགྱུར་མི་སྲིད་པས། སྐུ་ཉིད་ཀྱི་མིང་གི་འདོགས་སྟངས་དེ་བརྗེས་པོ་བརྒྱབ་ན་ཡག་ས་རེད་དྲན། ཐུགས་རྗེ་ཆེ།

  55. དཔལ་དགྱེས་པ་རྡོ་རྗེ says:
    2011-05-17 at 8:22 pm

    ཡ། ད་ཡིན་ན་བོན་དེ་བན་དུ་ལོག་འདུག ཁྱེད་དེ་འདྲའི་རྒྱུ་འབྲས་ཞིབ་མོ་དང་དམ་བཅའ་དཀོན་མཆོག་ལ་དྲང་བདེན་ཡོད་པ་ཞིག་ཡིན་ན། མིང་རྐུན་གྱི་གདོང་འབག་དེ་བསལ་དང་ད་གཟོད་བགྲོ་གླེང་བྱེད་ཆོག ། དེ་མིན་འཇིགས་སྐུལ་ཚོགས་པ་ཞིག་ལས་ངོ་ལྐོག་ཡོད་པའི་གཏམ་ཞིག་གཏན་ནས་མ་རེད། གལ་ཏེ་ངོ་དངོས་སུ་ཁ་བརྡ་དྲ་བ་རུ་སྟོན་མ་ནུས་ན་ཡང་བདག་གི་ཡིག་ཟམ་མམ་ང་ཡི་ཨེ་མ་ཧོའི་དྲ་མིག་ཏུ་ཤོག་དང་ག་ལེ་བརྡ་ཞུ་ཆོག །

  56. ཀརྡོ་རབ་འབྱམས་པ་ says:
    2011-05-17 at 9:06 pm

    ཀླུ་སྨྱོན་དང་ཀླུ་སྨྱོན་གྱི་སྙན་ཚིག་དག་རྒྱལ་འགྱུར་ཅིག བོད་ཀྱི་སྐད་ཡིག་གི་རྒྱལ་འགྱུར་ཅིག །

  57. དཔལ་དགྱེས་པ་རྡོ་རྗེ says:
    2011-05-17 at 9:07 pm

    གཞོན་ནུ་ཟླ་མེད་དེས་ད་རིས་གཟུར་གནས་བློ་ལྡན་གྱི་སྐད་ཆ་ཞིག་བཞག ། དེ་མིན་མཚམས་མཚམས་སུ་གཞོན་ནུ་ཟླ་མེད་ཅེས་བརྗོད་ཚུལ་དག་མཐོང་དུས། གཞོན་ནུ་མཆོག་གྲྭ་རྒྱག་འདིས་སྐྱེ་བ་ཕྱི་མ་ཡང་ད་ལྟའི་སྐུ་ལུས་འདིས་རྒྱག་གི་གཡོ་འགུལ་མི་ནུས་ས་ཞིག་ཏུ་སྐྱེ་ན་སྡུག་པ་ལ་བསམ་གྱིན་ཡོད། ཧ ཧ དགྱེས་རྡོར་ལྷ་རུ་མཐོང་ཡང་དེ་ཙམ་ཡིན། །དགྱེས་རྡོར་འདྲེ་རུ་བལྟས་ཀྱང་དེ་ག་ཙམ། །ངོ་ཡོད་སྔོན་ནས་ངོ་མེད་བཤད་པ་ཚོ། །ལན་ཟློས་དོན་མེད་མོ་ཤམ་བུ་མོ་འདྲ། ། ཤྲྰིས་སོ། །

  58. ཀརྡོ་རབ་འབྱམས་པ་ says:
    2011-05-17 at 9:08 pm

    ཡང་གི་གཅིག་ཐོལ་འདུག དགོངས་དག

  59. སྟག་སྨྱོན། says:
    2011-05-17 at 10:35 pm

    ཆོས་པ་རྣམས་ཀྱིས་བདེ་བའི་དོན་དུ་ཟབ་ཟབ་ཆོས་ཀྱི་རྒྱ་མཚོ་འཐུང་།།
    གྲོང་པ་རྣམས་ཀྱིས་བདེ་བའི་དོན་དུ་ན་ཆུང་བུ་མོའི་པད་མ་སྲུབས།།
    གཉིས་ཀ་འབྲོག་པའི་གཡག་རྒན་ནང་བཞིན་སྐྱེ་རྒ་ན་འཆིའི་ཁྲལ་ཁུར་ནས།།
    སེར་སྐྱ་ཐམས་ཅད་གཅིག་ལས་གཅིག་ངལ་འཆི་བདག་སྒོ་ཁ་སྙེགས་ནས་འགྲོ།།

  60. དྲི་མེད་ལྷག་བསམ། says:
    2011-05-18 at 1:05 am

    གང་གི་གསུང་ལ་བསྟོད་པའི་སྙན་པའི་ཚིག་དང་། །གདེངས་འཇོག་ཆེ་བའི་བཅད་ལྷུག་ངག་རྩལ་སོགས་། །མཁས་པ་དུ་མས་གསུང་གིས་བསྐུལ་ལགས་སོ། །ཀླུ་སྨྱོན་མཁའ་འགྲོའི་མལ་ནས་བཞེངས་སུ་གསོལ། །གྲྭ་གྲོགས་མཆེད་པོ་རྣམས་གྱི་དྲན་གདུང་དང་། །དྲྭ་གྲོགས་བན་བོན་སྨྱོན་པའི་སྐྱོ་གླུ་ཡིས། །ཁ་མིན་གདུང་པའི་དབྱངས་ཀྱིས་དེང་བསྐུལ་ལོ། །ཀླུ་སྨྱོན་མཁའ་འགྲོའི་མལ་ནས་གཤེགས་སུ་གསོལ། །

  61. དྲི་མེད་ལྷག་བསམ། says:
    2011-05-18 at 1:10 am

    མཁན་པོ་དགྱེས་རྡོར། ཀཿཐོག་པ་ལ་ནང་འཁྲུགས་ཆེན་པོ་ཞིག་བྱུང་འདུག ཁྱོད་རྙིང་མ་ཞིག་ཡིན་པའི་ངོས་ནས་ཁ་མཆུ་ཟླུམ་པར་ཕེབས་དགོས་པའམ། བཀའ་སློབ་རེ་གནང་བའི་དུས་སུ་སླེབས་འདུག་གོ། །

  62. དཔལ་དགྱེས་པ་རྡོ་རྗེ says:
    2011-05-18 at 6:26 am

    ཨོ་ཡ་ཡ་ཡ།
    བྱུང་རྒྱལ་སྨྲ་དགའ་ཡི་ཁ་བརྡའི་དྲ་བར། །
    མཛེས་མ་ཚེ་སྐྱིད་ལ་བཙན་གཉེན་སྒྲིག་ཀྱང་། །
    དགེ་སློང་ཀླུ་སྨྱོན་དེ་འདྲ་མ་ཡིན། །
    དོན་མེད་གཏམ་གླེང་དེ་འུར་ཀི་མ་འདུག །

    འཁོར་བ་སྡུག་བསྔལ་ལ་ཐུགས་ཀྱིས་སུན་ནས། །
    འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་ལོག་པའི། །
    སྙན་ངག་མཁན་པོ་དེ་དབེན་རིར་བྲོས་ཐལ། །
    ཐུགས་དམ་གོང་འཕེལ་ལ་ཡི་རང་ཞུའོ། །

    དེས་ན་ཤྲྰི་སྨྱོན་ཡང་ཆོས་བརྒྱད་བྲེལ་བའི། །
    མི་ཁོམ་མི་ཉན་པའི་དུས་ཁོམ་དབེན་ཡང་། །
    གུ་ཡངས་བློ་བདེ་ཡི་ཀློང་རྒྱ་ཁྲོལ་ནས། །
    ཉིན་ཞག་གཅིག་གཉིས་ལ་རེ་སྒུག་བྱས་ཡོད། །

    ལ་བོན་གཞི་མེད་ཀྱི་གཤེ་གཤེད་བཏང་ཐལ། །
    རྩམ་དགའ་འདོད་དགའ་ཚོས་རོགས་དན་གནང་ཡང་། །
    སྨྱོན་པའི་འཇིག་རྟེན་ལ་ཞེན་པ་བཞི་བྲལ། །
    མ་སྒོམ་རང་བབས་ཀྱི་འོག་འདོན་ཡོད་ཀི །

    དྲི་མེད་ལྷག་བསམ་ཁྱོད་ཐུགས་གཙང་དཀར་པོས། །
    སྔ་འགྱུར་བསྟན་པ་ཐུགས་ཁྲལ་གནང་བ། །
    དམ་པའི་རང་གཤིས་ཞིག་མངོན་པ་ཡིན་མོད། །
    བྱས་ཟིན་ལས་ངན་ལ་ལྡོག་ཐབས་ཅི་ཡོད། །

    དྲི་མེད་ཞིང་སྐྱོང་ལ་རྒྱབ་དཔུང་ཆེ་བ། །
    རྒྱལ་ཁབ་བཅོ་བརྒྱད་ཀྱི་གླ་ཕོག་ཟ་མཁན། །
    ས་དགེ་བཀའ་རྙིང་ལ་འདི་འདྲ་དཀོན་པས། །
    སྨྱོན་པ་ང་འདྲ་ཡིས་ཁ་ལ་མི་ཉན། །

    གྲོགས་པོ་ནང་མ་ཞིག་མཆོག་ཉིད་ཡིན་ན། །
    ཞྭ་རྩོད་གཅོད་པ་ཡི་གནམ་ལྕགས་རལ་གྲི། །
    དྲི་མེད་ཞིང་སྐྱོང་ཁ་གཡར་མ་གནང་། །
    དད་པ་དག་སྣང་གི་རྣོ་སོ་ལད་ཡོང་། །

    དགེ་བཤེས་མཁན་པོ་ཚོས་ཁ་ཏ་བཏང་ཡང་། །
    སྡིག་བཤེས་དྲ་འབུ་ཡིས་འགོས་ནད་བགོས་ཀྱང་། །
    ཤི་གསོན་བར་དོ་ལ་ངོ་ལྐོག་མཚུངས་པའི། །
    མཁན་ཆེན་དགྱེས་རྡོར་ལམ་སྟོན་མི་དགོས། །

    དགྲ་བོ་ལ་སྟོད་ལ་དགོངས་དག་ཞུ་ཆོག །
    གྲོགས་པོ་ཀླུ་སྨྱོན་ལ་ཞབས་བརྟན་སྒྲུབ་ཆོག །
    བན་བོན་གཡུལ་འཁྲུག་གི་འདོད་པ་མེད་ཀྱང་། །
    བ་རྐུན་རའི་སུག་གི་དོགས་སློང་བྱས་ཐལ། །

    རེ་ཞིག་དྲ་གྲོགས་ཀུན་བདེ་མོ་བཞུགས་ཡ། །
    ཞེ་མཐུན་རུས་པ་ཞིག་ནང་དུ་འཁྲུངས་ན། །
    ངོ་མཚར་རིག་མཛོད་དུ་ཕེབས་བསུ་ཞུ་ཆོག །
    སྙིང་གཏམ་དྲོན་མོ་ཚོ་དེ་ན་བཤད་ཡོད། །
    http://www.amahonet.blogspot.com/p/blog-page_07.html
    ཁ་བརྡ་དྲ་བའི་དྲ་གྲོགས་བཟང་ངན་ཀུན་ལ་བཀྲ་ཤིས་བདེ་ལེགས་ཞུ།
    ད་བདེ་མོ་གྱིས།

  63. ལ་སྟོད་བུ། says:
    2011-05-18 at 7:38 am

    ཐུགས་ཉིད་ནམ་མཁའ་ལྟ་བུ།
    སྐུ་མཆོག་བཅུ་དྲུག་ལང་ཚོ།
    གསུང་མཆོག་ཚངས་པའི་དབྱངས་ལྡན།
    ཟླ་མེད་གསུང་ལ་རྗེས་ཡིད་རངས།

    རང་དང་མཐུན་པར་བྱུང་ན།
    ལྷ་ཞེས་མངོན་པར་བསྟོད་ཅིང།
    དེ་ལས་བཟློག་པའི་གནས་ལ།
    དགྲ་ཞེས་བཟུང་བའི་མཁན་པོ།

  64. མེ་ཏོག་དཀར་པོ། says:
    2011-05-18 at 10:27 am

    ཨ་ཕ་མཁན་ཆེན་དགྱེས་པ་ཡི་རྡོ་རྗེས། །
    ཨ་ཇོ་ཀླུ་སྨོན་ཁ་བརྡ་རུ་འབོད་པའི། །
    ཨ་ལ་ཐ་ལའི་ཐོལ་གླུ་ཞིག་བླངས་ཀྱང་། །
    ཨ་ཁ་ད་དུང་ཧེ་རུ་ཀ་མིན་འདུག །

  65. གཞོན་ནུ་ཟླ་མེད says:
    2011-05-18 at 10:38 am

    བསྟོད་པའི་རྩམ་གཏོར་མ་གཏོགས།།
    སྨན་པ་འགྲོ་ས་མེད་པ།།
    དགྱེས་པ་རྡོ་རྗེ་འདི་ནི།།
    བྱིས་པའི་ནང་གི་བྱིས་པ།།

    གྲོགས་པོ་སྣ་འཛོམས་ཚོགས་སར།།
    བསམ་ཚུལ་རྟ་མོག་སྤུ་རྩེ།།
    བློ་རྒྱ་ཅུང་ཟད་མེད་ན།།
    བློ་ཆུང་མགོ་བོ་གས་འགྲོ།

    ཁ་བརྡ་དྲ་རྒྱ་འདི་ནི།།
    ཁྱེད་ཀྱི་དགོན་པ་མ་རེད།།
    དྲ་རྒྱའི་གླེང་སྟེགས་འདི་ནི།།
    ཁྱེད་ཀྱི་བཞུགས་ཁྲི་མ་རེད།།

    དྲ་གྲོགས་ཕོ་མོ་ཚང་མ།།
    ཁྱེད་ཀྱི་བུ་ཕྲུག་མ་རེད།།
    ཚིག་ངན་རེ་ཟུང་ཞིག་ལ།།
    བཟོད་མི་ཐུབ་པ་ཡ་མཚན།།

    བརྟན་བཞུགས་ཡང་ཡང་ཕུལ་རུང་།།
    ཡང་ཡང་ཕེབས་ཀྱི་ཟེར་ན།།
    ད་ནི་འགོག་ཐབས་མེད་པས།།
    ཕྱིར་བལྟས་མེད་པར་སོངས་ཤིག།
    ཧཧཧ

  66. གཞོན་ནུ་ཟླ་མེད says:
    2011-05-18 at 11:11 am

    དགྱེས་པ་རྡོར་རྗེ་ལགས། ཁྱེད་ཀྱི་དྲ་རྒྱ་དེར་ང་ཚོས་ཡི་གེ་བྲིས་ས་མི་འདུག་ཀ ཁྱེད་རང་གཅིག་བུས་བྲིས་བསྡད་ན། དེ་ཁྱེད་རང་གི་བཞུགས་ཁྲི་འདྲ་བོ་རེད། ཁྱེད་རང་གིས་ག་རེ་གསུང་གསུང་རེད། ང་ཚོ་ལ་ཁ་བརྡ་དྲ་རྒྱ་ལྟར་བསམ་ཚུལ་འདྲ་མིན་འབྲི་ཆོག་ས་ཞིག་ཡོད་ན། དེ་ནས་ཡག་པོ་ཡོང་བ་འདུག

  67. བོན says:
    2011-05-18 at 11:39 am

    དགྱེས་རྡོར་ཀླུ་གཏོར་མཉམ་དུ། །
    རྒྱ་མཚོའི་ཕ་རོལ་བསྐྲད་པ། །
    གཞོན་ནུ་ཟླ་མེད་ཁྱེད་འདྲ། །
    སྲིད་ན་འགྲན་ཟླ་མེད་པ། །

    ནང་མཐུན་ཆིག་སྒྲིལ་བྱེད་པ། །
    ལ་སྟོད་བུ་མཆོག་འདི་འདྲ། །
    བོད་ལ་དཀོན་པའི་བུ་ལོ། །
    ཆོས་འཁོར་ཚང་གི་ཁྱད་ཆོས། །

    ང་ནི་བན་བོན་གཉིས་ལ། །
    ཁྲ་ཆུང་མིག་གཉིས་འདྲ་འདྲ། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  68. ཀརྡོ་རབ་འབྱམས་པ་ says:
    2011-05-18 at 11:49 am

    ཀླུ་སྨྱོན་རབ་འབྱུང་ཡིན་ན། །
    དྲན་ཚད་ཁོང་ལ་མ་ལབ། །
    ཀླུ་སྨྱོན་སྙན་ངག་མཁས་པས། །
    སྨྱོ་ཞེས་ཕྱ་ཚིག་འོས་མིན། །
    སྐླུ་སྨྱོན་བདེ་བོར་བྱོན་ལེགས། །

  69. བློ་བཟང་ཆོས་གྲགས། says:
    2011-05-18 at 3:03 pm

    ཀླུ་སྨྱོན་བཟང་ན་བོད་ཀྱི་རྒྱན། །ཀླུ་སྨྱོན་ངན་ན་རང་གི་སྡུག །སྨྱོན་པས་སྨྱོན་པ་ལེགས་པོར་བརྩི། །རི་དྭགས་ཕྲུ་གུས་མ་ལ་གཡེམ། །

  70. པདྨ་གེ་སར says:
    2011-05-18 at 9:47 pm

    ཀླུ་སྨྱོན་གང་ན་ཡོད།
    ཤྲྰི་སྨྱོན་མ་བྲོས་དང་། །
    སྟག་སྨྱོན་ཨ་སྨྱོན་ལ། །
    པདྨས་མགྲོན་འབོད་ཡོད། །

  71. པདྨ་གེ་སར says:
    2011-05-18 at 9:53 pm

    བརྩེ་བའི་ཕྱི་ཤུན་དེ་ཁྱེད་ཀྱིས་སྤར་མོས་བྲད་ཉིན།།
    གཟུགས་མེད་ཚོར་འགྱུ་ཡི་ཞགས་ཐག་སྨུག་ཤན་མ་ཞིག།
    ལས་འབྲས་རྟེན་འབྲེལ་གྱི་མགུལ་ལ་མདུད་པར་ཕབ་སྟེ།།
    འུན་ཙམ་འུན་ཙམ་ཡང་འབྲོ་དབང་མེད་པར་བྱས་སོང་།།

    ཞི་ལ་དཀར་པོ་ཞིག་ཆུ་ལ་ལྡིང་ཉེན་འདུག་ཅིང་།།
    ཆུ་མོ་སིལ་སིལ་དེའི་ཁ་དོག་ལོག་ཉེན་འདུག་པས།།
    ཟོན་གྱི་ཨབ་སྐད་ཅིག་འདི་རུ་འཐེན་དགོས་བྱུང་ན།།
    བློ་དོགས་དྲ་ཕད་ཀྱི་གཟེབ་ཅིག་དྲན་རྒྱུར་མ་བརྩོན།།

    རང་སེམས་དྭངས་གསལ་གྱི་མེ་ལོང་ལན་དགུར་ཕྱིས་ཏེ།།
    ཕྱི་ཐག་ཁྲེལ་ཡོད་ཀྱི་གཟུགས་བརྙན་ཝལ་ཝལ་གྱིས་ན།།
    འཇིག་རྟེན་འགྱུར་སོང་ཞེས་སྡིག་དམོད་བྱེད་དགོས་མེད་ཅིང་།།
    དུས་ངན་སྙིགས་མ་ཞེས་བྲང་ཁ་རྡུང་དགོས་མི་འདུག།

    འཁོར་པའི་ལན་ཚྭ་འདི་ལྕེ་ལ་རེག་པའི་ཉིན་ནས།།
    འདུག་ཤེས་འགྲོ་ཤེས་ཀྱི་མགོ་བོ་ཀྲོག་ཀྲོག་བྱས་ཏེ།།
    མི་ཚེ་ཤོག་དཀར་བཞིན་ལྡེབས་སུ་བཤམ་རྒྱུ་འོང་ན།།
    ཁྱེད་རང་གསེར་ཡིག་བཞིན་ལན་གཅིག་འཁྱུག་པར་ཤོག་ཨང་།།

    རི་བོ་སྤྲིན་པ་ཡིས་མནན་འདྲའི་རྨི་ལམ་ཞིག་ལ།།
    རྒྱ་མཚོ་གྲུ་ཁེམ་གྱིས་དཀྲུགས་འདྲའི་སྣང་བ་ཞིག་ལ།།
    ཚངས་མགུར་སིང་སིང་གིས་གནམ་ས་གཡོ་བར་བྱས་ཚེ།།
    ཤག་ཆུང་ཆུ་ཟིལ་བཞིན་ཡོམ་པའི་རྟོག་པ་སྐྱེས་བྱུང་།།

    དབུས་ཀྱི་ཇོ་བོ་ལ་གསུང་སྐད་འབྱོན་པ་མེད་རུང་།།
    ལས་འབྲས་ཟངས་དཀར་གྱི་ཨ་ལོང་ཕྲེང་ལ་བརྒྱུས་ནས།།
    ཤ་འདྲེས་པགས་འདྲེས་ཀྱི་རྣམ་ཤེས་མུ་ཏིག་འདྲ་ཞིག།
    འཚོ་བའི་གཏིང་ཤེད་དུ་ལྷུང་བ་ཡིད་ལ་འཁོར་འདུག།

    འཕར་དང་འགྱུ་བ་ཡི་སྙིང་ཆུང་ལུ་གུ་འདྲ་འདྲ།།
    གསེར་གྱི་གླེགས་བམ་ལ་འབྲི་བར་རྩལ་གྱིས་ཕོངས་ཀྱང་།།
    ནང་གི་འོད་ཟེར་གྱི་སྣེ་མོ་དར་སྐུད་བཞིན་དུ།།
    ཡུན་གྱིས་བསྣར་བ་ལ་གྲོགས་ཁྱེད་འཇུ་བར་རེ་འོ།།

    འུད་དང་ཁ་ཕོ་ཡི་གསང་ཁེབས་རྗེན་པར་བཤུས་ནས།།
    ཚོར་བའི་གསང་མིག་གི་རི་མོ་འབུར་དུ་བཏོད་དེ།།
    ལྡེམ་ཤུགས་འདེགས་འཇོག་གི་གཟིངས་ལ་སྤུངས་པའི་སེམས་འདི།།
    ལྷོ་མོན་ནགས་ཀློང་ནས་ཁུ་བྱུག་གྲག་པ་འདྲ་བྱུང་།།

  72. བློ་བཟང་ཆོས་གྲགས། says:
    2011-05-19 at 1:09 am

    མཁས་དབང་དགྱེས་རྡོར་ལགས། ཉིད་ཀྱིས། ཞྭ་རྩོད་གཅོད་པ་ཡི་གནམ་ལྕགས་རལ་གྲི། །
    དྲི་མེད་ཞིང་སྐྱོང་ཁ་གཡར་མ་གནང་། །
    དད་པ་དག་སྣང་གི་རྣོ་སོ་ལད་ཡོང་། །
    གསུངས་པའི་ཚིག་རྐང་དང་པོ་དེ་གོ་མ་སོང་། འགྲེལ་བཤད་ཅིག་གནང་རོགས།

  73. དཔལ་དགྱེས་པ་རྡོ་རྗེ says:
    2011-05-19 at 8:10 am

    ཨ་བུ་བློ་བཟང་ཆོས་གྲགས། དྲི་བ་དེ་ནི་དྲི་མེད་ལྷག་བསམ་ངེད་གཉིས་ཀྱི་གསང་བརྡ་ཞིག་རེད། གོ་དཀའ་ནི་རེད། ཞྭ་རྩོད་གཅོད་པ་ཡི་གནམ་ལྕགས་རལ་གྲི། །དྲི་མེད་ཞིང་སྐྱོང་ལ་ཁ་གཡར་མ་གནང་། །དད་པ་དག་སྣང་གི་རྣོ་སོ་ལད་ཡོང་། །ཟེར་རྒྱུ་བོ་རྟེན་འབྲེལ་འཕྲོ་ཅན་དུ་བཞག་ནི་མིན་ཡང་འདི་རྒྱས་སྤྲོས་ཤིག་བྱས་ན་ཡང་ཟིན་བྲིས་འདི་ཁ་བརྡ་སང་གི་སྒོ་རྒྱབ་དགོས་ཐུག་རྒྱུ་རེད། ། དེ་ཙམ་ཡིན།
    གང་ཤར་སེམས་ཀྱི་རི་མོ། །
    ཨེ་མ་ཧོ། །
    ཀ་དག་ལྷུན་གྲུབ་ཀྱི་རང་བྱུང་ཡེ་ཤེས། །
    ཁ་སྦྱོར་བདུན་ལྡན་གྱི་འོད་གསལ་སྙིང་པོ། །
    ག་བུར་དབང་པོ་ཡི་འོད་སྣང་ཇི་བཞིན། །
    ང་ཚོ་འགྲོ་དྲུག་ལ་ཡེ་དག་མཉམ་ཉིད། །

    ཀྱེ་མ་ཧོ། །
    ཀཿ་ཐོག་བླ་བརྒྱུད་ཀྱི་དྲི་མེད་ཞིང་སྐྱོང་། །
    ཀཾ་ཚང་སྤྲུལ་བརྒྱུད་ཀྱི་ཏྰ་ཡི་སི་ཏུས།
    ཀ་ལྷུན་ཕྱག་རྫོགས་སོགས་ཁ་ལ་ཁྱེར་ཡང་། །
    ཀ་ཁའི་ལ་རྒྱ་ལ་དཀའ་ལས་གནང་ཐལ། །

    བོན་པོའི་རྟོག་ཆོས་ལ་རེ་བ་མི་ཆེ། །
    བན་གྱི་རྩོད་ཆོས་དྭོགས་པ་མི་ཆེ། །
    བན་བོན་ཁ་ཁྱེར་ལ་དབྱེ་བསལ་མེད་པར། །
    ནང་ཆོས་རྣམ་དག་ཅིག་མིན་པར་སྨྲའོ། །

    ཨ་ལགས་ཀླུ་སྨྱོན་ལ་རྒྱ་ཡོད་ན། །
    དྲི་མེད་ལྷག་བསམ་ནས་སྤྱན་འདྲེན་བཞུགས་གསོལ།
    མེ་ཏོག་དཀར་པོ་ཡིས་ཞེ་སྒུག་མཆོད་ཕྱག །
    ཁ་ངན་སྟག་སྨྱོན་གྱིས་ཡི་རང་བྱས་འདུག།

    པདྨ་གེ་སར་ཡང་གཞི་ནས་ཕེབས་སོང་། །
    བླ་མ་བློ་བཟང་ལ་དྭོགས་པ་ཤར་འདུག །
    ལ་སྟོད་བོན་རྫུན་ལ་ཞེ་འཁོན་ཆེ་བས། །
    དགྱེས་རྡོར་ཉམ་ཆུང་ང་ད་ནི་བུད་འགྲོ། །

    དགེ་བསྐོས་རྒྱག་པ་ཡིས་བཀའ་སྐྱོན་འོག་ནས། །
    མི་འདོད་ཁ་བརྡ་ལ་གྱེས་བརྡ་བཏང་སྟེ། །
    ཨ་ཁུ་དགེ་རབ་ལ་བདེ་མོ་ཞུ་བཞིན། །
    རྡོར་རིན་གྲོགས་པོ་ལ་ཁ་བྲོ་ཞུའོ། །

    གང་ཤར་རྣམ་རྟོག་གི་རི་མོ་ཞིག་ཤྲྰིས་སོ། །

  74. བརྩོན་རྒྱམ། says:
    2011-05-19 at 10:07 am

    སྔགས་འཆང་ཀླུ་སྨྱོན་མེད་པས་བར་སྐབས་ན།  ངེས་དོན་དབེན་པའི་སྟོང་བཤད་བྱེད་མཁན་མང་།
    རང་མཆུ་རང་གི་བདག་པོ་མ་རྒྱབ་ན།  ང་ཡིས་ཀླུ་རྒྱལ་སྨྱོན་པ་འབོད་ངེས་ཡིན།
    ཕྱི་གཟུགས་ངུར་སྨྲིག་གོས་ཀྱི་རབ་བརྒྱན་པ། ནང་གི་རྟོགས་པ་གཞན་གྱི་བརྗོད་པ་བཞིན། 
    ངག་ནས་སྤྲེང་པ་ཆགས་ཚིག་དམར་པོ་ཞིག  སྔགས་འཆང་ཀླུ་སྨྱོན་ཞབས་ལ་ཕྱགས་འཚལ་ལོ།
    དབྱིན་མོའི་བློ་སེམས་འགུག་པར་བྱིན་གྱི་རློབས།  བདེ་སྟོང་ཉམས་སུ་མྱོང་པར་གསོལ་བ་འདེབས།

  75. བརྩོན་རྒྱམ། says:
    2011-05-19 at 10:12 am

    ཀླུ་སྨྱོན་ཡེ་ཤེས་མྱུར་ཏུ་མ་བྱོན་ན་ཁྱེད་འགྲོ་དོན་གླེང་ནས་མཛད་རྒྱུ་མེད།

  76. དྲི་མེད་ལྷག་བསམ། says:
    2011-05-19 at 11:51 am

    !, , kA- =3- .2%- K$- .0=- .IJ?- 0- hR- eJ- =- 1=- 2- 2h-\- +- 3:A- <R=- 3R- 8J?- L- 2, /- 3R- $- <, ,S/- 0- i3- 2!R.- GA- YR$- 3#<- .2?- ?, ,3HJ/- J?- GA- 1R/- 3J- &<- 2:A, ,]- 3-^- 28A/- 3:A-,$?- eJ:A-K$- o, ,.JA.- ,A$- .LJ<- 3J.- +- :)$- 0A%- , ,kA – =3- :R.- $?=- =- 3%:- .2%- 2+<- 2:A, ,. IJ?- 0- hR- eJ- ;A- $?%- 2:A- 2h- {., ,PR$?- 3J.-z$- 2?3-IA?- .NR=- 2<- KR$?- g- 2./- IA- :R.- $%-3R?- /, ,2.J- (J/- /R<-2- ;A- $9B-LA/- :2<- ;R%- , ,!/-gR$-o- 35S- .J- $;R- 2:A-{2?-?, ,I-I:A-j- _2?- <J- :L%- 2-(R?- *A., ,.3- 0<-9<- 9- ;A- 3.:- :1J /- 3A/-G%- , ,.3/- 0:A- 2$- ($?- +J- :,$-0- =$?- ?R, ,:#R<- 2:A-KA- 5B?-GA-VJ=- 2- 5- 2R, ,=?- %/- #R- 2R- =-.$R?-#$- 3A/-G%- , ,(- 2R-IJ/-wR$- =- %=- 2- (J- 2?, ,.-.%- <%- ?- /?- =/-2o<- :#R<-o, ,.IJ?-hR<- 8=-=%- .J-.LA$- :O%?- =$?- /, ,0- ?J<-c/- 3R- 5S<- 2?R.- /3?-(J- ;%- , ,z$- 2?3- ?R=- 2- ;A- <%- 3.R$-SA- 3J., ,/$- 0R- #R-/- =?-:I<-o- 3A- :.$ ,$/?- 2g/- :.=- :6B/- IA?- #- $4S$- $/%- /, ,2!/- 0:A- 3A$-vR?- =- $/R.- 0- (J- 2?, ,$;J<- #:A- SA=- (%- $A?- 36K?- 0:A-<?-o/, ,kA- =3- .2%-K$- =- 36:- 2- 3A/- /3, ,.$$-L- $8A- .$- $A-3R?-V=-i=- :LR<, ,8A-OR- $%-3=-=- <%-L/-5.- 0?, ,29%- %/- K3- 3J- 2:A- $8/- .R/-,R.- 0, , }- ,$- $&R.- 0- .J-2.$- =- 3A- :R?, ,.$-s:A-u/-uA/-IA?- $%- 2:A- :#R<- 2, ,}-KA- $%- 8A$- =- 2v?-G%- 3A- $4%- , ,.$- 3*3- .LJ<- 3J.-GA-v- .$R%?- 92- 3R, ,}- :I<-}$?- 0-5S:C- /R3-{=- #R- /, ,z-(R?- 2./-w/-IA- 3/- %$- 92- 3R, ,2.J- (J/-z/-*J?-GA-K$-o- (J/- 0R, ,3#?-]/- 2<- 3-!/- :)$- 0- 2.J- 2?, ,]/-G%-#J- *J/- =?- :.?- :.A- =J$?- ?R, ,v-|R3- 3,R /- 0R- .J- 2.$- $A-;=- 3A/, ,2!/- ?J=-#J- :O$- <J- 8A- :)3-2?3- ;%- , ,.3/- 0- HR.- :S- 8J?- 8J- $&R.- 5B$- %/, ,i- 2:A- :6K<- 3-<-z$- 0?- ,2?- 9., ,(J/-0R:C- 2!:-=%- /A- 3- 2g$?-L- 2, ,&%?-GA?- 22- 0- =-IJ/-wR$- 3A- :.$ ,2?3- .!<- 5B$- :)3- .J- #J- $9<- 9J<- /, ,z$- 2?3- .<- .!<-.J- :2=-;=-?- <J., ,E- ,R2-lR.-~R$- $A- :.3-m2- :,$- 0R, ,!)-5%- !- ,R$-$A-|J<- /R<- $/%- $A, ,.3- *3?-OA3?- <=-IA- ?-!J%- $%- 5K, ,%- 5S- .$- 0- 8J?-#R.- ?- AJ- ;R., ,&=- 2- k- &/- .J- $/?- $&A$- 3A- #R., ,2R.- 2o.- /%- 2!/- IA-OR /- 0-(% $A, ,.3-PA2- 3A- $4%- 0? – (R?- 3A$-1A2- /, ,. 3%- =R%- ,%- !R%-$A- ,R.-5=-3%R/- ;R%- , ,,$-$J- :VJ%- 3,.-GA- ,2?- =- :2.- /?, ,!k- ;%-3=- $*A?-,$?-$%- 3,/- 8A%- , ,!:,R$- /%-:O$?- .J- $4%- 3-L%- /, ,2!/- 0:A-,A-.R/- 8A$- :P2- 0- <J.-~3, ,=?-_%-nJ/- %/-IA?-_%- /$-OR.-., ,a-A$ ,.IJ?- 0-hR-eJ- ;A-o%- $9A$?- 3- $/%- , ,kA- =3- .2%-K$- $A-m- :U =- %R3- =, ,gJ/- :VJ=- $+R- 2&R?-GA-<A3-PR- $?%- .%- , ,k- 2&R?-HA-*$-G%- AJ- :6S3?- 2v-(R$ ,=R$- =3- 2hJ$- :(R?-GA- .J%-.?- :PR- 2, ,=J$?- *J?- $R-wR$- =- 1/- 0- 3J.-G%- , ,Y?- 2&?-o=- 2- ;A- .IJ?- 0:A- 3(R.-3A/, ,(R/- :)$- $*A?-w/- 8A$- :P2- 0R$- &A$ ,&J?- .IJ?- 0-hR-eJ:A- 2!:- =/- 3,R % – :U=- SA- 3J.- z$- 2?3- IA?-$%- S/- ><- 3<-VA?, ,

  77. པདྨ་གེ་སར says:
    2011-05-19 at 11:57 am

    ཧ ཧ
    བྷན་ལ་ཏེན་རོ་ལ་བདག་པོ་མེད། །
    ཀླུ་སྨྱོན་པ་ཤི་ན་རོ་བདག་འདུག །
    ཤྲྰི་སྨྱོན་པས་ཀི་སྒྲ་དི་རུ་རུ། །
    ཁ་དལ་མེད་ཁ་བརྡ་ཐ་ལ་ལ། །

  78. དྲི་མེད་ལྷག་བསམ། says:
    2011-05-19 at 1:30 pm

    ༄༅། ། རྨི་ལམ་དབང་ཕྱུག་དཔལ་དགྱེས་པ་རྡོ་རྗེ་ལ་ཕུལ་བ་བརྡ་གླུ་སྒྱུ་མའི་རོལ་མོ་ཞེས་བྱ་བ། ན་མོ་གུ་རུ། །དྲན་པ་རྣམ་བཀོད་ཀྱི་སྲོག་མཁར་དབུས་སུ། །མཁྱེན་རབ་ཡེ་ཤེས་ཀྱི་སྒྲོན་མེ་སྦར་བའི། །བླ་མ་ཟླ་བཞིན་མའི་ཐུགས་རྗེའི་ཕྱག་རྒྱ། །དཔྱིད་ཐིག་དབྱེར་མེད་ཏུ་འཇུག་པར་ཞུའོ། །གཞན་དྲིང་མི་འཇོག་པའི་མཁྱེན་རྒྱ་ཡངས་ཤིང༌། །རྨི་ལམ་འོད་གསལ་ལ་མངའ་དབང་བསྒྱུར་བའི། །དགྱེས་པ་རྡོ་རྗེ་ཡི་གསང་བའི་བརྡ་སྐད། །གྲོགས་མེད་ལྷག་བསམ་གྱིས་དཀྲོལ་བར་དཀའ་འོ། །མཛེས་པའི་བོངས་ཚོད་ལ་ཕྲ་སྤོམ་བྱེད་པའི། །དབྱིངས་ཕྱུག་མཁའ་འགྲོ་དེ་དབྱིངས་སུ་གཟིམ་ཡང༌། །ཤར་ ཕྱོགས་རྟ་བདུན་གྱི་འོད་སྣང་སྤྲོས་ན། །བདེ་ཆེན་ནོར་བུ་ཡི་གཟི་བྱིན་འབར་ཡོང༌། །ཀུན་རྟོག་རྒྱ་མཚོ་དེ་གཡོ་བའི་སྐབས་སུ། །གྱ་གྱུའི་རྦ་རླབས་རེ་འབྱུང་བ་ཆོས་ཉིད། །དམ་པར་ཟུར་ཟ་ཡི་མདའ་འཕེན་མིན་ཀྱང༌། །དམན་པའི་བག་ཆགས་དེ་འཐུག་པ་ལགས་སོ། །འཁོར་བའི་ཕྱི་ཚིས་ཀྱི་བྲེལ་བ་ཚ་བོ། །ལས་ངན་ཁོ་བོ་ལ་དགོས་སྡུག་མིན་ཀྱང༌། །ཆུ་བོ་གྱེན་ལྡོག་ལ་ངལ་བ་ཆེ་བས། །ད་དུང་རང་ས་ནས་ལན་བརྒྱར་འཁོར་རྒྱུ། །དགྱེས་རྡོར་ཞལ་ལུང་དེ་དབྱིག་འཁྲུངས་ལགས་ན། །སྐྲ་སེར་རྒན་མོ་ཚོར་བསོད་ནམས་ཆེ་ཡང༌། །ལྷག་བསམ་སོལ་བ་ཡི་རང་མདོག་དྲི་མེད། །ནག་པོ་ཁོ་ན་ལས་འགྱུར་རྒྱུ་མི་འདུག །གནས་བརྟན་འདུལ་འཛིན་གྱིས་ཁ་གཙོག་གནང་ན། །བསྟན་པའི་མིག་ལྟོས་ལ་གནོད་པ་ཆེ་བས། །གཡེར་ཁའི་དྲིལ་ཆུང་གིས་མཛེས་པའི་རུས་རྒྱན། །རྨི་ལམ་དབང་ཕྱུག་ལ་མཛའ་བ་མིན་ནམ། །དགག་བྱ་གཞི་དག་གི་སྤྲོས་བྲལ་རྣལ་འབྱོར། །ཞི་ཁྲོ་གང་སྤྲུལ་ལ་རང་བྱན་ཚུད་པས། །བཟང་ངན་ཕྱམ་མེ་བའི་གཞན་དོན་སྤྱོད་པ། །སྔ་ཐག་གཅོད་པ་དེ་བདག་ལ་མི་འོས། །དུག་ལྔའི་ལྗན་ལྗིན་གྱིས་གང་བའི་འཁོར་བ། །སྔ་ཕྱི་གང་ཞིག་ལ་བལྟས་ཀྱང་མི་གཙང༌། །དག་མཉམ་དབྱེར་མེད་ཀྱི་ལྟ་དགོངས་ཟབ་མོ། །སྔ་འགྱུར་སྔགས་པ་ཚོའི་ནོམ་སྐལ་ཁོ་ན། །ལྷ་ཆོས་བདུན་ལྡན་གྱི་མན་ངག་ཟབ་མོ། །བདེ་ཆེན་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །མཁས་བླུན་བར་མ་ཀུན་འཇུག་པ་བདེ་བས། །བླུན་ཀྱང་ཁེ་ཉེན་ལས་འདས་འདི་ལེགས་སོ། །ལྟ་སྒོམ་མཐོན་པོ་དེ་བདག་གི་ཡུལ་མིན། །བསྟན་སེལ་སྡེ་འཁྲུག་རེ་ཞི་འཇམ་བསམ་ཡང༌། །དམན་པ་ཁྱོད་འདྲ་ཞེས་ཞེ་གཅོད་ཚིག་ངན། །རྣ་བའི་འཛེར་མ་རུ་ལྷག་པས་ཐབས་ཟད། །ཆེན་པོའི་བཀའ་ལུང་ནི་མ་བརྟགས་བྱ་བ། །ཅངས་ཀྱིས་བབ་པ་ལ་གྱེན་ལྡོག་མི་འདུག །བསམ་དཀར་ཚིག་འཇམ་དེ་སྡེ་གཟར་ཟེར་ན། །ལྷག་བསམ་དར་དཀར་དེ་འབུལ་ཡུལ་སུ་རེད། །ཞྭ་ཐོབ་རྩོད་སྙོག་གི་འདམ་རྫབ་འཐུག་པོ། །ཀཾ་ཚང་ཀ་ཐོག་གི་སྒེར་ནོར་གནང་གི། །དམ་ཉམས་ཁྲིམས་རལ་གྱི་ས་སྟེང་གང་ཚེ། །ང་ཚོ་དག་པ་ཞེས་སྡོད་ས་ཨེ་ཡོད། །སྦལ་བ་རྨ་ཅན་དེ་གནས་གཅིག་མི་སྡོད། །བོད་བརྒྱུད་ནང་བསྟན་གྱི་ཁྲོན་པ་ཆུངགི། །དམ་གྲིབ་མི་གཙང་པས་ཆོས་མིག་སྒྲིབ་ན། །དམུས་ལོང་ཐང་སྟོང་གི་སྤྱོད་ཚུལ་མངོན་ཡོང༌། །ཐག་སྣེ་འབྲེང་མཐུད་ཀྱི་ཐབས་ལ་འབད་ནས། །ཀརྨ་ཡང་སྤྲུལ་གཉིས་ཐུགས་སྣང་མཐུན་ཞིང༌། །ཀཿཐོག་ནང་འཁྲུགས་དེ་གཙང་མ་བྱུང་ན། །བསྟན་པའི་སྤྱི་དོན་ཞིག་འགྲུབ་པ་རེད་སྙམ། །ལས་རླུང་རྐྱེན་ངན་གྱིས་རླུང་ནག་ཁྲོད་དུ། །སླུ་རུ་མི་ཚུགས་པའི་དམ་བཅའ་མི་འདུག །གངས་ལྗོང་མཁས་གྲུབ་ཀུན་དབྱིངས་ནས་བསྐུལ་ལོ། །བསྟན་འཛིན་ཐུགས་མཐུན་གྱི་ཕྲིན་ལས་སྒྲུབས་ཤིག །དགྱེས་པ་རྡོ་རྗེ་ཡི་རྒྱང་གཟིགས་མ་གནང༌། །རྨི་ལམ་དབང་ཕྱུག་གི་རྫུ་འཕྲུལ་ངོམ་ལ། །རྟེན་འབྲེལ་གཏོ་བཅོས་ཀྱི་རིམ་གྲོ་གསུང་དང༌། །རྨ་བཅོས་ཁྱི་སྐྱག་ཀྱང་ཨེ་འཛོམས་བལྟ་ཆོག །ལོག་ལམ་བརྡེག་འཆོས་ཀྱི་དེང་དུས་འགྲོ་བ། །ལེགས་ཉེས་གོ་ལྡོག་ལ་ཕན་པ་མེད་ཀྱང༌། །སྲས་བཅས་རྒྱལ་བ་ཡི་དགྱེས་པའི་མཆོད་སྤྲིན། །སྨོན་འཇུག་གཉིས་ལྡན་ཞིག་འགྲུབ་པར་ཤོག་ཅིག །ཅེས་དགྱེས་པ་རྡོ་རྗེའི་བཀའ་ལན་མཐོང་འཕྲལ་དྲི་མེད་ལྷག་བསམ་གྱིས་གང་དྲན་ཤར་མར་བྲིས། །

  79. ལ་སྟོད་བུ། says:
    2011-05-19 at 3:21 pm

    མཚན་ཉིད་བཞི་ལྡན་གྱི་ཀ་དག
    རོལ་རྩལ་འགག་མེད་ཀྱི་ལྷུན་གྲུབ།
    གཉིས་མེད་རང་བྱུང་གི་ཡེ་ཤེས།
    འགྲོ་ཀུན་བདེར་གཤེགས་ཀྱི་སྙིང་པོ།

    ཐེག་དགུའི་ས་དང་ལམ་འབྲས།
    ཐེག་བཞིའི་བདེན་བཞི་རྣམ་བཞག
    ཆེ་འབྲིང་ཆུང་གསུམ་གྱི་སྐྱབས་འགྲོ།
    ཡོད་ཕྱིར་རྣམ་དག་ནང་པར་སྨྲ།

    ཞལ་གྱི་ཀ་དག་ཡེ་དག
    ཁོག་གི་ལྷུན་གྲུབ་དུག་ལྔ།
    རང་བྱུང་ཡེ་དག་སྨྲ་བ།
    སྟག་ལྤགས་ནང་གི་བོང་བུ།

    ཕ་མཆོག་དྲན་པ་ནམ་མཁའ
    སྲས་མཆོག་པདྨ་མཐོང་གྲོལ།
    ཡབ་སྲས་མེ་ཆུ་བཞིན་དུ།
    སྨྲ་བའི་མཁན་ཆེན་དགྱེས་རྡོར།

    གསང་ཆེན་སྔ་འགྱུར་རྙིང་མ།
    མཁས་གྲུབ་ནམ་མཁའི་སྐར་ཚོགས།
    དགྱེས་རྡོར་ཁྱོད་འདྲའི་རྙིང་རྫུས།
    རྙིང་མིན་རྙིང་དྲི་འཐུལ་བྱུང།

  80. པདྨ་གེ་སར says:
    2011-05-19 at 4:22 pm

    ལ་སྟོད་བུ་ཁྱོད་རང་བདེན་པ་གཉིས་རིག་པའི་མིག་གཉིས་མེད་པ་ཞིག་གིས་གཞན་ལ་ཞ་ར་བརྗོད་པ་དེ་བོན་ཡབ་སྲས་ཀྱི་ལུགས་ཡིན་ནམ།

  81. དཔལ་དགྱེས་པ་རྡོ་རྗེ says:
    2011-05-19 at 5:43 pm

    ༄༅། །མཁས་དབང་དམ་པ་ལྷག་བསམ་དྲི་མེད་ཀྱི་བཀའ་ལན་ཚངས་དབྱངས་མགུར་མ་ཞེས་བྱ་བ། །

    ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །

    ཨེ་མ་སྟོང་ཆེན་གྱི་ཕྱག་རྒྱ་ཡང་དག །འོད་གསལ་སྙིང་པོ་ཡི་སངས་རྒྱས་ཡེ་ཤེས། །རང་རིག་དབྱེར་མེད་ཀྱི་ཁབ་ཏུ་སོན་པས། །ཚངས་དབྱངས་མགུར་མ་ཞིག་ལེན་ན་འདོད་ཐལ། །དད་བརྩོན་ཤེས་རབ་ཀྱི་སྐལ་བ་ལྡན་ན། །མགོ་ནག་མགོ་སེར་ལ་ཁྱད་པར་མི་འདུག །དྲི་མེད་ལྷག་བསམ་གྱི་ཕྱག་རྒྱ་ཆེན་པོ། །མ་གཉིད་རྨི་ལམ་དེ་ཁྱེད་ལ་འཆར་འོང་། ། དྲི་མེད་མཁྱེན་རབ་ཀྱི་ལྷག་བསམ་རྣམ་དག །ཞི་བདེ་འཛམ་གླིང་གི་འཚོ་བའི་སྲོག་ཤིང་། ། བསྟན་སེལ་སྡེ་འཁྲུག་གི་ཞི་འཇམ་ཡོང་ཐབས། །བཀས་བསྐུལ་རོལ་དབྱངས་ཀྱི་བརྡ་གླུ་དཀྲོལ་ཡ། །ཡིད་བཞིན་ནོར་བུ་ཡི་དགོངས་བཞེད་དམ་པ། །ཀ་རྫོགས་དགོན་ཆེན་སོགས་ཐུགས་མཐུན་ཁྲིམས་གཙང་། །བཀའ་བརྒྱུད་ནང་འགལ་དག་དམ་ཚིག་ཉམས་གསོ། ། ས་སྐྱའི་རང་རྒྱལ་ལ་དག་ཐེར་ཚད་མ། ། དགེ་ལུགས་གསར་རྙིང་པས་དོལ་འདྲེ་རྒྱང་ཕུད། །བན་བོན་རིས་མེད་ལ་གཅིག་ཏུ་འདུན་ཀྱང་། །སྙིགས་ལྔའི་ལྗན་ལྗིན་གྱི་མི་གཙང་དྲི་མ། །དག་གཙང་དྭངས་མ་ལ་བསྒྱུར་ཐབས་དཀའ་སོང་། །བོད་བརྒྱུད་ནང་བསྟན་ལ་དྲི་མེད་ལྷག་བསམ། །ཟླ་བ་གཞོན་ནུ་ལ་གཟིམ་པ་མེད་པས། །སྤྱན་མེད་འབྱོར་ལྡན་འདྲ་རྟེན་འབྲེལ་འགྲིགས་ན། །མཁྱེན་རབ་མིག་ཟུང་དེ་ལྷུན་གྱིས་གྲུབ་ཡོང་། །ཤར་ཕྱོགས་དབང་ཕྱུག་གི་སྐར་མ་ལྔ་བ། ལྷོ་ཕྱོགས་རྟ་བདུན་གྱི་གྲོགས་སུ་ཁུག་ན། །བྱང་ཕྱོགས་མུན་ནག་གི་བསྟན་སེལ་གཡུལ་འཁྲུག ། ནུབ་ཕྱོགས་བདེ་ཆེན་དུ་འགྱུར་བ་ཆོས་ཉིད། །ཐབས་མཆོག་བདེ་ཆེན་གྱི་རིགས་སྔགས་ཟབ་མོ། །གསེར་རྩི་སྡེབ་སྦྱོར་ཀྱི་མན་ངག་མཁྱེན་ན། །ས་རྡོ་སོལ་བ་ལ་ཁྱད་པར་མི་འདུག །འདོད་ཡོན་ལམ་ཁྱེར་འདི་ཀུན་ལ་མཛའ་བ། །དམ་ཚིག་མདོ་རྒྱས་སོགས་ཞིབ་ཏུ་གཟིགས་དང་། །འཁོན་འཛིན་དམ་རལ་གྱི་རྒྱ་མཚོ་ཆེན་པོར། །བཅུ་ཕྲག་ལོ་འཁོར་ལ་རྦ་རླབས་དྲག་པོ། །གཡོ་འཁྲུགས་ལས་ངན་འདི་འཇམ་ཐབས་དཀའ་བ། །མིག་སེར་ཟུར་ཟ་ཡི་འཆལ་གཏམ་མིན་ཡང་། །དགོན་གྲོང་བཟང་ངན་གྱི་སྐྱག་ཤན་ཞུགས་ནས། །འཁོར་འཛིན་སྐྱེ་བོ་ལ་བཟང་ངན་ཁྱད་པར། །ལྟ་སྒོམ་སྤྱོད་འབྲས་ལ་དག་ཐེར་གནང་འཚལ། ། དུག་ལྔར་སྤྱོད་པ་དེ་སྔ་འགྱུར་མ་ཡིན། །བདེན་བཞི་འགལ་བ་ཚོ་གསར་འགྱུར་མ་ཡིན། །དུག་གསུམ་རང་མཚན་དེ་སྤང་བ་ཡོད་ན། །བདེན་གཉིས་ལམ་བཟང་ལ་ཁྱད་པར་མི་འདུག །ཀཿ་ཐོག་ཀཾ་ཚང་ལ་ཁྱད་པར་མེད་ཀྱང་། །དྲི་སི་བཀའ་རྙིང་ལ་ཞེན་ཆགས་ཆེ་བས། །དུང་དཀར་སེར་འཛིན་གྱི་དམ་མཁྲིས་ནད་ངན། །བཅོས་པའི་སྨན་མཆོག་དེ་བདག་ལ་དཀོན་ཐལ། ། རྨི་ལམ་ལུང་བསྟན་ཞིག་བདག་ལ་ཡོད་པ། །ཨོ་རྒྱན་པད་འབྱུང་ལ་བཅོས་མིན་དད་པ། །ལྟར་སྣང་ཆོས་པ་ཚོ་ཚར་གཅོད་ནུས་ན། །བསྟན་སེལ་སྡེ་འཁྲུག་དེ་ངང་གིས་ཞི་འགྲོ། ། སྨོན་ལམ་འདོན་ཚོགས་སོགས་བཟང་བར་ཡིན་མོད། །དམ་བཅའ་བགྲོ་གླེང་གི་བརྟག་དཔྱད་མེད་ན། །རང་མགོ་རང་སྐོར་གྱི་ཞི་ལས་ཆོས་བཤད། །དམུས་ལོང་བྱི་བ་ཡི་ཕྱག་རྒྱ་ཆེན་པོ། །དྲི་མེད་ལྷག་བསམ་གྱི་དཀར་པོ་ཆིག་ཐུབ། །བྱང་ཆུབ་སེམས་མཆོག་ལ་རྟག་ཏུ་འབད་ན། །ཕྱི་ནང་ཀུན་མཚུངས་ཀྱི་བོད་བརྒྱུད་ནང་བསྟན། །མདོ་སྔགས་དབྱེར་མེད་ཀྱི་ཉམས་ལེན་གཙང་མ། ། ཆོས་མཆེད་ནང་འཁྲུག་གི་དུག་ཁྲག་རིལ་མ། །གངས་དཀར་འོ་མཚོ་ལ་ཁྱབ་པར་མི་སྲིད། །ཕྱོགས་རེ་མཚོའུ་དག་ཆེ་སྣང་འཆར་ཡང་། །ཁྲོམ་བུ་རུས་སྦལ་རྣམས་རང་སྣང་ང་རྒྱལ། ། སྦལ་བ་རྨ་ཅན་ཡང་དེ་ག་ནང་བཞིན། །ལས་འབྲས་བསླུ་མེད་དེ་ཁྱད་ཆོས་ཆེ་བས། །དེ་འབྲེལ་དེ་དག་ཚོ་ཉམས་པ་ཙམ་ལས། །སྤྱི་མཐུན་འགྲོ་བ་ལ་ཅི་ཡང་མི་གནོད། །རྒྱལ་དང་རྒྱལ་སྲས་དག་དབྱིངས་ལས་བསྐུལ་ནས། །བསྟན་པའི་སྤྱི་དོན་ཞིག་སྒྲུབ་པའི་དམ་བཅའ། །ཇི་བཞིན་འགྲུབ་པ་ཡི་སྨོན་འདུན་གསོལ་འདེབས། །ཁ་མིན་སྙིང་དཀྱིལ་ནས་ཁྱེད་ལ་བྱས་ཡོད། ། བདག་ནི་རྨི་ལམ་གྱི་བདེ་སྐྱིད་རོལ་ནས། །གསེར་འདོག་ལྕང་ལོ་ཅན་འཁོར་གྱིས་བསྐོར་ཞིང་། །ཞིང་ཁམས་དམ་གཙང་གི་ཉེ་འཁོར་འདི་ལས། །ཁྱི་སྐྱག་དར་གཡོག་ཚོར་རེ་བ་མེད་ཐལ། །བསྟན་འཛིན་བསྟན་བཤིག་གི་ས་མཚམས་དག་མ། །ཐུགས་མཐུན་ཁྲིམས་གཙང་འདི་དམ་པའི་སྙིང་ནོར། །སྲས་བཅས་རྒྱལ་ཀུན་ལ་མཆོད་སྤྲིན་འབུལ་བ། །ཚོགས་གཉིས་ཡོངས་རྫོགས་ཀྱི་རྒྱུ་རུ་གྱུར་ཅིག །

    ཅེས་པའང་དྲི་མེད་ལྷག་བསམ་གྱི་ཐུགས་བསྐྱེད་ཟབ་རྒྱས་ཀྱི་བསྐུལ་མ་ལ་བརྟེན་པ་ལྟ་བུས་རྐྱེན་ལས་གང་དྲན་ཐོལ་བྱུང་དུ་སྐད་ཅིག་དེ་ཉིད་ལ་ཤྲྰི་སྨྱོན་པས་བྲིས་པ་དགེའོ། །

  82. པདྨ་གེ་སར says:
    2011-05-19 at 7:20 pm

    ཐེག་དགུའི་ས་ལམ་ཤེས།
    བདེན་བཞི་རྣམ་བཞག་འགལ་བའི།
    སྐྱབས་འགྲོ་སེམས་བསྐྱེད་འགལ་བ། །
    ཞང་ཞུང་ལ་སྟོད་བུ་རོ། །།

    ཀ་དག་མ་དག་དཔེ་རྐུས། །
    ཁ་ཁོག་མི་མཚུངས་གཏེར་ཆོས། །
    ག་ས་གང་གི་དཔེ་རྐུན། །
    ང་རྒྱལ་བོན་པོ་ལ་སྟོད། །

    ཕ་རྒན་དྲན་པ་ནམ་མཁའ། །
    བུ་ཕྲུག་རྒྱབ་འགལ་བྱས་པས
    ཕ་རྒན་ས་མཐར་བསྲེད་པའི། །
    ཁྲེལ་མེད་བོན་ཆོས་བན་ལོག །

    ཆོས་འཁོར་ཉི་མ་འོད་ཟེར། །
    ད་ལྟ་རྐུན་མ་དག་མ། །
    ལ་སྟོད་བུ་ལུས་བླངས་པ། །
    བོན་ལོག་རང་རྐུབ་སྟོན་འདུག །

  83. ལ་སྟོད་བུ། says:
    2011-05-20 at 1:55 am

    པདྨ་གེ་སར་དགྱེས་རྡོར།
    དབྱེར་མེད་རོ་གཅིག་ཡིན་པས།
    རྙིང་ཆོས་གཏེར་སྟོན་ཐམས་ཅད།
    བོན་པོར་ངེས་པས་སོམས་ཤིག

    ཆོས་རྒྱུད་གཞན་ལ་མེད་པའི།
    ཕ་ཆོས་རྫོགས་པ་ཆེན་པོ།
    བོན་ནས་རྐུས་པ་མིན་ན།
    གཞན་ལ་མེད་པ་ཅིས་ཕྱིར།

    ནང་ལྟར་དགྱེས་རྡོར་མཁན་པོ།
    ཕྱི་ལྟར་པདྨ་གེ་སར།
    དབྱེར་མེད་རོ་གཅིག་ཡིན་པས།
    ཁ་བརྡ་ཚང་ནས་འགོག་རོགས།

    ཆོས་ལུགས་ཞོ་ལྟར་དཀྲུགས་ཏེ།
    བོད་མིའི་གོང་བུ་གཏོར་སོང།
    དགྱེས་རྡོར་གེ་སར་རྙིང་རྒན།
    འདི་ནས་རྒྱང་ཕུད་གནང་རོགས།

    སངས་རྒྱས་པ་ལ་བཞི་པ།
    ལྔ་པ་ཐུབ་པའི་དགོངས་མིན།
    གཞན་ནས་རྐུས་པ་མིན་ན།
    སྟོན་པའི་བཀའ་ལས་གསལ་དགོས།

    ཁ་བརྡ་ཚང་ལགས་པདྨ་གེ་སར་དང་བོན་མིང་ཅན་དགྱེས་རྡོར་འདི་དག་གིས་ཆོས་ལུགས་ནང་ཁུལ་གྱི་དམ་ཚིག་གཅིག་བསྒྲིལ་གཏོར་བཤིག་དུས་ཀུན་ཏུ་གཏོར་བཞིན་འདུག་ན་ཁྱེད་དྲྭ་བདག་རྣམས་ནས་དགོངས་པ་ཆེ་བཞེས་ཀྱིས་དེ་དག་རྒྱང་འབུད་གཏོང་རན་འདུག།
    ཁོང་ཚོར་དགྲ་བོ་རྒྱ་དམར་ལས་ཕ་མེས་ཡང་མྱེས་ཀྱི་བོད་ཀྱི་ཆོུགས་བོན་པོར་དུས་ཀུན་ཏུ་དགྲ་བོའི་དྭངས་མར་བརྩི་བཞིན་པ་འདི་དག་བོད་གོང་བུ་གཅིག་བསྒྲིལ་ཡོང་པར་འགོག་རྐྱེན་གཙོ་བོ་ཞིག་ཡིན་པས་དེ་དོན་ཁྱེད་རྣམས་ནས་ངེས་པར་དུ་དགོངས་པ་བཞེས་རོགས།
    བོན་མིང་ཅན་དེ་ལ་ལྟོས་དང་ཁོས་དང་པོ་བོན་མིང་ཁྱེར་ཏེ་སྣ་ཚོགས་ཤིག་བཤད་སོང།
    དེ་རྗེས་དགྱེས་རྡོར་མཁན་མིང་མགོ་སེར་བསླུ་བྲིད་མཁན་དེ་ཡིས་ཅི་བཤད་སོང།
    དེ་རྗེས་ཁོ་རང་རྒྱབ་ཏུ་གབ་ཏེ་གེ་སར་གྱི་མིང་ཁུར་ནས་མགོ་ཇི་ལྟར་བཙུགས་སོང།
    བོན་མིང་ཅན་མཐར་བན་ལོག་ཏུ་གྱུར་བ་དགྱེས་རྡོར་རང་གིས་བཤད་སོང།
    གནས་ཚུལ་འདི་དག་ཆུང་ཆུང་ཞིག་མིན་པས་དེ་དོན་སླར་ཡང་དགོངས་པ་བཞེས་རོགས།
    རྙིང་མཁན་དེ་ཚོས་བོན་པོར་དུས་ཀུན་ཏུ་སྙིང་ནད་བཟུང་དོན་མི་ཤེས།
    རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དཔལ་ནོར་དགོན་དུ་ཡོད་པའི་ཟང་མདོག་དཔལ་རིའི་ལྡེབ་རིས་སུ་བོན་པོར་ཇི་ལྟར་སྨད་མི་འདུག་གམ།
    བཤད་ན་བཤད་རྒྱུ་ལོས་ཡོད།
    ད་ཆ་༧གོང་ས༧་མཆོག་གི་བཀའ་སློབ་སྙིང་བཅང་གི་ཤོད་མི་རུང་བསམ་པ་ལས་ཤོད་རྒྱུ་མེད་པ་དང་ཤོད་མི་ཐུབ་པ་ཞིག་གཏན་ནས་མིན།
    བདུད་འཇོམས་ཀྱི་རྒྱལ་རབས་དེ་ཚོར་གཟིགས་དང་ཅི་བཤད་འདུག་རྙིང་མ་བ་དེ་ཚོས་དེ་དག་ལ་སློབ་ཚན་དུ་བཞག་ནས་སློབ་་སྦྱོང་བྱེད་བཞིན་ཡོད།
    ང་ནི་བོན་པོ་ཡིན་ཀྱང་རུང་མིན་ཀྱང་རུང་བོད་ཀྱི་ཆོས་ལུགས་ཐམས་ཅད་ལ་དག་སྣང་ཡོད་མཁན་ཞིག་ཡིན།
    ཁ་བརྡ་ལགས་དུས་ལ་བབ་སོང།

  84. ལ་སྟོད་བུ། says:
    2011-05-20 at 2:04 am

    པདྨ་གེ་སར་ཁྱེད་རང་མ་ཤེས་ཤེས་མདོག་གིས་ང་ཆོས་འཁོར་ཚང་རེད་འདུག་ཅེས་བསྙོན་འཛུགས་བྱེད་པ་ནི་མ་ཉེས་ཁག་ཡོགས་ཡིན་པས་མནོ་བསམ་གཏོང་དགོས།

  85. པདྨ་གེ་སར says:
    2011-05-20 at 4:58 am

    ཧེ་ཧེ་་་་ཧ་ཧ། ལ་འདྲེ་ཁྱོད་རང་ག་རེ་བཤད་དང་ག་རེ་ནོར་ཡོད་ཧ་མ་གོ་བར་ཁྱོད་རང་མགོ་རུལ་བ་སྣ་ཡིས་མ་ཚོར་རེད། གྲུབ་དབང་པད་ནོར་འདས་སྐབས་ཀྱང་གདུང་ཐོག་རྟ་རྒྱུག་བྱེད་མཁན་ཚང་མ་ཁྱོད་ཚོ་རེད། ཁྱོད་རང་ཆོས་འཁོར་ཉི་འོད་གཉིས་གཅིག་ཡིན་པ་བོན་གྱིས་བཤད་འདུག་ཀ ཁྱོད་ཁ་རོ་ལ་མི་ལྟ་བར་གྱོང་ལ་ལྟ་ནས་ཅི་ཞིག་ངུ་འབོད་རྒྱག་གི་ཡོད།

  86. དཔལ་དགྱེས་པ་རྡོ་རྗེ says:
    2011-05-20 at 9:14 am

    ཀླུ་སྨྱོན་མ་རིག་མི་སྨྱོན་འགའ་ཞིག་གིས། །
    གཞི་མེད་ཉེས་འཛུགས་བྱས་པ་ཅི་ཡིས་ནོངས། །
    ཆུང་ཆུང་ཆེ་རུ་མ་གཏོང་དྲ་གྲོགས་ཚོ། །
    མེ་རྟག་ཆུང་ཡང་རྩ་ཕུང་བརླགས་ལྟར་རོ། །
    ལ་སྟོད་བུ་དང་པདྨ་གེ་སར་ལགས། ད་མ་འཁོན་ཡ། གངས་རིའི་ལྗོངས་ཀྱི་བསྟན་སྲིད་སྤྱི་ལ་ཕན་ཐོག་པ་ཞིག་ཡོད་ན་དགྱེས་རྡོར་ཁ་ཙམ་མིན་པར་ཁྱོད་ཚོས་དམར་གསད་གཏོང་ཡང་ངེས་པར་ཆོག་མོད། ཡིན་ན་ཡང་ཁྱོད་ཚོ་ཚིག་ཅི་བཤད་པ་དག་རང་ཚུགས་མ་ཐུབ་པ་ཞིག་རེད་ཡ། དཔེར་ན། པདྨ་གེ་སར་གྱི་བསྟོད་སྨད་དང་། ལ་སྟོད་བུ་ཁྱོད་ཀྱིས་འདས་ད་བཤད་པ་ཚོ་སོམས་དང་། ད་ཐང་ཡང་ང་ནི་བོན་པོ་ཡིན་ཀྱང་རུང་མིན་ཀྱང་རུང་བོད་ཀྱི་ཆོས་ལུགས་ཐམས་ཅད་ལ་དག་སྣང་ཡོད་མཁན་ཞིག་ཡིན།ཞེས་བཤད་པ་དོན་ལ་ཡོད་ན་རྩེད་མོས་རྔ་མ་འཁྱོག་དོན་གཏན་ནས་མེད་མོད། བོན་དང་ཁྱོད་ཀྱིས་གཞོན་ནུ་ཟླ་མེད་ལ་བསྟོད་པ་ཟེར་བ་དེ་ཡང་གད་ཤོར་ས་ལས་གཞན་མི་འདུག ཟླ་མེད་ཁོ་ནི་དོན་ལ་རྒན་པོ་ཤ་རྒྱག་ཆེ་ནས་རང་གཡོག་རང་གི་མི་ཐུབ་པའི་བན་རྒན། ཐ་ན་ཡར་བཞེངས་པའི་ཚེ་ཡང་གཡག་ཁྲད་སྟུག་དྲི་དང་ཉིལ་ལེ་དལ་བུས་ལས་བཞེངས་མི་ཐུབ་པའི་གྲྭ་རྒན་ཞིག་ཏུ་འདོད་ཐལ། ཁྱོད་སོང་ཞིག་ཅེས་ང་མི་འགྲོ། །དོན་དེ་ལས་ཆེ་ཞིག་གཞན་ན་ཡོད།་་་་་་

  87. གཞོན་ནུ་ཟླ་མེད says:
    2011-05-20 at 11:34 am

    ཨ་རོགས་བོན་དང་དགྱེས་རྡོར།།
    ཧ་ཅང་གྲུབ་མཐའ་སྨོད་ན།།
    ཨ་མཆོད་གྲོང་ཆོག་པ་ངས།།
    ཧ་ལམ་རྔ་སྦུབ་རྡུང་རྒྱུ།།

    ས་ཆེན་རྐང་པས་མནན་ནས།།
    ཤ་ཆེན་ཚིལ་མར་རྗེས་ལ།།
    ལ་ཆེན་མ་བརྒལ་ཤུལ་མེད།།
    ར་ཆེན་བསད་པ་གྲངས་མེད།།

    ཡ་མགལ་སོ་ཀྱོག་བར་ནས།།
    འ་ཆུང་པོ་ཏི་འདོན་བཞིན།།
    ཟ་ཟིའི་སྣང་བ་ཕྲ་མོས།།
    ཞྭ་མོ་ཟུར་ལ་གྱོན་ནས།།

    ཝ་མོ་འདུར་བའི་ཤུལ་ལ།།
    ཛ་དྲག་དྲག་སྔགས་བདོ་བཞིན།།
    ཚ་ཚ་རྦོད་པ་དང་བཅས།།
    ཙ་རིའི་ཕར་བརྒྱབ་གཡུག་རྒྱུ།།

    མ་རིག་འཁྲུལ་འཁོར་ཟེར་ནས།།
    བ་སོའི་ཕྲེང་བ་བཟུང་རུང་།།
    ཕ་རྒོད་དམ་པའི་ཞལ་གདམས།།
    པ་པུར་བཞག་ན་ཨེ་འགྲིག།

    ན་སོ་རྒས་ཀྱིན་རྒས་ཀྱིན།།
    ད་ནི་ཞེ་སྡང་ཇེ་ཆེ།།
    ཐ་མལ་སྣང་ཞེན་བར་ནས།།
    ཏ་ཐ་ག་ཏ་བརྗེད་འདྲ།།

    ཉྭ་སུག་རླུང་དང་འགྲོགས་ནས།།
    ཇ་ཁ་ཆང་ཁ་འགྲིམ་ནས།།
    ཆ་ལུགས་ཆོས་གོས་འོག་ནས།།
    ཅ་ལག་ཡོད་ཚད་མ་སྟོན།།

    ང་འདྲ་ཁྱེད་འདྲ་དག་ལ།།
    ག་ལེ་ཨ་མཆོད་ཟེར་ལས།།
    ཁ་ནས་ཆེན་པོར་མ་འབོད།།
    ཀ་ཁའི་མགོ་སྔ་ཤེས་ཙམ།།

    ཀ་ཁའི་མགོ་མཇུག་ལྡོག་ནས།།
    ཁ་ཚིག་བསོར་མོ་ཞིག་གིས།།
    ག་ལེར་བོན་དང་དགྱེས་རྡོར།།
    ང་ཡིས་གྲོགས་སུ་བཀུག་ཆོག།

    ཅ་ལག་སྦོམ་པོ་མེད་ན།།
    ཆ་ལུགས་གྲུབ་རྟགས་ཆ་སྟོན།།
    ཇ་ཡུན་གཅིག་གི་རིང་ལ།།
    ཉ་འདྲའི་བུ་མོས་གཡུག་འགྲོ།

    ཏ་རིན་བླ་ཆེན་དག་ལ།།
    ཐ་མལ་བཙོ་ཞགས་མ་འཕེན།།
    ད་ལྟའི་ཧམ་བཤད་དེ་དག།
    ན་རག་དམྱལ་བར་མི་འགྲོ།

    པ་པོ་གཤིན་རྗེའི་རྒྱལ་བོ།།
    ཕ་རོལ་ཕྱོགས་ན་བཞུགས་སྐད།།
    བ་གླང་མགོ་བོ་ཅན་པས།།
    མ་ལུས་ཞགས་པས་འཇུ་འགྲོ།

    ཙ་ར་ཁྲིམས་སར་སླེབས་ན།།
    ཚ་གྲང་དམྱལ་ཁམས་འགྲིམ་དགོས།།
    ཛ་ཡའི་གསུངས་བཞིན་མེད་ན།།
    ཝ་ཡི་སྤྱོད་པས་མི་ཕན།།

    ཞྭ་མོ་དམར་པོ་གྱོན་ནས།།
    ཟ་སྒོ་གྲོང་ཆོག་ཉུལ་བར།།
    འ་རྒ་ཟེར་ནས་འབོད་དུས།།
    ཡ་ཡ་ཟེར་ནས་རྒྱུགས་དགོས།།

    ར་ལང་ཆ་ལང་སྤྱོད་པས།།
    ལ་མོར་ཕར་འཐེན་ཚུར་འཐེན།།
    ཤ་རྐང་རུས་པ་རྡུང་ནས།།
    ས་སྟེང་རིས་མེད་མ་སྒྲོགས།།

    ཧ་ཅང་རྩེད་མཚར་ཅན་པ།།
    ཨ་མདོ་ཡུལ་གྱི་དགེ་བས།།
    ཨ་མཆོད་བོན་དང་རྡོ་རྗེར།།
    ཧ་ཅང་དགྱེས་ཕྱིར་སྤྲིངས་སོ།།

  88. དཔལ་དགྱེས་པ་རྡོ་རྗེ says:
    2011-05-20 at 12:08 pm

    ཨ་མདོའི་ཨ་ལགས་ཟླ་མེད། །
    ཨ་མཚར་རྩེད་མོ་གསུངས་པ། །
    ཨ་ཁ་བོན་དགྱེས་མི་ཤེས། །
    ཨ་ཁུ་དགྱེས་རྡོར་དགྱེས་ཐལ། །

  89. ཀརྡོ་རབ་འབྱམས་པ་ says:
    2011-05-20 at 12:20 pm

    བོད་པའི་ཡིན་ན།

    བོད་ཀྱི་བོན་པོ།
    བོད་ཀྱི་བན་དྷེ།
    བོད་ཀྱི་བོད་མིས།
    བོད་ཀྱི་བན་བོན།

    བོད་ཀྱི་བོད་པས།
    བོད་ཀྱི་བོན་དང་།
    བོད་ཀྱི་བན་ཞེས།
    བོད་ང་བོད་ཁྱོད།

    རྩོད་མེད་རྩོད་བགྱིད།

  90. དྲི་མེད་ལྷག་བསམ། says:
    2011-05-20 at 1:54 pm

    ༄༅། །རྨི་ལམ་དབང་ཕྱུག་དཔལ་དགྱེས་པ་རྡོ་རྗེ་ལ་གསོལ་བ་བརྡ་གླུ་གྲིབ་ཐུར་མཛུབ་སྟོན། མཁྱེན་པའི་ཡེ་ཤེས་རྒྱས་པའི་སྤྱན། །དཔྲལ་བའི་དབུས་ན་མི་འཛུམ་པའི། །རྨོངས་པ་ཀུན་སེལ་རྗེ་བཙུན་མ། །གཟུངས་སྤོབས་བློ་གྲོས་ཆར་ཏུ་སྙིལ། །དྲི་ཡི་བཞོན་པའི་འཕྲུལ་རྩལ་གྱིས། །བརྒྱ་ཕྲག་དཔག་ཚད་ཡུད་ཙམ་གྱིས། །སྡུད་པའི་སྒྱུ་མའི་རྩེད་འཇོ་ཡིས། །ཡིད་ཀྱི་ཞིང་ས་བརླན་པར་བྱས། །རྟ་བདུན་བཞད་པའི་འཛུམ་རླབས་ལ། །དུས་ཀྱི་བགོས་པའི་ཆ་ཤས་རེ། །མ་འཁྲུལ་ཚིག་ལ་མི་ལྟོས་པར། །རང་གཟུགས་གྲིབ་ཐུར་ཕྲ་མོས་སྟོན། །གློགས་རྡུལ་འཁྲིགས་པའི་དྲྭ་བ་རུ། །སྐྱ་སེར་འདྲེས་མའི་ངག་སྒོ་ལས། །སྣ་ཚོགས་གཏམ་གྱི་རྡུལ་དམར་གྱིས། །བདེན་དོན་སྒེག་མོའི་བཞིན་རིས་སྒྲིབ། །འོད་གསལ་རྒྱུན་འབྱམས་གུཔྟ་པ། །གཙུག་གི་རྒྱན་ཏུ་མཆོད་ཤེས་ན། །ཉིན་མཚན་བར་མེད་བདེན་པའི་ལུང་། །ལོངས་སུ་སྤྱོད་པའི་སྤོབས་པ་འབར། །ཡི་དྭགས་ཟས་འཚོལ་རེ་བ་ཡིས། །བསླུས་པའི་ལོ་རྒྱུས་འདི་བདེན་པས། །གདུང་བའི་འབོད་པས་རྩ་གསུམ་ལྷ། །བསྐུལ་བ་མ་བཅོས་སྙིང་གི་བརྡ། །མི་ཡི་མིག་གིས་མ་བལྟས་ན། །ལྷ་ལ་རེ་བ་བོད་ཀྱི་ལུགས། །མཁས་ཀྱང་ཆོག་གི་བླུན་ཀྱང་རུང་། །བསམ་དཀར་ཙམ་ལས་ལྐོག་གཡོ་མེད། །རྨི་ལམ་དབང་ཕྱུག་ལུང་བསྟན་སྒྲ། །རྣ་བའི་བུ་གར་ཞུགས་མ་ཐག །འབྱོར་བས་ཕོངས་པའི་ཐབས་ལམ་དེ། །ཡིད་ལ་སྣང་སྟོང་ལྷ་སྐུ་བཞེངས། །ནོར་ལྡན་ཕྱུག་པོའི་་སྒྲ་འཛིན་ཏེ། །བདག་ལ་ཕྱོགས་ན་དགེ་བསྐུལ་བྱ། །མེད་པ་ཁོ་ན་དབང་བཙན་པས། །རེ་ཞིག་རྟེན་འབྲེལ་ཙམ་ཏུ་དམིགས། །གཞན་རྒྱུད་ཤེས་པའི་མངོན་ཤེས་མེད། །ལྟར་སྣང་དོན་དམ་རྟོགས་ཐབས་དཀའ། །དཀའ་བའི་ལས་འདི་ཁྱོད་ལ་གཏད། །བསྟན་ལ་དགོངས་ཏེ་བདག་གིར་བཞེས། །དམ་ཚིག་བཀོད་པའི་རྒྱུད་མཆོག་ལས། །ལོ་གསུམ་དག་ལས་འདས་པ་ནི། །དེ་ནས་གསོ་རུ་མི་རུང་སྟེ། །གལ་ཏེ་་བླང་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །ཞེས་པའི་དམ་གྲིབ་མི་གཙང་རིགས། །ཁྱབ་པར་ངེས་སོ་ཐུགས་རྗེས་གཟིགས། །རང་སེམས་མི་གཙང་མེ་ལོང་ལ། །རྣམ་རྟོག་ཤར་བ་དེ་ལྟ་སྟེ། །རྨི་་ལམ་དབང་ཕྱུག་བདེན་ཚིག་གིས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་ཤོག། ཚངས་དབྱངས་མགུར་མ་ལན་གཅིག་གྱེར་བའི་མུར་ལྷག་བསམ་དྲི་མེད་ཀྱིས་ཤར་མར་བྲིས་ཏེ་ཕུལ། །

  91. པདྨ་གེ་སར says:
    2011-05-20 at 6:04 pm

    ཁ་བརྡ་ཁ་ལས་དགེ་ཐབས། །
    ཁ་ཅིག་དམིགས་བསལ་མེད་པར། །
    ཁ་ཁོག་མི་མཐུན་ཀུན་པོ། །
    ཁ་བརྡས་ཕྱི་ལ་དོར་ཤོག །

    ཆོས་འཁོར་ཆོས་ལ་ཁ་གཡར། །
    ལ་སྟོད་བུ་མིང་འོག་ནས། །
    རྙིང་ཆོས་ཁ་ངན་གཏོང་བ། །
    རྒྱལ་བསྟན་ཕྱི་མོའི་ཕྱི་དགྲ། །

    ཕྱག་རྫོགས་དབུ་མའི་ཟབ་ཆོས། །
    དཔེ་རྐུན་བོན་དུ་ཁྱེར་བ། །
    བཀའ་པོད་ལམ་རིམ་ཚང་མ། །
    གྲུབ་མཐའི་རྫུན་རྐུབ་བུད་དོ། །

    ཁྲེལ་མེད་དྲེད་གདོང་གྱོན་ནས། །
    འཇིགས་སྐྲག་བོད་ལ་ངོམ་པ། །
    ཕ་མེས་ཤུལ་བཞག་ཡིན་ན། །
    བླ་བཙོང་རྒྱལ་རྔ་རྡུང་ཤིགས། །

  92. ལ་སྟོད་བུ། says:
    2011-05-21 at 2:28 am

    དགྱེས་རྡོར་ར་ལོའི་སྤྲུལ་བརྫུས།
    སྔར་བྱས་ལས་ངན་འཕྲོ་འཐུད།
    གསང་སྔགས་ཁ་ལ་འཁྱེར་ནས།
    ཐམས་ཅད་གསོད་པའི་གཤིན་རྗེ།

    ར་ལོའི་རྣམ་པར་ཐར་པ།
    ཅུང་ཟད་ཙམ་ཞིག་གླེང་བར།
    སྤྲོ་ཞིང་དྭངས་བས་མིན་ཀྱང།
    དགྱེས་རྡོར་དགྱེས་ཕྱིར་ཕུལ་ཡོད།

    བྲེལ་ཟིང་གིས་རྗེས་སུ་འབུལ་ཆོག

  93. རྩམ་དགའ། says:
    2011-05-21 at 2:48 am

    ཀ་བ་རིང་ཐུང་བཟང་ངན་མ་རྩོད་ཨ་ཁུ་ལོ་ལོ། །
    ཁ་ནས་གང་ཡོང་བཤད་རྐྱང་མ་གནང་ཨ་ཁུ་ལོ་ལོ། །
    ག་ལེར་ཁྱེད་ཚོའི་རྩོད་མཚམས་འཇོག་རོགས་ཨ་ཁུ་ལོ་ལོ། །
    ང་ཡིས་སྙིང་ནས་ཞུ་བ་འཐེན་ཡ་ཨ་ཁུ་ལོ་ལོ། །

  94. ཕུར་པ་སྐྱབས། says:
    2011-05-21 at 2:53 am

    བན་བོན་རྩོད་པའི་ཐང་ན།
    སྟུག་དྲི་ཐལ་རླུང་འཚུབ་འཚུབ།
    བན་བོན་རྩོད་པའི་བྱབ་ཆུང་།
    ཆོས་མེད་བསྟན་པའི་སྟ་རེ།

    བྱང་ཆེན་བྱང་ལམ་གཅོད་པར།
    བྱང་སེམས་བྱང་གོམས་དགོས་ཀྱང་།
    བྱང་ཆུབ་ཁ་ལ་བྱང་བའི།
    བྱང་འདྲེ་འདི་འདྲ་མང་བ།

  95. གཞོན་ནུ་ཟླ་མེད says:
    2011-05-21 at 4:29 am

    ཨོཾ་ཆེན་སྔགས་ཀྱི་རྩལ་རྫོགས་རྫོགས་ཆེན་པ་དག།
    ཨེ་མ་ཧོ་ཞེས་འདི་དག་དག་སྣང་སྦྱང་ནས།།
    ཨུ་མ་དབང་ཕྱུག་གནས་ཆེན་རྩོད་པ་མ་བྱེད།།
    ཨི་ཨུ་ཨེ་ཨོ་དབྱངས་གསལ་བསྟར་ལ་རྒྱུས་འདྲ།།
    ཨི་ཤོ་རི་བོ་བཞིན་དུ་སྤོས་ངད་ལྡིང་བ།།
    ཨུ་ཚུགས་ཅན་གྱིས་ཕན་ཚུན་མ་དཀྲུགས་ཆོག་ཀ།
    ཨེ་ཀ་ཛ་ཏི་ལྷ་མོ་རྭ་གཅིག་མ་སོགས།།
    ཨོཾ་ཨྰ་ཧུཾ་གི་ཆོ་ག་ཕལ་ཆེར་ཆ་འདྲ།།

  96. རྩམ་དགའ། says:
    2011-05-21 at 4:40 am

    བླ་རྒན་ཁྱོད་འདིས་ཆི་ཟིག་ལབ་ཀི་ཡོད་་་་་ཧ་ཡག་པོ་ཞིག་གོ་མ་སོང་་་་ངོ་རྫོབ་རྒྱོ།

  97. དཔལ་དགྱེས་པ་རྡོ་རྗེ says:
    2011-05-21 at 5:20 am

    མཁས་དབང་ལྷག་བསམ་དྲི་མེད་ཟླ་བས་འབྱེད་པའི་ཀུ་མུད་ཏའི་དྲི་བཟང་ཞེས་བྱ་བ། །
    ན་མོ་གུ་རུ་དྷརྨྰ་ཙནྡྲ་ཡེ། །
    ལྷག་བསམ་དུང་ཟླ་ཡི་བསིལ་ཟེར་འདོད་འཇོ། །མཁྱེན་རབ་འོད་དཀར་གྱི་རིག་སྟོང་ཡེ་ཤེས། །དྲི་མེད་ལྷ་ལམ་དུ་རྒྱུ་བ་མཐོང་ཚེ། །དཔལ་ལྡན་ཀུ་མུད་ང་དགྱེས་འཛུམ་ཤོར་ཐལ། །འཁོར་ངན་ཁ་འཛིང་གི་དོ་ར་འདི་ནས། །སེམས་གཏམ་དྲོན་མོ་ཞིག་བཤད་འདོད་མེད་ཀྱང་། །ཡིད་མཐུན་ལྷག་བསམ་གྱིས་ནན་བསྐུལ་ཟབ་པས། ། སྒྱུ་མའི་བརྡ་རོལ་འདི་མི་དཀྲོལ་ཁག་མེད། །ཟ་འདྲེ་དྲི་ཟ་ཡི་བབ་ཅོལ་ལབ་རྡོལ། །ར་རྫི་སྐར་རྒྱལ་གྱི་ཀླུ་གདོན་ངག་ནུས། །རྒྱལ་འགོང་དཀོར་གཉེར་གྱི་འཇིག་རྟེན་མཆོད་ན། །དཀོན་མཆོག་རྩ་གསུམ་གྱི་བསླབ་བྱ་འགལ་འགྲོ། །སྟོན་པ་ལམ་གྲོགས་ཀྱི་སྐྱབས་འགྲོའི་གདམས་ངག །མི་ཕྱེད་དད་གུས་ཀྱིས་ཉིན་མཚན་བསྟེན་ན། །རང་ཆོས་ཉི་མ་ཡི་འོད་སྣང་དྲོན་པོ། །མ་འབད་རང་གཞན་ཚོས་སྤྱོད་པར་ཆོག་མོད། །སུམ་བརྒྱ་དྲུག་ཅུ་ཡི་གྲིབ་ཐུར་རྡུལ་ཕྲན། རེ་སྒུག་མཛུབ་རྩེ་ལ་གཅེར་རེ་བལྟས་ཀྱང་། །སྲིད་གསུམ་རྣམ་རྒྱལ་གྱི་ཀ་ལ་ཙཀྲ། །རིག་འཛིན་བླ་མ་དེ་སྨག་ཏུ་ཉལ་འདུག ། རྨི་ལམ་དབང་ཕྱུག་གི་ངག་ལ་ཉན་ན། །ཆགས་ལྡན་རང་འདོད་ལ་གསང་ཆེན་མ་ཟེར། །སྡང་རྩོད་བསྡུས་གྲྭ་ལ་ནང་ཆོས་མ་སྨྲ། །རྨོངས་དད་གཡམ་རྒྱུག་ཚོ་སྒོམ་ཆེན་མིན་ནོ། །གཟུངས་སྤོབས་བློ་གྲོས་ཀྱི་རྣམ་དཔྱོད་མེད་ན། །ཞྭ་མདོག་ལ་རྒྱ་རྣམས་རྙིང་ལྟ་འཁྲེག་འཛིན། །ཕྱི་ནང་གྲུབ་མཐའ་དག་རྣམ་རྟོག་བསྟན་སྐྱོང་། །ཐར་ལམ་ཕྱོགས་ཞེན་ཚོགས་སྤེལ་ལ་མ་བྲེལ། །ཀླུ་རྒྱལ་སྤྱི་གཙུག་གི་ཡིད་བཞིན་ནོར་བུ། །ཐབས་མཁས་རྣམ་དཔྱོད་ཀྱིས་རྒྱན་དུ་མཆོད་ན། །རང་དབང་གང་འདོད་གྱི་བཞད་འཛུམ་འོད་ཟེར། །ཞི་བདེའི་རྒྱལ་ཁམས་ཀྱི་མྱོང་བར་ངེས་སོ། །རྒྱ་དམར་དབང་བཙན་གྱི་ལྕགས་སྒྲོག་ཁྲོལ་ཡོང་། །རྒྱ་གར་སྐྱབས་བཅོལ་གྱི་སྡུག་སྐད་མི་དགོས། །བོད་ཡུལ་ལུང་པ་དེ་དགའ་བདེའི་ཁེངས་ཡོང་། །དེ་མིན་བཟང་སྤྱོད་དང་ངན་སྤྱོད་ནོར་བ། །ཁ་ཟས་ལུས་འཚོ་ཡི་རེད་དུག་ནོར་ན། །ལྷ་མེད་འདྲེ་མེད་ཀྱི་ལ་རྒྱ་སྒྲུབ་པས། །དྲང་བདེན་རྒྱུ་འབྲས་ཀྱི་རྟེན་འབྲེལ་རྒྱབ་འགལ། ། རྒྱུ་མེད་འབྲས་བུ་ལ་རེ་བ་མ་ཆེ། །དོན་མེད་ལབ་གླེང་ལ་ནུས་པ་མི་ཐོན། །དྲི་མེད་ལྷག་བསམ་ཉིད་ཐུགས་དམ་གྱིས་དང་། །བདེན་ཆེན་ཉི་མ་ཡི་རང་སྣང་ངོམ་ཡོང་། །མཁས་བླུན་ཞེས་པ་དེ་དོན་ལ་ལྟ་དགོས། །འབྱོར་རྒུད་དབུལ་ཕྱུག་ཀྱང་སེམས་ཀྱི་ཚོར་བ། །དཀར་ནག་རྒྱུ་འབྲས་ལ་བསླུ་བ་མེད་པས། །དཀའ་བ་རྣམ་གསུམ་དེ་བདག་ལ་མི་འདུག །དམ་ཉམས་དམ་ལྡན་གྱི་འཛིན་མཚམས་དག་མ། །རང་བློ་དྲི་མེད་ཀྱི་མེ་ལོང་རྡུལ་བྲལ། །ངོ་ལྐོག་ཀུན་མཚུངས་དེ་ཀུན་ལ་མཛའ་བས། །ཐུགས་མཐུན་ཁྲིམས་གཙང་ལ་སྙིང་ནས་བསྐུལ་ལོ། རང་སྣང་གང་ཤར་གྱི་རྣམ་རྟོག་རི་མོ། །མ་བཅོས་གློག་ཀླད་དུ་ལེགས་སྐྱེས་ཕུལ་ན། །ངོ་མེད་དྲ་རྐུན་ཚོ་དགོངས་པ་མ་ཚོམས། །ལྷག་བསམ་དྲི་མེད་ཀྱི་དར་དཀར་འབུལ་ལོ། །སྙིང་གྲོགས་ལྷག་བསམ་ལ་སྙིང་གཏམ་འདི་ཀ ། སྙིང་བརྩེས་སྤྱན་རས་ཞིག་གཡོ་བར་གནང་དང་། །སྙིང་པོའི་ལྷ་ཆོས་ཞིག་མིན་ན་སྙམ་ཡོད། །སྙིང་དོན་ལྷུན་གྲུབ་ལ་སྨོན་ལམ་ཞུ་ཡ། །
    ཞེས་པ་སྙིང་གྲོགས་ལྷག་བསམ་དྲི་མེད་ཀྱི་བརྡ་གླུ་གྲིབ་ཐུར་མཛུབ་སྟོན་མཇལ་མ་ཐག་ཏུ་ཤྲྰི་སྨྱོན་པས་གང་ཤར་ཡི་གེའི་གཟུགས་སུ་བགྱིས་པ་ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །

  98. གཞིས་བོད། says:
    2011-05-21 at 6:39 am

    ཀླུ་སྨྱོན་གང་ལ་ཕེབས་སོང་། ཁྱེད་ཅག་གིས་ཇི་ལྟར་བོས་ནའང་རིག་རྒྱུ་མི་འདུག་གི

  99. ཀརྡོ་རབ་འབྱམས་པ་ says:
    2011-05-21 at 7:02 am

    མགོན་ཕྱག་དང་ཀླུ་སྨྱོན། དགྱེས་རྡོར་ནི། ཁ་བརྡའི་དྲ་རྒྱན་ཡིན་ཡང་། ཁོང་རྣམས་ནས་གང་རུང་གཅིག ཁ་བརྡ་ནས་ཁ་གྱེས་ན། ཁ་བརྡའི་ཟླ་བ་མར་ངོ་ལྟར་མཚུངས་པར་འདོད་ལགས། ཀླུ་སྨྱོན་དགྱེས་ཕྱིར་བྲིས་ཐལ་ཤོར་སོང་། །

  100. བོན says:
    2011-05-21 at 7:42 am

    ར་ལོའི་སྤྲུལ་བརྫུས་དགྱེས་རྡོ།
    ལས་ངན་འཕྲོ་འཐུད་ཁྱོད་ལ།།
    ར་ལོའི་རྣམ་ཐར་ཇི་བཞིན།
    ཅུང་ཟད་རྩོད་གླེང་བྱ་དགོས།

    ད་ལྟ་བྲེལ་ཟིང་ཆེ་བས། །
    རྗེས་སུ་ལན་འདེབས་་་་་་་

  101. ལ་སྟོད་བུ། says:
    2011-05-21 at 8:59 am

    ཀ་དག་གཞི་དབྱིངས་ཆེན་མོ།
    གདོད་ནས་རྣམ་པར་དག་ཀྱང།
    ལྷུན་གྲུབ་གཞན་སྣང་བཟུང་བས།
    ཐམས་ཅད་བསྒྲལ་ཞིང་བསྒྱུར་སོང།

    རང་ཤར་རང་རྩལ་མ་ཤེས།
    རང་བྱུང་རང་རིག་མ་མཁྱེན།
    རང་གཞན་འཛིན་པའི་ནད་ཀྱིས།
    རང་མེད་མི་མེད་བཟོས་འདུག

    གྲུབ་ཐོབ་ཆེན་མོ་རྭ་ལོ་ཙཱ་བའི་སྤྲུལ་པར་བརྫུས་པ་དཔལ་དགྱེས་པ་རྡོར་རྗེའི་སྔོན་བྱུང་གི་ལོ་རྒྱུས་རྣམ་པར་ཐར་པ་བདེ་བླག་ཏུ་རྟོགས་ཕྱིར་ཚིག་ལྷུག་པར་བཅད་དེ་མདོར་བསྡུས་ཤིག་འབྲི་བ་ལ།
    ༡༽གྲུབ་པ་ཐོབ་པ་ནམ་མཁར་བྱ་བཞིན་འཕུར་ལ་མཁས་པ་འཁོན་བལ་པོའི་སྲས་འཁོན་ཤཱཀྱ་བློ་གྲོས་བྱ་བས་རཱ་ལོ་ཙཱ་བར་འཕྲག་དོག་བྱས་པ་ལ་བརྟེན་ནས་དགུག་གཞུག་་མཛད་པས་བླ་མའི་གཟུགས་ལུག་འདྲ་བ་ཞིག་བྱུང་སྟེ་ལིངྒ་ལ་ཐིམ་པ་དང་ལིངྒ་རླངས་པ་ཕྱུར་གྱིས་བྱུང་བ་ཀུན་གྱིས་མཐོང།
    སྦྱིན་སྲེག་གྲོལ་ནས་ཡུད་ཙམ་སོང་བ་ན།
    འཁོན་ཤཱཀྱ་བློ་གྲོས་སྐུ་གཤེགས་དེར་གནས་སྤར་གདམས་པ་ཟབ་མོས་འཇམ་དཔལ་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་འཕང།

    ༢༽ལ་སྟོད་སེ་ཐར་དུ་བྱོན་ཙམ་ན་ལང་ལབ་བྱང་ཆུབ་རྡོ་རྗེས་རཱ་ལོར་རྒྱབ་བསྟན་ནས་བཞུགས་པར་མ་མཉེས་ནས་རཱ་ལོས་མངོན་སྤྱོད་ཏིང་འཛིན་པས་བཀྲོང་བ་དང་དེ་རྗེས་ཁོང་གི་འཁོར་གཡོག་སློབ་བུ་དྲག་མ་རྣམས་ཀྱང་རྐྱེན་ངན་སྣ་ཚོགས་པས་རིམ་གྱིས་རྐྱེན་འདས་སུ་སོང་བ་དང།་ ཟླ་བ་གཅིག་གི་ཁོངས་སུ་ལང་ལབ་འཁོར་བརྒྱ་དང་བཅས་པ་བསྒྲལ་ཏེ་འཇམ་དཔལ་དང་པོའི་སངས་་་སུ་བསྐྱལ་ལོ།

    ༣༽མཁའ་འགྲོ་སེང་གདོང་མ་ཡི་གྲུབ་ཐོབ་སེ་སྟོན་བསོད་ནམས་ཞེས་བྱ་བ་དང་འཁོན་པར་རཱ་ལོས་ནངས་པར་སོང་བ་ན་སེ་སྟོན་རྒྱུ་གཟེར་གྱིས་བསྙུན་ནས་གྲོངས་འདུག་སྟེ། མཁའ་འགྲོ་མ་རང་གཤེད་དུ་བབས་པ་ཡིན་གསུངས།

    ༤༽བོན་པོ་མང་པོ་རྫུ་འཕྲུལ་གྱིས་བཏུལ།

    ༥༽དེ་ནས་རཱ་ལོ་རྟ་ནག་ཏུ་བྱོན་ཏེ་སློབ་མ་རྒྱ་ཆེར་བསྐྱངས་པའི་རྟ་ནག་འགོས་ལོ་ཙཱ་བ་ཁུག་བྱ་པ་ལྷས་བཙས་བྱ་བ་དང་འཁོན་འགྲས་བྱུང་བར་རཱ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་ཏིང་འཛིན་དུ་བཞུགས་ཏེ་རྡོ་རྗེ་གྲི་ཁུག་ལས་སྦྱོར་མཛད་པས་ཟླ་བ་གཅིག་ནས་འགོས་ལོ་སྐུ་འདས་ཏེ་འཇམ་དཔལ་གྱི་ཞིང་དུ་དྲངས་ནས་བསྐྱལ་ལོ།

    ༦༽དེར་རྟ་ནག་གི་གྲོང་མི་རྣམས་ཀྱིས་རཱ་ལོས་ངེད་ཅག་གི་བླ་མ་བཀྲོང་བས་དམག་དྲངས་དགོས་ཟེར་ཏེ།
    དེར་གྲོང་ཁྱེར་བདུན་ཅུའི་མི་རྣམས་ཀྱིས་དམག་དྲངས་ནས་འོང་པ་ལ། བླ་མས་ཐུན་འཕངས་པས་ཐམས་ཅད་ཁྲག་སྐྱུགས་ཏེ་ཤི་ནས་གོ་མཚོན་ཐམས་ཅད་ཀྱང་དུམ་བུར་བཏངས།

    ༧༽དར་མ་མདོ་སྡེ་དང་འཁོན་འགྲས་བྱུང་བར་དར་མ་མདོ་སྡེ་འདི་མ་བསྒྲལ་ན་ཉིད་ཀྱིས་བསྒྱུར་བའི་ཆོས་རྣམས་སྣུབ་པར་གཟིགས་ཏེ་མགོན་པོ་འཁོར་བཅས་བཀུག་ནས་མངོན་སུམ་དུ་བྱུང་བ་ལ། དར་མ་མདོ་སདེའི་སྲོག་འཁྱེར་ལ་ཤོག་ཅིག་གསུངས་ནས། ཡུད་པ་གཅིག་ནས་ཐོད་པའི་ནང་དུ་སྙིང་གཅིག་བཅུག་ གྲི་ཁུག་གིས་ཁ་བཅད་ནས་ཁྱེར་བྱུང་སྟེ། འདི་ལར་ནས་བསྟན་འཛིན་བཟང་པོ་ཞིག་འདུག་རུང་ཐུགས་རྒྱལ་ཆེ་བས་ཉིད་ཀྱི་བཀའ་རྒྱུད་ལ་གནོད་པར་འདུག་པས་འཁྱེར་ཡོང་བ་ཡིན། སངས་ཉིན་རང་དར་མ་མདོ་སྡེ་རྟས་བསྐྱུར་ནས་གྲོངས་ཏེ་འཇམ་དཔལ་གྱི་ཐུགས་ཁར་སྤར་རོ།

    ༨༽བོན་པོ་གཤེན་ཏེ་ཐུལ་གྱིས་བླ་མ་དཔོན་སློབ་ལ་ཐོག་འབེབས་སུ་བྱུང་བ་ལ། བླ་མས་སྡིག་འཛུབ་བྱས་པས་ཁོ་རང་ལ་སླར་ལོག་སྟེ་ཤི།

    ༩༽ཟངས་མཁར་ལོ་ཙཱ་བ་དང་འཁོན་འགྲས་བྱུང་ནས་མཐུ་རྒྱས་བྱས་པར་ཞག་བདུན་ནས་སྲོག་ཕྲ་མཚམས་སུ་ལྷོག་པ་བྱུང་ནས་ཟངས་མཁར་ལོ་ཙཱ་བ་གཤེགས་ཏེ་འཇམ་དཔལ་གྱི་ཞིང་དུ་སྤྱན་དྲངས་སོ།

    ༡༠༽དེ་ནས་སྟག་སྣར་བྱོན་ནས་བདེ་མཆོག་ལ་མཁས་ཤིང་ནུས་པ་ཐོན་པའི་ལོ་ཙཱ་བ་རྒྱུས་སྨོན་ལམ་གྲགས་ཞེས་བྱ་བ་དང་འཁོན་འགྲས་བྱུང་བར། བླ་མ་དཔལ་རྡོ་རྗེ་འཇིགས་བྱེད་དུ་བྱས་ནས་གྲི་གུག་གིས་བསྣུན་པས་མཐུ་སྒྲུབ་རྫས་དང་དཀྱིལ་འཁོར་ཐམས་ཅད་ཐལ་བར་སོང། རྒྱུས་ལོ་ཉིད་ཀྱང་ཚལ་པར་འཐོར་ནས་སྐུ་གཤེགས་ཏེ་རྗེ་བརྩུན་འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་སུ་དྲངས་སོ།

    ༡༡༽་དེ་ནས་སྐྱི་འཕྲང་དུ་བྱོན་ནས་འབྲེ་ཤེས་རབ་བླ་མ། སུམ་པ་དབང་ཚུལ། རྐྱང་པོ་གྲགས་པ་སོགས་དང་འཁོན་འགྲས་བྱུང་བར་རཱ་ལོས་མཐུ་རྒྱབ་སྟེ་འབྲེ་སྨྱོས། སུམ་པ་འདས། རྐྱང་པོ་ལ་མཛེ་བྱུང་ངོ།

    ༡༢༽དེ་ནས་ལྷ་ས་ན་སྐྱོ་འདུལ་བ་འཛིན་བྱ་བའི་དགེ་བཤེས་ཚེ་བར་གྲགས་པས། རཱ་ལོར།ཁྱོད་རབ་ཏུ་བྱུང་བའི་མཁན་པོ་བྱེད་པ་ལ། མཁན་པོའི་ཡན་ལག་དགེ་སློང་འདུལ་བ་ཤེས་པ་གཅིག་དགོས་པས། ཁྱོད་ནུབ་རེ་བཞིན་ཤ་ཆང་ལ་ལོངས་སུ་སྤྱོད། སྐབས་སུ་མི་ལ་མཐུ་གཏད་ནས་གསོད། ལྐོག་ཏུ་བུད་མེད་བསྟེན། ཁྱོད་འདྲས་མཁན་པོ་བྱེད་པ་བསྟན་པ་ལ་གནོད་ཟེར། ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། བུད་མེད་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། དམ་ཉམས་སྒྲོལ་བ་སྔགས་ཀྱི་དམ་ཚིག་ཡིན། ང་ཡི་དེ་ལྟར་ཤེས་པའི་གནས་སྐབས་ལ། འདུལ་འཛིན་དགེ་སློང་དག་དང་འགལ་བ་མེད། དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱོད་ཀྱང། ཞག་བདུན་ཐོ་རེངས་གཤེགས་སུ་གསོལ། ལས་སོགས་འཁོན་འགྲས་བྱུང་བར།
    ཞག་བདུན་གྱི་ཐོ་རེངས་སུ་སྐྱོ་འདུལ་འཛིན་གྱི་ལུས་ངག་ཡིད་གསུམ་རེངས་ཏེ་ཤི།

    འདིར་ཁོང་གི་སྐྱེས་རབ་གོང་མས་ཇི་ལྟར་གནང་ཚུལ་གྱི་མཛད་པའི་ཆ་ཤས་ཤིག་ཡིན་པས་ཐམས་ཅད་འབྲི་དགོས་ན་རྣམ་ཐར་གྱི་དབུ་ནས་འཇུག་གི་བར་དུ་གྲུབ་ཐོབ་དང་མཁས་པ་ལས་སོགས་ཀྱི་སྲོག་དབུགས་འཕྲོག་པའི་འཕྲིན་ལས་ཤ་སྟག་ཏུ་ཡོད་འདུག་མོད་འོན་ཀྱང་དེང་གི་དུས་འདིར་འདི་ལྟའི་རྣམ་ཐར་སྒྲོག་ཚེ་ནང་པ་རྣམ་དག་སུ་ཡིན་མིན་དེ་ནས་ཤེས་ཐུབ།
    ཁ་ནང་དུ་འཁོར་ནས་བསམ་གཞིགས་གཏོང་དགོས་པ་ནི་ཤིན་ཏུ་ནས་གནད་ཆེའོ།

  102. པད་དཀར་ཕོ་ཉ། says:
    2011-05-21 at 3:41 pm

    《རྩོམ་ཡིག་འདི་ཁ་བརྡའི་དྲ་ལམ་ནས་ཐེངས་འགར་བསྐུར་ཀྱང་། ཕར་འཕྲོད་མི་འདུག་སྟབས། མཆན་བུའི་སྒེའུ་་ཁུང་ནས་ཕར་མི་རྫོང་ཐབས་མེད་བྱུང་》
    འདིར། ཁ་བརྡའི་རྩོམ་སྒྲིག་པ་མཆོག་གིས་གཙོས། དྲ་ཚིགས་ཀྱི་གླིང་ཀ་རུ་སྙན་རྩོམ་སྒྱུ་རྩལ་གྱི་དཔལ་ལ་རོལ་བའི་མཁས་དབང་རྣམ་པ་ཚོ་ལ་ཞུ་རྒྱུར། ཁོ་བོ་ནི། སྐྱེས་སྦྱངས་ཀྱི་ཤེས་རབ་དམན་ཞིང་། འཇོན་ཐང་མེད་པའི་སྐྱེ་བོ་ཐ་ཤལ་བ་ཞིག་ཡིན་པས། ལྷན་རྒྱས་ཚོའི་མཛད་སྤྱོད་ཀྱི་ཐད་ལ་ཇུས་གཏོགས་བྱེད་པ་ནི། འཇིག་རྟེན་གཏམ་དཔེར། ཐུབ་དབང་གི་དྲུང་ནས་ཤཱ་རི་བུས་ལུང་འདྲེན་། ཞེས་པའི་ཚུལ་ལས་མ་འདས་ཀྱང་། ལུགས་ཀྱི་བསྟན་བཅོས་ལས། ཕན་པའི་གྲོགས་དང་ཕན་པའི་གྲོས།།གང་ནས་འབྱུང་བའི་ངེས་པ་མེད།།ཅེས་གསུངས་པ་བཞིན། སྐབས་རེར་བླུན་པོ་བདག་ལྟ་བུའི་ངག་ནས་ཀྱང་། ཕན་པའི་སྐད་ཆ་རེ་འགའ་ཙམ་ཡང་འབྱུང་མི་སྲིད་པ་མིན་པས། གཤམ་དུ་རང་ཉིད་ཀྱི་བསམ་འཆར་འགའ་ཞིག་ཡིག་རིས་སུ་དགོད་པར་འདོད་པ་ལགས་ན། ཁྱེད་དྲན་དབང་རྣམ་པ་ཚོས། མན་ཤེལ་གྱིས་ཆུའི་རྙོག་མ་བགྲུང་བའམ། ངང་པས་ཆུ་དང་འོ་མའི་དབྱེ་བ་འབྱེད་པའི་ཚུལ་གྱིས་ཐུགས་བརྟག་གང་ལེགས་གནང་བར་རིགས། ཕྲན་ནམ་རྒྱུན་རྩོམ་ཡིག་གི་རིགས་བཀླག་རྒྱུར་སྤྲོ་བ་ཆེ་ལ། དེ་བས་ཀྱང་དཔྱད་རྩོམ་གྱི་སྐོར་ལ་བལྟ་བར་ཤིན་ཏུ་དགའ། ཉེ་ཆར་གྲོགས་པོ་འགའ་ཞིག་གི་ངག་ལས། དེང་སང་གློག་འཕྲིན་དྲ་རྒྱའི་ངོས་སུ། ༼ཁ་བརྡ༽ཞེས་པའི་གླེང་སྟེགས་གསར་པ་ཞིག་བཟོས་ཡོད་པའི་སྐོར་རྣ་བར་སོན་པས། མི་འགྱང་བར་ཁ་བརྡའི་གླེངས་སྟེགས་ཀྱི་གནས་ཚུལ་རྣམས་མཇལ་འདོད་ཀྱི་རེ་བ་མནན་ན་མི་ནོན་པ་ཞིག་བྱུང་། དེ་ནས་བཟུང་ཐབས་ཇུས་མང་པོ་ཞིག་བགྱིས་པར་བརྟེན། ད་ལྟའི་ཆར་ཁ་བརྡའི་མཆན་བུའི་སྐར་ཁུང་ནས་སྙན་རྩོམ་སྒྱུ་རྩལ་གྱི་ལྟད་མོ་ལ་ལོངས་སུ་སྤྱོད་རྒྱུའི་སྐལ་བཟང་གི་གོ་སྐབས་ཕྲན་བུ་ཞིག་བྱུང་བ་རེད། དངོས་གནས། ཁ་བརྡའི་གླེང་སྟེགས་སུ་སླེབས་པའི་སྙན་རྩོམ་མང་ཆེ་བ་ཞིག་ནི། ཚིག་སྦྱོར་གྱི་འགྲོས་དང་བརྗོད་བྱའི་ནང་དོན་སོགས་གང་ཅིའི་ཆ་ནས་བལྟས་ཀྱང་། ངོ་མཚར་བའི་གནས་འབའ་ཞིག་ལས་མི་འདུག འོན་ཀྱང་། སྙུག་ཐོགས་པ་འགའ་ཞིག་ནས་སྙན་རྩོམ་སོགས་འབྲི་བའི་ཚེ་ན། རང་ཡུལ་གྱི་གྲོང་སྐད་ཁོ་ན་ལ་བེད་སྤྱོད་བྱེད་བཞིན་འདུག་པ་ནི། ཆེས་མི་རུང་བའི་གནས་ཚུལ་ཞིག་རེད། ཇི་སྐད་དུ། འཇམ་མགོན་མི་ཕམ་པའི་ཞལ་ནས། གཙུག་ལག་ཤེས་པའི་བློ་གྲོས་ཅན།།ཉི་མ་བཞིན་དུ་འཇིག་རྟེན་རྒྱན།།ཞེས་དང་། དམུས་ལོང་སྟོང་གིས་བགྲོད་དཀའ་བའི།།ལམ་རྣམས་མིག་ལྡན་གཅིག་གིས་གཅོད།།ཅེས་གསུངས་པ་བཞིན།ཁྱེད་རྣམས་ནི། ངེད་ཅག་དམུས་ལོང་བག་འཁུམས་པ་ཚོའི་སྣེ་འཁྲིད་པ་ཤ་སྟག་ཡིན་པའི་ཕྱིར་ན། རྣམ་ཀུན་ཐུགས་རྒྱ་ཆེར་བསྐྱེད་དང་།གཟིགས་རྒྱང་རིང་ཙམ་གནང་རྒྱུ་གལ་ཆེ་བར་སེམས། གལ་ཏེ། ཁྱེད་རང་ཚོས། ད་དུང་ཡང་མུ་མཐུད་དེ་འདི་ལྟར་གནང་བ་ཡིན་ན། ཕྱིས་སུ་རིམ་བཞིན། ལད་ཟློས་འཁྲབ་མཁན་ཇེ་མང་དུ་ཕྱིན་ཏེ། མ་འོངས་པར་རང་རེའི་སྐད་ཡིག་གཉིས་ཀྱི་དབར་ལ་སྔར་བས་ཀྱང་། དཀའ་རྙོག་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་པར་གོར་མ་ཆག འོན་ཏེ། ཁྱེད་ཅག་གིས། ང་ཚོས། བོད་ཀྱི་སྐད་དང་ཡི་གེའི་བར་གྱི་གནས་ཚུལ་ལ་ཅི་ཡང་མི་སེམས། ང་ཚོས། མུ་མཐུད་ནས་གྲོང་སྐད་ཁོ་ན་ལ་སྤྱད་པར་བྱའོ།།ཞེས་ཨུ་ཚུགས་ཀྱི་གཡག་རྒོད་ལ་འཆིབ་རྐྱང་བྱེད་པར་མོས་ན། རང་རེའི་བོད་ནི་རང་དབང་མེད་པའི་མི་རིགས་ཤིག་ཡིན་རུང་། ཁ་བརྡའི་དྲ་རྒྱ་ནི། རང་དབང་གི་གླེང་སྟེགས་ཡངས་པོ་ཞིག་རེད་འདུག་པས། ཁྱེད་རྣམས་ཅི་དགར་མཛོད་ཅིག་དང་། གླེན་པ་བདག་ཀྱང་། ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་ཀྱི་ངང་བསྡད་རྒྱུ་ལས་གཞན་པའི་ཐབས་ཅི། གང་ལྟར། སླད་མའི་རེ་བ་ཆུང་ངུ་ཞིག་ལ། ཁྱེད་རང་ཚོས་སྤྱད་དང་སྤྱོད་བཞིན་པའི་ཕལ་སྐད་ཀྱི་མིང་ཚིག་དེ་དག་ལ། ཁ་བརྡའི་རྩོམ་སྒྲིག་འགན་འཁུར་བའམ། འབྲི་མཁན་སོ་སོས། བརྡ་སྤྲོད་སྤྱི་འགྲོས་ཀྱི་ལམ་ནས་ཁ་གསལ་གོ་བརྡའི་འགྲེལ་བཤད་རེ་བགྱི་ན་ཅི་འདྲ་འདུག་གམ། གལ་ཏེ། ཁྱེད་ཚོས་བྲིས་དང་འབྲི་མུས་ཀྱི་ཕལ་ཚིག་དེ་དག་རང་དགར་བཞག་པ་ཡིན་ན། ཁྱེད་རང་ཚོར། རང་ཉིད་ཀྱི་ཡིག་འཕྲེང་ཉག་ཉོག་དེ་ཚོས། སྤྲོ་བདེ་སྤུ་གཟེང་གི་ཚོར་བ་ཉི་ཚེ་བ་རེ་སྟེར་ལགས་ཀྱང་། དངོས་འབྱུང་གནས་ཚུལ་ལ། ཁྱེད་ཅག་གིས། ཡིག་ཉོག་དེ་དག་གི་ལམ་ནས་ཅི་ཞིག་མཚོན་གྱི་ཡོད་པ། རང་ཉིད་དང་གྲོང་སྡེ་གཅིག་པའི་མི་འགའ་ཞིག་མ་གཏོགས། ཡུལ་ལུང་གཞན་གྱི་མི་ཚོས་ཕྱོགས་ཙམ་ཡང་རྟོག་མི་ཐུབ་པ་ནི། སྨོས་ཅི་དགོས། དེས་ན། ཁྱེད་ཅག་གི་ཡིག་ཉོག་དེ་དག་གིས། རིག་གཞུང་འཕར་འདེགས་དང་། མི་རིགས་ཀྱི་སྲི་ཞུར་འགྱུར་བ་ཕར་ཞོག རང་ཉིད་ཀྱི་ཆུ་ཚོད་ཀྱང་སྟོང་ཟད་དུ་འགྲོ་བར་ངེས། ད་ནི། སྨྲ་བ་མང་ན་ཉེས་པའི་རྒྱུ་རུའང་འགྲོ་སྲིད་པས། འདིར་མཚམས་བཞག་ན་ལེགས་སོ།།

  103. གཞོན་ནུ་ཟླ་མེད says:
    2011-05-21 at 4:19 pm

    ལ་སྟོད་བུ་འདིའི་ཚིག་ལ་ཚོད་འཛིན་མེད་ཀི།།
    ཀ་དག་རྫོགས་ཆེན་ཕར་རྩོད་ཚུར་རྩོད་བྱེད་དུས།།
    གསར་མའི་གྲུབ་ཆེན་ར་ལོ་རྡོར་བྲག་གླེང་པ།།
    བསམ་བཞིན་ཆོས་བརྒྱུད་གཞན་ལ་ཅོ་འདྲི་འེ་ཡིན།།

    རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་ར་ལོ་རྡོ་བྲག།
    བཀའ་བརྒྱུད་ས་སྐྱ་དགེ་ལུགས་ཡོངས་ཀྱིས་དད་ས།།
    ཁྱོད་ཚོས་རྩོད་པའི་ཐེག་པ་རིམ་པ་དགུ་སོགས།།
    ཕར་བཤུ་ཚུར་བཤུ་བྱེད་དང་འབྲེལ་བ་འདུག་གམ།།

  104. གཞོན་ནུ་ཟླ་མེད says:
    2011-05-21 at 4:33 pm

    ན་མོ་ན་མོ་ཟེར་ནས་དགྱེས་པ་རྡོར་རྗེ་སླེབས་སོང་།།
    ན་མོ་ན་མོ་ཟེར་ཞིང་ཐལ་མོ་སྦྱར་ནས་སླེབས་སོང་།།
    ན་མོ་ན་མོ་ཟེར་བཞིན་རྡོ་རྗེ་ཁུ་ཚུར་བསྣུམས་སོང་།།
    ན་མོ་ན་མོ་ཟེར་བའི་ཞེ་སྡང་ཅན་ལ་འདུད་དོ།།
    ན་མོ་ན་མོ་ཟེར་ནས་སྙན་ངག་ཐར་ཐོར་བྲིས་པ།།
    ན་མོ་ན་མོ་ཟེར་ནས་ཚིག་གི་ལོ་མ་མང་པས།།
    ན་མོ་ན་མོ་དོན་གྱི་འབྲས་བུ་མཐོང་ཐབས་མི་འདུག།
    ན་མོ་ན་མོ་བླ་མ་སྒོམ་ལ་བཞུགས་ན་འེ་དྲག།

    ཤྲྰི་ཤྲྰི་ཟེར་ཞིང་འདི་ནས་ཡང་ཡང་བྲོས་སོང་།།
    ཤྲྰི་ཤྲྰི་ཟེར་ཡང་ཤི་རྒྱུ་གཏན་ནས་མི་འདུག།
    ཤྲྰི་སྨྱོན་པ་འདི་ནི་དོན་གྱི་སྨྱོན་པར་ངེས་པས།།
    ཤྲྰི་བཛྲ་གསོར་ཞིང་གསོར་ཞིང་བསྣུམས་སོ།།

  105. དྲི་མེད་ལྷག་བསམ། says:
    2011-05-21 at 5:00 pm

    ༄༅། །རྨི་ལམ་དབང་ཕྱུག་དཔལ་དགྱེས་པ་རྡོ་རྗེ་ལ་གསོལ་བ་སྟོང་འཇུག་དུས་མེའི་འོད་སྣང་ཞེས་བྱ་བ། །ན་མོ་གུ་རུ། །སྣང་བའི་ཆོས་སོ་ཅོག་གཅིག་ཏུ་བསྡུས་པའི། །མཛེས་པའི་སྐུ་མཆོག་ལ་བལྟས་པས་མི་ངོམ། །སྟོང་པའི་ཡེ་ཤེས་ལ་ཕྱོགས་འཛིན་ཞིག་པས། །ཆོས་དབྱིངས་ཀུན་ཁྱབ་ཀྱི་མ་དེས་སྐྱོངས་ཤིག །སེམས་བསྐྱེད་ལྷག་ཅན་ཞེས་ལྷ་ཡི་བུ་མཆོག །ས་སྐྱོང་མཉེས་པ་ལས་མཚན་ཏུ་གསོལ་བ། །རྨི་ལམ་དབང་ཕྱུག་གི་རྣལ་འབྱོར་ཆེན་པོ། །དགྱེས་པ་རྡོ་རྗེ་ཞེས་གྲགས་པ་མིན་ནམ། །ཆུ་བུར་མིག་ལམ་ཏུ་སྐུ་མཆོག་མ་མཇལ། །སྒྲ་འཛིན་བུ་ག་ལ་ཁྱོད་གསུང་མ་ཞུགས། །གློགས་རྡུལ་རྩིས་འཁོར་ལས་རྩོམ་འགའ་མཇལ་བས། །མ་འདྲིས་གྲོགས་མཆོག་ཏུ་གྱུར་བ་རྟེན་འབྱུང་། །ཉི་་ཟླ་གཟའ་སྐར་སོག་སའབྱུང་བཞིའི་འགྱུར་བ། །རྩ་རླུང་ཐིག་ལེ་ཡི་བབས་དང་འགྲོགས་ཏེ། །ཚོགས་བརྒྱད་རྟེན་འབྲེལ་གྱི་སྒྱུ་འཕྲུལ་ཤར་བ། །ཐུགས་གསུང་སྐུ་མཆོག་གི་རྡོ་རྗེའི་རོལ་བ། །ཚུལ་ཁྲིམས་སྙིང་རྗེ་དང་བསྐྱེད་རྫོགས་ཉམས་ལེན། །པྱི་ནང་གསང་བ་ཡི་དད་པར་འབྲེལ་བས། །སྐྱབས་གསུམ་རྣམ་བཞག་བཞིས་ཐུགས་དམ་གཙང་ན། །ཐུབ་བསྟན་རྩ་བ་དེ་ཉིད་ཀྱིས་ཟིན་འདུག །རྒུད་པའི་རྩ་བ་དེ་བདག་འཛིན་འཆིང་བ། །ཐབས་མཁས་གཞན་གཅེས་ཀྱིས་ཆམ་ལ་ཕབ་ནས། །ཟུང་འཇུག་བཞི་སྦྱོར་ཀྱི་ཉམས་ལེན་གཙང་མ། །ཐེག་ཆེན་གཞུང་ཤིང་ལ་རང་བྱན་ཆུད་འདུག །སྣང་དང་མི་སྣང་དང་ཕྱེད་སྣང་གྲིབ་གཟུགས། །སྣང་བ་མཆེད་པ་དང་ཉེར་ཐོབ་བསམ་གཏན། །གཟུགས་ཅན་གཟུགས་མེད་དང་སྟོང་གཟུགས་ཕྱག་རྒྱ། །བདེ་ཆེན་སྟོང་ཉིད་དང་སྣང་སྟོང་ཟུང་འཇུག །གྲིབ་ཐུར་གཅིག་པུ་ལ་འཁོར་འདས་རྫོགས་པས། །དབྱངས་འཆར་གཡུལ་རྒྱལ་དེ་སྤྲོས་བཅས་ངག་དབེན། །དུས་མེད་དུས་འཁོར་ཀྱི་ཞལ་ལ་གཟིགས་དང་། །རྫོགས་ཆེན་འོད་གསལ་གྱི་གདམས་པ་སྦས་ཡོད། །རིགས་པསརྙེད་དོན་གྱི་སྟོང་ཉིད་དགའ་མ། །བླ་མའི་གདམ་ངག་གི་བུ་དང་འབྲེལ་ནས། །མཉམ་རྗེས་རིས་མེད་ཀྱི་མལ་ས་གཙང་མར། །བདེ་སྟོང་ཁ་སྦྱོར་ཀྱི་སྒྱུ་རྩལ་ངོམ་འདོད། །ལས་ངན་ལྷག་བསམ་གྱི་ཁ་ཡི་འཇའ་ཚོན། །ཚ་རླབས་ལྷགས་སྐྱོབས་ཀྱི་གོས་སུ་མི་འོས། །སོ་ནམ་མ་བྱས་པའི་འབྲས་བུར་ཡིད་སྨོན། །རིང་ནས་གོམས་པ་ལ་བཅོས་ཐབས་མི་འདུག །རྨི་ལམ་དབང་ཕྱུག་གི་ལུང་བསྟན་མན་ངག །རེ་བའི་རྒྱ་མཚོ་ཡི་སྣོན་མ་ཆགས་ཡོད། །རྒྱ་བོད་ཞི་བདེ་ཡི་ཉི་མ་ཤར་ཚུལ། །རྣ་བར་གོ་ཙམ་ཡང་ཡང་བསྐལ་བ་བཟང ངོ། །ཆོས་མེད་ལྷ་རྒོལ་གྱི་མི་རིགས་ལྟ་བ། །དྲིན་ལན་ལོག་འཇལ་གྱི་བོད་དོན་གཉེར་ཐབས། །མུན་ནག་མདའ་འཕེན་གྱི་བོད་རིགས་ལ་རྒྱ། །ཐབས་ཟད་གཡང་མཆོང་དེ་མཐོང་ན་་སྐྱོ་འོ། །ང་ལ་རྗེས་འབྲང་གི་མཁས་པ་མེད་ཀྱང་། །དྲི་མེད་ལྷག་བསམ་གྱི་འོ་མའི་མཆོད་པ། །རང་ཕྱོགས་ཆེ་དགུ་ལ་འབུལ་སྣང་ཤར་སྟེ། །ཐལ་བ་གདོང་འདེབས་ལས་བཞེས་མཁན་མི་འདུག །སུ་དང་མི་མཐུན་པ་སྨྱོན་པའི་ལྷག་བསམ། །ནོར་མེད་ཚིག་སྟོང་དེ་ཁ་མཆུའི་སྣོན་མ། །རི་བོང་རྭ་ཅན་དེའི་་ཕྱོགས་སུ་ཆད་པས། །ཨུ་ཐུག་ཉམས་ལེན་ལ་བཙན་གྱིས་སྦྱར་སོང་། །ད་དུང་ལྷག་བསམ་གྱི་རྒྱ་མཚོ་མ་བྲི། །སྣང་བ་སྒྱུ་མ་ལ་བློ་ཁ་ཕྱོགས་ཏེ། །དམ་པ་ཆེ་དགུ་ལ་འབོད་བསྐུལ་ཞོར་ཏུ། །སྒྱུ་མའི་ཟློས་གར་ཞིག་བརྩེ་བཞིན་ཆས་འགྲོ། །རྨི་ལམ་དབང་ཕྱུགས་ཀྱི་ཐུགས་ཀྱི་དགོངས་ལ། །བསྟན་དང་འགྲོ་བ་ཡི་དོན་ཆེན་འགྲུབ་ནས། །མཚུངས་མེད་བླ་མ་ཡི་ཐུགས་དགོས་རྫོགས་པའི། །བདེན་ཚིག་རྡོ་རྗེ་ཡི་ཕྱག་རྒྱས་སྐྱོངས་ཤིག ། ཞེས་གསུང་མགུར་ཀུ་མུད་ཏའི་དྲི་བཟང་མཇལ་མ་ཐག་དྲི་མེད་ལྷག་བསལ་གྱིས་ཤར་མར་བྲིས་ཏེ་ཕུལ། །

  106. དྲི་མེད་ལྷག་བསམ། says:
    2011-05-21 at 11:59 pm

    བཅོས། །རྨི་ལམ་དབང་ཕྱུག་གི་ཐུགས་ཀྱི་དགོངས་པ། །

  107. དྲི་མེད་ལྷག་བསམ། says:
    2011-05-22 at 3:00 am

    ༄༅། །རེ་ཞིག་ངལ་གསོ་བ། ད་ནི་ཉིན་བདུན་ལ་འཕོ་སྐྱེས་བཏེགས་ནས། །ཡང་སྐྱར་ཕྱིར་འཁོར་གྱི་དུས་ཤིག་བྱུང་ཚེ། །ཀླུ་སྨྱོན་དཔའ་བོ་ཡི་བདེ་ཆེན་འབོད་སྒྲས། །དྲ་གྲོགས་གདུང་སེལ་གྱི་སྨོན་པ་འཆའ་འོ། །རྨི་ལམ་དབང་ཕྱུག་དེ་སྐུ་ཁམས་བདེ་མོ། །བན་བོན་གཞོན་ནུའི་ཚོགས་ཐུགས་སྣང་མཐུན་པོ། །བཀའ་རམ་ལ་སྟོད་རྣམས་གཟིགས་རྒྱ་ཡངས་པོས། །ཀ་བརྡའི་དྲ་བ་དེ་ཞི་བདེར་འགྱུར་ཤོག།

  108. སྤོབས་པ་མཐའ་ཡས། says:
    2011-05-22 at 3:40 am

    རྣམ་པ་ཚོས་ཐུགས་ཁྲལ་མ་བྱེད། ཀླུ་སྨྱོན་ནི་ས་སྐྱ་བདག་ཆེན་ཚང་གི་བདག་མོ་ཚོ་དང་ལྷན་དུ་བདེ་འཚམ་ངང་བཞུགས་འདུག་ཟེར། ཉིན་ཞིག་ལ་ཕྱིར་ཁ་བརྡ་ལ་མཉམ་ཞུགས་གནང་བའི་རེ་བ་ཡོད།

  109. སློབ་དཔོན་ཀརྡོ་ says:
    2011-05-22 at 7:04 am

    ཀླུ་སྨྱོན་འཚམས་ལ་བཞུགས་པ་དེ་བས་བཟང་། འབྱུང་འགྱུར་ཁོང་གི་སྙན་ཚིག་ནང་གི་འཁྲིག་ཚིག་ཚང་མ་རྡོ་རྗེའི་ཀླུ་རུ་ལེན་སྲིད་པ་རེད། །དེ་ཡང་དགེའོ། །

  110. མེ་ཏོག་དཀར་པོ། says:
    2011-05-22 at 7:25 am

    སློབ་དཔོན་ཀ་རྡོ་ཁྱེད་ཀ་རྡོ་རབ་འབྱམས་པ་ཨེ་ཡིན།

  111. བོན says:
    2011-05-22 at 7:59 pm

    ཀ་དག་གཞི་དབྱིངས་ཆེན་མོ།
    གདོད་ནས་རྣམ་པར་དག་ཀྱང།
    ལྷུན་གྲུབ་གཞན་སྣང་བཟུང་བས།
    ཐམས་ཅད་བསྒྲལ་ཞིང་བསྒྱུར་སོང།

    རང་ཤར་རང་རྩལ་མ་ཤེས།
    རང་བྱུང་རང་རིག་མ་མཁྱེན།
    རང་གཞན་འཛིན་པའི་ནད་ཀྱིས།
    རང་མེད་མི་མེད་བཟོས་འདུག

    གྲུབ་ཐོབ་ཆེན་མོ་རྭ་ ལོ་ཙཱ་བའི་སྤྲུལ་པར་བརྫུས་པ་དཔལ་དགྱེས་པ་རྡོར་རྗེའི་སྔོན་བྱུང་གི་ལོ་རྒྱུས་ རྣམ་པར་ཐར་པ་བདེ་བླག་ཏུ་རྟོགས་ཕྱིར་ཚིག་ལྷུག་པར་བཅད་དེ་མདོར་བསྡུས་ཤིག་ འབྲི་བ་ལ།
    ༡༽གྲུབ་པ་ཐོབ་པ་ནམ་མཁར་ བྱ་བཞིན་འཕུར་ལ་མཁས་པ་འཁོན་བལ་པོའི་སྲས་འཁོན་ཤཱཀྱ་བློ་གྲོས་བྱ་བས་རཱ་ལོ་ཙཱ་ བར་འཕྲག་དོག་བྱས་པ་ལ་བརྟེན་ནས་དགུག་གཞུག་་མཛད་པས་བླ་མའི་གཟུགས་ལུག་འདྲ་བ་ ཞིག་བྱུང་སྟེ་ལིངྒ་ལ་ཐིམ་པ་དང་ལིངྒ་རླངས་པ་ཕྱུར་གྱིས་བྱུང་བ་ཀུན་གྱིས་མཐོང།
    སྦྱིན་སྲེག་གྲོལ་ནས་ཡུད་ཙམ་སོང་བ་ན།
    འཁོན་ཤཱཀྱ་བློ་གྲོས་སྐུ་གཤེགས་དེར་གནས་སྤར་གདམས་པ་ཟབ་མོས་འཇམ་དཔལ་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་འཕང།

    ༢༽ལ་སྟོད་སེ་ཐར་དུ་ བྱོན་ཙམ་ན་ལང་ལབ་བྱང་ཆུབ་རྡོ་རྗེས་རཱ་ལོར་རྒྱབ་བསྟན་ནས་བཞུགས་པར་མ་མཉེས་ནས་ རཱ་ལོས་མངོན་སྤྱོད་ཏིང་འཛིན་པས་བཀྲོང་བ་དང་དེ་རྗེས་ཁོང་གི་འཁོར་གཡོག་སློབ་ བུ་དྲག་མ་རྣམས་ཀྱང་རྐྱེན་ངན་སྣ་ཚོགས་པས་རིམ་གྱིས་རྐྱེན་འདས་སུ་སོང་བ་དང།་ ཟླ་བ་གཅིག་གི་ཁོངས་སུ་ལང་ལབ་འཁོར་བརྒྱ་དང་བཅས་པ་བསྒྲལ་ཏེ་འཇམ་དཔལ་དང་པོའི་ སངས་་་སུ་བསྐྱལ་ལོ།

    ༣༽མཁའ་འགྲོ་སེང་གདོང་ མ་ཡི་གྲུབ་ཐོབ་སེ་སྟོན་བསོད་ནམས་ཞེས་བྱ་བ་དང་འཁོན་པར་རཱ་ལོས་ནངས་པར་སོང་བ་ ན་སེ་སྟོན་རྒྱུ་གཟེར་གྱིས་བསྙུན་ནས་གྲོངས་འདུག་སྟེ། མཁའ་འགྲོ་མ་རང་གཤེད་དུ་བབས་པ་ཡིན་གསུངས།

    ༤༽བོན་པོ་མང་པོ་རྫུ་འཕྲུལ་གྱིས་བཏུལ།

    ༥༽དེ་ནས་རཱ་ལོ་རྟ་ནག་ ཏུ་བྱོན་ཏེ་སློབ་མ་རྒྱ་ཆེར་བསྐྱངས་པའི་རྟ་ནག་འགོས་ལོ་ཙཱ་བ་ཁུག་བྱ་པ་ལྷས་ བཙས་བྱ་བ་དང་འཁོན་འགྲས་བྱུང་བར་རཱ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་ཏིང་འཛིན་དུ་ བཞུགས་ཏེ་རྡོ་རྗེ་གྲི་ཁུག་ལས་སྦྱོར་མཛད་པས་ཟླ་བ་གཅིག་ནས་འགོས་ལོ་སྐུ་འདས་ ཏེ་འཇམ་དཔལ་གྱི་ཞིང་དུ་དྲངས་ནས་བསྐྱལ་ལོ།

    ༦༽དེར་རྟ་ནག་གི་གྲོང་མི་རྣམས་ཀྱིས་རཱ་ལོས་ངེད་ཅག་གི་བླ་མ་བཀྲོང་བས་དམག་དྲངས་དགོས་ཟེར་ཏེ།
    དེར་གྲོང་ཁྱེར་བདུན་ཅུའི་ མི་རྣམས་ཀྱིས་དམག་དྲངས་ནས་འོང་པ་ལ། བླ་མས་ཐུན་འཕངས་པས་ཐམས་ཅད་ཁྲག་སྐྱུགས་ཏེ་ཤི་ནས་གོ་མཚོན་ཐམས་ཅད་ཀྱང་དུམ་བུར་ བཏངས།

    ༧༽དར་མ་མདོ་སྡེ་དང་ འཁོན་འགྲས་བྱུང་བར་དར་མ་མདོ་སྡེ་འདི་མ་བསྒྲལ་ན་ཉིད་ཀྱིས་བསྒྱུར་བའི་ཆོས་ རྣམས་སྣུབ་པར་གཟིགས་ཏེ་མགོན་པོ་འཁོར་བཅས་བཀུག་ནས་མངོན་སུམ་དུ་བྱུང་བ་ལ། དར་མ་མདོ་སདེའི་སྲོག་འཁྱེར་ལ་ཤོག་ཅིག་གསུངས་ནས། ཡུད་པ་གཅིག་ནས་ཐོད་པའི་ནང་དུ་སྙིང་གཅིག་བཅུག་ གྲི་ཁུག་གིས་ཁ་བཅད་ནས་ཁྱེར་བྱུང་སྟེ། འདི་ལར་ནས་བསྟན་འཛིན་བཟང་པོ་ཞིག་འདུག་རུང་ཐུགས་རྒྱལ་ཆེ་བས་ཉིད་ཀྱི་བཀའ་ རྒྱུད་ལ་གནོད་པར་འདུག་པས་འཁྱེར་ཡོང་བ་ཡིན། སངས་ཉིན་རང་དར་མ་མདོ་སྡེ་རྟས་བསྐྱུར་ནས་གྲོངས་ཏེ་འཇམ་དཔལ་གྱི་ཐུགས་ཁར་སྤར་ རོ།

    ༨༽བོན་པོ་གཤེན་ཏེ་ཐུལ་གྱིས་བླ་མ་དཔོན་སློབ་ལ་ཐོག་འབེབས་སུ་བྱུང་བ་ལ། བླ་མས་སྡིག་འཛུབ་བྱས་པས་ཁོ་རང་ལ་སླར་ལོག་སྟེ་ཤི།

    ༩༽ཟངས་མཁར་ལོ་ཙཱ་བ་དང་ འཁོན་འགྲས་བྱུང་ནས་མཐུ་རྒྱས་བྱས་པར་ཞག་བདུན་ནས་སྲོག་ཕྲ་མཚམས་སུ་ལྷོག་པ་ བྱུང་ནས་ཟངས་མཁར་ལོ་ཙཱ་བ་གཤེགས་ཏེ་འཇམ་དཔལ་གྱི་ཞིང་དུ་སྤྱན་དྲངས་སོ།

    ༡༠༽དེ་ནས་སྟག་སྣར་ བྱོན་ནས་བདེ་མཆོག་ལ་མཁས་ཤིང་ནུས་པ་ཐོན་པའི་ལོ་ཙཱ་བ་རྒྱུས་སྨོན་ལམ་གྲགས་ཞེས་ བྱ་བ་དང་འཁོན་འགྲས་བྱུང་བར། བླ་མ་དཔལ་རྡོ་རྗེ་འཇིགས་བྱེད་དུ་བྱས་ནས་གྲི་གུག་གིས་བསྣུན་པས་མཐུ་སྒྲུབ་ རྫས་དང་དཀྱིལ་འཁོར་ཐམས་ཅད་ཐལ་བར་སོང། རྒྱུས་ལོ་ཉིད་ཀྱང་ཚལ་པར་འཐོར་ནས་སྐུ་གཤེགས་ཏེ་རྗེ་བརྩུན་འཇམ་དཔལ་དབྱངས་ཀྱི་ ཞིང་ཁམས་སུ་དྲངས་སོ།

    ༡༡༽་དེ་ནས་སྐྱི་འཕྲང་ དུ་བྱོན་ནས་འབྲེ་ཤེས་རབ་བླ་མ། སུམ་པ་དབང་ཚུལ། རྐྱང་པོ་གྲགས་པ་སོགས་དང་འཁོན་འགྲས་བྱུང་བར་རཱ་ལོས་མཐུ་རྒྱབ་སྟེ་འབྲེ་སྨྱོས། སུམ་པ་འདས། རྐྱང་པོ་ལ་མཛེ་བྱུང་ངོ།

    ༡༢༽དེ་ནས་ལྷ་ས་ན་སྐྱོ་ འདུལ་བ་འཛིན་བྱ་བའི་དགེ་བཤེས་ཚེ་བར་གྲགས་པས། རཱ་ལོར།ཁྱོད་རབ་ཏུ་བྱུང་བའི་མཁན་པོ་བྱེད་པ་ལ། མཁན་པོའི་ཡན་ལག་དགེ་སློང་འདུལ་བ་ཤེས་པ་གཅིག་དགོས་པས། ཁྱོད་ནུབ་རེ་བཞིན་ཤ་ཆང་ལ་ལོངས་སུ་སྤྱོད། སྐབས་སུ་མི་ལ་མཐུ་གཏད་ནས་གསོད། ལྐོག་ཏུ་བུད་མེད་བསྟེན། ཁྱོད་འདྲས་མཁན་པོ་བྱེད་པ་བསྟན་པ་ལ་གནོད་ཟེར། ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། བུད་མེད་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། དམ་ཉམས་སྒྲོལ་བ་སྔགས་ཀྱི་དམ་ཚིག་ཡིན། ང་ཡི་དེ་ལྟར་ཤེས་པའི་གནས་སྐབས་ལ། འདུལ་འཛིན་དགེ་སློང་དག་དང་འགལ་བ་མེད། དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱོད་ཀྱང། ཞག་བདུན་ཐོ་རེངས་གཤེགས་སུ་གསོལ། ལས་སོགས་འཁོན་འགྲས་བྱུང་བར།
    ཞག་བདུན་གྱི་ཐོ་རེངས་སུ་སྐྱོ་འདུལ་འཛིན་གྱི་ལུས་ངག་ཡིད་གསུམ་རེངས་ཏེ་ཤི།

    འདིར་ཁོང་གི་སྐྱེས་རབ་ གོང་མས་ཇི་ལྟར་གནང་ཚུལ་གྱི་མཛད་པའི་ཆ་ཤས་ཤིག་ཡིན་པས་ཐམས་ཅད་འབྲི་དགོས་ན་ རྣམ་ཐར་གྱི་དབུ་ནས་འཇུག་གི་བར་དུ་གྲུབ་ཐོབ་དང་མཁས་པ་ལས་སོགས་ཀྱི་སྲོག་ དབུགས་འཕྲོག་པའི་འཕྲིན་ལས་ཤ་སྟག་ཏུ་ཡོད་འདུག་མོད་འོན་ཀྱང་དེང་གི་དུས་འདིར་ འདི་ལྟའི་རྣམ་ཐར་སྒྲོག་ཚེ་ནང་པ་རྣམ་དག་སུ་ཡིན་མིན་དེ་ནས་ཤེས་ཐུབ།
    ཁ་ནང་དུ་འཁོར་ནས་བསམ་གཞིགས་གཏོང་དགོས་པ་ནི་ཤིན་ཏུ་ནས་གནད་ཆེའོ།

  112. བོན says:
    2011-05-22 at 8:02 pm

    དགྱེས་རྡོ་ཤི་སོང་མེད་ན་ད་ཤོག་དང་། །ལན་མེད་གཡག་གི་དམ་བཅའ་བགད་རེ་བྲོ། ཧ ་ ཧ

  113. སློབ་དཔོན་ཀརྡོ་ says:
    2011-05-22 at 8:24 pm

    ༡༡༠༽ མེ་ཏོག་དཀར་པོ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༢ གི་ཆུ་ཚོད་ ༧ སྐར་མ་ ༢༥ སློབ་དཔོན་ཀ་རྡོ་ཁྱེད་ཀ་རྡོ་རབ་འབྱམས་པ་ཨེ་ཡིན།
    ཞེས་པའི་ལན་དུ། ལགས་ཡིན། དེང་སང་རབ་འབྱམས་པ་ག་ཚོད་རྙིང་ཡང་འབུམ་རམས་པའི་ས་ལ་འགྲོ་ས་འགགས་ཙང་། ང་རང་ལ་ཨེལ་ཊའི་མཐོ་སློབ་ཀྱི་དགེ་མིང་གཅིག་ཡོད་ཙང་། སློབ་དཔོན་གྱི་མིང་གིས་ཡར་རང་འདེགས་ཐུབ་པའི་རེ་བ་བཅང་ནས་སྨྱུག་མིང་དེ་ཡང་བསྒྱུར་བ་ཡིན་ལགས། རང་གིས་རང་གི་སེམས་གསོའི་ཕྱིར་རོ། །དགེའོ། །

  114. སློབ་དཔོན་ཀརྡོ་ says:
    2011-05-22 at 8:50 pm

    བོན་གྱིས། རའ་ལོ་ཙ་བ་ལག་དམར་བ་ཡིན་པ་རང་རྣམ་མམ་རྣམ་ཐར་གྱིས་བསྒྲུབས་ཐུབ་ཀྱང་། མཐུས་བསྶྒྲལ་ཚད་འཇལ་དཔལ་གྱི་སྒོ་འཕང་ལ་བཀོད་ཐུབ་པ་སུས་སྒྲུབ་ཐུབ་བམ། དཔང་པོ་ཆོས་སྐྱོངས་ལས། བླ་མ་སངས་རྒྱས་བྱང་སེམས་གཞན་སུ་ཡོད་དམ། བོད་ཀྱི་ནང་ཆོས། བླ་མའི་ཆོས། བོན་ཆོས་མཉམ་བསྲེས། མཐུ་རྟགས་སྟོན་པ་འདིས་། བོད་ཆོས་དར་རྒྱས་ཉམས་ལེན་ལ་ཕན་ཆེ་བ་བྱུང་ཡོད་དམ། གནོད་ཆེ་བ་བྱུང་ཡོད། དེས་ན། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་མིན་ན་དཀྱིལ་འཁོར་ལྟ་བར་ཡང་མི་བྱའོ། །གསུངས་པ་འདི་ནི། དམ་ཚིག་ཅེས་པ་གནད་དོན་འདི་ལ་ཐུག་པ་མ་རེད་དམ། །དགེའོ། །
    ངའི་མཆན་བུ་འདི་ནི། དགྱེས་རྡོར་ལགས་དང་འབྲེལ་བ་གང་ཡང་མེད་ལགས། །

  115. སློབ་དཔོན་ཀརྡོ་ says:
    2011-05-22 at 9:06 pm

    བོད་ཀྱི་ར་ལོ་ཙྰ་བས་ལུག་ལོ་ཙྰ་བ་མང་པོ་གསད་པའི་སྣམ་ཐར་འདིས་བོད་ཀྱི་གསང་སྔགས་ཀྱི་བསྟན་པའི་ཞབས་འདེགས་ལས་ཞབས་འདྲེན་མང་བ་ཞུས་ཡོད་པ་སྨྲ་མི་དགོས་ཅིག་རེད་འདུག་པས་འབྱུང་འགྱུར་བླ་སློབ་ཀུན་གྱིས་གཟབ་པར་འཚལ། །ད་མཚན་དཀྱིལ་ཆགས་བགྱིད་གཟིམ་འཇམ་གནང་དགོས། །

  116. པདྨ་གེ་སར says:
    2011-05-22 at 9:41 pm

    ངས་བསམ་ན་དྲི་མེད་ལྷག་བསམ་དང་དཔལ་དགྱེས་གཉིས་མི་གཅིག་པ་རེད་སྙམས་སོང་། གང་ལྟར་
    འཇམ་དཔལ་དགྱེས་པ་རྡོ་རྗེ་རིན་པོ་ཆེས། །
    ལྷག་བསམ་སྒྱུ་མའི་རོལ་མོ་རབ་དཀྲོལ་ཞིང་། །
    ཚངས་དབྱངས་མགུར་མའི་འབྲུག་སྒྲ་སྒྲོག་པ་ལ། །
    གཟུར་གནས་བློ་ལྡན་རྨ་བྱས་ཟློས་ངོམས། །
    ལ་སྟོད་ལ་བུ་ལ་ཙི་དམར་པོ་ཁ། །
    བོན་ནག་ཆོམ་རྐུན་ལ་ཁྱི་ངོ་གཉིས་ཀྱིས། །
    སྤྲང་ཁྱི་རྒྱག་ན་གནམ་གྱི་སྐར་མ་ཟུག །
    སྤྲེལ་ཕྲུག་བསོད་ཟད་འདི་ཚོ་ཤ་རེ་ཚ། །

  117. མེ་ཏོག་དཀར་པོ། says:
    2011-05-23 at 4:02 am

    སློབ་དཔོན་དང་རབ་འབྱམས་པ་གཉིས་ལས་རབ་འབྱམས་པ་མིང་རྫིག་ག་འདུག་ག
    གང་ལྟར་ཐུགས་རྗེ་ཆེ་ཀརྨ་རྡོ་རྗེ་ལགས།

  118. བོན says:
    2011-05-23 at 5:09 am

    པད་གེ་ནས་རང་བསྟོད་པ་ལ་ལྟོས་དང་། ཧ ཧ
    ཧོ་ཧོ།
    ཀ་དག་གཞི་དབྱིངས་ཆེན་མོ།
    གདོད་ནས་རྣམ་པར་དག་ཀྱང།
    ལྷུན་གྲུབ་གཞན་སྣང་བཟུང་བས།
    ཐམས་ཅད་བསྒྲལ་ཞིང་བསྒྱུར་སོང།

    རང་ཤར་རང་རྩལ་མ་ཤེས།
    རང་བྱུང་རང་རིག་མ་མཁྱེན།
    རང་གཞན་འཛིན་པའི་ནད་ཀྱིས།
    རང་མེད་མི་མེད་བཟོས་འདུག

  119. སློབ་དཔོན་ཀརྡོ་ says:
    2011-05-23 at 5:42 am

    སློབ་དཔོན་ལ་སློབ་ཕྲུག་མ་རག་ན། རབ་འབྱམས་པ་ལ་རང་འཇགས་ལོག་འཆར་ཡོད་ལགས། མེ་ཏོག་དཀར་པོའི་དགོངས་འཆར་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། །

  120. དཔལ་དགྱེས་པ་རྡོ་རྗེ says:
    2011-05-23 at 8:08 am

    ༄༅། །སྙིང་གྲོགས་ལྷག་བསམ་དྲི་མེད་ལ་ཕུལ་བའི་གཉུག་མའི་ཐིག་ལེ་དཀར་པོ་ཁ་བཏགས་ཅེས་བྱ་བ། །
    ན་མོ་གུ་རུ་ཀ་ལ་ཙཀྲ་ཡེ། །
    ཨེ་མ་ཀུན་ཁྱབ་ཀྱི་སྟོང་གཟུགས་ཡེ་ཤེས། །ཝྃ་ཆེན་བདེ་རོལ་གྱི་སྒྱུ་འཕྲུལ་དྲ་བ། །ཟུང་འཇུག་གཉུག་སེམས་ཀྱི་ཐིག་ལེ་དཀར་པོ། །རྒྱལ་ཀུན་དགོངས་བརྒྱུད་ལ་མངོན་པར་བསྟོད་དོ། ། སྣང་སྲིད་དཔེ་ཆ་ཡི་འཇའ་ཚོན་རི་མོ། །བརྡ་བརྒྱུད་ལྷག་བསམ་གྱི་ཨེ་ཝྃ་མ་ཡ། །འོད་གསལ་སྙིང་པོ་ཡི་གཏེར་སྒོ་འབྱེད་པས། ། རྨི་ལམ་དབང་ཕྱུག་ང་སྐལ་བ་བཟང་ངོ་། ། མཚན་དཔེ་གསལ་རྫོགས་ཀྱི་སྤྲུལ་སྐུ་དམ་པ། །སྙན་རྒྱུད་མཐུན་སྣང་ལ་འདྲེན་པའི་དེད་དཔོན། །ལྷ་ཡི་ལྷ་མཆོག་གི་ལྷག་བསམ་དྲི་མེད། །དབྱངས་གསལ་རྣམ་དག་གི་རྟེན་འབྲེལ་འགྲིགས་སོང་། ། སྟོང་རྐྱང་མེད་དགག་ལ་ཞེན་ཆགས་མ་བྱས། །སྦྱོར་དྲུག་རྫོགས་རིམ་ལ་གོམས་པ་མེད་ཀྱང་། །ཕྱི་ནང་གཞན་གསུམ་གྱི་ཀ་ལ་ཙཀྲ། །རང་བྱུང་རིག་པ་ཡི་རྒྱན་དུ་ཤར་འདུག །གབ་སྦས་གསང་བ་ལ་རེ་དྭོགས་མི་དགོས། །དད་བརྩོན་ཤེས་ལྡན་གྱི་སྐལ་བཟང་སྐྱེས་བུ། །གློག་ཀླད་རྩིས་འཕྲུལ་ལས་བརྡ་དོན་སྨིན་གྲོལ། །དྲི་མེད་ལྷག་བསམ་ལ་སྒེག་མོའི་མེ་ལོང་། །གདོད་མའི་མགོན་པོ་ཡི་ཀུན་བཟང་བླ་མར། །མཉམ་ཉིད་ཆོས་སྐུ་རུ་མོས་གུས་འཁྲུངས་ན། །དགོངས་བརྒྱུད་རིག་རྩལ་གྱི་དབང་ཆེན་ཐོབ་ཡོང་། །བརྡ་དོན་རྟགས་གསུམ་གྱི་གོ་མྱོང་རྟོགས་པར། །ཡེ་གྲོལ་མན་ངག་གི་གནང་གསང་མཁྱེན་ན། །ཞི་ལྷག་རྐྱང་དེད་ཀྱི་རྩལ་སྒྲུབ་མི་དགོས། །སངས་རྒྱས་ཕྱག་འཆང་འདི་ཙིཏྟ་མ་ཎི། །ཀུན་མཁྱེན་ཡབ་སྲས་དང་ཀླུ་སྒྲུབ་ཟླ་གྲགས། །འདྲ་འབག་བསྟན་བཅོས་ལས་ཆོས་རྒྱུད་འཛིན་བཞིན། །མིག་མཐོང་ལག་ཟིན་ཞིག་དངོས་སུ་མི་དགོས། །རྩ་གསུམ་རྒྱ་མཚོ་ལ་ཉེ་རིང་མི་འདུག ། སྣང་སྲིད་ཅོག་བཞག་གི་མཐོང་རྒྱ་ཆེན་པོ། །རྒྱ་མཚོ་ཅོག་བཞག་གི་ལྷག་བསམ་དྲི་མེད། །བྱང་ཆུབ་ཅོག་བཞག་གི་ཕྱིན་དྲུག་ལྡན་ན། །རིག་པ་ཅོག་བཞག་འདི་གཉུག་ཐིག་དཀར་པོ། །སྣང་སྟོང་དབུ་མ་ལ་ཕྱོགས་ལྷུང་མི་འདུག །བདེ་སྟོང་ཕྱག་རྒྱ་ལ་གསལ་སྒྲིབ་མི་འདུག །རིག་སྟོང་ཡེ་ཤེས་འདི་རང་ངོ་ཤེས་ན། །མ་འདྲིས་ལྷན་སྐྱེས་ཀྱི་སྙིང་གྲོགས་དམ་པ། །ཉི་ཟླ་གཟའ་སྐར་གྱི་འོད་སྣང་ཇི་བཞིན། །ཕྱག་རྫོགས་དབུ་མ་ལ་གསལ་རྒྱས་རྫོགས་ཚུལ། །ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་འགགས་རྟོགས་ན། །རིས་མེད་བསྟན་འཛིན་ཞེས་བརྟགས་ན་ཆོག་གི །གསང་ཆེན་ཐབས་མཆོག་གི་འོད་སྟོང་བདག་པོ། །དམོས་ལོང་འབྱུང་བྱ་ལ་སྣང་བ་མེད་པ། །ཐ་སྙད་ཀུན་རྫོབ་ཀྱི་སྣང་ཚུལ་ཚད་མ། །ཕྱོགས་དུས་རྒྱལ་ཀུན་གྱིས་ཕྱག་གིས་མི་སེལ། །དཔལ་ལྡན་ཚོགས་གཉིས་ཀྱི་ཤིང་རྟའི་འཁོར་ལོ། །དུས་གསུམ་དུས་མེད་དུ་བསྐོར་བ་ཡིན་ན། །བོད་བརྒྱུད་བཀའ་གཏེར་གྱི་ཀ་ལ་ཙཀྲ། །གཉུག་མའི་ཡེ་ཤེས་ཉིད་འདི་ཀ་ལགས་སོ། །ལྷག་བསམ་ཁ་ཁྱེར་གྱིས་བན་བོན་རིས་མེད། །བརྩེ་གདུང་ཁ་ཁྱེར་གྱིས་གྲུབ་མཐའ་ཁྱད་མེད། །ལ་རྒྱ་ཁ་ཁྱེར་གྱིས་དགེ་མེད་སྡིག་མེད། །ཐུབ་བསྟན་ཆོམ་རྐུན་ཚོར་ཞེན་པ་ལོག་ཐལ། ། རྨི་ལམ་ལུང་བསྟན་ལ་ཡིད་ཆེས་ཡོད་ན། །ཞི་བདེའི་ཉི་མ་ཞིག་འཆར་རྒྱུ་ཡོད་ཀྱང་། །རྒྱུ་མེད་ས་བོན་ལས་འབྲས་བུ་མི་འབྱུང་། ། དོན་མེད་རེ་དྭོགས་ཀྱིས་སེམས་ལ་མི་ཕན། །རྩ་གསུམ་ཆོས་སྐྱོང་ལ་མི་ཕྱེད་དད་འདུན། །མཆོག་གསུམ་རྒྱལ་བ་ལ་སྐྱབས་འགྲོ་བྱས་ནས། །བསྟན་དགྲའི་ཆོམ་རྐུན་ལས་རྣམ་པར་རྒྱལ་ན། །རྒྱ་བོད་ཞི་བདེ་ཡི་དགའ་སྟོན་ཚེས་ཡོང་། །གཞོན་ནུ་དོན་གྲུབ་ཀྱི་བསྐལ་ཆེན་གྲངས་མེད། །ལྷག་བསམ་རྒྱ་མཚོ་ལས་བྱང་ཆུབ་ཐོབ་པ། །དྲི་མེད་ལུང་རིགས་ཀྱིས་གྲུབ་པ་མིན་ནམ། །ལས་ངན་བསླུ་ཆོས་ཞིག་གཏན་ནས་མ་རེད། །ཐུགས་དམ་ཀུན་གཙང་གི་རྡོ་རྗེའི་མཆེད་པོ། །མཆོད་མེའི་མེ་འོད་དང་སྡོང་བུ་ཇི་བཞིན། །མི་འབྲལ་འགྲོག་ཆོག་གི་ལྷག་བསམ་དྲི་མེད། །ཐུབ་བསྟན་རྩ་ལག་གི་ཕྱག་མཆོད་མཐར་ཐུག །ལྷ་མེད་ཆོས་མེད་ལ་ཆོས་ཀྱི་མཛད་སྒོ། །ཆོས་མཆེད་ནང་འཁྲུགས་ལ་ཆོས་མཐུན་སྨྲ་བ། །མཆོད་འོས་བསླུ་བ་ཚོ་གྲལ་མགོར་བཞག་ན། །བསྟན་པ་ཉམས་རྟགས་ཀྱི་རྟེན་འབྲེལ་མིན་ནམ། །བདེན་ཚིག་རྡོ་རྗེ་ཡི་བརྡ་གླུའི་ཕྱག་རྒྱ། །བདེན་རྫུན་མི་ཤེས་པའི་ཁྲམ་པའི་དོ་རར། །བདེན་ཆེན་སྡུག་སྦྱར་གྱི་དམོད་ངན་གཟིགས་དང་། །བདེན་པ་རིན་ཆེན་ང་ཐབས་ཤེས་ཟད་ཐལ། །ཞི་བའི་སྨན་མཆོག་གི་བདུད་རྩི་ཆར་བཟང་། །པདྨ་གེ་སར་ལ་སྦྲང་ཆར་ཟིལ་མ། །ལ་བོན་ཞིང་ས་རུ་གནམ་ལྕགས་སེར་བ། །དགྲ་གྲོགས་ངེས་མེད་ཀྱིས་ཁ་མཆུ་རྡོལ་འདུག ། མ་ལུས་འགྲོ་བ་རྣམས་བདེ་ཐབས་བསམ་པ། །མ་བཅོས་སེམས་བསྐྱེད་དེ་སྙིང་གི་དམ་ཚིག །མ་གཟའ་དམ་གསུམ་གྱིས་དགོངས་པར་ངེས་པས། །མ་དག་འཁོར་བ་འདི་ད་ལྟ་སྒྲོལ་ཅིག །གཤིན་ཐང་སྐྱ་མོ་ལྟར་མུན་མཐའ་འདི་ནས། །ཡིད་མཐུན་སྙིང་གྲོགས་ཀྱི་ལྷག་བསམ་དྲི་མེད། །ཕྱི་ནང་ཀུན་གསལ་གྱི་དུས་མེའི་འོད་སྣང་། །མཇལ་བར་སྐལ་བཟང་གི་དགའ་སྤྲོ་བརྟས་ཡོད། །དོན་མེད་ཚིག་སྟོང་གིས་ཨུ་ཚུགས་མིན་པར། ། །བསྟན་འགྲོའི་དོན་ཆེན་ལ་སྨོན་འདུན་བདེན་ཚིག །རྩ་གསུམ་རྒྱལ་ཀུན་ལ་དབྱིངས་ནས་བསྐུལ་བས། །འབད་མེད་ལྷུན་གྲུབ་ཏུ་བྱིན་རླབས་སྩོལ་ཅིག ། ཅེས་པ་འང་ཡིད་མཐུན་སྙིང་གི་གྲོགས་པོ་ལྷག་བསམ་དྲི་མེད་ཀྱི་སྟོང་འཇུག་དུས་མེའི་འོད་སྣང་གི་ཚ་ཟེར་ལས་ཐོལ་བྱུང་དུ་བྱང་སེམས་བདུད་རྩིའི་ཐིག་པ་འདི་ཉིད་ཤྲྰི་ཨ་ནནྟ་བཛྲའི་དུང་ཁུངས་ཡིད་ཀྱི་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས་འཇོ་བ་དག་སུག་ལས་སུ་བགྱིས་པ་དགེའོ། །

  121. དཔལ་དགྱེས་པ་རྡོ་རྗེ says:
    2011-05-23 at 8:30 am

    ཨ་རོ་ཀླུ་སྨྱོན་གྱི་ཧེ་རུ་ཀ་པ། །ཨ་ལགས་དག་མ་ཡི་ལུས་རྟེན་ཡོད་ན། །ཨ་ལན་ཐང་གཅིག་ནི་སྟེར་ཚོད་མིན་ནམ། །

  122. པདྨ་གེ་སར says:
    2011-05-23 at 3:33 pm

    ཀླུ་སྨྱོན་སང་ས་སྐྱའི་ཆོས་ཚོགས་ཁང་དུ་ཆོས་འཁོར་བསྐོར་བའི་གནས་ཚུལ་ཐོན་བཞག །དགྱེས་རྡོར་མཁན་ཆེན་ཐུགས་ཁྲལ་མ་གནང་དང་། དེ་སྔོན་ཡན་ཆོད་ལ་ས་སྐྱ་སང་གི་གྲྭ་ལོག་དེ་ལ་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་འཁྲུངས་ཀྱི་རེད་ལབ་ནས་འུར་བརྒྱབས་སོང་། །ད་ཡིན་ན་སྟབས་མ་ལེགས་པ་ཞིག་ལ་བུ་མོ་གཉིས་སྐྱེ་བཞག ལམ་སང་བསྲིང་ལོག་པ་ལྟར་ངོ་ཚ་སྐྱེ་ནས་ཡེ་ཤེས་སྤྲུལ་སྐུ་ཟེར་བ་ཚོས་ཡག་བརྗོད་ཀྱིས་གསེར་རྟ་འཇིགས་མེད་ཕུན་ཚོགས་ཀྱི་ཡུམ་མཁའ་འགྲོ་མ་ཏྰ་རེ་ལྷ་མོ་རེད་ཟེར་ཀི་འདུག ཁྲི་འདོན་ཡང་ཧ ཧ ཧ ཧ་ཧོ་་་་་

  123. བརྩོན་རྒྱམ། says:
    2011-05-23 at 3:40 pm

    ཀླུ་རྒྱལ་སྨྱོན་པ་ལགས་ཁྱེད་རང་བདེ་སྟོང་མཉམ་སྤྱོར་ལ་བྲིས་འཚུབ་ཡོད་ན་འདིར་མ་བྱོན་ན་ཆོག་འདི་ན་བན་བོན་གྱི་རང་མཚང་བསྟོན་བཞིན་དོན་མེད་ཚིག་སྟོང་གི་ལས་ལ་བྲེས་བཞིན་འདུག

  124. བརྩོན་རྒྱམ། says:
    2011-05-23 at 4:11 pm

    དྲ་གྲོགས་རྣམ་པ་ང་ཚོས་དོན་མེད་ཀྱི་ཚིག་སྟོང་འདི་འདྲ་ཞིག་གླེང་རྒྱུ་ལས་བོད་མི་རིགས་ཀྱི་བདེ་སྡུག་སྐོར་གླེང་ན་མིན་ནམ་གང་ལྟར་ང་ཚོའི་མི་རིགས་འདི་ལ་གླེང་རྒྱུ་མང་མེད་ན་ཉུང་མེད།  དཔེར་ན་བོད་རྒྱལ་ཡོངས་ཚོགས་ཆེན་སྐོར་དང་དེ་མིན་བོད་དུ་རྒྱ་ནས་དམར་གཞུང་གིས་ཉེས་མེད་བཙན་གནོན་བྱེད་དགོས་པས་དམུགས་ཡུལ་དང་རྒྱབ་ལྗོངས་གང་ཡིན་སྐོར་སོགས་ཧ་ཅང་མང་པོ་འབྲི་རྒྱུ་འདུག་པས་དེ་ཚོ་མི་གླེང་བར་སྨྱོ་གཏམ་འདྲ་མིན་ཞིག་བརྗོད་པ་དགོས་པ་དབེན།

  125. པདྨ་གེ་སར says:
    2011-05-23 at 7:41 pm

    གངས་ལྗོངས་བསྟན་སྲིད་ཉི་ཟླའི་མཁས་གྲུབ་དག་གཤེགས་ཤུལ། །
    གངས་ཅན་དཀར་པོའི་ཞིང་ཁམས་མུན་ནག་ཏུ་གྱུར་འདུག །
    རྒྱ་ཡི་ནང་ཆོས་ཏོ་ལ་འཁྲུག་རྩོད་དག་མེད་པས། །
    བོད་ཀྱི་བན་དང་བོན་ཡང་དེ་བཞིན་དུ་ཤེས་ན། །
    ཕུ་ནུས་ཁ་རྩོད་འཁོན་འཛིང་དགོས་ས་ཞིག་མ་རེད། །

  126. བློ་བཟང་ཆོས་གྲགས། says:
    2011-05-24 at 2:46 am

    མཚན་འདྲ་བ་ལ། དོན་མི་ནོར་བར་ཞུ། ༧ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ནི། ཡོངས་སུ་གྲགས་པ་གནུབ་ཟུར་མཁན་པོའམ། བླ་རུང་ཆོས་རྗེ་འཇིགས་མེད་ཕུན་ཚོག་ཞུ་བ་རྩོད་མེད་མཁས་གྲུབ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཞིག་རེད། གཏེར་སྟོན་འཇིགས་མེད་ཕུན་ཚོགས་སམ་གཞི་ཆེན་ནམ་སྤྲུལ་རིན་པོ་ཆེ། ཨོ་རྒྱན་ནམ་མཁའ་གླིང་ན་མཆོག་ནི་གཞི་ཆེན་སྙན་ལུང་དགོན་གྱི་སྤྲུལ་སྐུ་དང་། ཨ་པཾ་གཏེར་ཆེན་གྱི་སྲས་མོ་མཁའ་འགྲོ་ཏཱ་རེ་ལྷ་མོའི་ཁྱོ་ཀ་རེད།

  127. བོན says:
    2011-05-25 at 8:53 am

    དགྱེས་རྡོར་ཁྱོད་ཉིད་ལ་རྒྱབ་སྐྱོར་མ་བྱས་པའི་རྒྱུ་མཚན་ལ་ལྟས་ཏེ་གཞན་ལ་ཁ་གཏོང་རྐྱང་བྱེད་པ་ནི་ཆབ་སྲིད་དང་ཆོས་ལུགས་རིག་གཞུང་ལས་སོགས་ཀྱི་བཟང་སྤྱོད་དང་འགལ་འགྲོ་བར་ཤེས་དགོས།
    སྐབས་རེར་དྲྭ་འབུ་འགའ་ཞིག་གིས་ཧི་མི་ཞེས་ཧི་མ་ལ་ཡའི་མི་རིགས་དེ་ཚོར་ཚོད་མེད་པའི་དམའ་འབེབས་བྱེད་པའང་མཐོང་མྱོང། བོན་ལ་དེ་བཞིན་དམའ་འབེབས་བྱེད་པ་རེད།
    ངེད་ཅག་འབྲི་ཀློག་ལ་སྦྱང་བའི་རྩོམ་པ་པོ་ཡོངས་ནས་མི་རིགས་དང་ཆོས་ལུགས་དབར་ལ་ཞི་བདེ་འཆམ་མཐུན་གྱི་ལམ་སྣེ་འཁྲིད་མཁན་ཞིག་ཡིན་པར་བསམ་ནས་ནམ་ཡང་མི་རིགས་དང་ཆོས་ལུགས་ཀྱི་དབར་ལ་དཀྲུགས་གཞིར་འགྱུར་བའི་རིགས་ནམ་ཡང་མི་འབྲི་བའི་རེ་བ་དང་འབོད་བསྐུལ་ཞུ་བཞིན་ཡོད།
    ངོས་ཀྱང་རྙོག་གཞི་ལས་སོགས་མི་ལེགས་པའི་ཆ་ཡི་རིགས་ནམ་ཡང་ཐོག་མར་མགོ་འཛུགས་བྱས་པ་མེད།
    གལ་སྲིད་གཞན་ནས་མ་ལེགས་མ་འོས་པའི་ཆ་ཡི་རིགས་བྲིས་ཚེ་དེར་དགག་པ་དང་གསལ་བཤད་བྱེད་རྒྱུར་ལས་འགན་ཞིག་ཏུ་སེམས་བཞིན་ཡོད།

  128. དཔལ་དགྱེས་པ་རྡོ་རྗེ says:
    2011-05-25 at 3:07 pm

    མཐའ་མཇུག་གི་གཏམ་ནི་ཀླུ་སྨྱོན་ཐོན་རུང་མ་ཐོན་རུང་ཁྱད་པར་ཡེ་མི་འདུག ངེད་གཉིས་དམ་གཙང་རང་ཡིན་ནོ། ཐོལ་གླུ་འདི་ཁ་བརྡ་དྲ་ལ་ཞལ་འདེབས་ཅིག་ཡིན། རྗེས་སུ་ཁྱོད་ཚོད་སྒྲོ་བཀུར་ག་རེ་བྱེད་བསམ་ན་རང་དབང་ཡིན་མོད། ཁ་ཁོག་དང་ཚིག་སྔ་ཕྱི་འགལ་ན་དུས་ཚོད་སྟོང་ཟད་ཀྱི་ཆགས་སྡང་ཁོ་ན་རེད། གཟིགས་དང་གོང་གི་བོན་ནམ་ལ་སྟོད་ཟེར་བ་དེས་བན་བོན་གཉིས་མྱིག་གཡས་ནང་བཞིན་ཡིན་ལབ་པ་རེད། བདེན་ན་མིང་དེ་ལ་ཡང་མིང་ལ་ཡང་བོན་བན་ཞེས་བཏགས་ན་ལེགས། དེ་མིན་ཞ་ར་རང་གི་ཁས་བླངས་ཡོད། ལ་སྟོད་བུ་ཡིན་ན་བུ་མོ་ལ་ལྟ་ཚུལ་ཕྱོགས་རིས་བ་དོན་གྱི་ཁས་བླངས་ཡོད། དེ་འདྲའི་རིགས་ལ་བློ་གཏད་མ་བྱས་ན་ལེགས་སོ། ། སླར་སྨྲས་པ། །
    གཞོན་ནུ་ཟླ་མེད་ལུས་སྦྱོང་གནང་བར་མཁྱེན། །
    པདྨ་གེ་སར་ངག་བཅད་གནང་བར་འཚལ། །
    ལ་བུ་བོན་པོས་སེམས་གནས་བརྟེན་པར་མཛོད། །
    དགྱེས་རྡོར་ང་ཡང་རེ་ཞིག་རང་ངལ་གསོ། །
    མི་རྟག་སྟོན་ཀའི་སྤྲིན་གྱི་ལང་ཚོ་ལ། །
    སྐྱེ་རྒ་ན་འཆིའི་སྲིད་པའི་ཟློས་གར་ངོམ། །
    སྣོན་མེད་མི་ཚེ་དབང་གི་རི་ལ་ཉེ། །
    ད་ནི་རེ་ཞིག་སྒོ་གསུམ་དབེན་པར་རྒྱུ། །
    འདིར་དགེ་བས་བདག་གཞན་གྲུབ་མཐའ་ཀུན། །
    ཀུན་བཟང་ཐུགས་ཀྱི་བསྟན་པའི་རྩལ་དུ་རྫོགས། །
    རྫོགས་ཆེན་སྙིང་ཐིག་རིག་པའི་སྨིན་གྲོལ་ལ། །
    ལ་རྒྱའི་བསྟན་སྲིད་འཛིན་པའི་དཔལ་དུ་སྨོན། །
    ཐོལ་གླུའི་སྨོན་ཚིག་ཏུ་དྲ་གྲོགས་ཡོངས་ལ་ཤྲྰིས་གུས་ཕུལ། །

  129. དཔལ་དགྱེས་པ་རྡོ་རྗེ says:
    2011-05-25 at 3:11 pm

    འདིར་སྨྲས་དགེ་བས་བདག་གཞན་གྲུབ་མཐའ་ཀུན། །
    ཀུན་བཟང་ཐུགས་ཀྱི་བསྟན་པའི་རྩལ་དུ་རྫོགས། །
    རྫོགས་ཆེན་སྙིང་ཐིག་རིག་པའི་སྨིན་གྲོལ་ལ། །
    ལ་རྒྱའི་བསྟན་སྲིད་འཛིན་པའི་དཔལ་དུ་སྨོན། །
    ཐོལ་གླུའི་སྨོན་ཚིག་ཏུ་དྲ་གྲོགས་ཡོངས་ལ་ཤྲྰིས་གུས་ཕུལ། །

  130. ལ་སྟོད་བུ། says:
    2011-05-25 at 3:44 pm

    དགྱེས་རྡོར་ཁྱེད་ནས་ཕྱོགས་གཅིག་ནས་བསྔོ་སྨོན་འདྲ་བཏབ།
    ཕྱོགས་གཞན་ཞིག་ནས་ལ་བོན་ཞེས་ངན་དམོད་བྱེད་པར་དེ་ཙམ་ཡི་རངས་མི་ཞུ།
    ཐོག་མར་ཁྱེད་ནས་ལ་སྟོད་བུ་མོ་ལས་སོགས་ཀྱི་དབུ་འཁྱུད་ཅིག་བརྩམས་སོང།
    དེ་ནས་བོན་མིན་བོན་དུ་བརྫུས་པས་ཆོས་ལུགས་སྤྱི་ཡི་མིང་གི་འོག་ནས་ཆོས་ལུགས་ནང་ཕན་ཚུན་དཀྲུགས་རྒྱུའི་གཞི་འགྲམ་བཏིངས་སོང།མ་ཟད་ངས་བྲིས་པའི་མཆན་བུ་མང་པོ་ཞིག་ཆོག་མཆན་མེད་པར་ཁོས་ཡང་ནས་ཡང་དུ་འདྲ་བཤུས་རྐུས་ཏེ་བཀོད་ཀྱང་བྱས་པ་དེ་ཚོར་སོམ་ཤིག
    འོན་ཀྱང་ཁྱེད་ནས་གཏམ་མགོ་འཛུམས་ཀྱིས་བསུས་ཏེ་གཏམ་གཞུག་འཛུམ་ལ་ཁད་ཀྱིས་བསུས་པར་ཡི་རངས་ཡོད།

  131. ཀླུ་སྨྱོན། says:
    2011-05-25 at 4:02 pm

    ཟླ་གཅིག་ཙམ་གྱི་རིང་ཁོ་བོ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དྲ་ངོས་སུ་ཞུགས་མ་ཐུབ་པར་ཆོས་གྲོགས་དམ་པ་དཔལ་དགྱེས་པ་རྡོ་རྗེ་སོགས་ཀྱིས་ཐུགས་ཁྲལ་དང་བཅས་ཁོ་བོའི་སྐོར་གླེང་སློང་སྣ་ཚོགས་གནང་བར་ཐུགས་རྗེ་ཆེ་ཞུ། འབྱུང་འགྱུར་གྱི་དུས་ཚོད་ནང་དུ་ཡང་ཁོ་བོས་དྲ་རྩོམ་སྤེལ་རྒྱུ་ཧ་ཅང་ཁག་པོ་ཡིན་ན་ཡང་། ནམ་རྒྱུན་ཁྱེད་རྣམ་པའི་ལྗགས་རྩོམ་དག་ཀློག་ཅི་ཐུབ་བྱེད་ཀི་ཡིན་པ་ཐུགས་འཇག་འཚལ།

  132. མེ་ཏོག་དཀར་པོ། says:
    2011-05-25 at 4:32 pm

    so hard to come here Mr Klunyon la. Glad to see you once again in Khabdha.

  133. རྩམ་དགའ། says:
    2011-05-25 at 4:50 pm

    གཤིན་རྗེའི་རྒད་པོའི་རྒྱ་ཁར་མ་ལོན་བཏང་དང་ཟིག །
    མཛེས་མའི་ནང་ལ་འགྲོ་རྒྱུ་མ་ཕོག་བྲོས་ནས་ཡོང་། །
    དེ་རིང་གློ་བུར་དྲ་རྒྱའི་ནང་ལ་འཛུལ་དང་ཐལ། །
    ཨ་ཁུ་ཚང་ནི་བདེ་མོ་ཡིན་པས་དགའ་ནི་ཡིན། །

  134. རྩམ་དགའ། says:
    2011-05-25 at 5:01 pm

    གཤིན་རྗེ་རྒད་པོའི་རྒྱ་ཁར་མ་ལོན་བཏང་དང་ཟིག །
    མཛེས་མའི་ནང་ལ་འགྲོ་རྒྱུ་མ་ཕོག་བྲོས་ནས་ཡོང་། །
    དེ་རིང་གློ་བུར་དྲ་རྒྱར་འཛུལ་ནས་སླེབས་ན་ཡང་། །
    བདེ་མོའི་བརྡ་ཞིག་བསྟན་པ་ཙམ་ལས་བུད་སོང་ཟིན། །

  135. དཔལ་དགྱེས་པ་རྡོ་རྗེ says:
    2011-05-25 at 8:29 pm

    དེ་རིང་མཆོག་ཉིད་ཕེབས་པ་མཐོང་བས་དགའ་སྐྱོ་འདྲིས་མའི་སྣང་བ་འཆར། །
    དགའ་ཡང་དགའ་སྟེ་ཡུན་རིང་སྒུག་པའི་སྙིང་གི་གྲོགས་པོ་དངོས་དང་འཕྲད། །
    སྐྱོ་ཡང་སྐྱོ་སྟེ་ནང་གཏམ་གླེང་བའི་གོ་སྐབས་བཟང་པོ་སྐལ་བ་དམན། །
    ད་དུང་འབྱུང་འགྱུར་ཧ་ཅང་ཁག་པོ་རྩོམ་རྩལ་གནང་བ་དཀའ་གསུངས་ན། །
    ཆོས་མཆེད་ཁྱེད་ལ་འབྱུང་འདུས་འཁྲུགས་པའི་བར་ཆད་ངན་པ་མ་བྱུང་ངམ། །
    བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པར་དབྱངས་གསལ་རིག་པའི་བརྡ་སྤྲོད་འདི། །
    འཛིན་སྐྱོང་སྤེལ་བའི་ཐུགས་དམ་མ་གཡེང་སྙན་ངག་མཁན་པོ་ཧེ་རུ་ཀ །
    གསང་ཆེན་བསྟན་པའི་བཤད་སྒྲུབ་དེ་ཡང་ཡར་ངོའི་ཟླ་བའི་དཔལ་དུ་སྨོན། །

  136. བོན says:
    2011-05-26 at 7:44 am

    ཕྱོགས་རིས་མཁན་ཆེན་དགྱེས་རྡོར་གྱི་སྨོན་ལམ་ལ་ཡི་རངས་མེད།

  137. ཨར་ནག says:
    2011-05-27 at 8:35 am

    སྨྱོན་པ་ཁྱོད་རེད་ཟེར་མཁན་མི་མང་ཞིག།
    ལྐུགས་པ་ཁྱོད་རེད་ཟེར་མཁན་སུ་ཞིག་མེད།
    དགོས་པའི་དུས་ཚོད་ཚང་མ་དེ་ལ་སྤྲད་ནས།
    ཟ་འཐུང་ཉལ་སྡོད་དུས་ཞིག་ག་ན་ཡོད་དམ།།།།

  138. སློབ་དཔོན་ཀརྡོ་ says:
    2011-05-27 at 8:54 am

    དབྱངས་གསལ་རིག་པའི་བརྡ་སྤྲོད་འདི། །
    འཛིན་སྐྱོང་སྤེལ་ལ་དྭངས་བླང་བའི། །
    དྲ་གྲོགས་འཛོམས་པའི་དགའ་སྟོན་ལ། །
    ཀརྡོས་ཡི་རང་ཞོ་ཆང་འགྱེད། །
    ཀུན་གྱིས་གང་དགྱེས་མཛོད་ཅིག་ཀྱེ། །

  139. རི་བོང་བློ་ལྡན་ says:
    2011-05-27 at 1:03 pm

    ཀླུ་སྨྱོན་དོལ་སྨྱོན་སྟག་སྨྱོན་གསུམ།
    ཁ་བརྡའི་ཀ་བ་རྣམ་གསུམ་ཡིན།
    ཁ་བརྡའི་མ་འོངས་མདུན་ལམ་ཡིན།
    ཁ་བརྡའི་སྙིང་གི་ནོར་བུ་ཡིན།

    གེ་སར་ཟླ་མེད་ལས་རླུང་གསུམ།
    བུ་མོ་མཛེས་མའི་རྣམ་འགྱུར་ཡིན།
    ལག་ཤེས་མཁས་པའི་ལག་པ་ཡིན།
    ཁ་ཟས་ཞིམ་པོའི་རོ་མཆོག་ཡིན།

    ཞེས་བསྟོད་ཚིག་ཆུང་ངུའི་ལམ་ནས་ཁྱེད་རྣམས་དང་འདིར་ཡི་གེའི་ཚོགས་སུ་མ་འཀོད་པའི་ཁ་བརྡའི་ནང་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་ཁ་བརྡའི་བསྟན་པ་ཆེ་ཆེར་རྒྱས་པའི་སྨོན་འདུན་ཞུ།།།

  140. པདྨ་གེ་སར says:
    2011-05-27 at 9:14 pm

    གདོལ་བ་ནག་པོས་སྨྱོས་པ་ཀླུ་སྨྱོན། །
    སྨོན་སྡང་དམ་རལ་སྨྱོས་པ་དོལ་སྨྱོན། །
    བླུན་ལྐུགས་སྡང་བས་སྨྱོན་པ་སྟག་སྨྱོན། །
    ཆགས་སྡང་རྨོངས་སྨྱོན་དབེན་པར་གྱུར་ཅིག །
    བཀྲ་ཤིས་བདེ་ལེགས་ཁ་གཡང་སྙན་པོ། །
    སྙན་ངག་དབྱངས་སྙན་ཁྱེད་ཚོའི་དགའ་སྟོན། །
    པདྨ་གེ་སར་མཛེས་པའི་མེ་ཏོག །
    ཁ་བརྡ་དྲ་བར་ལེགས་སྐྱེས་ཕུལ་ལོ། །

  141. བློ་བཟང་ཆོས་གྲགས། says:
    2011-05-28 at 12:39 am

    སྒོམ་སྡེའི་སྐུ་ཚེའི་འཕེན་པ་རྫོགས་རབས་བཤད་བྱུང་། །རིག་རལ་ལས་ཀས་མནར་ནས་ཐོན་རྒྱུ་མི་འདུག ཀླུ་སྨྱོན་ཆགས་པས་གྲོལ་ནས་དབེན་རི་འགྲིམ་གྲབ། །ཟླ་མེད་བར་སྐབས་ཞིག་ལ་འགོ་འབུས་ཙམ་རེད། །དགྱེས་རྡོར་མགུར་གླུ་སྙན་མོ་དཔྱིད་ཀའི་ཆར་བ། །དོལ་སྨྱོན་ཁུག་རྟའི་སྙན་རྩོམ་ཟླ་རེའི་ལེགས་སྐྱེས། །སྟག་སྨྱོན་ཀ་རྡོའི་ངར་སྐད་དབྱིངས་སུ་ཡལ་ཉེ། །ས་ལེ་རྒྱལ་ལ་སུད་སྒྲ་གྲགས་རྒྱུ་མི་འདུག །ལ་སྟོད་བོན་གྱི་ལོ་རྒྱུས་ཆལ་ཆོལ་མི་ཉམས། །ལ་དྭགས་བློ་འཇམ་ཚེ་སྐྱིད་ཉམས་མྱོང་ཁ་ཏ། །སྤོབས་མཐའ་ཚེ་བཀྲའི་དཔྱད་པ་རྒས་པའི་རིགས་ལམ། །དྲི་ལྷག་ཀློང་རྡོལ་ཆུ་རྒྱུ་ཀླུང་སྐམ་ལ་ཉེ་འདུག །མདོར་ན་ཁ་བརྡའི་དྲ་བ་སྟོང་ལ་ཉེ་བས། །གསར་སྐྱེས་རིག་པའི་དཔའ་བོས་སེམས་བསྐྱེད་དགོས་སོ། །དྲ་བདག་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། །དྲ་གྲོགས་རྣམས་ཀྱིས་སྐུ་ཁམས་བདེ་བར་སྨོན་ནོ། །དྲ་བ་ཚང་ལ་ཡོད་པ་དེ་ཚོ་རེད། །

  142. ལྷོ་བྱེས་བློ་རྒོད། says:
    2011-06-05 at 4:22 am

    ཚང་མས་དོ་སྣང་བྱས་ཏེ་བོད་ཞེན་དང་བོན་ཞེན་ཆོས་ཞེན་བྱས་པར་དགའ་བསུ་ཡོད་ཞུ། རང་དབང་ལུང་པའི་ནང་དུ་དེ་འདྲའི་གནས་སྟངས་བཟང་པོ་བྱུང་བ་ནི་དངོས་གནས་ང་ཚོའི་བསོད་ནམས་རེད།

  143. ཡར་ཁམས་ཁྲི་རྒྱལ། says:
    2011-06-12 at 8:44 pm

    ཁ་བརྡ་དྲྭ་བའི་ནང་གི་སྨོན་པ་ཚོ། །
    ཁྱོད་ཚོ་ཏོག་ཙམ་ཁ་རོགས་སྡོད་དང་ཀི། །
    ཆགས་སྲེད་འདོད་པས་སྨྱོན་པའི་ཧེ་རུ་ཀ། །
    འཁྲིག་པས་ཚིམས་ནས་ད་ལྟ་སྨྱོན་པ་མིན། །
    འཆར་ལོའི་བོད་ཟླ་དང་པོའི་ཚེས་གཅིག་ལ།། །
    ཆང་སའི་མཛད་སྒོ་ཡིན་པས་སྐབས་དེ་དུས། །
    སྙིང་ཉེའི་གྲོགས་པོ་ཡོད་ན་ཐོན་ཤོག་ཨ། །

    འོ་རེད་ཚིགས་གསུམ་གསལ་བཤད་ཞུ་རྒྱུ་ལ། །
    ད་ནས་བཟུང་ཏེ་ཀླུ་སྨྱོན་ཧེ་རུ་ཀ། །
    མིང་ནས་མ་འབོད་ཡེ་ཤེས་རྒྱ་མཚོ་འབོད། །
    ཁྱིམ་ཚང་སྐྱོང་བའི་འགན་འཁུར་གནང་དགོས་པས། །
    ཡང་ཡང་ཁ་བརྡར་ཤོག་ཞེས་མ་གསུང་ཨ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme