Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་སྨྱོན་སྤུན་གསུམ་གྱི་མཉམ་འབྲེལ་དེབ་གསར་པར་སྐྲུན།

Posted on 2008-08-032008-08-03 By ཡེ་ཤེས་ 12 Comments on ཀླུ་སྨྱོན་སྤུན་གསུམ་གྱི་མཉམ་འབྲེལ་དེབ་གསར་པར་སྐྲུན།

ཀླུ་སྨྱོན་ཧེ་རུ་ཀ་དང་ཁོའི་གཅེན་པོ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་མཁན་ལྡོང་ཕྲུག་ཡེ་ཤེས་བཟང་པོ་དང་གཅུང་བོ་གཟི་མིག་གསུམ་པ་སྐལ་ལྡན་རྒྱ་མཚོ་གསུམ་གྱི་མཚན་ཉིད་རིག་པའི་མཉམ་འབྲེལ་རྩོམ་དེབ་གྲྭ་སྤུན་གསུམ་གྱི་མནོ་བསམ་ཕྱོགས་བསྒྲིགས་ཞེས་པ་དེ་འགྱང་མིན་སྤྱི་ཚོགས་སྟེང་གི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན།

གསར་འགྱུར།

Post navigation

Previous Post: གཙང་ཆེན་གྱི་སྙན་ངག
Next Post: སྨྱོ་གླུ།

Comments (12) on “ཀླུ་སྨྱོན་སྤུན་གསུམ་གྱི་མཉམ་འབྲེལ་དེབ་གསར་པར་སྐྲུན།”

  1. ÇtôzÅ-qü says:
    2008-08-03 at 5:49 am

    དེབ་དེའི་ནང་དུརྩོམ་ཡིག་གང་དང་གང་འདྲ་དགོད་རྒྱུ་ཡིན་ནམ། ས་གནས་གང་དུ་དཔར་བསྐྲུན་བྱ་རྒྱུ་རེད། ག་དུས་དཔར་འགྲེམ་བྱ་རྒྱུ་རེད།

  2. karchen says:
    2008-08-03 at 7:22 am

    ཉིན་ཤས་སྔོན་ནས་བཟུང༌། ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་དྲ་དེབ་འདིའི་ཟུར་གྱི་གླེང་གཞི་ཞིག་ཆགས་སོང༌། འོན་ཀྱང༌། རྩོམ་འབྲི་བ་ཚོས་གླེང་བཞིན་པ་ནི་ས་ཁར་མ་བུད་པའི་ཀླུ་སྨྱོན་གླེང་གི་འདུག ངེད་ཀྱི་རེ་བར། རྗེས་ཕྱོགས་ང་ཚོས་དཔེ་དེབ་ས་ཁར་བུད་ན། གཞི་ནས་གླེང་གཞི་སྤེལ་ན་ཧ་ཅང་འོས་བར་མཐོང༌།

  3. Dhondup Tashi Rekjong says:
    2008-08-03 at 8:01 am

    ང་ནི་བརྩམས་ཆོས་དེ་སླེབས་རྒྱུར་སྒུག་ནས་བསྡད་ཡོད། བོད་ཡིག་གི་ཐོག་ལ་དེབ་ཞིག་བྲིས་བ་ཙམ་གྱིས་ཀྱང་དབྱངས་གསལ་སོ་བཞིའི་མདུན་ལམ་ལ་སེམས་ཁུར་བླངས་བ་རེད།

  4. སྟག་སྨྱོན། says:
    2008-08-03 at 8:05 am

    ཕྲག་དོག་དམར་པའོ་མེ་ལྕེ་ལྷབ་ལྷབ་ཏུ་གཡོ་ཞིང་།།
    གྲགས་འདོད་རླུང་ནག་འཚུབ་མས་སྙིང་ཁམས་དེ་དཀྲུགས་ནས།།
    རྩུབ་མོའི་ཚིག་གིས་རྒྱངས་པའི་རྩོམ་ཆད་རེ་བྲིས་པ།།
    ཞི་བདེའི་སྲོག་རྩ་བཅོམ་པའི་སྟ་རེ་ལས་མ་མཐོང་།།

    སྟོབས་ཆེན་རྒྱ་ཡི་གདོང་ལ་ཤི་རོ་དང་འདྲ་ཡང་།།
    ཡ་རབས་བོད་མིའི་སྤྱི་ཚོགས་རྣག་ཁྲག་བཞིན་རྙོག་པའི།།
    འུར་ཆེན་གྲྭ་སྨྱོན་ལོ་རེ་ཇེ་མང་དུ་འགྲོ་བས།།
    བཙན་བྱོལ་སྤྱི་ཚོགས་འདི་ཡི་ངོ་མདངས་དེ་ཤོར་འདུག།

    ཕར་ལ་ནན་གྱིས་བསྐུལ་བའི་ཉེས་པ་ནི་མ་བསགས།།
    ཚུར་ལ་བཙན་གྱིས་འཛུལ་བའི་དགོས་མཁོ་དེ་བསྐོང་ཕྱིར།།
    གཏིང་གི་གནོང་ལ་ཁེལ་བའི་དྲང་ལན་རེ་བརྒྱབ་པ་།།
    དོག་མོའི་སྙིང་ལ་གནོད་ཀྱང་ཁྱེད་རང་གིས་ཉོས་རེད།།

    མི་གཅིག་མིང་གིས་རྣམ་གྲངས་མང་པོ་རེ་སྤྱད་ནས་།།
    རང་ཉིད་གླེང་གཞི་བཟོ་བའི་གཡོ་ཐབས་དེ་ཤེས་ཡོད།།
    མི་ལ་ཚིག་རྩུབ་བཤད་པའི་མྱོང་བྱང་གི་རྩོམ་འདིས།།
    བཀབ་ཀྱང་ཁྱེད་རང་སུ་ཡིན་གསལ་བོ་རང་མཐོང་གི།

    ཁོ་བོ་སྔ་མོ་ཞིག་ནས་ཡི་ག་དེ་འགག་པས།།
    བོད་ཀྱི་རྩོམ་རིགས་ཀློག་རྒྱུའི་སྤྲོ་སྣང་དེ་བརླག་སོང།།
    ཡ་མཚན་ལེགས་བཤད་ཡོད་ཀྱང་ང་རང་ལ་མི་ཕན།
    ལོག་བཤད་སྐྱུགས་རོ་ཡོད་ཀྱང་ཁོ་བོ་ལ་མི་འགོས།།

  5. yeshe says:
    2008-08-03 at 12:33 pm

    ད་ལྟ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དང་འབྲེལ་བ་བྱེད་བཞིན་ཡོད། དེ་རུ་མ་བྱུང་ན་འདི་ག་ཨ་རིར་དཔར་རྩིས་ཡིན།

  6. སྟག་སྨྱོན། says:
    2008-08-03 at 6:04 pm

    པེ་ཅིན་མཁར་ནས་པར་ན་ཡག་ཤོས་རེད། ཧུའུ་ཅིན་ཐོའི་སྔོན་གླེང་ཞིག་རག་གི་རེད།

  7. ཡེ་ཤེས། says:
    2008-08-04 at 12:04 am

    མའོ་ཡི་སྔོན་བརྗོད་ཅིག་མ་རག་པར་ང་འགྱོད་པ་ཞིག་ཆེ་གི་གྲོགས་པོ།

  8. ཡེ་ཤེས། says:
    2008-08-04 at 12:05 am

    དྲ་གྲོགས་འདི་ལྟ་བུར་ལན་འདི་ལྟ་བུ་མ་གཏོགས་དགོས་ཀྱི་མེད་པ་ངས་ཤེས་སོང་།

  9. ÇtôzÅ-qü says:
    2008-08-04 at 7:57 am

    ཡེ་ཤེས་ལགས། ཁོང་སྐུ་མཆེད་གསུམ་གྱི་དེབ་དེའི་ནང་དོན་གཙོ་བོ་གང་དང་གང་ཡིན་ནམ། ཁྱེད་ཀྱིས་འདིར་ངོ་སྤྲོད་རགས་བསྡུས་ཤིག་བྱེད་ཐུབ་བམ།

  10. སྟག་སྨྱོན། says:
    2008-08-04 at 2:25 pm

    ཀླུ་སྨྱོན་དང་ཁོང་གི་དཔུང་ཚོགས་ཀྱི་ཀུན་སློང་དང་ཁོང་ཚོས་དགོན་པ་དང་སྤྱི་ཚོགས་ནང་བཞག་པའི་བྱས་རྗེས་སོགས་རྟོགས་འདོད་ན་ “ཁྲག་ཅན་སྦལ་བས་རྙོག་པའི་རྫིང་བུ ” ཞེས་པ་ལ་སྒུག་དང་དུས་ཚོད་བྱུང་ཚེ་མཐོང་ངེས་རེད།
    མི་དང་མིའི་བར་གྱི་འབྲེལ་བ་དང་རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་འབྲེལ་བ་ནི། གདོང་བ་དང་མེ་ལོང་བར་གྱི་འབྲེལ་བ་དང་གཅིག་རེད། དཔེར་ན་ཁྱེད་ལ་གདོང་པ་མཛེས་པོ་ཞིག་ཡོད་ཚེ་མེ་ལོང་ནང་དུའང་མཛེས་པོ་ཞིག་སྟོན་པ་དང་། ཁྱེད་རང་གི་གདོང་པ་རྫོར་པོ་ཞིག་ལས་མེད་ན་མེ་ལོང་དུའང་རྫོར་པོ་ཞིག་ལས་མེད་པ་མེ་ལོང་གིས་མ་ལན་པར་ཁྱེད་རང་གི་གདོང་པས་ལན་པ་རེད། ཡག་པོ་མི་འདུག་ཅེས་མེ་ལོང་ལ་འཐབ་འཁྲུག་བྱེད་པ་གླེན་པའི་ཀྱང་གླེན་པ་ཞིག་མ་ཡིན་ནམ།
    དེ་བཞིན་ཁྱེད་ཀྱི་རྩོམ་ཡིག་ཡག་པོ་ཞིག་ཡིན་ཚེ་ཀློག་པ་པོས་དགའ་བསུ་བྱེད་ལ། དེ་ལས་ལྡོག་ཏེ་ཁྱེད་རང་གིས་རྩོམ་ཡིག་སྐྱག་དྲི་བྲོ་བ་ཞིག་བྲིས་ཚེ་ཀློག་པ་པོས་འཕྱ་དམོད་དང་འཚང་འབྲུ་བྱེད་ངེས་རེད། མ་གཞི་དེང་སང་གི་ཀླད་རུལ་མང་པོ་ཞིག་གིས་སྙན་གྲགས་མི་ཐོབ་པ་ཤེས་ནས་ཆེད་དུ་དགེ་རྒན་ལ་གཤེ་བ་དང་མ་སྲིང་ལ་རྒྱོ་བ་སོགས་ངོ་ཚ་ཁྲེལ་མེད་ཀྱི་ཐབས་ཤེས་ཁོ་ན་བརྟེན་ནས་མིང་གྲགས་བཟོ་གི་ཡོད་རེད། བྱ་བརྒྱའི་ཁ་ཡར་ལ་བསྟན་ནས་འཕུར་དུས་བྱེའུ་འཕང་བའི་ཁ་ཐུར་དུ་འཁོར་ནས་འཕུར་ཞེས་པའི་དཔེ་རེད། དང་པོ་ཕར་ལ་བསྙད་བཏགས་ཏེ་དགྲ་བསགས་ནས་མཐར་ཡ་ལན་སློག་ཚེ། ང་ལའང་དགེ་ཆོས་ནང་བཞིན་འབུར་འཇོམ་བྱེད་ཀྱི་འདུག་དང་། ཡང་ན་སྲོག་འཕྲོག་རྩིས་བྱེད་ཀྱི་འདུག་ཟེར་ནས་འུར་སྒྲོག་བྱེད་པ་དེ་ནི་མི་འདི་ཚོས་མིང་བཟོ་བའི་ཐབས་ལམ་གྱི་རིམ་པ་ཞིག་རེད། ཁྱེད་རང་འདྲ་བོར་ཐུག་ན་ཉེན་ཁ་ཆེ་བ་ལས་དགོན་པའི་ནང་གི་བླ་མ་དགེ་བཤེས་དང་གྲྭ་གཉོམ་ཆུང་ཚོས། ཁྱེད་ལ་མི་ལས་ངན་འུ་ཐག་འདི་ཟེར་ནས་སྙིང་རྗེ་དང་སྨོན་ལམ་བཟང་པོ་རེ་འདེབས་སྲིད་པ་ལས། ཁྱེད་གསོད་རྒྱུའི་བསམ་ངན་མེད་པ་རྒྱུས་མེད་ངས་ཀྱང་ཁག་ཐེག་བྱེད་ཐུབ། ཁྱེད་རང་འདྲ་བའི་མི་གུ་དོག་དང་ཆགས་སྡང་ཅན་ཚོར་ཐུག་ཚེ་གཟབ་ན་ཡག་གི་རེད།
    དཔེར་ན་ང་ཀླུ་སྨྱོན་ལ་མ་དགའ་བ་དང་མི་དགའ་བ། ནམ་ཡང་དགའ་བར་མི་འགྱུར་བ་དང།
    ཁོའི་རྩོམ་ཆད་ཁག་མ་ཀློག་པ་དང་མི་ཀློག ནམ་ཡང་ཀློག་པར་མི་བྱེད་པ་ཡོད་ཚད་ཁོ་རང་གི་ཀུན་སྤྱོད་ལས་བྱུང་བ་ཞིག་ཡིན། དཔེར་ན་མིང་ལ་ལྟོས་དང་། ཀླུ་སྨྱོན་ཞེས་མིང་འདི་བཏགས་པ་ཙམ་གྱིས་ཁོའི་མི་ཚེའི་དམིགས་ཡུལ་བསྟན་ཚར་བ་རེད། མིའི་སྐྱོན་ལ་མ་ལྟ་ཡོན་ཏན་ལྟོས་ཟེར་ཡང་། ཁོས་ག་རེ་བྲིས་ཀྱང་གཞན་གྱི་སྐྱོན་འཚང་རྩལ་དུ་བཏོན་ནས་གླེང་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐུབ་པ་དང་། ཡང་སྨྱོན་ཞེས་འདོགས་དོན་གཞན་ཞིག་ནི་རྩོམ་ཡིག་སོགས་ལ་བརྟེན་ནས་མང་པོ་ཞིག་ལ་ཕར་རྒོལ་བྱེད་རྒྱུའི་ཐོག་མའི་ཉེན་བརྡ་ཞིག་བཏང་པ་རེད། མིང་ཁོ་ནས་དེ་ཙམ་གྱི་བགས་ཆགས་མན་པ་ཞིག་བཞག་པའི་ཁར། དག་དག་དགེ་བསྐོས་བཙན་པོ་ཞེས་རྩུབ་ཐག་ཆོད་ཀྱི་ཚིག་ཅིག་བྲིས་ཡོང་དུས། ཨོ། ད་ཡིན་ན་ཕར་རྒོལ་འགོ་བཙུགས་སོང་སྙམ་པའི་བློ་ཕམ་ཞིག་སྟེར་བ་ལས། ཁོང་གིས་རྩོམ་ཡིག་ཀློག་འདོད་ཀྱི་སྤྲོ་སྣང་རྦད་དེ་མེད་པ་བཟོས་པའི་ནག་ཅན་པའང་ཁོ་རང་ཉིད་རེད། ཁོའི་རྩོམ་ཆད་རེ་རེ་བཞིན་མ་ཀློག་ཀྱང་ནང་དོན་གོ་བརྡ་འཕྲོད་ཐུབ། ཕ་རོལ་བོ་ཞིག་གིས་མ་འགྲིག མ་ཤེས། མ་འཇོན་པའི་སྐོར་རྐྱང་ཡིན་པ་གསལ་བོ་རེད། ག་དུས་ཡིན་ན་མི་ཞིག་གི་ཆད་ལྷག་སྐོར་རྐྱང་ནན་འཚོལ་བྱེད་རྒྱུ་ཁོ་རང་ལ་མ་ཡིས་གནང་བའི་གཤིས་རྒྱུད་ཡིན་པས་ནམ་ཡང་བཟང་བོ་ཞིག་གླེང་མི་སྲིད། མཇལ་བྱེད་ཀྱི་ཐིག་ཤིང་སྐྱོག་སྐྱོག་གིས་མཇལ་ཡུལ་གྱི་དངོས་ཚད་ལྡན་ཞིག་མཇལ་རྒྱུ་མ་སྲིད་པ་ཞིག་རེད།
    ད་དུང་ཁྱེད་རང་ཚོས་མི་གང་ཡིན་ལ་དྲག་སྤྱོད་པ་ཞེས་གང་འདོད་དུ་འདོགས་བཞིན་པ་འདིས་བརྗོད་པ་པོའི་་ཞེ་སྡང་གི་ཚད་ཕྱིར་མངོན་དང་། དྲག་སྤྱོད་པ་ཞེས་པ་ཇི་འདྲ་ཞིག་ཡིན་པ་ཤེས་མེད་པའི་རྟགས་རེད། གལ་སྲིད་དགོན་པའི་ནང་ན་དྲག་སྤྱོད་པ་ཡོད་ན་ཉིན་མ་རེ་རེ་བཞིན་མི་མང་པོའི་ཚེ་སྲོག་ཤོར། ཁང་བརྩེགས་གཏོར་བཞིན་པའི་གསར་འགྱུར་རྒྱུན་མ་ཆད་པར་ཡོང་དགོས་མོད་དེ་འདྲ་ནམ་ཡང་མ་ཐོས། དེའི་ཕྱིར་ཁྱོད་ཀྱིས་རྩོམ་ཡིག་ཚྭ་དང་སི་པན་མང་ཐག་ཆོད་ནས་འཕྲོ་བརླག་དུ་སོང་བའི་ཟ་མ་འདྲ་བོ་ཞིག་ཡིན་པ་རྟོགས་ཐུབ། མིང་འདི་ཙམ་གྱི་བེད་སྤྱོད་གཏོང་ཡུལ་ལ་ཁྱད་པར་མེད་པས་ཀྱང་ཁྱེད་རང་མཁས་བླུན་གང་འདྲ་ཞིག་ཡིན་པ་གསལ་བོ་རེད།
    དགོན་པའི་ཁྲིམས་ནི་ཆེས་ནན་པོ་ཡོད་ངེས་པ་དང་ཁྲིམས་འགལ་བྱེད་མཁན་གྱི་གྲྭ་སྨྱོན་ཁྱེད་རང་ཚོ་འདྲ་བོ་ཡང་ཉུང་ཉུང་མིན་ཤས་ཆེ། མི་ཡོད་སར་ཁྲིམས་ཡོད་པ་དང་ཁྲིམས་ཡོད་སར་ཆད་པ་གཅོད་སྲོལ་གྱང་ཡོད་རེད། ཁྲིམས་དང་ཁྲིམས་ཆད་ལ་སྡང་ཟུག་བྱེད་མཁན་ནི་ཇག་རྐུན་དང་མི་གསོད་སོགས་ཡིན་པ་རེད།
    མང་དྲགས་འགྲོ་བས་འདི་ནས་བསྐྱར་དུ་འབྲི་མ་དགོས་པའི་རེ་བ་ཡོད།

  11. ཡེ་ཤེས། says:
    2008-08-04 at 4:20 pm

    འོ་ན་ཉིད་ཀྱི་མཚན་ལ་སྟག་ཅེས་བཏགས་པ་དེས་སྲོག་ཆགས་ཉམ་ཆུང་ཡོད་ཚད་ཟ་འདོད་གསོད་འདོད་དང་། སྨྱོན་ཞེས་བཏགས་པ་དེས་ཀླུ་སྨྱོན་དང་འདྲ་བར་ཁྲེལ་མེད་སྨྱོན་པ་གཅེར་རྒྱུག་བྱེད་འདོད་པ་ཡིན་ནམ།

  12. ཡེ་ཤེས། says:
    2008-08-04 at 4:22 pm

    ཡང་མིན་ན་ཁྱོད་རང་སྟག་ལྷ་རྒྱལ་ཡིན་རྒྱུ་རེད། ད་བར་དུ་ང་ལ་གཤེ་བཞིན་ང་དང་འདྲ་བར་མིང་རྫུན་མ་ཞིག་གི་རྒྱབ་ཏུ་བསྐུངས་དོན་ཅི་ཞིག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme