Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་མཁར་བྱམས་ཚེ་ཐར་གཏོང་དགོས།

Posted on 2017-03-262017-03-26 By ཁ་བརྡ་ 20 Comments on ཀླུ་མཁར་བྱམས་ཚེ་ཐར་གཏོང་དགོས།

མི་ཉག་སྐལ་བཟང་།

 
ཀླུ་མཁར་སྐྱབས་དང་ངེད་གཉིས་བར་ལ་ཇ་ཕོར་པ་གང་གི་འབྲེལ་བ་མེད་ལ། ངོ་དེབ་དང་སྐད་འཕྲིན་གྱི་གྲོགས་པོ་ཡང་མིན། ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་བཤད་ན་ང་ནི་ཁོང་གི་རྒྱབ་སྐྱོར་བ་ཞིག་མིན་ལ་ངོ་རྒོལ་བ་ཞིག་ཀྱང་དེ་བས་མིན། སྒྱུ་རྩལ་རྩོམ་རིག་གི་ཁྱབ་ཁོངས་ནས་བཤད་ན་ཡང་ང་ནི་ཁོང་ལ་དགའ་སྡང་ཆགས་ཞེན་གྱིས་ཚོར་བ་མེད། འོན་ཀྱང་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླའི་འདུ་ཤེས་ཀྱིས་ཚོར་བ་རྣོ་པོ་ཡོད་མཁན་ཞིག་ཡིན། ཀླུ་མཁར་སྐྱབས་ཆབ་སྲིད་བཙོན་ཟུར་ཡིན་མིན་ལ་དཔྱད་པ་བྱེད་པ་ཡང་ང་ཡི་འོས་འགན་མིན།

ཀླུ་མཁར་སྐྱབས་ནི་འགྲོ་བ་རིགས་དྲུག་གི་ནང་གསེས་མིའི་རིགས་སུ་གཏོགས་པ་ཞིག་ཡིན་ལ། འོན་ཀྱང་ལྷ་ཡི་སྣང་ངོར་བདུད་རྩི་དང་མིའི་སྣང་ངོར་རྣག་ཁྲག་མཐོང་བ་བཞིན་མི་ལ་ལས་ཀླུ་མཁར་སྐྱབས་ལྷ་དང་ལྷ་མ་ཡིན་ལྟ་བུ་མཐོང་གིན་ཡོད་ལ། མི་ལ་ལས་དུད་འགྲོ་ལྟ་བུ་ཡང་མཐོང་གིན་ཡོད། ལྷ་ལྟ་བུ་མཐོང་མཁན་ཚོས་ཀྱང་ཁོང་གིས་མདུན་ནས་བསྟོད་ཅིང་རྒྱབ་ནས་འཐེན་མཁན་ཤ་སྟག་རེད་ལ། ལྷ་མ་ཡིན་དང་དུད་འགྲོ་ལྟ་བུ་མཐོང་མཁན་ཚོས་ཁོང་གིས་རྒྱབ་མདུན་གཉིས་ཀར་འཐེན་ནས་ཐ་ན་ཁོང་གིས་ཟུངས་ཁྲག་ཀྱང་འཇིབ་འདོད་པ་ཤ་སྟག་རེད། ཁོང་ནི་དྲང་བདེན་གྱི་འཐབ་རྩོད་ལ་དགའ་ཞིང་། འཇིགས་ཞུམ་མེད་པ་དང་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་བཤད་ཕོད་པ་དང་བྲིས་ཕོད་པ་ཡིན། གལ་ཏེ་སུ་ཞིག་ཁོང་དང་ལྷན་དུ་སྡིངས་ཆ་གཅིག་གི་སྒང་ལ་ཚན་རིག་དང་མཐུན་པའི་བགྲོ་གླེང་ཞིག་བྱུང་བ་ཡིན་ན་ཁོང་ནི་ཀུན་ལས་རྣམ་པར་རྒྱལ་ངེས་ཡིན། ཁོང་ནི་དྲང་བདེན་གྱིས་བསླུ་བའི་སློང་མོ་བ་ཞིག་ཡིན་ལ། ཁོང་ལ་བདེན་པ་བརྒྱ་ཡོད་པའི་དབང་དུ་བཏང་ན་ཡང་དྲང་བདེན་ལ་མི་དགའ་མཁན་ཚོས་རྫུན་གཏམ་སྟོང་གིས་མཐའ་བསྐོར་ནས་མི་དཀར་པོར་ཞྭ་མོ་ནག་པོ་གཡོག་གང་ཐུབ་བྱས་དང་བྱེད་བཞིན་པ་ནི་བོད་པས་བོད་པ་རྩ་མེད་དུ་བཟོ་བའི་ངན་ཇུས་ཀྱི་ཆ་ཤས་ཤིག་རེད།

ད་ལོའི་ལོ་སར་པར་བོད་པ་ཚང་འཛོམས་སྐབས་སྔ་ན་མ་བྱུང་བའི་ཨ་རིར་ཁ་ཏྭ་ཞིག་གྲགས་ཡོད། ཁོང་གིས་ཀླུ་མཁར་སྐྱབས་སྔ་ས་ནས་རྒྱུས་ཡོད་རབས་དང་། རང་དབང་གི་རྩོམ་པ་པོའི་བརྩམས་ཆོས་ལ་འཕྲུལ་སྣང་དང་དོགས་སློང་གིས་ཐ་ཚིག་མང་པོ་བསྒྲགས་ཏེ་ལོ་གསར་པར་གཏམ་བཟང་ཞིག་བཤད་རྒྱུ་ཕར་ཞོག གཏམ་ངན་གྱིས་ལོ་སར་བསུ་སོང་། སླར་ཡང་ཁ་ཏྭར་རྒྱབ་སྐྱོར་མཚོན་ཆེད་དུ་བོད་པ་ཚང་འཛོམས་སྐབས་རྒྱ་གར་ལྡི་ལི་མ་བྱུང་ཌི་ལར་འུག་པ་ཞིག་ཀྱང་གྲགས་སོང་། ད་དུང་སེང་གེ་བཀའ་ཤག་གིས་ཆབ་སྲིད་བཙོན་ཟུར་དང་རང་དབང་གི་རྩོམ་པ་པོ་ཞིག་དམིགས་འབེན་དུ་བཟུང་ནས་ངར་ངར་རྫིག་རྫིག་གིས་གཏམ་བཤད་བྱས་པ་སོགས་ནི་ཆབ་སྲིད་བཙོན་ཟུར་ཞིག་ལ་མཐོང་ཆུང་བྱས་པ་དང་། རྩོམ་པ་པོ་ཞིག་གི་བསམ་བློའི་དམིགས་ཚད་ཀྱི་རང་དབང་རྡོག་རོལ་དུ་བཏང་བ་ཞིག་ཀྱང་མཚོན་ཡོད། ད་དུང་ར་ལུག་ལྟ་བུའི་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་དང་མདོ་སྨད་དབུས་རྒྱུན་སོགས་ཀྱིས་གསར་འགོད་གསར་བསྒྲགས་དང་། གྲོས་ཆོད་རིམ་པ་ཁག་ལ་བློ་རྣལ་དུ་ཕབ་སྟེ་བསམ་བློ་ཞིག་གཏོང་པ་ཡིན་ན་ཀླད་མེད་མཁྲེགས་འཛིན་ཅན་དང་། ལྟོ་གོས་ཙམ་གྱིས་ཡིད་འཚིམས་པའི་ཁོང་ཚོ་ནི་མུན་ནག་དཀྱིལ་ལ་མདའ་འཕེན་མཁན་ཤ་སྟག་ཡིན་པ་ཤེས་ཀྱིན་རེད།

དགོད་བྲོ་བ་དང་། སྐྱུར་བྲོ་བ་ཞིག་ནི་སྤྱི་འཐུས་ཚོས་ཀྱང་ལས་རིམ་རྣམ་བཞག་དང་འབྲེལ་བ་མེད་པའི་ཀླུ་མཁར་སྐྱབས་ལ་ཁ་རྡུང་བཏང་མཁན་མང་དྲགས་པ་ལས་ཉུང་དྲགས་མ་སོང་། འོན་ཀྱང་ཁོང་ཚོས་ཁོང་གི་སྒྱུ་རྩལ་རྩོམ་རིག་གི་ཐ་སྙད་རེ་གཉིས་ལ་ལོག་འགྲེལ་བྱས་ཏེ་སྒྲོ་བཏགས་པ་དང་སྐུར་འདེབས་བྱས་པ་ཙམ་ལས་བདེན་ཁ་བྱིན་པའི་ཚོར་སྣང་ཞིག་རི་བོང་གི་རྭ་རེད། ལྷག་པར་དུ་བཀའ་སྤྱི་གཉིས་དང་ཚོགས་པ་ཐུན་མོངས་མཉམ་རུབ་ཀྱིས་གཅིག་མཇུག་གཉིས་མཐུད་ཀྱིས་ཁ་རྡུང་དང་ཁ་དམག་དྲག་པོས་ད་ཆར་ཁོང་རྒྱང་འབུད་མ་བཏང་ཙམ་བཞག་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་དེ་རིང་ཁ་སང་ཁོང་གི་རླང་འཁོར་ལ་རྡོ་གཞུས་ཡོད་པ་མཐོང་ཡོད་ན་སང་ཉིན་ཁོང་གི་མགོ་ལ་རྡོ་གཞུ་ཐག་ཆོད་རེད། གལ་ཏེ་ཁོང་འཇིག་རྟེན་འདི་དང་ཁ་བྲལ་ཚེ་ཁྱོད་ཚོ་རེ་རེ་བཞིན་དམྱལ་བར་ལྷུང་རྒྱུ་རེད། ད་ནི་སི་རི་ཡའི་དམག་འཁྲུག་ལྟ་བུ་འདི་མཚམས་འཇོག་བྱ་སྟེ་ཀླུ་མཁར་བྱམས་ཚེ་ཐར་གཏོང་དགོས།།

བསམ་ཚུལ།

Post navigation

Previous Post: ༡༩༥༩དང་༦༠ནང་༧གོང་ས་མཆོག་གི་ཧིན་ངྷིའི་གསུང་སྒྱུར་གནང་མྱོང་བའི་ཨ་ཁུ་པད་མ།
Next Post: བོད་རྒྱ་ཆེའི་མང་ཚོགས་ལ་ཐུགས་སྣང་ཞུ་སྙན།

Comments (20) on “ཀླུ་མཁར་བྱམས་ཚེ་ཐར་གཏོང་དགོས།”

  1. མེ་ཏོག་བཀྲ says:
    2017-03-26 at 10:15 am

    ༸གོང་ས་མཆོག་ལ་འཕྱ་སྨོད་བྱེད་མཁན་དང་བོད་མི་རིགས་ནང་ཁུལ་དཀྲུགས་ཤིང་བྱེད་མཁན་ལ་བསམ་ཚུལ་མེད་ན་ཁྱེད་བོད་མི་སྤྱི་བོ་གནམ་བསྟན་ཤེས་ཡོན་ཧ་ཅང་ཆེན་པོ་ཞིག་པ་ཐག་གིས་ཆོད། དེ་མིན་ཡ་རབས་ལ་རྒྱབ་སྐྱོར་དང་ངན་པ་འཕྱ་སྨོད་བྱེད་པ་འཇིག་རྟེན་གྱི་སྤྱི་སྲོལ་དང་། རང་ཉིད་ཀྱི་འཚོ་བའི་དོན་དུ་བོད་མི་རིགས་རྒྱང་སྐྱུར་བྱེད་མཁན་གྱི་རིགས་ལ་ནམ་ཡང་བོད་མི་བཟང་སྤྱོད་ལྡན་པ་ཞིག་གིས་བསམ་ཚུལ་འདི་ལྟར་འཛིན་མི་ཐུབ། ཤེས་ཡོན་ལྡན་པ་ཡིན་མདོག་གིས་རང་ཉིད་ཀྱིས་བསྐོས་པའི་འགོ་འཁྲིད་ལ་ཁ་གཡར་བྱས་ཏེ་འབྲི་རྩོམ་འདི་རིགས་སྤེལ་བའི་དུས་ཚོད་དེ་བཞིན། བོད་ནང་རྒྱ་མིས་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་རང་དབང་ཆ་ཚང་རྡོག་རོལ་བཏང་དང་གཏོང་བཞིན་པར་ངོ་རྒོལ་བྱས་ན་བཟང་། འཇོན་ཐང་ཡོད་ན་ཁྱེད་རང་སྐབས་རྗེས་མའི་སྤྱི་འཐུས་སམ་སྲིད་སྐྱོང་ལ་བཞེངས་དང་དེ་ནས་ཤེས་ཡོང་ངོ་།།

  2. དགེ་འདུན་རྒྱ་མཚོ། says:
    2017-03-26 at 2:22 pm

    ཀླུ་མཁར་བྱམས་རང་ས་ནས་མི་སྡོད་པར་མང་བོ་ཞིག་བཤད་ཐུབ་པའི་སྤོབས་པ་དང་སྙིང་སྟོབས་དེ་མི་འདིའི་རིགས་ཀྱིས་སྐད་ཆ་བཤད་སྟངས་དང་སྐད་ཆའི་རྒྱབ་སྐྱོར་ལ་རྟེན་ནས་ཡོང་གི་ཡོད་རེད་སྙམ། 

  3. ས་སྲོད། says:
    2017-03-26 at 2:42 pm

    ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་ཁུལ་གྱི་རྩོམ་ཉོག་འདི་འདྲ་སྤེལ་ནས་རང་ཉིད་ཞེ་བོ་ཞིག་ཡིན་མདོག་སྟོན་གྱི་ཡོད་རེད། ༧གོང་ས་མཆོག་ལ་མཚན་སྨད་ཞུས་པའི་ཚིག་མཚོན་དེ་ཚོར་སྒྱུ་རྩལ་རྩོམ་རིག་གི་ཚིག་ཟེར་སྙན་པོ་བཟོ་ཁུལ་རེད་མོད། སོ་སོས་སྒྱུ་རྩལ་རྩོམ་རིག་མི་ཤེས་པར་རྫིག་གཏམ་དེ་འདྲ་བཤད་ཕོད་པ་ཡ་ཆ། བོད་མིའི་མཚོན་རྟགས་༧གོང་ས་མཆོག་ལ་མཚན་སྨད་ཞུས་ཀྱང་ཁྱེད་ལ་བསམ་འཆར་གང་ཡང་མེད་པར་མཚན་སྨད་ཞུ་མཁན་ལ་རྒྱབ་སྐྱོར་ཡོད་སྟོན་ན་ཁྱེད་རང་ཡང་སྙིང་རང་ཚུགས་མེད་པའི་ཀླད་མེད་ཅིག་རེད།

  4. མི་ཉག་སྐལ་བཟང་། says:
    2017-03-26 at 3:47 pm

    མི་རེ་རེར་ལན་རེ་བཏབ་བའི་དགོས་པ་མ་མཐོང་མོད། འོན་ཀྱང་བ་གླང་རྒན་གཞོན་དཔྱོད་པ་ལ།།བླུན་པོ་མཁས་ཀྱང་ཡོན་ཏན་མིན།།

  5. gangwal says:
    2017-03-26 at 9:41 pm

    བོད་པ་ཚོས་ཡང་རན་ཐ། ཤིག་གི་སྟེང་ལ་རྒྱ་སྟར་རེད། དཔོན་པོ་རྣམས་དང་ལས་ཁུངས་རྣམས་ལ་དེ་འདྲའི་ནུས་པ་ཅིག་ཡོད་ན་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་ཁྱེར་དེ་མེད་པར་བཟོ་དགོས། མི་སྒེར་ཞིག་གི་རྩོམ་ཡིག་ལ་དེ་འདྲ་བྱ་འོས་སམ། འུ་ཚང་ཁྱིམ་ཚེས་རྒྱལ་ཁབ་ལས་ཀྱང་ཐབ་སྡུག་རེད། སྤྱི་འཐུས་ཚོགས་མི་རྣམས་ནས་༧གོང་ས་མཆོག་དང་མཆོག་གསུམ་དཔང་བོར་ཞོག་ལ་རང་སེམས་ལ་མདང་ཅིག་རྒྱོབ་དང་། བྱ་བ་གནས་ལུགས་དྲང་བདེན་དང་ལྡན་པ་ཞིག་ལས་བཞིན་ཡོད་མེད། བསམ་བློ་ཅིག་ཐོངས་དང་། བསམ་བློ་ཅིག་བཏང་རོགས།

  6. Abharu Jigwang says:
    2017-03-26 at 11:22 pm

    ༄༅། མདོར་བསྡུས་ནས་བཤད་ན། དགྲ་ཤར་ལ་བཞག། གཏོར་མ་ནུབ་ལ་མ་སྐྱེལ།
    དཔའ་བོ་ཕོ་རྒོད་ཡིན་ན་་་་སྐྱོན་བརྗོད་དང་འཕྱ་སྨོད་ཟུར་ཟ་ག་རེ་བྱེད་རྒྱུ་ཡོད་ན་
    ཕ་ཡུལ་བཙན་འཕྲོག་བྱེད་མཁན་། ཆོས་མེད་ཀླ་ཀློ་ལ་ལན་རྒྱབ་ཐུབ་ན་བོད་མི་དོད་དོ་
    ཅོག་ནས་རྒྱབ་བསྐྱོར་ཀྱི་བྱེད། དེ་མིན་རྒྱ་དམར་གྱི་འདོད་བློར་འགྲོ་བའི་༧གོང་ས་མཆོག་ལ་
    ཟུར་ས་སྐྱོན་བརྗོད་བྱེད་མཁན་དེ་ཚོ། དགྲ་ཕྱི་དགྲ་ནས་་་་ནང་དགྲ་སྡུག་པས་ངེས་པར་ཞིབ་འཇུག་བྱེད་དགོས།
    ཆུས་འཁྱེར་ཡང་རྐྱལ་ཡིན་མདོག་མ་བྱེད།
    སྔོན་དུའང་ཁ་ནས་ཁྲག་བསྐྱུགས་ཏེ་ཨ་ཞང་ཆོས་རྒྱལ་གྱི་སྐུ་མདུན་དུ་བློ་བུར་དུ་འགྲོ་མཁན་བྱུང་ཡོད་།
    ལྷ་ཆོས་སྐྱོང་སྲུང་མ་གཟིམ་ཁུག་ནས་བཞུགས་ཤེས་ཀྱི་མ་རེད།

  7. Abharu Jigwang says:
    2017-03-26 at 11:42 pm

    ༄༅། རང་གི་སྐད་ཡིག་ཕུལ་ཕྱིན་མེད།
    ཕྱི་རྒྱལ་སྐད་ཡིག་ཚུུལ་བཞིན་མེད།
    ཕྱི་ནང་གཉིས་ལ་ཉམས་མྱོང་མེད།
    མང་གཙོའི་ལྟ་གྲུབ་མ་ཤེས་པར།
    མང་གཙོ་ཡིན་ཞེས་བཤད་པ་སྐྱོ།
    མང་གཙོའི་ལས་འགན་གཉིས་རང་སྟེ།
    ལས་འགན་ཐོབ་ཐང་གཉིས་རང་ངོ།

    དང་པོ་རྒྱལ་ཁབ་མི་མང་གིས་།
    ཞབས་འདེགས་ཞུས་ཤིང་ངེས་ཕན་དགོས་།
    གཉིས་པ་ཐོབ་ཐང་ལེན་ནས་བརྗོད་ཀྱང་ཆོག།
    དེ་མིན་མང་གཙོ་ལའང་ས་མཚམས་ཡོད།
    མང་གཙོའི་ས་མཚམས་བརྒལ་སོང་ན།
    མང་གཙོའི་སྨ་བརྗོད་རང་དབང་མེད།
    ཤེས་པར་བྱེད་དགོས་ངེས་པར་གྱིས།

  8. བློ་གྲོས་རབ་བརྟན་ says:
    2017-03-27 at 1:58 am

    ཀླུ་མཁར་བྱམས་ཀྱི་རྩོམ་དེ་སྒྱུ་རྩལ་རྩོམ་རིག་ཅིག་ཏུ་ཁས་ལེན་མཁན་ཚོས། ཁོའི་རྩོམ་དེ་སྒྱུ་རྩལ་རྩོམ་རིག་ཡིན་ཚུལ་བཤད་ཐུབ་ན་ཨ་མའི་བུ་རེད། དེ་བཤད་མ་ཐུབ་ན། སྒྱུ་རྩལ་རྩོམ་རིག་ཡིན་ཟེར་བ་དེ་སྐྱག་རྫུན་རེད་ལ། རྐུན་རྒྱབ་ཇག་ལངས་རེད། རང་མདོག་རང་བསྟན་རེད། ཀླུ་མཁར་བྱམས་དཀར་སར་འདོན་ས་ནས་ནག་ཁུང་དུ་འདེད་པར་རོགས་འདེགས་རེད། དེ་ནི་བོད་པའི་བཤད་སྲོལ་ལ་བསྟོད་མི་ཤེས་མཁན་ཞིག་བསྟོད་པ་ལས་དམད་མི་ཤེས་མཁན་ཞིག་དམད་ན་དགའ་ཟེར་བ་དེ་རེད།

  9. སྒྲོན་མེ། says:
    2017-03-27 at 2:40 am

    ༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ལ་རྒྱབ་སྐྱོར་ཡོད་ན་ལྟས་ངན་ཡིན་རྒྱུ་རེད།ཡིག་རྙོག་འདི་འདྲ་མང་བོ་ཞིག་བྲིས་ནས་ད་དུང་ཞེས་པོ་ཞིག་ཡིན་འདོད་ཡོད་ཀི

  10. Rinchen Dhondup says:
    2017-03-27 at 5:28 am

    གོང་དུ་མི་ཉག་སྐལ་བཟང་ལགས་ཀྱིས་སྤེལ་གནང་བའི་དཔྱད་རྩོམ་དེ་ཡག་པོ་ཞེ་དྲག་བྲིས་འདུག བཀའ་དྲིན་ཆེ། ཨ་ཚོགས་ཀླུ་མཁར་བྱམས་དང་། ཁོང་གི་ནང་མི་བུ་ཕྲུག་བཅས་པའི་བདེ་འཇགས་ལ་སེམས་འཚབ་ཡོད་དོ།

  11. གངས་དཀར་རྒྱལས་སྲས། says:
    2017-03-27 at 5:28 am

    སྐབས་འདི་འདྲར་ཆེས་ཉམས་འཇོག་ས་ནི་སྐད་ཆའི་ཕུགས་དག་ཡིན། དངོས་ཡོད་གནས་ཚུལ་ཡིན། དུངས་ཞེན་དང་དགའ་ཁ་འཁྱེར་ཕྱོགས་ལ་སོང་ན་དུས་ནམ་ཡང་དྲང་དོན་དེ་མཐོང་མི་ཐུབ། ཞོགས་དུང་གིས་ཀྱང། དུངས་བ་ལ་ཞེན་དྲགས་ན་གནས་ལུགས་ལ་རྒྱང་རིང་འགྲོ་བའི་གནས་ལུགས་བཤད་ཡོད་པ་མ་ཡིན་ནམ། སྐད་ཆ་རེ་རེ་དང་ཚིག་འབྲུ་རེ་རེ་ལ་གོ་བ་མ་ནོར་བར་བླངས་ནས་གཞི་ནས་བསམ་ཚུལ་བཤད་ན་ཕྱོགས་ཚང་མ་ཕན་རྒྱུ་རེད།

  12. ཏི་སི། says:
    2017-03-27 at 10:54 am

    རྒྱ་གར་རྒྱལ་ས་དྷི་ལིའི་མ་ཇུ་ཊི་ལའི་བོད་སྒར་ནང་དུ་ལྷ་མའི་ཚོགས་པ་བཙུག་ ཁང་པ་ཡང་ཆེ་ཙམ་ཡོད། མི་བསད། ༧ གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་དྷི་ལུའི་ཁྲིམས་ཁང་ལ་མཚན་བཏུགས་སོགས། འདི་བྱས་དང་འདི་མ་བྱས་པ་མེད་པའི་སྟོབས་ཆེན་ལྷ་མའི་ཚོགས་པའི་དེ་ཚོའི་ཁང་པའི་སྒོ་དང་སྒེའུ་ཁུང་ལ་རྡོ་ཙམ་བཞུ་མཁན་ཙམ་མེད་ལ། དུས་ད་ལྟའང་གསོན་པོར་གནས། རྡ་རམ་ས་ལའི་ས་མཐའ་འཁྱམ་པའི་གཟའ་མའི་ཉམས་ཆུང་ཀླུ་མཁར་གྱི་མོ་གྲ་རྙིང་པ་ཞིག་དེ་ཐོག་ཤེལ་སྒོ་ཐལ་བ་བཞིན་བཟོས། མདོ་སྨད་ཧབ་རུབ་དཔུང་རོབ་བཟོས་ནས་ཡིག་ངན
    སྤྲད། ད་བལྟད་མོ་འདུག་། ཡ་རབ་བཟང་སྤྱོད་འདུག བཟོད་སྲན་སྙིང་རྗེ་འདུག ཁོའི་སྨྲ་བརྗོད་རང་དབང་ལའང་རྒོལ་རྡུང་གཏོང་བ་དམར་ཤོག་ནག་པོ་མིན་ནའང་དམར་ཤོག་ཁྲ་ཁྲ་ཙམ་ཡོང་འདུག་གོ

  13. ཏི་སི། says:
    2017-03-27 at 6:03 pm

    རྒྱ་གར་རྒྱལ་ས་དྷི་ལིའི་མ་ཇུ་ཊི་ལའི་བོད་སྒར་ནང་དུ་ལྷ་མའི་ཚོགས་པ་བཙུག་ ཁང་པ་ཡང་ཆེ་ཙམ་ཡོད། མི་བསད། མ་ཟད་༧ གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་པ་གཉིས་དྷི་ལིའི་ཁྲིམས་ཁང་ལ་ནང་མཚན་བཏུགས་སོགས་བྱས། དེ་ཚོས་འདི་བྱས་དང་འདི་མ་བྱས་པ་མེད་པས་སྟོབས་ཆེན་ལྷ་མའི་ཚོགས་པའི་དེ་ཚོའི་ཁང་པའི་སྒོ་དང་སྒེའུ་ཁུང་ལ་རྡོ་ཙམ་བཞུ་མཁན་ཙམ་མེད་ལ། ད་དུང་ཡང་གསོན་པོར་གནས། རྡ་རམ་ས་ལར་ས་མཐའ་འཁྱམ་པའི་གཟའ་མའི་ཉམས་ཆུང་ཀླུ་མཁར་གྱི་མོ་གྲ་རྙིང་པ་ཞིག་དེ་ཐོག་ཤེལ་སྒོ་ཐལ་བ་བཞིན་བཟོས། མ་ཟད
    མདོ་སྨད་པ་ཧབ་རུབ་དཔུང་རོབ་བཟོས་ནས་ཡིག་ངན་སྤྲད། ཧ་ཧ་ད་བལྟད་མོ་འདུག་། ཡ་རབ་བཟང་སྤྱོད་འདུག བཟོད་སྲན་སྙིང་རྗེ་འདུག ཁོའི་སྨྲ་བརྗོད་ལ་རང་དབང་ལའང་རྒོལ་རྡུང་གཏོང་བ་དནངས་གཙོ་རང་རེད། དམར་ཤོག་ནག་པོ་མིན་ནའང་དམར་ཤོག་ཁྲ་ཁྲ་ཙམ་ཡོང་ཉེན་འདུག་གོ །ལོ་བཅུ་ཕྲག་བཞི་ཙམ་སྔོན་ན་ཡང་མདོ་སྨད་པ་ཞིག་གུས་མདོ་སྨད་ཨ་ཁུ་གུང་ཐང་ཚུལ་ཁྲིམས་ལ་མི་མདས་རྒྱབ། མདོ་སྨད་པ་ཀླུ་ཁར་བྱམས་རྡོ་ཆར་ཕབས། ཧཧཧཧ། དཔའ་རྒོད་རག་རེད།

  14. བཀྲ་ཤིས། says:
    2017-03-27 at 9:01 pm

    མཚན་སྨོད་དངོས་གནས་ཞུ་མཁན་རྒྱ་དམར་ལ་ནི་ལམ་དབུ་མའི་མིང་འོག་ནས་མགོ་བཏགས་ལུས་འབུལ་དང་སྤྲེལ་ལད་རྐྱང་རྐྱང་ཁྲབ། རང་བཙན་འཐབ་རྩོད་པ་ཀླུ་བྱམས་ཀྱི་ཐོག་ལ་སྟ་རེ་ཕྱར་མཁན་གྱི་དཔའ་བོ་རང་རེད་འདུག། དགོད་རེ་བྲོ། རྣམ་རྟོག།

  15. གཡུ་སྒང་དགེ་འདུན། says:
    2017-03-28 at 12:48 am

    ཁ་ཆེ་ཕ་ལུའི་བསླབ་བྱ་ལས།
    1 ལུ་གུ་མ་འཁྱེར་གོང་ལ་སྤྱང་ཀི་སྲུངས། ཡུལ་བདེ་མ་འཁྱོམས་གོང་ལ་མི་ངན་ཕུད།

    2དུག་སྦྲུལ་བཞག་ན་མགོ་ནག་མི་ལ་གནོད། སྤྱང་ཀི་བཞག་ན་གཡང་དཀར་ལུག་ལ་ངན།

    3མ་བཤད་གཏམ་དེ་ག་དུས་བཤད་བཤད་རེད། བཤད་ནས་འགྱོད་དགོས་བྱུང་ན་ཐ་མའི་ལས།

    4ཕ་མ་མནའ་མའི་དབྱེ་འབྱེད་མ་ཤེས་ན། མི་ལུས་དེ་འདྲ་ཐོབ་ཀྱང་ཁྱི་ལས་ལོད། ཁྱི་ངན་སྨྱོ་ཡང་བདག་པོ་ངོས་ཀྱིས་འཛིན། ཁྱི་ལས་ལོད་པའི་མི་དེ་ཡ་ཡང་ང་། དེ་འདྲའི་ལུས་རྟེན་སྡང་བའི་དགྲ་ལ་འགྱུར། མི་ངན་གཅིག་གིས་མི་བརྒྱ་རླུང་ལ་སྐུར། མི་ལུས་ཡིན་ཀྱང་རྒྱ་མཚོའི་གཏིང་ལ་བསྐྱུར། ལམ་ངན་བཏོད་ནས་འཛམ་གླིང་འཕུང་ལ་སྦྱོར།

    5ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། ཉན་དང་མི་ཉན་སོ་སོའི་བསམ་བློ་རེད།

  16. རྟ་དབྱངས། says:
    2017-03-28 at 3:23 am

    མི་ཉག་སྐལ་བཟང་ལགས་ལ་གླུ་ཞིན་ལེན།

    མི་ཉག་རིན་པོ་ཆེ་ལེ་སོ། སོ་ཡ་ལ་མི་ཉག་རིན་པོ་ཆེ་ལེ་སོ་སོ།

    ཀླུ་མཁར་སྐྱབས་པ་དཀའ་ལས་ཁག་འགྲོ མི་ཉག་རིན་པོ་ཆེ་ལེ་སོ་སོ།

    བོད་མིར་བྱམས་བརྩེ་མེད་པས། ཀླུ་མཁར་ཚེ་ཐར་མི་གཏོང་།

    མི་ཉག་རིན་པོ་ཆེ་ལེ་སོ་སོ།

    བོད་མིའི་སྙིང་རྗེ་ཁ་ན་ཡོད་རུང་། ལག་ན་རྡོ་ལི་ཡོད་རེད།

    མི་ཉག་རིན་པོ་ཆེ་ལེ་སོ་སོ།

    གཟབ་པ་མ་གནང་འབྲི་རྐྱང་བྱས་ན། མི་ཉག་མོ་ཊའི་སྒེ་ཁུང་།
    མི་འགྱང་རྡོ་ལིས་གཞུ་ཡོང་། མི་ཉག་གཟབ་གཟབ་བྱ་དགོས།

    མི་ཉག་རིན་པོ་ཆེ་ལེ་སོ་སོ། མི་ཉག་རིན་པོ་ཆེ་ལེ་སོ་སོ།

  17. སྤོབས་པ་མཐའ་ཡས། says:
    2017-03-29 at 4:38 am

    ཀླུ་མཁར་བྱམས་ལ་རྒོལ་རྡུང་དང་། གནོན་ཤུགས། ཚིག་ངན་བཤད་འདུག་མཁན་འདི་ཚོས་ངོ་མ་རྒྱལ་བ་རིན་པོ ཆེའི་ཞབས་རྐང་ནས་མར་འཐེན་གི་འདུག འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་པའི་ཆེ་མཐོང་ལ་གནོད་སྐྱོན་ཚབ་ཆེན་བཟོ་གི་འདུག ཀླུ་མཁར་གྱིས་གང་བཤད་པ་དེ་ཀུ་རེ་རྩེད་མོ་ཞིག་གི་སར་བཞག་བཞག་ན་ཉེས་སྐྱོན་གང་ཡང་ལྷགས་གི་མ་རེད།

  18. དགེ་འདུན་རྒྱ་མཚོ། says:
    2017-03-29 at 11:51 am

    བོད་མི་ས་ཡ་་དྲུག་གི་ཆེད་དུ་ཡི་གེ་ན་གཅིག་བྲིས་མ་མྱོང་བ་ཚོས་ཀླུ་བྱམས་མི་གཅིག་གི་ཆེད་དུ་རང་དབང་གི་རྩོམ་ཡིག་འབྲི་བཞིན་པ་མཚར་གཏམ་རེད།  རང་ཉིད་སྤྱན་རས་གཟིགས་ཡིན་པའི་འདུ་ཤེས་འཛིན་མཁན་ཡང་འགའ་ཤས་འདུག་པས་དེ་དག་གིས་སྙིང་རྗེ་སྨྲ་བ་ཡང་རྒོད་གཏམ་རེད། 

  19. མི་ཉག་སྐལ་བཟང་། says:
    2017-03-29 at 4:30 pm

    དགེ་འདུན་རྒྱ་མཚོ་ལགས། བོད་ཡིག་ཕྲན་བུ་ཤེས་པ་དེ་བེད་སྤྱོད་གཏོང་སྟངས་དང་བསམ་བློའི་རྟོགས་ཚད་དེ་འདྲ་ཞིག་ལས་མེད་ན་ཐབས་སྐྱོ་པོ་རེད། སུ་དང་སུ་ལ་ལྐོག་བཤད་བྱས་ཡོད་པ་ཡང་ཤེས་མ་སོང་། ཁྱོད་རང་ལམ་ཁ་སྒང་ལ་འགྲོ་མྱོང་བ་ལས་ཀླུ་མཁར་སྐྱབས་ཟམ་པ་སྒང་ལ་འགྲོ་མྱོང་བ་མང་གི་རེད།

  20. བཀྲ་ཤིས། says:
    2017-04-03 at 5:56 am

    ཧཧཧཧཧཧ། གྲོགས་པོ་ཚོ། ཀླུ་མཁར་བྱམས་གླེང་རིན་ཅན་གྱི་མི་ཞིག་མ་ཡིན་པ་ད་དུང་ཁྱོད་ཚོས་ཤེས་མ་སོང་ངམ། ཧཧཧཧཧཧཧཧཧཧཧ། གངས་ཅན་གྱི་གཡག་རྐུན་ཞིག་ལ་གློངས་ཡ་ད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme