Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་སྨྱོན་གྱི་བསྒྱུར་རྩོམ་འགའ་བརྒྱུད་འགོད།

Posted on 2009-01-302009-01-30 By ཡེ་ཤེས་ 7 Comments on ཀླུ་སྨྱོན་གྱི་བསྒྱུར་རྩོམ་འགའ་བརྒྱུད་འགོད།


ལེའོ་ནར་སྒྲོ་ཡིས་བཞེངས་པའི་མོ་ན་ལིས་ས།

ལེའོ་ནར་སྒྲོ་ སྒྲ་ ཝེན་སི།


ཁོའི་བརྩམས་ཆོས་གྲགས་ཅན་མཐའ་མཇུག་གི་དགོང་ཟས།

རླབས་ཆེ་བའི་མི་སྣ་འགའི་ཀྱག་ཀྱོག་གི་མི་ཚེ།
ལེའོ་ནར་སྒྲོ སྒྲ ཝེན་སི།
མི་མང་ཆེ་བས་རླབས་ཆེ་བའི་རི་མོ་མཁས་ཅན་ལེའོ་ནར་སྒྲོ་ སྒྲ་ ཝེན་སི་ཤེས་ཀྱི་ཡོད་པ་རེད། གང་ལྟར་ཁོང་ནི་ཁྱད་དུ་འཕགས་པའི་འབག་བཟོ་བ་དང་རོལ་མོ་བ། སྙན་ངག་པ། ཚན་རིག་པ། རྩིག་བཟོ་བ། བཟོ་ལས་མཁས་པ་བཅས་རེད། ཁོའི་ལས་རིགས་དེས་ཡོ་རོབ་གླིང་གི་སྒྱུ་རྩལ་པ་ཚོར་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཡོད་པ་དང་། ཁོའི་ཚན་རིག་དང་མཐུན་པའི་བསམ་བློ་ཁག་ཅིག་ནི་ཁོ་ཚོའི་དུས་རབས་ལས་དུས་རབས་ཁ་ཤས་ཀྱི་སྔོན་དུ་བསླེབས་ཡོད་པ་རེད།
ལེའོ་ནར་སྒྲོ སྒྲ ཝེན་སི་སྤྱི་ལོ་༡༤༥༢ལོར་ཨེ་ཀྲ་ལིའི་ཧྥུ་ལོ་རེན་སི་དང་ཐག་ཉེ་བའི་ཝེན་སིའི་གྲོང་བརྡལ་ཞིག་ཏུ་སྐྱེས། ཁོའི་ཕ་མ་གཉིས་ཀྱིས་ནམ་ཡང་གཉེན་སྒྲིག་བྱེད་མ་མྱོང་བས། ཁོ་རང་དང་ཁོའི་ཕ་གཉིས་མཉམ་དུ་ཧྥུ་ལོ་རེན་སི་རུ་བསྡད། ལོ་དེ་ཚོའི་རིང་ལ། ཁོ་ལ་མ་ཡར་བཞི་དང་ཕ་མ་མི་གཅིག་པའི་བུ་སྤུན་དང་བུ་མོ་སྤུན་བཅུ་གཅིག་ཡོད། དེ་ཚོའི་ནང་གི་གཅིག་ནི་ཁོ་རང་ལས་ལོ་བཞི་བཅུ་ཞེ་ལྔས་ཆུང་བ་རེད། ལེའོ་ནར་སྒྲོ་ལོ་ན་བཅོ་ལྔ་རུ་སོན་དུས་སྙན་གྲགས་ཅན་གྱི་སྒྱུ་རྩལ་པ་ཞིག་དང་མཉམ་དུ་ལས་ཀ་བསྒྲུབས། ཁོས་རི་མོ་འབྲི་རྩལ་དང་། འབག་བཟོ་བ། རོལ་མོ། རྩིས་རིག ཚན་རིག་བཅས་ལ་སློབ་སྦྱོང་བྱས་ཏེ། ལོ་ན་ཉི་ཤུར་སོན་དུས་ཁོ་རང་རི་མོའི་དགེ་རྒན་ཞིག་ཏུ་གྱུར། ལེའོ་ནར་སྒྲོ་ནི་ཤིན་ཏུ་རིག་པ་ཅན་ཞིག་སྟེ། ཉིན་ཞིག་ཁོའི་དགེ་རྒན་དག་གིས་ཁོའི་སྤུ་སྨྱུག་སར་དབྱུགས་པས་ཁོས་སྐབས་ཐོག་ཅིག་གི་རིང་ལ་རི་མོ་ནམ་ཡང་མ་བྲིས་པ་རེད།
ཡིན་ན་ཡང་ལེའོ་ནར་སྒྲོ་རླབས་ཆེ་བའི་རི་མོ་བ་ཞིག་ཏུ་གྱུར་པ་དེས་ནམ་ཡང་ཁོའི་སྤྲོ་སྣང་ཅན་གྱི་བྱ་དངོས་གཞན་དག་ལ་བར་ཆད་མ་ཐེབས། ཁོ་ས་ཆ་མི་འདྲ་བ་མང་པོ་ཞིག་ལ་ཞིབ་འཇུག་བྱེད་པར་དགའ་བ་དང་། ཁོ་རང་ཁོས་གང་ཞིག་མཐོང་བ་དེ་ལ་ཤེས་འདོད་ཡོད། མི་མང་པོ་ཞིག་གི་བསམ་པར་ཁོ་ནི་ཆེས་ཐོག་མའི་ཚན་རིག་པ་ཞིག་དང་འདྲ། གང་ཡིན་ཞེ་ན། ཁོ་རང་བྱ་དངོས་དག་འཚོལ་ཞིབ་དང་འགྲེལ་བཤད་རེག་པར་དགའ་མོས་ཡོད། དཔེ་མཚོན་ཞིག་ནི། ཁོ་རང་ནི་ཆེས་ཐོག་མར་མིའི་ལུས་པོར་གཤག་བཅོས་བྱེད་མཁན་གྱི་གྲས་ཤིག་རེད། ཁོས་མི་ལུས་ཀྱི་ཁོག་པ་གཤགས་ནས་དོན་སྣོད་དག་གི་བྱེད་ནུས་ལ་བརྟག་དཔྱད་བྱས། ལེའོ་ནར་སྒྲོ་ཡིས་ཁོའི་བསམ་ཚུལ་རྣམས་དང་བརྟག་དཔྱད་བྱས་པ་དག་ཐོ་དེབ་དག་གི་ངོས་སུ་བྲིས་ཡོད། ཁོའི་ཟིན་ཐོིའི་དེབ་དེ་དག་ཤིང་ནགས་དང་སྲོག་ཆགས། མིའིི་ལུས་པོ་བཅས་ཀྱི་རི་མོ་ལྔ་སྟོང་ལས་བརྒལ་བས་བཀང་ཡོད།
ལེའོ་ནར་སྒྲོ སྒྲ ཝེན་སི་ནི་རླབས་ཆེ་བའི་གསར་བཏོད་མཁན་ཞིག་ཀྱང་ཡིན་པ་སྟེ། ཁོའི་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་། ཤེས་རབ་ལྡན་པའི་རྩིག་བཟོའི་རིག་གནས། རྩིས་རིག་བཅས་ཀྱིས་ཁོས་དངོས་པོ་གསར་པ་ཇུས་འགོད་བྱེད་པར་ཕན་ཐོགས་བྱུང་། དཔེ་མཚོན་ཞིག་ནི། ཁོས་འཕྲུལ་ཆས་ཤིག་འཕུར་སྐྱོད་བྱེད་བཞིན་པའི་རི་མོ་ཞིག་བྲིས་པ་དེ་ནི་གནམ་གྲུ་གསར་བཟོ་བྱས་པའི་ལོ་ནས་བགྲངས་པའི་ལོ་ངོ་བཞི་བརྒྱའི་ཡར་སྔོན་དུ་རེད། ཁོས་ད་དུང་རླུང་འཁོར་ཇུས་འགོད་ཅིག་དང་། ཅོང་ལྡན་ཆུ་ཚོད་གཅིག དཔེ་ཀློག་བཞུ་མར་ཞིག ཆུ་འཛུལ་དམག་གྲུ་ཞིག ཟམ་པ་ཞིག ད་དུང་གཞན་དག་མང་པོ་ཞིག་བཅས་ཇུས་འགོད་བྱས། ཁྱོན་བསྡོམས་ ལེའོ་ནར་སྒྲོ་ཡིས་གསར་བཏོད་ཁག་ཆིག་སྟོང་ཙམ་བྱས་ཡོད་ཅིང་། སེམས་ཕམ་པ་ཞིག་ལ། ཁོས་རང་གི་བསམ་ཚུལ་མང་པོ་ཞིག་ལག་ལེན་དུ་བསྟར་བར་དུས་ཚོད་ཀྱིས་ལྡེང་མེད་པ་རེད།
དངོས་ཡོད་གནས་ཚུལ་དང་འདྲ་བར། སྒྲ ཝེན་སི་ཡིས་མགོ་བཙུགས་པའི་ལས་གཞི་མང་པོ་ཞིག་ནམ་ཡང་མཇུག་སྐྱོང་ཐུབ་མེད། ཁོ་རང་གིས་ནམ་རྒྱུན་ཁྱད་དུ་འཕགས་པའི་བསམ་བློ་འཕར་མ་མང་པོ་ཞིག་བཏང་བ་དང་ལས་རིམ་འཆར་འགོད་བྱས་པ་དེ་དག་ནི་ཁོས་བསྒྲུབས་པའི་ལས་ཀ་ལས་མང་གི་རེད། ཁོ་ནི་ཤིན་ཏུ་རླབས་ཆེ་བ་ཞིག་སྟེ། ཁོས་ལས་རིམ་ཞིག་གི་སྤྲོ་སྣང་མགྱོགས་པོར་དོར་བ་དང་ལས་རིམ་གཞན་ཞིག་མགོ་འཛུགས་རྒྱུར་སྒུག་ཐུབ་ཀྱི་མེད། རྒྱུ་མཚན་དེ་ལ་བརྟེན་ནས། ཁོས་རི་མོ་ཧ་ཅང་ཉུང་ཉུང་ལེགས་གྲུབ་བྱས་ཡོད། སྐབས་རེར་མི་རྣམས་ཀྱིས་ཁོ་ལ་རིན་པ་སྤྲད་ནས་རི་མོ་དང་འབག་སྐུ་རེ་འབྲི་བཞེང་བྱེད་པར་བསྐུལ་ན་ཡང་ཁོས་དེ་ལྟར་སྒྲུབ་ཀིན་མེད། མཚམས་རེར་ཁོས་ལས་ཀ་རེ་སྒྲུབ་མགོ་བརྩམས་ན་ཡང་དེ་དག་ནམ་ཡང་མཇུག་སྐྱོང་གི་མེད། མི་འགའ་རེ་དེ་ལྟར་སྒུག་པར་ཐང་ཆད་པ་དང་། ཁོ་ཚོས་མི་གཞན་གིས་གླས་ནས་ཁོའི་ལས་ཀ་དེ་ཚོའི་མཇུག་སྐྱོང་གི་ཡོད།
ལེའོ་ནར་སྒྲོ སྒྲ ཝེན་སིས་མཇུག་བསྐྱངས་པ་ཁ་ཤས་ཤིག་ཡོད་པ་དེ་དག་ནི་དཔེ་མི་སྲིད་པའི་ཡག་པོ་དང་འགྲན་ཟླ་མེད་པ་འབའ་ཞིག་རེད། ཁོས་དངོས་ཡོད་དང་མཐུན་པའི་རི་མོ་འབྲི་སྟངས་གསར་པ་ཞིག་གི་སྲོལ་བཏོད་པ་རེད། དུས་སྐབས་དེར། ནམ་ཞིག་སྒྱུ་རྩལ་པ་ཚོས་མི་དག་འབྲི་བཞེངས་བྱས་པ་དེ་ཚོ་ནི་སྲོག་དབུགས་མེད་པ་ལྟ་བུ་འབའ་ཞིག་རེད། ནམ་ཞིག་ ལེའོ་ནར་སྒྲོ སྒྲ ཝེན་སིས་འབྲི་བཞེངས་བྱས་པའི་མི་དག་ནི་གསོན་པོ་ལྟ་བུར་ཡོད། ཁོའི་དུས་སྐབས་དེར་སྒྱུ་རྩལ་པ་གཞན་དག་གིས་བྲིས་པའི་མི་དག་དང་སྲོག་ཆགས་དག་ནི་ཁོས་བྲིས་པ་ཇི་བཞིན་ཞིག་མེད། ཁོའི་སྙན་གྲགས་ཆེ་བའི་རི་མོ་སྟེ། མོ་ན་ལིས་ས་ནི་དེའི་དཔེ་མཚོན་ཞིག་རེད། ལེའོ་ནར་སྒྲོ སྒྲ ཝེན་སིས་ལོ་ངོ་བཞིའི་རིང་ལ་མོ་ན་ལིས་ས་བཞེངས་འབྲི་བྱས་པ་དང་། བློ་ཕམ་དགོས་པ་ཞིག་ལ། རི་མོ་འདི་མངགས་འབྲི་བྱེད་མཁན་དེ་རི་མོ་འདི་ལ་དགའ་མོས་མ་བྱུང་བ་དང་རིན་འབབ་ཀྱང་ཁས་བླངས་པ་ ཅི་བཞིན་མ་སྤྲད། གང་ལྟར། ལོ་ངོ་བཅུའི་རྗེས་སུ། ལེའོ་ནར་སྒྲོ སྒྲ ཝེན་སིས་རི་མོ་འདི་ཧྥ་རན་སིའི་རྒྱལ་པོ་ལ་གསེར་སྒོར་བཞི་བརྒྱ་དགུ་ཅུ་གོ་གཉིས་ཏེ་དེང་སྐབས་ཀྱི་ཨ་སྒོར་སྟོང་ཕྲག་སུམ་བརྒྱར་བཙོངས་པ་རེད་ལ། རྒྱལ་པོ་དེས་རི་མོ་དེ་ཧྥ་རན་སིའི་ལུའུ་ཝེར་དུ་བཤམས་སྟོན་བྱས། དུས་སྐབས་འདིར་ཡང་རི་མོ་དེ་སྔར་བཞིན་ད་ལྟ་འགྲེམ་སྟོན་ཁང་ཡིན་པའི་ལུའུ་ཝེར་དུ་བཤམ་སྟོན་བྱེད་བཞིན་ཡོད།
ནམ་རྒྱུན། སྒྲ ཝེན་སིས་མཆོད་ཁང་དང་དགོན་པ་ལྟ་བུ་ཆོས་ལུགས་ཀྱི་ཁང་ཆེན་དག་གི་ནང་དུ་རི་མོ་བྲིས་ཡོད། སྤྱི་ལོ་༡༤༩༥ལོར། ཁོས་དགོན་པ་ཞིག་གི་ཟས་རོལ་ཁང་གི་རྩིག་ངོས་སུ། མཐའ་མཇུག་གི་དགོང་ཟས་ཞེས་པའི་ཁོའི་རླབས་ཆེ་བའི་རི་མོ་དེ་བྲིས། ཁོས་དེའི་མཇུག་ཡོངས་སུ་གྲུབ་པར་ལོ་ངོ་གསུམ་གྱི་དུས་ཡུན་སྤྱད་དེ་ལེགས་པར་གྲུབ་ཡོད། དེ་བྲིས་མ་ཚར་གོང་ནས་མི་རྣམས་དེ་ལ་ལྟ་བུ་ཡོང་བ་དང་། ཁོ་ཚོས་དེ་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་སྟེ། དེས་མི་ཁག་གི་ཚོར་སྣང་གི་ཡུལ་ལྗོངས་ཤིག་བསྟན་ཡོད། དེ་བཞིན་མི་རྣམས་ཀྱིས་སྒྲ ཝེན་སིས་འོད་འབར་བའི་ཚོན་མདངས་བེད་སྤྱོད་བཏང་བ་དེ་ལ་དགའ་མོས་བྱེད། བློ་ཕངས་པ་ཞིག་ལ། རི་མོ་དེ་ལ་རྐྱེན་ངན་ཞིག་བྱུང་། ལོ་ཁ་ཤས་ཀྱི་ནང་ལ། རི་མོ་དེ་རྩིགས་ངོས་ནས་པགས་པ་བཤུས་པ་བཞིན་མར་ལྷུང་ཡོང་བ་རེད། རྗེས་སུ། དགོན་པའི་ནང་ལ་སྡོད་པའི་མི་དག་གིས་རི་མོ་དེའི་གཡས་ངོས་སུ་སྒོ་ཞིག་བཏོད་པ་རེད། དེ་བཞིན་ཕྱི་རྒྱལ་གྱི་དམག་མིས་རྡོ་གཞུས་ཏེ་ཏོག་ཙམ་མ་གཏོགས་མཐའ་མཇུག་གི་དགོང་ཟས་རྩ་མེད་དུ་བཏང་བ་རེད། སྟབས་ལེགས་པ་ཞིག་ལ་དེ་ལ་ཡང་སྐྱར་ཉམས་གསོ་བྱས་ཡོད།
ལེའོ་ནར་སྒྲོ སྒྲ ཝེན་སི་ནི་ཁོའི་སྒྱུ་རྩལ་གྱི་འཇོན་ཐང་དང་ས་ཆ་མང་པོར་ཁྱབ་པའི་རིག་རྩལ་ལ་ཡིད་སྨོན་བྱེད་ཡུལ་གྱི་རླབས་ཆེན་མི་སྣ་ཞིག་རེད། གང་ལྟར། མི་ཁག་ཅིག་གིས་ཕལ་ཆེར་ཁོ་ནི་མི་ཁྱད་མཚར་ཁ་ཁུ་སིམ་པོ་ཞིག་རེད་བསམས་ཡོད། ཁོ་ནི་མི་འཐོམ་གཞི་ཞིག་དང་ལྐོག་གྱུར་ཅིག་རེད། ཁོས་རང་གི་ཟིན་དེབ་ཀྱི་ངོས་སུ་རྒྱབ་མདུན་བསློགས་པའི་ཡི་གེ་མང་པོ་ཞིག་བྲིས་ཡོད་པས་མི་སུས་ཀྱང་དེ་དག་ཀློག་མི་ཐུབ། མི་ཁ་ཤས་ཀྱི་བསམ་པར་དེ་དག་ནི་ཁོའི་སྒྱུ་མའི་ངན་སྔགས་ཀྱི་གྲས་སུ་གཏོགས་པའི་ཚན་རིག་དང་མཐུན་པའི་ཚོད་ལྟ་ཁག་ཅིག་རེད། དེ་བཞིན་ཁོ་ནི་ལག་པ་གཡོན་པ་བེད་སྤྱོད་གཏོང་མཁན་ཞིག་ཡིན། དུས་སྐབས་དེར། མི་རྣམས་ཀྱིས་གཡོན་ལག་ནི་བདུད་ཀྱི་མཚོན་རྟགས་ཤིག་ཏུ་ཡིད་ཆེས་བྱེད།
མི་མང་ཆེ་བས་སྒྲ ཝེན་སི་ལ་དགའ་མོས་དང་ཡིད་ཆེས་བྱེད། ཁོ་ནི་མི་སྟོབས་ཤུགས་འཛོམས་པོ་དང་ཕ་སྒོ་ཡག་པོ་ཞིག་རེད། དེ་བཞིན་ཁོ་ནི་རང་གི་གྲོགས་པོ་ཕྱུག་པོ་དང་དབུལ་བོ་གཉིས་ཀའི་ཕྱོགས་སུ་གཏོང་ཕོད་ཅན་ཞིག་ཀྱང་རེད། ཡིན་ན་ཡང་། ཁོས་ནམ་ཡང་གཉེན་སྒྲིག་བྱས་མེད་པ་རེད། ཁོས་བུ་སྐལ་ཞིག་བླངས་པ་དང་འབྲེལ་ཁོ་ནི་ཕ་ཚབ་ཤིན་ཏུ་ཡག་པོ་ཞིག་རེད། མི་རྣམས་ཀྱིས་ཁོ་རང་གསོལ་སྟོན་ལ་མགྲོན་འབོད་བྱེད་ཅིང་། རྒྱུ་མཚན་ནི་ཁོ་རང་བག་ཕེབས་སེམས་གཡེང་བྱེད་མཁན་ཧ་ཅང་མཁས་པ་ཞིག་རེད། ཁོས་སྤྲོ་སྣང་ལྡན་པའི་བྱ་དངོས་ཀྱི་སྐོར་ཤོད་པ་དང་མི་རྣམས་ཁོའི་སྤྱང་གྲུང་འཛོམས་པའི་བསྟན་བཤིག་ཚ་བོར་གད་མོ་ཤོར་གྱི་ཡོད། དེར་མ་ཟད་ཁོ་ནི་རོལ་མོ་མཁས་ཅན་ཞིག་ཀྱང་རེད། ཁོས་གཞས་སྙན་པོ་གཏོང་བ་དང་འབྲེལ་རང་གིས་གསར་བཟོ་བྱས་པའི་རོལ་ཆ་ཞིག་བཀྲོལ། སྒྲ ཝེན་སིས་ནམ་རྒྱུན་གྱོན་ཆས་གྲ་དག་གིས་གྱོན། ཡིན་ན་ཡང་། ཁོ་རང་རྒྱུན་ལྡན་མིན་པའི་གྱོན་ཆས་གྱོན་རྒྱུན་དགའ། ཁོས་མི་གཞན་དག་གིས་ལྭ་པ་རིང་པོ་གྱོན་པའི་དུས་སུ་ལྭ་བ་ཐུང་ཐུང་གྱོན་པ་དང་། ཁ་དོག་དམར་སྐྱ་ལ་དགའ་བོ་ཡོད།
ལེའོ་ནར་སྒྲོ སྒྲ ཝེན་སི་ལ་ཁོ་རང་འཚོ་གཞེས་སྐབས་གཞན་དང་མི་མཚུངས་པའི་ཉིན་རེའི་འཚོ་བ་སྐྱེལ་སྟངས་ཤིག་ཡོད། ནམ་ཞིག་མི་མང་པོ་ཞིག་དེ་ལྟར་མེད་ཀྱང་ཁོ་ནི་ཤིན་ཏུ་གཙང་མ་ཞིག་ཡིན། ཁོ་རང་ཐ་ན་ཚོན་རྩི་ཁོ་རང་གི་མཛུབ་མོའི་རྩེ་མོར་འགོས་པ་ལ་ཡང་འདོད་མོས་མེད། དེ་བཞིན་ཁོ་རང་དཀར་ཟས་འབའ་ཞིག་ཟ་མཁན་ཞིག་རེད། རྒྱུ་མཚན་ནི་ཁོ་རང་སྲོག་ཆགས་གསོད་པར་འདོད་མོས་མེད་མཁན་ཞིག་རེད། ཁོས་བྱེའུ་དག་ཉོ་བ་དང་འབྲེལ་ལམ་སེང་དེ་ཚོ་ཀློད་གྲོལ་གཏོང་བ་དང་དེ་ཚོའི་འཕུར་སྟངས་ལ་སློབ་སྦྱོང་བྱེད་མཁན་ཞིག་རེད།
ཁོ་རང་འཚོ་གཞེས་ཀྱི་དུས་སྐབས་དེར། སྒྲ ཝེན་སིས་ཨི་ཀྲ་ལིའི་གྲོང་ཁྱེར་ཁྱད་དུ་འཕགས་པ་ཚོར་འགྲུལ་བཞུད་བྱས་པ་དང་ལས་རིགས་མི་འདྲ་བ་མང་པོ་ཞིག་བསྒྲུབས་པ་རེད། ཐེངས་ཤིག ཁོས་ལས་ཀ་ཞིག་འཚོལ་བའི་སྐབས་སུ། ཁོས་རང་གིས་བྱེད་ཐུབ་པའི་ལས་རིགས་མི་འདྲ་བ་སུམ་ཅུ་སོ་དྲུག་ཐོ་འགོད་བྱས་པ་རེད། དེ་བཞིན་ཁོས་རྩིག་བཟོ་དང་ཨར་ལས་འཆར་འགོད་བྱེད་མྱོང་། ཁོས་ཁང་བརྩེགས་དང་ཡུར་བུ་ཁག་ཅིག་ཇུས་འགོད་བྱས་ཤིང་། ཇི་ལྟར་བྱས་ནས་གཙང་པོའི་ཕྱོགས་བསྒྱུར་ཐབས་སྐོར་ཡང་འཚོལ་ཞིབ་བྱས། ཐེངས་གཅིག་ལ། ཁོས་མ་ཡེ་ལན་གྱི་སྒྲུ་ཁུའི་དམག་མིའི་སློབ་སྟོན་པ་ཡང་བྱས།
ཚེ་མཇུག་ཏུ། ལེའོ་ནར་སྒྲོ སྒྲ ཝེན་སི་ཨི་ཀྲ་ལིའི་རྒྱལ་ས་རོམ་ལ་ཕྱིན་ཏེ་ཡེ་ཤུའི་བླ་ཆེན་པོབ་ཀྱི་ཆེད་དུ་ལས་དོན་བསྒྲུབས། གང་ལྟར་ཁོ་རང་དེ་རུ་སྐྱིད་པོ་མ་བྱུང་། རྒྱུ་མཚན་ནི། མི་རྣམས་ཀྱིས་སྒྱུ་རྩལ་པ་ལོ་གཞོན་ཚོར་ཁོ་རང་ལས་ལྷག་པའི་ལས་ཀ་སྤྲད་པ་རེད། ལེའོ་ནར་སྒྲོ སྒྲ ཝེན་སི་རྒས་བཞིན་པ་དང་འདྲ་བར་ཁོ་རང་ཁེར་རྐྱང་དུ་སྡོད་རྒྱུ་མང་ནས་མང་དུ་ཕྱིན། ཡིན་ན་ཡང་། མི་རྣམས་ཀྱིས་ཁོ་རང་ལ་ཡིད་སྨོན་བྱེད་ཅིང་། མང་པོ་ཞིག་གིས་ཁོ་རང་ཤེས་ཚོར་མེད་པ་དང་རྒྱུ་མཚན་ནི་ཁོའི་བསམ་ཚུལ་དག་ནི་ཁོ་རང་གི་དུས་སྐབས་དང་བར་ཐག་ཤིན་ཏུ་རིང་བས་སོ།། ལེའོ་ནར་སྒྲོ སྒྲ ཝེན་སིས་ཁོའི་མཐའ་མཇུག་གི་ལོ་དེ་ཚོ་ཧྥ་རན་སིའི་རྒྱལ་པོ་དང་པོ་ཧྥ་རན་སིའི་སི་དང་པོ་Francis lལ་ལས་ཀ་བྱེད་པར་བཏང་། ཁོས་རྩིགས་བཟོའི་ཇུས་འགོད་དང་ཨར་བཟོའི་ལས་རིམ་བཟོས་པ་དང་། རང་གི་བསམ་ཚུལ་དང་མཐུན་པའི་རྒྱལ་པོའི་སྤྲོ་སྐྱིད་ལ་རོལ། དེ་བཞིན་ཁོས་རང་གི་ཟིན་ཐོའི་དེབ་ཀྱི་ཕྱིར་དུ་ཡང་ལས་ཀ་བྱས་ཤིང་། ཁོ་རང་གྲོངས་པའི་རྗེས་སུ་དེ་དག་པར་སྐྲུན་བྱེད་ཐུབ་ཡོད། སྤྱི་ལོ་༡༥༡༩ལོའི་ཟླ་གསུམ་པའི་ཚེས་གཉིས་ཉིན་ ལེའོ་ནར་སྒྲོ སྒྲ ཝེན་སི་ཞི་བདེའི་ངང་གྲོངས་ཤིང་དེ་དུས་ཁོང་ལོ་ན་དྲུག་ཅུ་རེ་བདུན་ལ་བསླེབས་ཡོད། །

འགྱུར་རྩོམ།

Post navigation

Previous Post: ཕྱིར་སྡོད་རྒྱ་རིགས་ཤེས་ལྡན་པ་ཁག་གིས་བོད་དོན་ཐད་ལྟ་ཚུལ། ༼ཁག་དང་པོ།༽
Next Post: འཛམ་གླིང་གི་མྱ་ངན།

Comments (7) on “ཀླུ་སྨྱོན་གྱི་བསྒྱུར་རྩོམ་འགའ་བརྒྱུད་འགོད།”

  1. karchen says:
    2009-01-30 at 7:53 pm

    ངེད་ཀྱིས་ཨ་ལགས་ཀྱིས་བརྩམས་པའི་འཁྲབ་གཞུང་གསར་བ་འདྲ་ས་ཁར་ཨེ་ཐོན་བལྟས་ནས་ཡོད།
    འོན་ཀྱང་། ཨ་ལགས་ཀྱིས་བསྒྱུར་རྒྱུ་འགོ་བཙུགས་པ་འདྲ།
    ཨ་ལགས་ལ་འཁྲབ་གཞུང་འབྲི་བའི་ཆུ་ཚོད་མེད་ན་གཞན་གྱིས་བྲིས་བའི་འཁྲབ་གཞུང་འདྲ་བསྒྱུར་ཨེ་ཐུབ་བལྟས་ན་ཡག་པོ་འདུག
    གང་ལྟར། བསྒྱུར་ནི་ཤེས་ཀྱི་ཡོད་པ་འདྲ། མུ་མཐུད་དུ་བསྒྱུར་རོགས། མུ་མཐུད་དུ་འབྲི་རོགས། སྨྱུ་གུ་ས་ལ་མ་འཇོག་རོགས

  2. མགོན་པོ་ཕྱག་གཉིས་པ། says:
    2009-01-30 at 10:41 pm

    མཐའ་མཇུག་གི་དགོང་ཟས་འདི་ཕྱིའི་འདྲ་རིས་ཙམ་མིན་པར་མི་རེ་རེའི་རྣམ་འགྱུར་དང་རྣམ་འགྱུར་ལས་དཔག་ཐུབ་པའི་སེམས་ཁམས་ཡང་བྲིས་ཡོད་སྐད།
    འདིར་པར་གསལ་པོ་མི་འདུག་ཡང་སྔོན་མ་པར་གསལ་པོ་ཅིག་ནང་ངས་མི་རེ་རེའི་རྣམ་འགྱུར་ལས་སེམས་ཁམས་ལ་ཡང་དཔྱད་པའི་ངལ་བ་ལྷུར་ལེན་ཁུལ་བྱས་ན་ཡང་ཨ་ཁུ་འབྲོག་པའི་མིག་ངོར་ཐང་ཁ་ཡང་རབ་རིབ་ལ་གྱུར་བའི་དཔེ་ལས་བཤད་རི་བ་གང་ཡང་མ་མཆིས་སོ།
    ང་ཚོའི་སྤྲུལ་སྐུ་ཀླུ་སྨྱོན་འདི་གང་བྱུང་མང་བྱུང་མང་པོ་འབྲི་མཁན་ཅིག་རེད་འདུག་ན་བརྒྱ་བཤད་ཚིག་ལ་རྩ་བ་ཅིག་དང་སྟོང་བཤིགས་འོ་མར་མར་ལོ་ཅིག་ངེས་པར་ཡོང་སྲིད་གི་རེད་སྙམ་པས་འབད་པར་བྱ། ང་རང་ལྡོག་ཕྱོགས་རྐྱང་རྐྱང་ལབ་ནས་མི་ལ་འཁོན་སློང་བ་མ་གཏོགས་ཕན་པའི་བྱ་བ་གང་ཡང་བྱེད་མི་ཐུབ་མཁན་ཅིག་ཡིན་ཡང་དྲ་གྲོགས་བསམ་ཚུལ་མི་མཐུན་མཁན་རྣམས་ལ་རྩིས་འདང་ལྷག་པར་ཡང་ཆེའོ།

  3. ཀླུ་སྨྱོན། says:
    2009-01-31 at 12:08 am

    གྲོགས་པོ་ཚོས་སྐུལ་ལྕག་གནང་བར་སྙིང་ནས་ཐུགས་རྗེ་ཆེ། མ་ཤི་གོང་ལ་མ་ཎི་ཆ་རེ་ཡང་འདོན་དགོས་ཀྱི་འདུག་ལ། མིག་གཉིས་མ་ལོང་གོང་ལ་ཅིག་འབྲི་ཡང་དགོས་ཀྱི་ཡོད་པ་འདྲ།

  4. ཟླ་བ་དོན་འགྲུབ says:
    2009-01-31 at 7:24 am

    ཡ་ཨ་ལགས་ཀླུ་སྨྱོན་ལགས། ཁྱོད་བདེ་མོ། ཕྱི་མའི་ལམ་རྒྱགས་ཀྱི་ཆེད་དུ་མ་ཎི་རེ་འདོན་དགོས་པ་བདེན། ཀློག་མཁན་མང་པོའི་སྐོམ་གདུང་སེལ་ཆེད་ལག་མི་དལ་བར་ཅིག་འབྲི་དགོས་པའང་བདེན། སྐུ་དྲིན་ཆེ། མུ་མཐུད་དུ་འདིར་ཕེབས་རོགས། དགའ་བསུ་ཡོད། ཟིན་བྲིས་འདི་འདྲ་ཀློག་ཐེངས་རེར་དགའ་བ་དང་སྤྲོ་བ་ཅིག་ཅར་དུ་སྐྱེ་འོང་བ་ཞིག་འདུག

  5. ÇtôzÅ-q- says:
    2009-01-31 at 10:12 pm

    སྒྲིས་ཝིན་ཤེས་རོམ་དུ་སྡོད་མ་ནུས་པ་དེ་ནད་པ་ལ་གཤག་བཅོས་དགོས་སྐོར་བཤད་པར་བརྟེན་པོབ་ཀྱི་ཞབས་ཕྱི་ཚོས་ཐབས་ལམ་དེ་ལྷ་ལ་རྒྱབ་འགལ་ཡིན་ཚུལ་གྱི་བསྙོན་འཛུགས་བྱས་ནས་གནས་དེ་དང་ཁ་བྲལ་དགོས་པ་རེད་ཟེར་སྲོལ་ཞིག་འདུག གློག་བརྙན་ཞིག་ཏུ་དེ་ལྟར་འཁྲབས་འདུག གློག་བརྙན་དེ་གསལ་པོར་མི་དྲན་དང་སྒྲི་ཝེན་ཤིའི་ཁོ་སྒྲི་ཟེར་བ་དེ་ཡིན་སྙམ། ཁོ་སྒྲི་ཟེར་བ་འདི་བོད་སྐད་དུ་གསང་ཨང་དང་གསང་རྟགས་སོགས་སུ་བསྒྱུར་མི་འདུག་གམ། ཁྱེད་ཀྱི་མི་འདིའི་སྐོར་བསྒྱུར་བ་དེ་ཡག་པོ་བྱུང་འདུག མི་འདི་ངོ་མཚར་ཆེན་པོ་ཞིག་རེད་འདུག་ག
    ངས་ད་ལྟ་ཅར་སི་སྒྲར་ཝེན་གྱི་སྐོར་ཏོག་ཙམ་རེ་ྐློག་ཁུལ་བྱེད་ཀྱིན་ཡོད། ཁོང་ཡང་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག ཅར་སི་སྒྲར་ཝེན་ལགས་ཀྱིས་སྐྱེ་དངོས་ཐམས་ཅད་ས་བོན་རྡུལ་རྫས་གཅིག་ལས་མཆེད་ཚུལ་གྱི་རྣམ་བཞག་གསར་བཏོད་དང་ཁོང་གིས་མཚོ་ཐོག་གི་འགྲུལ་བཞུད་རིང་མོ་འདི་ཚོ་དངོས་གནས་ཡིད་འཕྲོག་པ་ཞིག་འདུག

  6. ཀླུ་སྨྱོན། says:
    2009-01-31 at 10:57 pm

    ད་དུང་མི་འགའི་སྐོར་བསྒྱུར་ཡོད་པ་ཡིག་གཟུགས་གཞན་པའི་སྟེང་ན་ཡོད་ཅིང་། ཧི་གཟུགས་སུ་བསྒྱུར་མི་ཤེས་པས་རེ་རེ་བཞིན་ཧི་གཟུགས་སུ་གཏག་རྒྱུའི་འཆར་གཞི་ཞིག་ཡོད། ཧི་གཟུགས་སུ་བསྒྱུར་སྟངས་ང་ལྟ་བུའི་ལོ་ལོན་ཚོས་ཀྱང་གོ་བདེ་བ་ཞིག་གསུང་རྒྱུ་ཨེ་ཡོད།

  7. ཀླུ་སྨྱོན། says:
    2009-01-31 at 11:09 pm

    མྱི་ལྡང་འདིའི་མྱིང་དབྱིན་ཡིག་ཏུ་འདི་ལྟར་འདུག Leonardo Da Vince

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme