Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་སྨྱོན་མ་གཏོགས་མི་ངོ་མ་ཤེས་མཁན་ཡོད་དམ།

Posted on 2013-03-272013-03-28 By ཡེ་ཤེས་ 22 Comments on ཀླུ་སྨྱོན་མ་གཏོགས་མི་ངོ་མ་ཤེས་མཁན་ཡོད་དམ།


ནམ་རྒྱུན་ཁ་བརྡའི་དྲ་ངོས་སུ་རྩོམ་ཡིག་འབྲི་མཁན་དང་མཆན་སྤེལ་མཁན་མང་པོ་ཞིག་ཡོང་གི་ཡོད་པ་དང་། ལྷག་པར་དུ་རང་མིང་ངོ་མ་དེ་སྦས་ནས་གཞན་གྱི་བླ་བཙག་རྒྱུར་དགའ་བའི་མི་སེམས་བཟང་ཅན་སྐོར་ཞིག་དང་ཤེས་རབ་ཀྱི་འོད་སྣང་གིས་བློ་སྐྱེད་སྤྲོད་མཁན་ཤེས་ལྡན་པ་སྐོར་ཞིག་ཡོད། གཤམ་གྱི་མིང་འདི་དག་ལས་ཁྱེད་ཀྱིས་ཁོ་བོ་ཀླུ་སྨྱོན་མ་གཏོགས་དོ་བདག་ངོ་མ་དེ་ཤེས་མཁན་ཡོད་དམ། མེད་ན་ནི་ཀླུ་སྨྱོན་ལྟ་བུའི་མི་བློ་ཁོག་ཆེན་པོ་ཅན་ཞིག་ཁ་བརྡ་དྲ་ངོས་སུ་དོན་དངོས་སུ་མེད་པ་བདེན་དཔང་བྱས་ཚར་བ་རེད། མ་རེད་དམ།
མེ་འབར་
མངའ་རིས་ཕྲིན་ལས་
མ་ཧཱ་སིདྡྷི་
བོད་ལ་ཞེན་
བན་དེ་བ་
པཀྵི
བསམ་ཤེས་
ལྷོ་ཕྱོགས་རྒྱ་མཚོ་
གླང་དར་མ་
སྤྱང་ཤོག་
མེ་ཏོག་དཀར་པོ་
རྒྱ་གར་རྨ་བྱ་
ཅོག་མྱི་
དོན་དགའ་
གླིང་གེ་སེར་་
ཚ་སྒང་ཕོ་ཉ་
བན་དེ་བ་
ལུང་རྟོགས་
དྲེད་ཕྲུག་
གསེར་འབྲུག་སྡེར་ལྔ་
ཐབས་ཇུས་ཅན་
རོང་པོ་མཇོ་ན
ཁྱུང་དཀར་
ཅོ་རི་ཉི་མ་
བྱམས་པ་
རིགས་ལྡན་རྒྱལ་པོ་
གནམ
རྒད་པོ་
དཀར་མཛེས་གངས་ཕྲུག་
སྤྲུལ་སྐུ་རྫུན་མ།

མྱང་སྐྱེས་
སྲིད་པ་རྡོ་རྗེ་
ཨ་རོགས་ཁམས་པ་
རླུང་བུ ་
བོད་ལ་དགའ་
གངས་རྒན་མ་།
མེ་ཏོག་དཀར་པོ་
འདྲེ་རྐང་ཐོ་
ཡ་མ་ཚེ་རིང་།
དགྲ་ལྷ་ནག་པོ།
ཀརྡོ་ཕྱག་གཉེར་བ།
བོན་པོ།
རི་རྒྱུལ་ཏི་སེ།
ལོ་མ་ལྗང་ཁུ་
སྤོབས་པ་མཐའ་ཡས།
མྱི་དཀར་
ལྷ་སྲས་ཐ་ཆུང
ཧི་མ་ལ་ཡའི་འཕྲུལ་སྨྱུག
རྔ་བ་རྒྱལ་ཁམས་པ།
མྱི་ལྟིག
རེབ་ཐོག་མདའ་

གསལ་བསྒྲགས།

Post navigation

Previous Post: ཞེ་ལ་ཐོགས་པའི་ཁྱོད།
Next Post: ང་དང་སེམས་པ།

Comments (22) on “ཀླུ་སྨྱོན་མ་གཏོགས་མི་ངོ་མ་ཤེས་མཁན་ཡོད་དམ།”

  1. ཅོག་མྱི། says:
    2013-03-27 at 10:08 pm

    Black List ཡིན་རྒྱུ་རེད། 

    དྲ་བདག་ཧེ་ཐེར་འདྲ་བའི་སྔུན་ཚོ་ནས།
    རྩོམ་མཆན་འབྲི་མཁན་ཇའོ་རིགས་དང་འདྲ།
    འཇིགས་རུང་མི་རོ་སྦར་བའི་ཐབ་ཁུང་དུ།
    ཉམས་ཆུང་རྩོམ་གྱི་མེ་ཏོག་ཐལ་དུ་བསྲེགས།

    ཁ་ནས་ཀུ་རེ་ཟེར་ཞོར་བརྙས་དམོད་ཀྱི།
    ཚིག་མདའ་འཕེན་ལ་དགའ་བ་རེ་འགའ་ཡོད།
    ཁོག་ན་ཞེ་སྡང་སྦྲུལ་ལྟར་འཁྱིལ་བའི་ཡི།
    རྩོམ་སྒྲིག་མ་ནིང་འདྲ་བའང་མཐོང་རྒྱུ་ཡོད།

    ཀ་ཡེ་བོད་ཀྱི་སྤུན་ཟླ་ཚོ།
    སྨྲ་བརྗོད་མེད་པའི་གོང་རོལ་ན།
    རང་དབང་བྱ་བའི་མིང་ཡང་མེད།
    དེ་ཕྱིར་སྨྲ་བརྗོད་མཁས་པར་གྱིས།

    ཧེ་ཐར། Hitler
    ཇའོ།  Jews

  2. བན་དེ་བ། says:
    2013-03-27 at 11:14 pm

    འོ་བདེན་པ་བཤད་འདུག་་་་ངོ་མ་བྱས་ན་དྲ་རྒྱ་འདིར་་མི་ངོ་ཤེས་པ་ཀླུ་སྨྱོན་ལས་མེད་་་ཁོས་སྐད་ཆ་བཟང་ངན་ཅི་བཤད་ཁོ་རང་གིས་འགན་འཁུར་ཡོད་པའི་ཐོག་ནས་བཤད་པ་རེད། ཁོས་མི་གཞན་ལ་ཚིག་ངན་དང་ཆོས་ལུགས་གྲུབ་མཐའ་མི་རིགས་བཅས་གང་ལའང་དམའ་འབེབས་བྱས་མྱོང་མེད། ཾཁོང་བུ་རྒོད་པོ་རེད།
    རྩོམ་འདི་གཏོང་བ་པོ་སུ་ཡིན་མ་གསལ་ཞིང་་་་་་་་་་ཁ་བརྡའི་དྲ་རྒྱར་མཛུལ་མཁན་དང་འདི་ནང་དུ་རྩོམ་དང་མཆན་འབྲི་བ་པོ་ཡི་མིང་ཐོའི་ནང་དུ་་་་་་་་་སྤྲུལ་རྫུས་ཆགས་སྡང་གིས་སྨྱོས་པའི་་་་་་་་ཨོ་རྒྱན་ཉི་མ་་་་་མིང་བཀོད་མི་འདུག་་་་ཏག་ཏག་རེད་་་་མི་གྲལ་དུ་མ་བཅུག་པ་དེ་དགོས་པ་ཆེན་པོ་འདུག་་་་་་ཁོས་གཏམ་རྫིག་པོ་རྐྱང་བཤད་ནས་ལག་ལེན་སྣེ་གཅིག་མེད་མཁན་གྱི་མི་ཞིག་རེད།

  3. འབའ་སྲས། says:
    2013-03-27 at 11:19 pm

    གཅིག་གཉིས་ཤིག་ད་དུང་ཤེས་མེད། དེ་མིན་གཞན་རྣམས་ཤེས།

  4. མེ་ཏོག་དཀར་པོ says:
    2013-03-28 at 12:56 am

    སྨྱུག་མིང་བེད་སྤྱོད་དུས་རྩོམ་ཀློག་གི་རེད། དངོས་མིང་བྲིས་དུས་རྩོམ་མ་ཀློག་པར་རྩོམ་པ་པོ་ཀློག་གི་རེད། དཔེར་ན་ཀླུ་སྨྱོན་བཞིན། ཁོའི་སྒེར་གྱི་གོས་གྱོན་སྟངས་ནས་བཀླགས་པ་བཞིན། སྨྱུག་མིང་བྲིས་པས་སྤོབས་པ་མཐའ་ཡས་ཀྱི་རྩོམ་བཞིན། ང་ཚོས་གང་ཟག་གཏན་ནས་མི་བཀླགས་པར་རྩོམ་ཁོ་ན་ཀློག་པ་བཞིན་ནོ།།

  5. ཨ་ར་དཀར་པོ says:
    2013-03-28 at 1:32 am

    མེ་དཀར་གྱིས་བཤད་པ་བདེན་པ་རེད། སྙུག་མིང་རྫུན་མ་སྤྱོད་དགོས་དོན་དེ་རེད།

  6. མྱི་དཀར says:
    2013-03-28 at 2:19 am

    འདིའི་ནང་མྱི་དཀར་གྱི་མིང་རྫུན་ཁུར་ནས་མཆན་བུ་སྤེལ་མཁན་ཡོད་ཀྱང་ཁ་བརྡ་དྲ་བདག་གིས་དོ་དམ་རྩ་བ་ནས་བྱེད་ཀྱི་ཡོད་མ་རེད། ཕལ་ཆེར་ཁོ་རང་ཚོ་དང་འབྲེལ་བ་ཡོད་མཁན་ཡིན་ན་དྲ་ཐོག་འདིར་ག་རེ་བྱེད་བྱེད་ཡིན་པ་འདྲ། ཨོ་ཉིའི་རྩོམ་ཡིག་གཤམ་གྱི་མཆན་དང་པོ་དེ་མྱི་དཀར་རྫུན་མ་དེས་བྲིས་པ་རེད།

  7. ཁྱུང་དཀར says:
    2013-03-28 at 4:13 am

    འདིའི་ནང་ལ་གཙོ་བོ་མི་ངོ་ཤེས་རྒྱུ་གལ་ཆེན་མིན་པར་བསམ་བློ་གཙང་མ་ཞིག་འཁྱེར་ནས་དྲང་ཐད་ཀྱི་བསམ་ཚུལ་ཞིག་བརྗོད་རྒྱུ་ཁོ་བོའི་ལྟ་ཚུལ་ཟེར་ན་འདྲ་ལ་རེ་བ་ཟེར་ནའང་དེ་ཡིན། ལ་ཤས་ཤིག་གིས་སྐྱོན་འདོགས་དང་འཚངས་འབྱིན་བྱེད་པར་རང་སྟེང་ནས་དགའ་བོ་ཁྱོན་ནས་མེད།

  8. གནམ says:
    2013-03-28 at 5:02 am

    མི་ངོ་མ་ཤེས་ན་ཡག་ནི་རེད། སུ་རེད་འདི་རེད་ཀྱི་རྩད་གཅོད་པ་ཚོ་མི་ཡག་པོའི་ཅབས་མིན། འདི་ཚོ་ལ་ཕ་རོ་ཟ་བའི་ཀུན་སློང་ངན་པ་ཙམ་ལས་ཆི་གང་མེད།
    སྐད་ཆ་ལ་འགན་འཁུར་དགོས་ནིའི་སྐད་ཆ་ཞིག་སུ་གང་གིས་བཤད་མ་མྱོང་ལ་བཤད་ཀི་ཡང་མ་རེད། བཤད་འདོད་རུང་བཤད་ཤེས་འི་ཡང་མ་རེད། ཁ་ཡག་ངོ་ཡག། ངོ་ཡག་ངོ་བསྟོད་མེད་ན་དུས་རབས་ཉེར་གཅིག་གི་སྨྱུ་གུ་དག་སྨྱོས་འགྲོ་བས། མྱིང་གྲགས་མེད་པར་རང་རྐྱ་ཐུབ་པའི་མྱི་ངར་ཞིག་བྱེད་འདོད་ན། སྨྱུག་མྱིང་གི་འོག་ནས་ཤི་རེས་བྱོས་ན་ཡག་ནི་རེད།

  9. སྤྲུལ་སྐུ་རྫུན་མ་ནས་ says:
    2013-03-28 at 5:53 am

    ཧ་ཧ་་་་་་་་་་་་་་
    ལས་ཀ་མེད་ས་ལས་ཀ་ཞིག་ལས་འདུག་ག

  10. དཀར་མཛེས་གངས་ཕྲུག་ says:
    2013-03-28 at 7:50 am

    འོ་རེད་་ཅོ་རི་ཉི་མ་ལགས་ ཁྱོད་རང་གང་གི་གྲལ་དུ་འདུག་གམ ?
    ཧཧཧཧཧཧཧཧ

  11. རྒད་པོ། says:
    2013-03-28 at 9:29 am

    ང་མིང་འདོན་འདོད་མེད། ངའི་ལྟོ་གོས་ལ་གནོད་ཀྱི་འདུག ངའི་བཟའ་ཚང་ལ་གནོད་ཀྱི་འདུག ངའི་སྙིང་སྡུག་ལ་གནོད་ཀྱི་འདུག ངའི་བླ་མ་ལ་གནོད་ཀྱི་འདུག ངའི་སྲུང་མར་གནོད་ཀྱི་འདུག ངའི་མི་རིགས་ལ་གནོད་ཀྱི་འདུག ངའི་ཚེ་སྲོག་ལ་གནོད་ཀྱི་འདུག 

  12. འཇིགས་བྲལ་བསྟན་འཛིན། says:
    2013-03-28 at 9:59 am

    ངའི་ངོས་ནས་ད་བར་མིང་རྫུན་འོག་བསམ་ཚུལ་ཞུ་མ་མྱོང་། མིང་རྫུན་འདི་དག་གིས་ང་ཚོའི་བསམ་ཚུལ་དངོས་བཏོན་པར་རིན་ཐང་མེད་པ་བཟོ་བཞིན་འདུག

  13. མེ་ཏོག་དཀར་པོ says:
    2013-03-28 at 10:27 am

    འཇིགས་བྲལ་བསྟན་འཛིན་ཟེར་བ་འདི་དངོས་མིང་ཡིན་ནམ། གལ་ཏེ་དངོས་མིང་ཡིན་ན་ཁྱོད་ཀྱི་སྐོར་སྦུད་བམ་བྲིས་དང་།

  14. དཀར་མཛེས་གངས་ཕྲུག་ says:
    2013-03-28 at 11:04 am

    ལྦེ་་་་མེ་ཏོག་དཀར་པོ་་་འདི་ཁོ་ཡི་དངོས་མིང་རེད་་་་ཁོའི་ལོ་རྒྱུས་ངས་གསལ་པོ་ཤེས། སྔར་ནས་ད་བར་་ཁོ་ལ་རིན་ཐང་ཅན་གྱི་བསམ་ཚུལ་ཞིག་ཡོད་རབས་མེད། ད་ཆ་་ཁོ་གྲྭ་པ་ལོག་ནས་ཕྱི་རྒྱལ་ཞིག་ཏུ་ཡོད་སྐད་འདུག ཐེངས་གཅིག་ཁོས་དབྱིན་ཇི་རྒན་མོ་ཞིག་གི་རྐུབ་ལ་བཟུང་ནས་འཇོ་རྒྱབ་མ་ཐུབ་པར་ངུས་ནས་སྡོད་འདུག་ཟེར། ཨ་རྩེད་མོ་ཞུས་པ་ཡིན། མ་གཞི་ཁོ་ཤ་ཁོག་སྐམ་པོ་འདྲ་ཞིག་ཡོད་ཀྱང་འཇོ་རྒྱབ་པར་མེད་ཐོགས་པ་མེད་་་་ད་ལྟའི་ཆར་ཁོ་ཨ་མདོ་དགེ་ཆོས་ཡིན།།

  15. ཡ་མ་ཚེ་རིང་། says:
    2013-03-28 at 2:12 pm

    ངོས་ནས་ཀླུ་སྨྱོན་འདི་བློ་ཁོག་ཆེན་པོ་རེད། ཁོ་ལ་བློ་ཁོག་འདི་གང་ནས་ཡོང་ང་ཚོས་བལྟ་དགོས། འོན་ཀྱང་ཁོ་ལ་ཡང་དྲ་ཐོག་འདིར་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་མང་པོ་ཡོད་པ་ཡང་ང་ཚོས་ཤེས་དགོས། སྤྱིར་གཏང་ཀླུ་སྨྱོན་གཅིག་བུ་ཡང་མ་རེད། གསེར་འབྲུག་སྡེ་ལྔདང། ཅོ་རི་ཉི་མ་སོགས་དྲ་ཐོག་འདི་དོན་གཅིག་མིང་གི་རྣམ་གྲངས་དང་། ངོ་པོ་གཅིག་ལ་ལྡོག་པ་ཐ་དད་པ་མང་པོ་ཡོད་པ་ཡང་ཧ་གོ་དགོས། ཨོ་རེད་ད་ཁོ་ཚོའི་འཕྲ་འཕྲུལ་དེ་ཚོ་འཚམ་བཞག་ནརེད་མ་གཏོགས་ངས་ཁོང་ཚོའི་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་རྣམས་རེ་རེ་ནས་ཐུགས་ཐག་གཅོད་དགོས་བྱུང་ན་ངོ་ཚ་བོ་ཆགས་ཡོང་། ཨ་ཁུ་ཀླུ་སྨྱོན་འདིས་དེ་རིང་ཁ་སེས་མགོ་འཇུག་མེད་པའི་སྐད་ཆ་མང་པོ་ཅིག་བཤད་སྟེང་ལ་བལྟས་ཡོང་ན་ཅུང་བྲེད་ཤ་ལང་གི་ཡོད་པ་འདྲ།

  16. འཇིགས་བྲལ་བསྟན་འཛིན། says:
    2013-03-28 at 2:30 pm

    དྲ་གྲོགས་ཤིག་གི་རེ་བར་ལན་འདེབས་ཞུ་རྒྱུར། སྤྱིར་ན་ངོ་སྤྲོད་དགོས་གལ་མ་མཐོང་ཡང་། གསང་བ་བྱེད་དགོས་པའི་མི་དེ་འདྲ་ཡང་མིན་སྟབས་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུར།

    མིང་འཇིགས་བྲལ་བསྟན་འཛིན། བོད་ཀྱི་དྲི་ལན་དང་། ཡབ་མེས་ཀྱི་དུར་ས་ནས་རྙེད་པའི་བོད་བཅས་སྒེར་ཐོག་ནས་བརྩམས། བོད་ཀྱི་དུས་བབ་དང་། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཁྱོན་ལོ་དགུར་བྱས། བཙན་བྱོལ་བོད་གཞུང་གི
    དམིགས་བསལ་ཚོགས་ཆེན་དང་། རྒྱལ་ཡོངས་ཚོགས་ཆེན་སོགས་སུ་ཞུགས། སུད་སིར་མཉམ་འབྲེལ་རྒྱལ་ཚོགས་པུས་བཙུགས་ལས་འགུལ་སྤེལ། མདོར་བསྡུས་སུ།

  17. གཞོན་ནུ་ཟླ་མེད། says:
    2013-03-28 at 7:32 pm

    མ་མཇལ་ཡུན་རིང་གྲོགས་པོ་ཚོ།།
    བྱ་རྒོད་པོའི་འགྲོས་ཀྱིས་སླེབས་ཡོད་དོ།།

  18. གཞོན་ནུ་ཟླ་མེད། says:
    2013-03-28 at 7:35 pm

    འོ་ཁ་བརྡ་ནང་དུ་མ་སླེབས་པར་རྒྱུན་རིང་སོང་།་་ཡི་གེ་འབྲི་སྟངས་ཡང་བསྙེལ་བ་འདྲ།

  19. མེ་ཏོག་དཀར་པོ says:
    2013-03-28 at 9:07 pm

    གཞོན་ནུ་ཟླ་མེད་ཕེབས་པར་ཧ་ཅང་དགའ།

    བྱ་རྒོད་བགྲོས་ཀྱིས་བྱོན་པ་ལེགས།།
    ཁ་བརྡ་དྲྭ་བ་བསོད་ནམས་ལྡན།།
    རྩེད་མཚར་ཉི་མ་འཁྱོལ་བའི་སླད།།
    འདི་ཉིད་དུ་ནི་བརྟན་པར་བཞུགས།།

  20. ལྷ་སྲས་ཐ་ཆུང་། says:
    2013-03-29 at 9:43 am

    མོ་ངོ་ཤེས་རྒྱུ་གལ་ཆེན་མིན་པར་མི་དེའི་ཀུན་སློང་ཁྱེར་སྟངས་དང་དེས་བྲིས་པའི་རྩོམ་ཡིག་དག་གི་རིན་ཐང་རྟོགས་རྒྱུ་དེ་གལ་ཆེན་པོ་ཡིན་པར་སྙམ།

  21. ལུང་རྟོགས། says:
    2013-03-29 at 11:52 am

    མདོར་ན་མིང་རྫུན་འོག་གི་མི་འདི་དག་ནི་སྐད་ཆ་ལ་འགན་ཁུར་འདོད་མེད་མཁན་དང་རང་ཉིད་ལ་གདེང་ཚོད་མེད་མཁན་དག་དག་རེད།

  22. དགྲ་ལྷ་ནག་པོ། says:
    2013-10-02 at 12:06 pm

    ང་དགྲ་ལྷ་ནག་པོ་ཡིན།
    དྲ་གྲོགས་ཚོ་བདེ་མོ།
    ཀླུ་འབུམ་ཁང་ཚན་གྱི་ཨ་ཁུ་ཀླུ་སྨྱོན་གྱིས་ངའི་མིང་ཡང་ཐེར་འདོན་བྱས་འདུག
    དོན་དངོས་དྲ་ཐོག་ཏུ་ཅི་ཡང་འབྲི་སྲིད། སྐབས་རེར་ངོ་ཚའང་བསམ་དགོས སྐད་ཆ་ཁ་ཤས་བཤད་འདོད་ཀྱང་ངོ་ཚ་གི དེ་བས་ངོ་བཀབ་ཅིང་མིང་སྦོས་ཏེ་སྐད་ཆ་བཤད་པ་ཡིན། དངོས་མིང་གི་ཐོག་ལ་སྐྱག་པ་གཏོང་མི་ཐུབ་ཀི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme