Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲོའུ་ཨིན་ལེ་ནས་ཏཱ་ལའི་བླ་མར་སྤྲིངས་པའི་འཕྲིན། (འོས་སྦྱོར།)

Posted on 2016-05-23 By ཁ་བརྡ 10 Comments on ཀྲོའུ་ཨིན་ལེ་ནས་ཏཱ་ལའི་བླ་མར་སྤྲིངས་པའི་འཕྲིན། (འོས་སྦྱོར།)

རྟ་ནག་ལུང་རིགས་ཀྱིས་བསྒྱུར།

 

སྙིང་ནས་བརྩེ་བའི་ཏཱ་ལའི་བླ་མ་ལགས་ལ།
ཁྱེད་ཀྱིས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ང་དྲུག་ལོའི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་སྤྲིངས་པའི་ཡི་གེ་ལག་ཏུ་འབྱོར་བས་ཤིན་ཏུ་སྤྲོ། ཙུང་ལི་གཞོན་པ་ཁྲིན་ཡིས་པེ་ཅིན་ལ་འབྱོར་རྗེས་བོོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པའི་བརྒྱུད་རིམ་དང་། ཕྱོགས་སོ་སོའི་བོད་ལྗོངས་ཀྱི་བྱ་བའི་གནས་ཚུལ་ང་ཚོར་ཡར་ཞུ་བྱས་བྱུང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་ནི་བྱ་གཞག་ཆུང་ཆུང་ཞིག་དངོས་གནས་མ་ཡིན་ཏེ། འདི་ནི་པཎ་ཆེན་ཨེར་ཏི་ནི་དང་ཁྱེད་གཉིས་ཀྱིས་ལོ་མང་རིང་བོད་ལྗོངས་མཐུན་སྒྲིལ་དང་། བྱ་གཞག་མདུན་སྐྱོད་ཀྱི་འབད་བརྩོན་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་བླ་མེད་དེ་ཡིན་པས་ཕྱིར་རོ།།

བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་དཀའ་ཚེགས་ཤིན་ཏུ་ཆེ་བའི་འོས་འགན་ཞིག་ཕྲག་ཏུ་བླངས་ཡོད། འདི་ནི་བོད་ལྗོངས་ནང་ཁུལ་གྱི་མཐུན་སྒྲིལ་ཤུགས་སྣོན་ལ་ལྷག་པར་དུ་མཁོ་བས་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས། འབྱུང་འགྱུར་གྱི་བྱ་བའི་ཁྲོད་དུ་བོད་ལྗོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཀྱི་ཁེ་ཕན་བསམ་པ་དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་མི་དམངས་སྲུང་སྐྱོབ་དང་བརྩི་བཀུར་ཤུགས་སྣོན་བྱེད་པར་ང་ཚོས་ཡིད་ཆེས་བྱས་ཡོད། ལོས་ཡིན་ཏེ་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བའི་བྱ་གཞག་གང་ཡིན་ནའང་སྐད་ཅིག་དེ་ཉིད་ལ་བསྒྲུབ་རྒྱུ་ཞིག་མ་ཡིན་པར། གྲ་སྒྲིག་ཡོད་པའི་སྒོ་ནས་གོམ་གང་མདུན་སྐྱོད་བྱེད་དགོས་པ་ཡིན། གལ་སྲིད་ཁྱེད་ཀྱིས་བྱ་བ་སྒྲུབ་པའི་གོ་རིམ་ཁྲོད་དུ་དཀའ་ངལ་འདྲ་འཕྲད་བྱུང་ན་ཁྱེད་ཀྱི་ནམ་ཡིན་ནའང་འཕྲིན་ཡིག་སྤྲིངས་པའམ་གློག་འཕྲིན་གཏོང་བ་བཅས་བརྒྱུད་ནས་ངེད་ཅག་ལ་གྲོས་བསྡུས་བྱས་ཆོག་ལ། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཁྱེད་ལ་ངེས་པར་དུ་རོགས་རམ་བྱེད་ཁོ་ཐག་ཡིན།

ཁྱེད་ཀྱི་ཨ་ཅེ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཁྱེད་ཀྱི་ཁྱིམ་མི་རེ་འགས་ཕྱི་རྒྱལ་དུ་ལས་འགུལ་སྤེལ་གྱིན་ཡོད་པས། ཁྱེད་རང་རྒྱུན་དུ་ཐུགས་སེམས་བདེ་ལ་འབབ་ཐུབ་ཀྱིན་མེད་པའི་ཚུལ་བཤད་སོང་། བདག་གིས་ཁྱེད་ཀྱིས་སེམས་ཁམས་ལ་རྒྱུས་ལོན་བྱེད་ཐུབ། ཡིན་ནའང་ཁྱེད་རང་བློ་སེམས་མ་བདེ་བ་དེ་འདྲ་གཏན་ནས་བྱེད་དགོས་པ་མ་རེད། རྒྱུ་མཚན་ནི་ཁྱེད་ཀྱི་གནས་སྟངས་དང་ཁོ་ཚོའི་གནས་སྟངས་ནི་གཏན་ནས་མ་འདྲ་བ་རེད། ཁྱེད་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་མི་རིགས་སྲིད་ཇུས་ལ་རྒྱུས་ལོན་བྱས་ཡོད་ལ། མེས་རྒྱལ་གྱི་ས་ཆ་སོ་སོ་ན་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་བ་ནི་ཚ་ཚ་འུར་འུར་གྱིས་ལག་བསྟར་བྱེད་བཞིན་ཡོད་པ་ཁྱེད་ཀྱིས་མངོན་སུམ་དུ་མཐོང་ཡོད་པ་འདི་ག་རང་རེད། བོད་ལྗོངས་ཞི་བའི་སྒོ་ནས་བཅིངས་གྲོལ་བྱས་རྗེས་ཀྲུང་དབྱང་དང་བོད་ལྗོངས་ས་གནས་ཀྱི་འབྲེལ་བ་ཙམ་དུ་མ་ཟད། བོད་ལྗོངས་ནང་ཁུལ་གྱི་མཐུན་སྒྲིལ་ཕྱོགས་ལ་ཡང་ཁྱེད་ཀྱི་མིག་རྒྱང་རིང་བོ་སྤྱད་དེ་འབད་བརྩོན་ལྷོད་མེད་བྱས་ཡོད། དེ་བས་ཀྲུང་དབྱང་སྲིད་གཞུང་དང་མོའོ་ཀྲོའུ་ཞིས་ཁྱེད་རང་ལ་ཡིད་ཆེས་བརྒྱ་ཆའི་བརྒྱ་བྱས་ཡོད།

ཕྱི་རྒྱལ་ན་ཡོད་པའི་ཁྱེད་ཀྱི་ཁྱིམ་མི་དག་ལ་མཚོན་ནས་བཤད་ན། ཨ་རི་དང་། དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་ཁོ་ཚོ་ལག་ཆར་བེད་སྤྱོད་བྱས་ཏེ་བོད་ལྗོངས་ཀྱི་མཐུན་སྒྲིལ་མདུན་སྐྱོད་བྱ་གཞག་ལ་གཏོར་བརླགས་བྱེད་བཞིན་ཡོད་པ་རེད། ད་ལྟ་ཨ་རི་དང་། དབྱིན་ཇི་བཙན་རྒྱལ་རིང་ལུགས་བཅས་ཀྱིས་བཀའ་བློན་སྦུག་ཏུ་ཁོ་ཚོས་དམིགས་བསལ་སྒྲིག་འཛུགས་ཀྱི་ལྟེ་གནས་བཙུགས་ཏེ་གཏོར་བརླགས་ཀྱི་བྱ་འགུལ་མུ་མཐུད་དུ་སྒྲུབ་རྩིས་བྱེད་བཞིན་ཡོད། འདི་ནི་ང་ཚོས་མཉམ་འཇོག་དང་དོ་སྣང་བྱེད་ས་ཞིག་ཡིན། ཡིན་ནའང་ཕྱོགས་གཞན་ཞིག་ནས་ཁྱེད་ཀྱིས་ཁོ་ཚོར་གོ་བསྐོན་བློ་འགུག་གི་བསླབ་བྱ་གནང་སྟེ་ཁྱིམ་མི་འདི་དག་ཕྱིར་རང་རྒྱལ་ཏུ་ལོག་ཏུ་འཇུག་དགོས། ཁོ་ཚོས་མེས་རྒྱལ་གྱི་མི་རིགས་སོ་སོའི་མཐུན་སྒྲིལ་དང་། ལོ་ངོ་འགའ་ཤས་རིང་གི་མདུན་སྐྱོད་ཀྱི་གྲུབ་འབྲས་ལ་ཐེ་ཚོམ་ཟ་བ་དང་། ཁོ་ཚོ་ཕྱིར་རང་རྒྱལ་དུ་མི་ལོག་པའི་གནད་དོན་གཙོ་བོ་ཡང་ཐེ་ཚོམ་ཟ་བཞིན་ཡོད་པ་དེ་ཡིན། དེར་བརྟེན་ཁྱེད་ཀྱིས་མིག་སྔར་ཁོ་ཚོ་ལ་འཕྲིན་ལམ་བརྒྱུད་ནས་ཀྲུང་དབྱང་སྲིད་གཞུང་གི་སྲིད་ཇུས་དང་། བོད་ལྗོངས་ཀྱི་གནས་ཚུལ་ངོ་མ་དེ་ཉིད་བཤད་དགོས། གལ་སྲིད་ཁོ་ཚོ་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཚེ་ཁྱེད་ཀྱིས་ཀྱང་དེ་དག་ཐག་གཅོད་གནང་རོགས། མིག་སྔར་ཁོ་ཚོ་ལ་བཤད་རྒྱུའི་གཙོ་བོ་ནི། མེས་རྒྱལ་གྱི་པང་དུ་དྲོད་ཁོལ་ཡོད་པར་མ་ཟད། མཇུག་འབྲས་གཞན་པ་མ་བྱུང་བའི་སྔ་རོལ་ཏུ་ཁོ་ཚོ་ཕྱིར་ལོག་དགོས་ཞེས་བསླབ་སྟོན་བྱེད་དགོས་པ་ཡིན།

ཉེ་ཆར་བལ་ཡུལ་དང་རྒྱ་གར་གྱི་གདན་ཞུ་ལྟར་ཁྱེད་རང་གཟིགས་སྐོར་དུ་ཕེབས་པར་ཁྱེད་ཀྱི་བྱ་བའི་བྱེད་ཕྱོགས་ལ་ངེད་ཅག་གིས་མོས་མཐུན་བྱས་པ་ཡིན། རྩ་དོན་གྱི་ཆ་ནས་ཁྱེད་རང་འཚམས་འདྲིར་བཅར་བའི་ངེས་པ་དེ་ཁས་ལེན་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་བྱ་བ་གནད་འགགས་ཀྱི་དུས་རིམ་དུ་བསླེབས་ཡོད་པས་ད་ལྟ་བཅར་མི་རིགས། ངེད་ཅག་གིས་དགོངས་པ་ལ་གནས་སྐབས་རིང་འདི་ལྟར་ལན་སྤྲད་ན་ཅུང་མཚམས་པོ་ཡོད་པར་སྙམ། རྒྱུ་མཚན་ནི་ཕྱོགས་གཅིག་ནས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལས་དོན་མང་པོ་ཞིག་ལ་ཁྱེད་ཀྱི་རྒྱབ་སྐྱོར་མཁོ་བ་དང་། ཕྱོགས་གཞན་ཞིག་ནས་དེ་གར་ཡོད་པའི་ཨ་རི་དང་དབྱིན་བཙན་རྒྱལ་རིང་ལུགས་ཀྱི་གཏོར་བརླགས་ལ་བསམ་མནོ་བཞེས་དགོས་འདོད། དེའི་རྐྱེན་གྱིས། ཁྱེད་རང་ཕྱི་རྒྱལ་དུ་བགྲོད་པའི་སྐོར་ནས་མཉམ་འཇོག་དང་གྲ་སྒྲིག་གང་འཚམས་བྱ་དགོས་པ་འདུག

བོད་ལྗོངས་དང་ནང་ལོགས་བར་དུ་མཁའ་སྐྱོད་ལམ་ཐིག་ཚོད་ལྟ་ལེགས་འགྲུབ་བྱུང་རྗེས་ང་ཚོ་ཕར་འགྲོ་ཚུར་འོང་གི་སྟབས་ཤིན་ཏུ་བདེ་བ་ཡིན་པས། ད་ནས་བཟུང་ས་ཁམས་ཀྱི་བར་ཐག་འདི་ནི་ང་ཚོའི་བར་གཅོད་བྱེད་དུ་མི་འགྱུར་བའི་རྒྱུ་རྐྱེན་གཅིག་འདི་ན་ཡོད། ང་ཚོ་ཚང་མས་ནམ་རྒྱུན་ཁྱེད་རང་ཤིན་ཏུ་དྲན་གྱིན་ཡོད། གལ་སྲིད་གོ་སྐབས་ཤིག་བྱུང་ན་ནམ་རྒྱུན་བདག་གི་སེམས་ལ་ཉར་བའི་རེ་འདུན་སྟེ། བོད་ལྗོངས་སུ་ཐེངས་གཅིག་ཡོང་རྒྱུ་མ་ཟད། ཁྱེད་དང་མཉམ་དུ་འཛོམས་པའི་རེ་སྨོན་དེ་མངོན་གྱུར་ཡོང་བ་བྱེད་རྒྱུ་ཡིན།

ཁྱེད་ཀྱིས་སྐུར་ཡོང་བའི་གསར་སྐྱེས་མེ་ཏོག་སུམ་འདབ་ཅན་དེ་བདག་ལ་འབྱོར་བས་ཁྱེད་ལ་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད་ལ། བདག་གིས་ཀྱང་ཁྱེད་ལ་ཇ་ཤིང་གསར་བའི་ལོ་མ枫叶ཞིག་ཕྱིར་ལེགས་སྐྱེས་སུ་བསྐུར་ཡོད། ཁྱེད་ཀྱི་སྐུ་གཟུགས་བདེ་ཐང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
ཞེས་ཀྲོའུ་ཨིན་ལེ་ནས།
གཅིག་དགུ་ང་དྲུག་ལོའི་ཟླ་བདུན་པའི་ཚེས་བཅུ་གཉིས་ཀྱི་ཞོགས་པར་པེ་ཅིན་ནས།

འཕྲིན་ཡིག

Post navigation

Previous Post: ས་ག་ཟླ་བའི་ཉ།
Next Post: མའོ་ཙེ་ཏུང་གི་ལོ་རྒྱུས་ངོ་སྤྲོད།

Comments (10) on “ཀྲོའུ་ཨིན་ལེ་ནས་ཏཱ་ལའི་བླ་མར་སྤྲིངས་པའི་འཕྲིན། (འོས་སྦྱོར།)”

  1. ཀླུ་སྨྱོན། says:
    2016-05-23 at 12:44 pm

    མའོ་ཙེ་ཏུང་དང་ཀོའོ་མོ་རོའི་སྙན་ངག་ཧ་ཅང་ཡག སྔོན་ཆད་མའོ་ཙེ་ཏུང་སྐྱེས་ནས་ལོ་བརྒྱ་འཁོར་བའི་དྲན་གསོའི་སྐབས་སྦྲང་ཆར་དུས་དེབ་ཅིག་ཏུ་འཇུ་སྐལ་བཟང་གིས་མའོ་ཡི་སྙན་ངག་ཁག་ཅིག་བོད་བསྒྱུར་བྱས་འདུག དེ་ཚོ་ནི་ངོ་མ་སྙན་ངག་སྤུས་ཀ་ཧ་ཅང་ལེགས་པ་འབའ་ཞིག་རེད། གལ་སྲིད་མའོ་ཆབ་སྲིད་ཀྱི་ལས་ཀར་མ་ཞུགས་པར་མུ་མཐུད་དེ་སྙན་ངག་བྲིས་ཡོད་ན་ནོ་སྦེལ་རྩོམ་རིག་བྱ་དགའ་ཡང་འཐོབ་ས་རེད་བསམས་པ་ཞིག་འདུག མའོ་ཡི་སྙན་ངག་དེ་ཚོ་དང་རྒྱ་གར་བ་ནོ་སྦེལ་རྩོམ་རིག་ཐོབ་མཁན་ཐེ་གོར་གྱི་སྙན་ངག་གཉིས་ལ་བཟང་ངན་དེ་ཙམ་མ་མཐོང་། མའོ་ཡི་སྙན་ངག་ནི་ཨ་རིའི་མི་ནག་འཐབ་རྩོད་པ་མར་ཁྲིན་ལི་ཐར་ཁེང་གི་གཏམ་བཤད་དང་འདྲ་བར་སྙན་ཆ་ལྡན་ལ་ནང་དོན་ཟབ་པ་དེ་འདྲ་རེད། སྤྱིར་ན་མའོ་གཞོན་དུས་རྒྱ་ནག་རྒྱལ་ཁབ་ཉམས་རྒུད་དུ་འགྱུར་བཞིན་ཡོད་ཅིང་། རྩོམ་པ་པོའི་སེམས་ནང་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དྲག་པོ་འབར་བཞིན་པའི་སྐབས་སུ་སྙན་ངག་ཡག་པོ་འབྲི་ཐུབ་པ་ཡོངས་གྲགས་ཡིན་པས། མའོ་ཡི་སྙན་ངག་གི་རྒྱུ་ཆ་ཡང་དེ་འདྲ་ཞིག་ཡིན་ནམ་སྙམ།

  2. སྤོབས་པ་མཐའ་ཡས། says:
    2016-05-23 at 4:26 pm

    མཁས་དབང་ཀླུ་སྨྱོན་ལགས་ཀྱིས་རྒྱལ་ཁབ་ཅིག་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་སུ་སྙན་ངག་ངག་པོ་འབྲི་ཐུབ་པས་སྐབས་དེར་མའོ་ཙེ་ཏུང་སོགས་ཀྱིས་སྙན་ངག་པོ་བྲིས་ཡོད་ཟེར། དེ་ལྟར་ན་ད་ལྟའི་དུས་འདིར་ང་ཚོ་བོད་པའི་སྙན་ངག་པ་ཚོའི་ནང་ན་སྐད་གྲགས་ཅན་ཞེད་པོ་ཐོན་དགོས་པའི་ཟོལ་ཞིག་འདུག

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-23 at 11:38 pm

    འདས་པ་རྗེས་འདེད་བྱེད་པ་རྒན་ཁོག་བློ་།
    མ་འོང་མདུན་བསུ་བྱེད་པ་བྱིས་པའི་བློ་།
    ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
    དུས་གསུམ་མཉམ་སྲེས་བྱེད་པ་རྩིས་མཁན་བློ་།

  4. ཀློང་ཆུང་ says:
    2016-05-24 at 4:53 am

    རྟ་ནག་ལུང་རིགས་ལགས་ཀྱིས་ངོས་སྦྱོར་གནང་བར་ཐུགས་རྗེ་ཆེ།

    ལོ་རྒྱུས་ཀྱི་ཡིག་ཆ་ངོ་སྤྲོད་པའི་སྐབས་མ་ཡིག་གང་ལ་པར་བ་དང་། དེའི་ཁུངས་གསལ་པོར་བརྗོད་ན་ཡིད་ཆེས་འཕེལ་བར་ཕན།

    དེ་བཞིན་ཡི་གེ་དེའི་ནང་དོན་གཙོ་བོ་དེ་གོ་བ་ལོན་མི་ཐུབ་པར་གྱུར་འདུག མའོ་ཡིས་རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་ལ་གཏོང་མི་འདོད་པ་དེ་ཡིན་སྲིད། འོན་ཀྱང་”མཉམ་འཇོག་”ཟེར་བའི་ཚིག་དེ་ཡུལ་སྐད་ཡིན་ཤས་ཆེ། དེའི་ནང་དོན་གང་རེད་དམ། ཁྱེད་ནས་ང་ཚོར་དེའི་མ་ཡིག་གི་ཚིག་དེ་སྤྲོད་རོགས། ནང་ཆོས་ཀྱི་ཚིག་དོན་ལྟར་ན། མཉམ་འཇོག་ཟེར་ན་སྒོམས་ཀྱི་རིགས་ཤིག་རེད། མའོ་ཡིས་རྒྱལ་བ་རིན་པོ་ཆེ་དོན་ག་གེ་མོའི་ཆེད་སྒོམས་ཡག་པོ་རྒྱག་དགོས་པའི་དོན་རེད་དམ།

    དེ་བཞིན་ཡར་ཞུས་ཟེར་བའི་ཚིག་དེ་ཡང་མི་བདེ་བ་འདུག བོད་སྐད་ལ་སྙན་ཞུ་ཞེས་ཡིག་ཚགས་གཞན་ལ་དེ་ལྟར་བཀོལ་ཡོད་པས། དེའི་རྒྱ་ཡིག་དེ་སྤྲོད་རོགས།

  5. ཁྱུང་སེ། says:
    2016-05-24 at 5:03 am

    མཉམ་འཇོག་ཅེས་པ་ནི་་་་དཔེར་ན་ངས་མཉམ་འཇོག་བྱེད་རྒྱུ་མ་བྱུང། ངས་སེམས་ཀྱི་སྣང་བར་བཞག་རྒྱུ་མ་བྱུང། ཡིད་འཇོག་བཞག་རྒྱུ་མ་བྱུང།

  6. ཀརྡོ་གཉེར་ཕྱག་པ་་ says:
    2016-05-24 at 6:44 am

    ་་་་་་་་་ བོད་ལྗོངས་ཞི་བའི་སྒོ་ནས་བཅིངས་གྲོལ་བྱས་རྗེས་་་་་་་་་་་་་་ ཟེར།

  7. ཀརྡོ་གཉེར་ཕྱག་པ་་ says:
    2016-05-24 at 6:46 am

    ཀླུ་སྨྱོན་ནི།
    བོད་ཀྱི་ལ་རྒྱ་ལས། སྙན་དངགས་བརྩིགས་ཆེ་བ་འཛིན་མཁན་དེ་རེད་འདུག

  8. ཀརྨ་བློ་གསལ་ says:
    2016-05-24 at 9:50 am

    མའོ་ཙེ་ཏུང་ལ་ཡིད་ཆེས་བརྒྱ་ཆའི་བརྒྱ་ཡོད་དུས་བྲོས་ཡོང་། ཤིས་ཅུན་ཕིང་ལ་ཡིད་ཆེས་གཅིག་ཀྱང་མེད་དུས་ཕྱིར་ལོག་གི་ཡིན་ཞུས། མི་རྟག་པ་ཟེར་པ་ནི་འདི་འདྲ་ཞིག་མ་རེད་པས། ད་ཅི་ཡོད།

  9. ཀརྡོ་གཉེར་ཕྱག་པ་་ says:
    2016-05-25 at 3:24 am

    བདུན་ཕྲག་གཉིས་རིང་རིན་མེད་རྒྱ་ཡིག་སྦྱོང་སྐལ་ཐོབ་པའི་འཆར་སྣང་།
    ༡ རྒྱ་ནག་གི་ཡི་གེ་ལ་དབྱངས་གསལ་གསལ་པོ་མི་འདུག
    ༢ གཅིག གཉིས། གསུམ་ལ་རི་མོ་གཅིག་གཉིས་གསུམ་འཐེན་པ་དང་། བཞི་ནས་དུག་པར་ཨང་ཀི་མིན་པར་ཡི་གེ་རེད་འདུག
    ༣ རྒྱ་ཡི་སྐད་ཡིག་སྦྱོང་དུས། སྒྲ་གདངས་མཐོ་དམའ་བཞི་པོ་གཙིགས་ཆེར་འཛིན་ནས་སྦྱོང་དགོས་འདུག
    ༤ གཟའ་འཁོར་གྱི་མིང་། གཟའ་ཉི་མ། གཟའ་ཟླ་བ་སོགས་མེད་པར། ཉི་མ་དང་པོ་དང་། གཉིས་པ་ནས། ཉི་མ་བདུན་པ་ཟེར་འདུག
    ༥ ང་ལ་ཝུ་ཟེར། ཝུ་ལ་ཡིག་གཟུགས་གཅིག་ལ་ཀྱག་ཀྱོག་མང་པོ་འཐེན་དགོས་འདུག
    ༦ ཇར་པེན་ལ། ཉི་ཧོང་ངམ། ཉི་འོང་ཟེར་བ་དེ། རྒྱ་སྐད་ནས་ཡིན་པ་དང་། དེ་ལ་ཡིག་འབྲུ་གཉིས་འདུག
    ༧ རྒྱ་ཡིག་འདི་རྙོག་ཟིང་ཆེ་ཡང་། རྒྱ་སྐད་འདི། བོད་སྐད་ལས་ཤེས་བདེ་བ་བཟོས་འདུག སྙམ་ལགས།

  10. དགུ་ཚིགས་ཕོ་ཉ says:
    2016-05-25 at 9:35 am

    སྤྱིར་ཡོངས་ནས་ཀྲོའུ་ཨིན་ལེའི་འཕྲིན་འདི་རྒྱུན་ལྡན་གྱི་གཏོང་ཡིག་དང་འདྲ་ཡང་། མཉམ་འཇོག་དང་དོ་སྣང་བྱེད་དགོས་པའི་ཚིག་གཅིག་རང་ཡོད་པ་ནི་( མེས་རྒྱལ་གྱི་པང་དུ་དྲོད་ཁོལ་ཡོད་པ་མ་ཟད། མཇུག་འབྲས་ངན་པ་མ་བྱུང་བའི་སྔ་རོལ་དུ་ཁོ་ཚོ་ཕྱིར་ལོག་དགོས་པའི་བསླབ་བྱ་སྟོན་དགོས་)ཟེར་པའི་ཚིག་གཅིག་པོ་འདི་རང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme