Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་ཆུ་ཟམ་ཚ་རུ་རང་ལུས་མེར་བསྲེགས།

Posted on 2012-11-292012-11-29 By ཁ་བརྡ་ 10 Comments on ཀླུ་ཆུ་ཟམ་ཚ་རུ་རང་ལུས་མེར་བསྲེགས།

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་བོད་ནང་ཆུ་ཚོད་ ༢ ཡས་མས་ཙམ་ལ། མདོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ཞང་ལོ་ཚོ་སྡེ་པ་ནས་ཡིན་པ་ཚེ་རིང་བཀྲ་ཤིས་ལགས་ ༼ལོ་ ༣༡ ༽ཞིག་གིས་ས་གནས་ཀྱི་ཞང་སྲིད་གཞུང་ཟེར་བའི་སྒོ་འགྲམ་ནས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་འདས་གྲོངས་གྱུར་འདུག ཁོང་གི་ཕ་མིང་ལ་ཆོས་རོ་དང་མ་མིང་ལ་རྟ་མགྲིན་འཚོ། བཟའ་ཟླའི་མིང་ལ་ཆོས་སྐྱོང་འཚོ། བྱིས་པ་བུ་མོ་གཉིས་ཡོད་པ་ལས། རྡོ་རྗེ་སྐྱིད་༼ལོ་ ༧ ༽དང་། སྐལ་བཟང་སྒྲོལ་མ་༼ལོ་ ༣༽ ཡིན་འདུག

རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་གནང་སྟེ། ཞུས་ཏེ། གདོང་གཟིགས་དགོན་ཕུན་ཚོགས་རབ་རྒྱས་གླིང་དང་རྨོག་རུ་དགོན་གཉིས་ཀྱི་དགེ་འདུན་པ་དང་ས་གནས་མང་ཚོགས་འདུ་འཛོམས་ཀྱིས་བསྔོ་བ་སྨོན་ལམ་གསུང་བཞིན་ཡོད་འདུག

གསར་འགྱུར།

Post navigation

Previous Post: རྒྱལ་གཅེས་དཔའ་མོ་བཙུན་མ་སངས་རྒྱས་སྒྲོལ་མའི་སྐོར་རྗེས་འབྲེལ་གནས་ཚུལ།
Next Post: (HIV)ནུས་འཇོམས་དུག་སྲིན་(AIDS)ཨེ་ཙི་འགོས་ནད་སྔོན་འགོག་བྱེད་ཐབས།

Comments (10) on “ཀླུ་ཆུ་ཟམ་ཚ་རུ་རང་ལུས་མེར་བསྲེགས།”

  1. འཁྱམས་པོ says:
    2012-11-29 at 7:50 am

    ༄ བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
    ཨོཾམཎིཔདྨེཧཱུཾ ཨོཾམཎིཔདྨེཧཱུཾ ཨོཾམཎིཔདྨེཧཱུཾ

  2. ཅང་མེད་སྣང་སྐྱིད་ says:
    2012-11-29 at 8:17 am

    ཀྱེེ་་་ནོར་བུ་པདྨ་འཕགས་མཆོག་ཕྱག་ན་པདྨོ། ཁྱེད་ཀྱི་ཆབ་འབངས་ཁ་བ་གངས་ཅན་པ་རྣམས། སྡུག་བསྔལ་གྱི་མེ་ཕུང་འདི་ལས་མྱུར་དུ་སྐྱོབ་རོགས། ཨར་བརྟེན་ས་མ་རེད། ཀྱེེ་་ནོར་བུ་པདྨ་མཁྱེེན་མཁྱེན།

  3. ཐུ་བ་རྒྱ་མཚོ། says:
    2012-11-29 at 8:49 am

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་མཆོག །
    ཞིང་མཆོག་བདེ་བ་ཅན་དུ་མྱུར་སྐྱེ་ཤོག །

  4. ཀླུ་ says:
    2012-11-29 at 9:03 am

    དཔའ་བོ་ཁོང་གི་མཚན་ཚེ་རིང་བཀྲ་ཤིས་མ་ཡིན་པར་ཚེ་རོང་རྣམ་རྒྱལ་ཡིན་པ་དགོངས་འཇགས་ཞུ

  5. ཐུ་བ་རྒྱ་མཚོ། says:
    2012-11-29 at 9:06 am

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་ཚེ་རིང་རྣམ་རྒྱལ་མཆོག །
    ཞིང་མཆོག་བདེ་བ་ཅན་དུ་མྱུར་སྐྱེ་ཤོག །

  6. ལྷོ་ཕྱོགས་རྒྱ་མཚོ། says:
    2012-11-29 at 9:16 am

    དཀོན་མཆོག་གིས་མཁྱེན། དངོས་གནས་ད་ནི་བོད་ནང་ཛ་དྲག་ཏུ་འགྲོ་བཞིན་འདུག རྒྱལ་གཅེས་ལྷག་བསམ་ཅན་གྱི་དཔའ་བོ་དཔའ་མོ་ཚོར་སྙིང་ཁུང་རུས་པའི་གཏིང་ནས་གུས་ཕྱག་བསྔགས་བརྗོད་ཡོད། ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག མགོན་པོ་འོད་དཔག་མེད་ཀྱིས་ལམ་སྣ་དྲོངས།

  7. སྐལ་བཟང་། says:
    2012-11-29 at 1:28 pm

    དཔའ་བོ་ཁོང་གི་མཚན་ཚེ་རིང་བཀྲ་ཤིས་མ་ཡིན་པར་ཚེ་རོང་རྣམ་རྒྱལ་ཡིན་པ་དགོངས་འཇགས་ཞུ

  8. སྐལ་བཟང་། says:
    2012-11-29 at 1:29 pm

    རྒྱལ་གཅེས་ལྷག་བསམ་ཅན་གྱི་དཔའ་བོ་དཔའ་མོ་ཚོར་སྙིང་ཁུང་རུས་པའི་གཏིང་ནས་གུས་ཕྱག་བསྔགས་བརྗོད་ཡོད། ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ཨོཾམ་ཎི་པདྨེ་ཧཱུྂ ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག མགོན་པོ་འོད་དཔག་མེད་ཀྱིས་ལམ་སྣ་དྲོངས།

  9. བསྟན་འཛིན་ནས་ says:
    2012-11-29 at 3:45 pm

    རྒྱལ་གཅེས་ཁོང་གི་མཚན་ལ་ཚེ་རིང་རྣམ་རྒྱལ་ཟེར

  10. གནམ says:
    2012-11-29 at 8:46 pm

    དཔའ་བོ་འདི་ཚོ་ཚང་མ་བོད་རང་བཙན་གྱི་ཆེད་དུ་སྐུ་སྲོག་ཤོར་དགོས་བྱུང་བ་ནམ་ཡང་ནམ་ཡང་རྗེད་མི་སྲིད།
    རྒྱ་རྒན་ཚང་གིས་བོད་ལ་ཤ་ཚ་བདག་སྐྱོང་ཞིག་མེད་པ་གསལ་བོ་རེད།
    འགྲོ་བ་མིའི་བཟང་སྤྱོད་ཞིག་མེད་པ་གསལ་པོ་རེད།
    ཁྲེལ་དང་ངོ་ཚ་ཞིག་མེད་པ་གསལ་པོ་རེད།
    གོ་ཤེས་ཉན་ཤེས་ཞིག་མེད་པ་གསལ་བོ་རེད།
    རྒྱ་དམར་ཀླ་ཀློ་འདི་ཚོས་མགོ་པགས་ངོ་ལ་བཀབ་ནས་དུས་ཡུན་ག་ཚོད་ཅིག་ལ་སྒོང་འདོད་ཡོད་ནི་ཨ། མྱི་གསོད་ཀི་གཤེད་མ་འདི་ཚོ།
    བོད་མི་འགའ་ཤས་ཞིག་གིས་རྒྱ་མི་ཡག་པོ་ཡོད་རབས་དང་དམར་པོའི་གཞུང་ཡག་པོ་མེད་རབས་བཤད་ནས་རང་མགོ་སྐོར་ཡོད་པ་ཤེས་ཡོད་རྒྱུ་རེད། རྒྱ་མི་ཡག་པོ་ཡོད་ན། ད་ལྟའི་དུས་ཚོད་འདི་ལ་གང་དུ་ཡུབ་བསྡད་ཡོད་པ་རེད། ཡང་བོད་མི་འགའ་ཤས་ཞིག་གིས་རྒྱ་མི་ཤེས་ཡོན་ཅན་དེ་ཚོས་ང་ཚོ་ལ་ལྟ་སྟངས་ཡག་པོ་ཡོད་པ་རེད་ཟེར། དེ་འདྲ་ཡིན་ན། ད་རེ་ངག་ལྐུག་སོང་བ་རེད་དམ། སྤྱིར་རྒྱ་ཞིག་ཡིན་ཕྱིན་བློ་གཏད་དང་ངོ་ཚ་མེད་པ་ཤས་བ་བཅས་ནས་བོད་ཀྱི་མ་འོངས་ལ་རྒྱང་ལྟའི་དབུ་ཁྲིད་བྱས་ན་བཟང་ས་རེད། དེ་མིན་ང་ཚོ་བཙན་བྱོལ་བས་ཤི་བོ་དེ་ཚོ་དང་བོད་མི་རིགས་ལ་ཤ་ཚ་དང་སྙིང་རྗེ་ཅི་ཙམ་ཡོད་ཟེར་ན་ཡང་། བོད་མི་མྱོང་མཁན་ཚོས་མུ་མཐུད་དུ་མྱང་ནས་འདུག་རྒྱུ་ལས་ལམ་མི་འདུག་གོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme