Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་སྨྱོན་གྱི་རྡ་སར་རྒས་གཉེར་བབས་པའི་རྩོམ་དེའི་མཇུག་མཐུད་དེ་བྲིས།

Posted on 2011-06-23 By དབང་ཕྱུག་ 3 Comments on ཀླུ་སྨྱོན་གྱི་རྡ་སར་རྒས་གཉེར་བབས་པའི་རྩོམ་དེའི་མཇུག་མཐུད་དེ་བྲིས།

ལྷོ་ཕྱོགས་ཉི་ཟླ།

མི་རབས་བརྗེ་མཚམས་སུ་རྒས་གཉེར་གྱི་སུལ་ནས་གཉིད་དུ་ཡུར་བའི་གྲོང་ཚོ་ཞིག
—ཁ་བྱང་གི་འགྲེལ་བཤད།

ལོ་ཟླའི་དཀའ་ཚེགས་མང་གང་ཞིག་བརྒྱུད་མཐར།
མི་ལོ་ལྔ་བཅུའི་ཡར་སྔོན་གྱི་ཆེས་གཞོན་ཤ་ཆགས་པའི་རྡ་རམ་ས་ལའི་རི་གྲོང་འདི་ད་ནི་ཡོངས་སུ་རྒས་འདུག་སྟེ།
གོང་ས་མཆོག་གི་མཐོང་གྲོལ་ཞལ་རས་ལ་བགྲེས་གཉེར་བབས་འདུག་པ་འདི་ཡང་གཞན་ཡུལ་ནས་གཞན་དོན་ལ་བསྒྲུབ་རྒྱུ་མང་དྲག་པའི་རྟགས་རེད།
ཟམ་གདོང་བླ་མའི་ངོ་གདོང་སྐྱ་བོ་དེར་ཡང་རྒས་གཉེར་བབས་པ་འདི་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་བསྐྱལ་བས་རྟགས་རེད།
བཀའ་ཤག་ལས་ཁུངས་ཀྱི་ནང་ལ་འཛུལ་སའི་རྡོ་སྐས་ཟད་པོ་དེར་རྒས་གཉེར་བབས་འདུག་འདི་ཡང་སྤྱི་དོན་དུ་ཡར་མར་དུ་ཕེབས་རྒྱུ་མང་དྲག་པའི་རྟགས་རེད།
སྤྱི་འཐུས་ལྷན་ཁང་གི་སྒོ་བྱང་རྙིང་པ་དེར་ཡང་རྒས་གཉེར་བབས་འདུག་པ་འདི་ཡང་སྤྱི་གསར་མང་པོ་ཡོང་དགོས་བས་རྟགས་རེད།
སྤྱི་འཐུས་ཚོགས་གཙོའི་ཆབ་སྲིད་ཀྱི་ཁ་ཤ་ལ་རྒས་གཉེར་བབས་འདུག་པ་འདི་ཡང་སྤྱི་འཐུས་ཚོ་གཏམ་བརྗོད་ལ་རང་དབང་སྤྲད་ཆེ་དྲག་པའི་རྟགས་རེད།
ཁྲིམས་ཞིབ་ཁང་གི་བཅའ་ཁྲིམས་སེར་པོའི་རྒྱབ་ཤ་ལ་ཡང་རྒས་གཉེར་བབས་འདུག་པ་འདི་ཡང་རྒྱ་གར་གྱི་ཡུལ་ཁྲིམས་དང་བསྟུན་ནས་བཅའ་ཁྲིམས་བཟོ་དགོས་བའི་རྟགས་རེད།
གནས་ཆུང་སྐུ་རྟེན་གྱི་ཞལ་ངོ་ཁྲོ་གཉེར་ཅན་དེར་རྒས་གཉེར་བབས་འདུག་པ་འདི་ཡང་སྐུའི་བདེ་སྡུག་ལ་ཐུགས་བསམ་བཞེས་མང་དྲག་པའི་རྟགས་རེད།
ལྷ་མོ་གཡུ་སྒྲོན་མའི་མཆུ་འདབ་དམར་པོ་དེར་ཡང་རྒས་གཉེར་བབས་འདུག་པ་འདི་ཡང་བོད་ཀྱི་རྩ་དོན་ལ་རྒྱུགས་མྱུར་ཆེ་དྲག་པའི་རྟགས་རེད།
སྐུ་ཞབས་དཔལ་ལྡན་རྒྱ་མཚོའི་མཁུར་ཚོས་སྐམ་པོ་དེར་རྒས་གཉེར་བབས་འདུག་པ་འདི་ཡང་གཞན་དོན་ལ་གཙོ་བོར་བཟུང་ནས་སྲིད་ཞུ་བསྒྲུབ་ཆེ་དྲག་པའི་རྟགས་རེད།
བླ་སྨན་ཡེ་ཤེས་དོན་ལྡན་གྱི་མིག་སྤགས་མཐུག་པོ་དེར་ཡང་རྒས་གཉེར་བབས་འདུག་པ་འདི་ཡང་སྐུའི་ཉེན་ཚབ་ལ་ཐུགས་འགན་བཞེས་མང་དྲག་པའི་རྟགས་རེད།
རྡ་སའི་སྟེང་ཤོད་ཀྱི་རི་ངོས་སུ་ཁང་བརྩེགས་ཀྱི་རྒས་གཉེར་བབས་འདུག་པ་འདི་ཡང་སྒེར་དོན་དུ་མགྲོན་ཁང་དང་ལྷ་ཁང་མང་དྲག་པའི་རྟགས་རེད།
རྡ་སའི་མཁའ་དབྱིངས་ཀྱི་སྤྲིན་པ་དེ་ཚོར་ཡང་རྒས་གཉེར་བབས་འདུག་པ་འདི་ཡང་ཁ་བ་བབས་རྒྱུ་མང་དྲག་པའི་རྟགས་རེད།
སྟོད་པ་གྲོང་གསེབ་ཀྱི་དར་མ་དེ་ཚོའི་ཡ་ཐོད་ལ་རྒས་གཉེར་བབས་འདུག་ལ་པ་འདི་གཞན་ཡུལ་དུ་འཚོ་བ་བསྐྱེལ་རྒྱུ་མང་དྲག་པའི་རྟགས་རེད།
ཨ་མདོ་གྲོང་བརྡལ་གྱི་གསར་བུ་ཚོའི་མིག་མཐར་ཡང་རྒས་གཉེར་བབས་འདུག་པ་འདི་ཡང་ཕྱི་རྒྱལ་ལ་འགྲོ་འདོད་ཆེ་དྲག་པའི་རྟགས་རེད།
ཨ་མྱེས་རྨ་ཆེན་ཚང་གི་དུས་དེབ་མ་ཡིན་པའི་དུས་དེབ་དེ་ཚོར་རྒས་གཉེར་བབས་འདུག་པ་འདི་ཡང་གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་མང་དྲག་པའི་རྟགས་རེད།
ཟློས་གར་ཚོགས་པའི་ལྷ་དང་ལྷ་མོ་སྡེབས་ངུ་བྱེད་པའི་གནའ་བོའི་ཞབས་གཞས་དེ་ཚོར་ཡང་རྒས་གཉེར་བབས་འདུག་པ་འདི་ཡང་སྲོལ་རྒྱུ་རྙིང་པའི་སྲོལ་རྒྱུན་ཆེ་དྲག་པའི་རྟགས་རེད།
གཙུག་ལག་ཁང་གི་སྟོན་པའི་སྐུ་བརྙན་ལ་རྒས་གཉེར་བབས་འདུག་པ་འདི་ཡང་གྲྭ་བཙུན་གང་མང་ཞིག་གྲྭ་ལོག་ཇོ་ལོག་མང་དྲག་པའི་རྟགས་རེད།
ཕོ་བྲང་མཐའ་སྐོར་གྱི་རྡོ་བརྐོས་མ་ཎི་དེ་ཚོར་ཡང་རྒས་གཉེར་བབས་འདུག་པ་འདི་ཡང་ཨ་མ་རྒན་མོ་ཚོས་ལག་པ་འཆང་རྒྱུ་མང་དྲག་པའི་རྟགས་རེད།
ཙོང་ཁ་ཟ་ཁང་ཀླད་ཀྱི་བླ་བཙགས་འགྲན་བསྡུར་གྱི་བྱེད་སྒོ་དེར་རྒས་གཉེར་བབས་འདུག་པ་འདི་ཡང་ཟ་ལེ་རྒྱ་ཚོ་དེང་སང་ཉུང་དྲག་པའི་རྟགས་རེད།
སྨན་རྩིས་ཁང་གི་ལྟག་རྒྱབ་ཀྱི་ནམ་གུང་ངུ་རྒྱངས་ཀྱི་འཁྲབ་སྟོན་དེ་ཚོར་ཡང་རྒས་གཉེར་བབས་འདུག་པ་འདི་ཡང་འཁྲབ་སྟོན་བྱས་ཀྱང་གཟིགས་མཁན་ཉུང་དྲག་པའི་རྟགས་རེད།
སྦག་སུའི་རྒྱུགས་ཆུ་ཆུང་ཆུང་དེ་ཚོའི་བཞུར་སྒྲ་ལ་རྒས་གཉེར་བབས་འདུག་པ་དེ་ཡང་གྲྭ་བ་ཨ་ནེ་དེ་ཚོས་གཟན་ཤུབ་དམར་པོའི་མཚོན་མདོག་ཆུ་ནང་དུ་བཞུར་ཆེ་དྲག་པའི་རྟགས་རེད།
རྡོ་ལ་རྡར་རི་རྒྱུད་ཀྱི་བརྗིད་ཆགས་རི་བོ་དེ་དག་ལ་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་བོད་པ་བཙན་བྱོལ་དུ་རྡ་སར་ནས་འདུག་ཡུན་རིང་དྲག་པའི་རྟགས་རེད།
ཁྱོ་ག་ཕྱི་རྒྱལ་དུ་ཡོད་པའི་ཨ་ཅེ་ཚོའི་འཕོང་ཚོས་ལ་རྒས་གཉེར་བབས་འདུག་པ་དེ་ཡང་སྒེར་དོན་དང་སྒོར་དོན་ཧམ་སེམས་སོགས་ཆེ་དྲག་པའི་རྟགས་རེད།
ཕ་མ་བོད་ཡུལ་དུ་ཡོད་པའི་བོད་ཁྱིམ་སློབ་ཕྲུག་ཚོའི་ལང་ཚོའི་མེ་ཏོག་ལ་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་སློབ་སྦྱོང་ཕྱོགས་ལ་གནད་དུ་མ་སྦྱང་བའི་རྟགས་རེད།
དྲན་ཚད་ལག་ཏུ་ལེན་པའི་རྡ་སའི་སྤྲེའུ་དེ་ཚོའི་ངོ་གདོང་ལ་རྒས་གཉེར་བབས་འདུག་པ་དེ་ཡང་བོད་པ་ཚོས་སྣང་མེད་དུ་ཁ་ཟས་སོགས་གར་གཡུགས་འདིར་གཡུགས་མང་དྲག་པའི་རྟགས་རེད།
སྲང་བར་དུ་ཉི་མར་ལྡེ་བའི་རྒྱ་གར་སྤྲང་པོ་ཚོའི་རེ་བའི་མིག་འོད་ལ་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་བོད་མི་ཚོས་སྦྱིན་པ་སྤྲད་རྒྱུ་མང་དྲག་པའི་རྟགས་རེད།
ནོར་གླིང་ཞིབ་འཇུག་སྡེ་ཚན་གྱི་ཞིབ་འཇུག་པ་ཚོའི་མིག་ཤེལ་ལ་རྒས་གཉེར་བབས་འདུག་པ་དེ་ཡང་ཞིབ་འཇུག་བྱེད་ས་མང་དྲག་པའི་རྟགས་རེད།
ལྷ་བྲིས་སྡེ་ཚན་གྱི་ལྷ་བྲིས་པ་ཚོའི་པུར་སྨྱུག་དག་ལ་ཡང་རྒས་གཉེར་བབས་འདུག་དེ་ཡང་ཆེད་མཁས་ཀྱི་ལྷ་བྲིས་པ་ཤིག་མ་ཐོན་པའི་རྟགས་རེད།
མགྲོན་ཁང་བདག་པོ་ཚོའི་རྩིས་དེབ་མཐུག་པོ་ཚོར་རྒས་གཉེར་བབས་འདུག་པ་དེ་ཡང་གཞུང་ལ་རྩིས་སྤྲད་བྱེད་རྒྱུ་ཉུང་དྲག་པའི་རྟགས་རེད།
ཟ་ཁང་མ་བྱན་ཚོའི་གྲི་སྟུག་ཟད་པོ་ཚོར་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་དམར་ཟས་ལ་སྤྱོད་རྒྱུ་མང་དྲག་པའི་རྟགས་རེད།
གསོག་སྒར་སློབ་མ་ཚོའི་འཕྲལ་སེལ་སློབ་དེབ་ལ་རྒས་གཉེར་བབས་འདུག་པ་དེ་ཡང་གསར་འབྱོར་བ་ཚོ་གནས་སྐབས་ཀྱི་བསྡད་ས་ཞིག་ཡིན་པའི་རྟགས་རེད།
ནོར་གླིང་མཐོ་སློབ་གྱི་གསར་བུ་གསར་མོ་ཚོའི་བརྩེ་དུང་ལ་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་དམིགས་གསལ་གྱི་སྒྲིག་གཞི་ཤིག་མེད་པའི་རྟགས་རེད།
སྒྲོལ་མ་གླིང་གི་ཨ་ནི་ཚོའི་ཚ་ཞིང་རྣོ་བའི་ཟུར་མིག་དག་ལ་རྒས་གཉེར་བབས་འདུག་པ་དེ་ཡང་ཕོ་གསར་ཁ་ཤས་ཞིག་གི་བྱེད་སྒོ་སྣ་ཚོགས་ཞིག་བྱས་ཡོད་པའི་རྟགས་རེད།
རྣམ་རྒྱལ་སྐུ་ཞོགས་ཚོའི་དངུལ་ཁུག་རྒྱགས་རིལ་མ་ཚོར་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་ཕྱོགས་ཡར་མར་ལ་ཁ་ལ་སོགས་སྦྱིན་བདག་གཏོང་རྒྱུ་མང་དྲག་པའི་རྟགས་རེད།
ཀིརྟི་དགོན་པའི་དཔལ་འབྱོར་གྱི་དཀའ་ངལ་མེད་པའི་དུས་དེབ་དང་ཚགས་ཤོག་དག་ལ་རྒས་གཉེར་བབས་འདུག་པ་དེ་ཡང་བོད་མང་དུ་སྦྱིན་བདག་མང་དྲག་པའི་རྟགས་རེད།
སྔགས་པ་གྲྭ་ཚང་གི་སྤྱན་འདྲེན་ཁྲུས་གསོལ་གྱི་ཆོ་ག་དེ་ཚོར་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་གྲོང་ཆོག་འདོན་རྒྱུ་མང་དྲག་པའི་རྟགས་རེད།
སྣེ་ལེན་ཁང་གི་གསར་འབྱོར་ཚོའི་སྒྲུང་གཏམ་རྙིང་པ་དག་ལ་རྒས་གཉེར་བབས་འདུག་པ་དེ་ཡང་ལས་བྱེད་ཚོ་བརྗེ་བོ་རྒྱག་རྒྱུ་མེད་པའི་རྟགས་རེད།
ཡུལ་སྐོར་ལྗོངས་རྒྱུ་བ་ཚོའི་བཅོས་མའི་འཛུམ་མདངས་ལ་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་བོད་མའི་མགོ་བསྐོར་གཏོང་རྒྱུ་མང་དྲག་པའི་རྟགས་རེད།
བོད་མི་རེ་རེའི་ལག་ན་ཡོད་པའི་སྐྱབས་བཅོལ་འཛིན་ཡིག་དེ་དག་ལ་རྒས་གཉེར་བབས་འདུག་པ་དེ་ཡང་སྐྱབས་བཅོལ་དུ་མི་ལོ་ལྔ་བཅུ་འཁོར་ཟིན་པའི་རྟགས་རེད།
བོད་མི་རེ་རེའི་སེམས་ན་ཡོད་པའི་མ་འོངས་བོད་དོན་གྱི་ཁ་ཕྱོགས་ལ་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་བོད་ཕྱི་ནང་གི་མཐུན་སྒྲིལ་ཞན་ཆ་ཆེ་དྲག་པའི་རྟགས་རེད།
ཨ་རི་ནས་མནའ་མ་ལོ་ཆུང་འཚོལ་དུ་བསླེབས་པའི་གསར་བུ་རྒད་པོ་དེའི་སྐྱེས་ལོ་སྐྱེས་ཚེས་ལ་རྒས་གཉེར་བབས་འདུག་པ་དེ་ཡང་སྒྲོ་ལོར་ལ་དགའ་རྒྱུ་ཆེ་དྲག་པའི་རྟགས་རེད།
ཕྱི་རྒྱལ་དུ་འཐེན་མཁན་ཁྱོ་ག་ཞིག་ལ་རྨི་ལམ་ནང་དུ་རེ་སྒུག་བྱེད་པའི་གསར་མོ་འདི་དག་གི་བྲང་གཞུང་ལ་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་དངུལ་གྱི་བཟོས་པའི་གཉེན་སྒྲིག་བྱེད་མཁན་མང་དྲག་པའི་རྟགས་རེད།

ཡ་ཀི་རི་རྩེ་རུ་དུས་བཞིར་རླུང་གིས་སྐྱོད་པའི་དར་ལྕོག་ཁྲ་བོ་དེ་དག་ལ་རྒས་གཉེར་བབས་འདུག་པ་དེ་ཡང་བྱ་བ་ལམ་འགྲོའི་ཆེད་དུ་ལྷ་བསང་ཀླུ་བསང་གཏོང་རྒྱུ་མང་དྲག་པའི་རྟགས་རེད།
མ་ཀིའི་གྲམ་གཞུང་ན་ཤག་ཤག་རྒྱང་རིང་དུ་བཞུར་པའི་ཆུ་ཕྲན་དེ་ཚོར་ཡང་རྒས་གཉེར་བབས་འདུག་པ་དེ་ཡང་བོད་དོན་ལ་རྒྱུན་ཆད་མེད་པར་སེམས་ཤུགས་བསྐྱེད་དགོས་བའི་རྟགས་རེད།
རྡ་རམ་ས་ལའི་ཡོད་ཚད་ལ་མི་རྟག་ཆོས་ཉིད་ཀྱི་ཀློང་དུ་རྒས་གཉེར་བབས་འདུག་པ་དེ་ཡང་མི་རབས་གསར་བ་ཚོར་ལམ་ཁ་ཞིག་ཡོད་པའི་རྟགས་རེད།
རྡ་རམ་ས་ལའི་ཡོད་ཚད་ལ་དུས་བཞིའི་གཙུབ་བརྡར་གྱི་བར་ནས་རྒས་གཉེར་བབས་འདུག་པ་དེ་ཡང་སྤྱི་དོན་རང་དོན་ཞར་ལ་ཕོ་དོན་ཡན་ཆད་སོགས་བཙལ་མཁན་དང་སྒྲུབ་མཁན་སོགས་མང་དྲག་པའི་རྟགས་རེད།

བདག་གིས་ཀླུ་སྨྱོན་ཧེ་རུ་ཀའི་རྩོམ་དེ་མུ་མཐུད་དེ་བྲིས་ན་ལེགས་པར་མཐོང་ནས་ཤར་མར་བྲིས་སོ།

2011.6.22

སྙན་ངག

Post navigation

Previous Post: བོད་ཀྱི་སྐྱེས་མའི་དུངས་བརྗོད་སྙན་ངག་པ་འཆི་མེད་ལགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།
Next Post: ང་ཚོ་ནི་རླབས་ཆེན་གྱི་མ་ཡུམ་དག་ཡིན།

Comments (3) on “ཀླུ་སྨྱོན་གྱི་རྡ་སར་རྒས་གཉེར་བབས་པའི་རྩོམ་དེའི་མཇུག་མཐུད་དེ་བྲིས།”

  1. dawa says:
    2011-06-24 at 5:36 am

    ལྷོ་ཕྱོགས་ཉི་ཟླ་ལགས་ཀྱིས་ཀླུ་སྨྱོན་པའི་་རྩོམ་འགྲོས་རང་འཇགས་ཐོག་སེམས་གཤིས་ལས་འཕོས་པའི་ལྗགས་ཕྱེ་དྲ་ངོར་ཕབ་པ་འདིས། རྩོམ་པ་པོ་རྣམ་གཉིས་ཀྱི་བསམ་བློའི་དམིགས་ཕྱོགས་དང་རྩོམ་གཤིས་ཀྱི་རིན་ཐང་ཐད་ཁྱད་པར་ཆེན་པོ་ཕྱེ་ཡོད། ཀླུ་སྨྱོན་གྱི་བརྗོད་བྱའི་སྲོག་དབུགས་ལས་མི་རིགས་ཀྱི་སྤྱི་ཚོགས་ལ་ཟུར་ཟ་བའི་རྣམ་པ་ཆེས་ཆེར་མངོན་པ་དང༌། དེས་རྗོད་བྱེད་ཚིག་གི་སྒྱུ་རྩལ་ལ་རང་བཞིན་གྱིས་བྲོ་བས་སྟོང་པར་བྱས་ཡོད། འདི་ནི་རྩོམ་པ་པོ་འཚོ་སྡོད་བྱེད་སའི་ཁོར་ཡུག་གི་ཁྱད་པར་ཡིན་ཡང་སྲིད་མོད། སྨྱུག་རྩེ་ལས་བབས་པའི་ཚོར་འདུ་དག་གིས་འགན་འཁྲི་མེད་པའི་སྟོང་བཤད་བྲག་ཅ་ལྟ་བུ་ལས་བྲོ་བ་གཞན་མི་སྟེར་བ་ཡིན། ལྷོ་ཕྱོགས་ཉི་ཟླ་ལགས་ཀྱི་རྩོམ་གཤིས་ལས་རྩོམ་པ་པོ་ཞིག་གི་འགན་འཁྲི་དང་རང་ཉིད་ཀྱི་སྤྱི་ཚོགས་ལ་ལྟ་བའི་མིག་རྒྱང་སོགས་ཕྱོགས་གང་ཐད་ནས། མི་རིགས་ཀྱི་འོས་འགན་ཕྲག་ཏུ་འཁུར་བའི་ཚོར་བ་ངང་ངམ་ཤུགས་སྟེར་བར་བྱེད།

  2. རང་བཙན་ལྡེའུ་ says:
    2011-06-24 at 8:01 am

    ལོ་ཤས་སྔོན་དུ་ལྷ་མོ་འདྲ་བའི་ཀུན་གྱི་ཡིད་འཕྲོག་མཛེས་མ་གཟུགས་མཛེས་སྒྲ་སྙན་དེ་ལ་ཡང་ད་རྒས་གཉེར་བབས་འདུག་།
    མཛེས་མའི་དབུ་སྐྲ་སི་ལིང་སྗང་པར་ནག་མཚོན་བྱུག་དགོས་ཀ་མེད་ཆགས་རུང་ནག་མཚོན་མ་ཁེབ་དབུ་སྐྲའི་འོག་ན་སྐྲ་དཀར་ཁེབས་ཏེ་རྒས་གཉེར་བབས་འདུག་།
    དཀར་གསལ་ཟླ་བ་འདྲ་བའི་ཞལ་རས་དེ་ལའང་བྱུག་པ་མང་པོ་བྱུག་དགོས་ བྱུག་པ་བཞུ་སྟེ་ཡལ་བའི་སྐབས་ན་གཉེར་མ་གཉིས་རྩེགས་གསུམ་རྩེགས་ཀྱི་རྒས་གཉེར་བབས་འདུག་།
    སྐུ་གཟུགས་རྩ་རིའི་སྨྱུག་མ་འདྲ་ཞིང་ཀུབ་གཡུག་རྒྱབས་ནས་ལྡེམ་་སྟངས་དེ་ཡང་ ད་ནི་སྐྱེད་པ་གུག་ཙམ་ངང་ནས་ཁར་རྒྱུགས་རྟེན་པའི་རྒས་གཉེར་བབས་འདུག་།
    འདོད་པའི་གཟི་བའི་ཁྲ་ཆུང་མིག་གཉིས་ནུས་པ་ཉམས་ཏེ་ཆེ་ཤེལ་འོག་ན་མིག་གཉིས་འུག་པ་བཞིན་དུ་བལྟ་བའི་དེ་སྔོན་མཛེས་མར་རྒས་གཉེར་བབས་འདུག་།

  3. ལྷོ་ཕྱོགས་ཉི་ཟླ་ནས། says:
    2011-06-25 at 6:16 pm

    དྲ་གྲོགས་གཉིས་ཀྱིས་བསམ་ཚུལ་གསུངས་བ་དགའ་ནས་ཡོད། དྲ་བ་ལགས་མུ་མཐུད་དུ་ཕེབས་ནས་བསམ་ཚུལ་གསུངས་བ་དེ་ལ་ངོ་མ་དགའ་ནི་ཞིག་དང་དགའ་བསུ་ཞུ་འོས་བ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme