Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུའུ་ཝེ་ཆོན་གྱིས་དབུ་མའི་ལམ་སྲིད་བྱུས་ལ་འཚིག་ཟའི་དགག་པར་ལན་འདེབས།

Posted on 2018-09-192018-09-19 By ཁ་བརྡ 4 Comments on ཀྲུའུ་ཝེ་ཆོན་གྱིས་དབུ་མའི་ལམ་སྲིད་བྱུས་ལ་འཚིག་ཟའི་དགག་པར་ལན་འདེབས།

ཐུབ་བསྟན་བསམ་འཕེལ་ལགས། (བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན།)
 
༄༅།།འདི་ལོ་དབྱར་ཁ་གཞུང་འཛིན་མ་ཡིན་པའི་བཙན་བྱོལ་བོད་མིའི་ཚོགས་པ་ཁག་གཉིས་ཀྱིས་དྷ་རམ་སཱ་ལར་ཚོགས་འདུ་གཅིག་མཇུག་གཉིས་མཐུད་འཚོགས་སོང་། ཚོགས་པ་གཅིག་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་ཡིན་པ་དང་། གཞན་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་འོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་བར་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། ཚོགས་འདུ་དེ་གཉིས་ཀྱིས་ཀྲུའུ་ཝེ་ཆོན་ཁོང་ཁྲོས་མྱོས་པ་མ་ཟད་རྨག་རུམ་ནང་ནས་ཚོད་དཔག་གང་བྱུང་བྱེད་དགོས་ཀྱི་གནས་སྟངས་ཡང་ཆགས་ཡོད།

ཀྲུའུ་ཝེ་ཆོན་ནི་དེ་སྔ་གསར་འགོད་པ་ཞིག་ཡིན་པ་དང་། དེའི་རྗེས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱུན་ལས་བློན་ཆེན་གཞོན་པ་ཡང་བྱས་པ་རེད། ལས་གནས་དེའི་འོག་ནས་ཁོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་གྲོས་མོལ་རིམ་པའི་ནང་མཉམ་ཞུགས་བྱེད་མྱོང་ཡོད། ཁོ་ད་ལྟ་རྒྱ་ནག་གི་ཆོས་ལུགས་དང་མི་རིགས་ལས་དོན་ཁང་གི་འགན་འཛིན་གྱི་ལས་འཁུར་ཞུ་བཞིན་ཡོད་པ་རེད། ཀྲུའུ་ཡིས་ད་རེས་སླར་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བབ་ཅོལ་གྱིས་གང་བྱུང་ལབ་འགོ་བཙུགས་འདུག དེ་ཡང་ཀྲུའུ་ཡིས་ “དབུ་མའི་ལམ་ཞེས་པའི་ཟློས་གར་དེ་གང་མགྱོགས་འཁྲབ་ཚར་གྲབས་འདུག” ཅེས་པའི་འགོ་བརྗོད་འོག་ནས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་རྒྱ་ཡིག་ཐོག་དྲྭ་ཚིགས་ opinion.huanqiu.comཟེར་བའི་ནང་རང་ཉིད་ཀྱི་བསམ་ཚུལ་ཡིན་ཁུལ་གྱིས་རྩོམ་ཞིག་སྤེལ་ཡོད།

དབུ་མའི་ལམ་གྱི་སྲིད་བྱུས་མཇུག་ག་དུས་སྒྲིལ་མིན་གྱི་གནད་དོན་དེ་བོད་མི་མང་གིས་ཐག་གཅོད་བྱེད་རྒྱུ་ཡིན་པ་ལས་གོ་མིང་ཡག་པོ་མེད་པའི་རྒྱ་གཞུང་གི་ཆབ་སྲིད་མི་སྣ་ཀྲུའུ་ལྟ་བུ་ཞིག་ལ་ཐག་གཅོད་བྱེད་དབང་ཡེ་ནས་མེད།

ཀྲུའུ་ཝེ་ཆོན་ནི་ཞྭ་མོ་མང་པོ་གྱོན་ནས་ཡོད་པའི་མི་ཞིག་རེད། གཞུང་འབྲེལ་མིན་པའི་ཐོག་ནས་ཁོང་ནི་རྒྱ་ནག་གི་“ཁ་བྲལ་ལ་ངོ་རྒོལ་”བྱེད་པ་ཟེར་བའི་འགོ་གཙོ་དེ་རེད། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་རྒྱ་གཉིས་སྨན་གྱི་སྒོ་ནས་བོད་ཀྱི་གནད་དོན་འགྲིགས་འཇགས་བྱུང་ཉིན་ནས་ཁོས་གོ་མིང་དང་ཐོབ་ཐང་རྣམས་དུ་བ་བཞིན་ནམ་མཁར་ཡལ་འགྲོ་རྒྱུ་རེད། “ཁ་བྲལ་ལ་ངོ་རྒོལ་”ཞེས་པའི་ལས་དོན་ཆེད་རྒྱ་ནག་གི་དམག་མིའི་སྡེ་ཚན་དང་། དམར་ཤོག་ཚོགས་པ། གཞུང་བཅས་ཀྱི་ནང་དཔོན་དབང་རིང་ལུགས་ཀྱི་ཁེ་ཕན་ལེན་བཞིན་པའི་ལས་མི་ས་ཡ་ཕྱེད་ཀ་ཙམ་ཞིག་ཡོད་པ་རྣམས་“ཁ་བྲལ་ལ་ངོ་རྒོལ་”ཞེས་པ་དེ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱིན་ཡོད། བོད་ཀྱི་གནད་དོན་ལ་གཉིས་སྨན་གྱི་འགྲིགས་འཇགས་ཤིག་གང་མྱུར་བྱུང་མཚམས་མི་དེ་དག་གི་འཚོ་གནས་ཀྱི་མདུན་ལམ་ཁོ་ཚོ་རང་ཉིད་ཀྱི་རྐང་འོག་གི་ཐལ་རྡུལ་དུ་འགྲོ་རྒྱུ་ངེས་པ་ཞིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དབུ་མའི་ལམ་ལ་དུས་རྒྱུན་དུ་འཚིག་ཟ་བྱེད་རྒྱུ་ནི་ཀྲུའུ་ཝེ་ཆོན་གྱིས་རང་དོན་ཁུག་བཅུག་གིས་དམིགས་ཡུལ་བཟུང་བ་ཞིག་ལས་གཞན་གང་ཡང་མ་འདས། དེ་མིན་ཁོ་ལ་དམར་ཤོག་ཚོགས་མིའི་ནང་མུ་མཐུད་གནས་རྒྱུའི་རྩལ་དང་འཇོན་ཐང་ཅི་ཞིག་ཡོད།

ཀྲུའུ་ཝེ་ཆོན་གྱིས་གྱོན་པའི་ཞྭ་མོ་གཞན་དག་གཅིག་ནི། དོལ་རྒྱལ་ཚོགས་པར་རྒྱ་གཞུང་གི་དབུས་འཐབ་ཕྱོགས་གཅིག་གྱུར་གྱིས་དགོས་དངུལ་སྤྲོད་པ་དང་དེ་བཞིན་དངོས་ཤུགས་བརྒྱུད་གསུམ་ནས་སེམས་ཤུགས་སྤར་མཁན་གྱི་བྱེད་གཏེ་དེ་ཡང་རེད། དོལ་རྒྱལ་ཚོགས་པ་ནི་བོད་ཀྱི་ཆོས་བརྒྱུད་གཞན་ཁག་ལ་སྡང་ཟུག་ཆེ་བའི་བཀའ་གདམ་གསར་མའི་ནང་གི་ཕྱོགས་ཁག་ཉུང་ཤས་ཤིག་ཡོད་པ་དེ་རེད། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༡ ཉིན་རོའེ་ཊར་སི་གསར་ཁང་གིས་སྤེལ་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཀྲུའུ་ཝེ་ཆོན་ནི་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་རྒྱུར་དོལ་རྒྱལ་ཚོགས་པར་རྒྱུས་སྟོན་སོགས་བྱེད་མཁན་གཏེ་བོ་དེ་ཡིན་པ་ཐེར་འདོན་བྱས་ཡོད།

ཀྲུའུ་ཡི་ཞྭ་མོ་གསུམ་པ་དེ་བོད་ཀྱི་བླ་སྤྲུལ་ལ་ཆོག་མཆན་སྤྲོད་རྒྱུའི་ལས་འགན་དེ་རེད། བོད་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་ལ་རྒྱ་གཞུང་གིས་བདག་དབང་ཡོད་སྐོར་ཤོག་བུའི་ཐོག་བཀོད་ཐབས་བྱས་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༩ ཉིན་གོ་ལའི་དུས་བབ་(གྷུལོ་བྷལ་ཊཱིམས་)ཞེས་དམར་ཤོག་ཚོགས་པའི་གཞུང་འཛིན་གསར་ཤོག་གི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་དོན་ལས་ཁུངས་དང་རྒྱ་ནག་གི་ནང་བསྟན་མཐུན་ཚོགས་གཉིས་ཀྱིས་ཕྱོགས་བསྡོམས་བྱས་པའི་གྲངས་ཐོའི་ནང་བོད་ཀྱི་བླ་སྤྲུལ་ ༨༧༠ ཐམ་པར་དམར་ཤོག་ཚོགས་པས་“ངོས་ལེན་ཆོག་མཆན་”སྤྲད་ཡོད་སྐོར་གསལ་བསྒྲགས་བྱས་ཡོད། གྲངས་ཐོ་ཕྱོགས་བསྡོམས་བྱས་པ་འདིའི་ཐོག ཀྲུའུ་ཝེ་ཆོན་གྱིས་ “ཐབས་ཚུལ་ལམ་ལུགས་འདིས་ཏཱ་ལའི་བླ་མར་རྡུང་བརྡེག་ནན་པོ་ཞིག་ཕོག་རྒྱུ་རེད། དེ་ཡང་ཁོང་གིས་ཆོས་ལུགས་ཀྱི་ལམ་སྲོལ་དང་འགལ་ནས་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་གོ་གནས་བེད་སྤྱད་ནས་གང་བྱུང་སྤྲུལ་སྐུ་ངོས་འཛིན་བྱས་ཏེ་བོད་ཀྱི་དགོན་སྡེ་ཁག་དོ་དམ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད།” ཅེས་ཧམ་བཤད་བྱས་ཡོད།

བོད་མི་ཚོ་དང་རྒྱལ་སྤྱིར་གནས་འཁོད་ནང་པ་ཚོས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་བཀའི་འོག་ནས་བསྐོ་གཞག་བྱས་པའི་བླ་སྤྲུལ་སུ་འདྲ་ཞིག་ལའང་དད་པ་དང་ཡིད་ཆེས་བྱེད་རྒྱུ་ཕར་ཞོག་ངོས་ལེན་ཙམ་ཡང་བྱེད་སྲིད་ཀྱི་མ་རེད། བོད་མི་རྣམས་དང་བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཀྱི་དཀྱིལ་འཁོར་ནང་ཚུད་པ་རྣམས་ཀྱིས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལ་ངོས་འཛིན་ཞུ་བཞིན་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ཉིད་ཀྱིས་ངོས་འཛིན་དང་ཆོས་ཀྱི་བྱིན་རླབས་བསྩལ་བའི་བོད་ཀྱི་བླ་སྤྲུལ་ཞིག་ལ་མ་གཏོགས་གཞན་སུ་ལའང་དད་པ་དང་ཡིད་ཆེས་ནམ་ཡང་བྱེད་ཀྱི་མ་རེད།

ཕྱི་ལོ་ ༢༠༡༥ ལོར་ཧོང་ཀོང་ནང་དུ་རང་གིས་རང་ལ་“སྤྲུལ་སྐུར་”ངོས་འཛིན་བྱས་པའི་མི་ཞིག་གིས་རྒྱ་མིའི་གློག་བརྙན་འཁྲབ་མཁན་ཀྲང་ཐིའེ་ལིན་ཞེས་པར་“སྤྲུལ་སྐུའི་ཁྲི་འདོན་”བྱས་འདུག སྐབས་དེར་རྒྱ་ནག་དབུས་གཞུང་གི་བརྙན་འཕྲིན་(CCTV) ནང་སྤྲུལ་སྐུ་རྫུན་བཟོ་བྱེད་པའི་གནད་དོན་འདིའི་ཐོག་དྲི་བ་བཏང་བར་ཀྲུའུ་ཝེ་ཆོན་གྱིས་སྣང་མེད་དུ་བཞག་སྟེ། བོད་ཀྱི་བླ་སྤྲུལ་“རྫུན་མ་”ཚོས་རང་གི་རྗེས་འཇུག་པ་ཚོ་ནས་དངུལ་ཞལ་འདེབས་བསྡུས་ནས་བོད་ནང་ཁ་བྲལ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་འབྲེལ་མེད་དོན་གཞན་དེ་འདྲ་བཤད་ནས་རང་སྐྱོན་འགེབས་སྲུང་བྱེད་ཐབས་བྱས་ཡོད།
ཀྲུའུ་ཝེ་ཆོན་གྱིས་གློག་བརྙན་འཁྲབ་མཁན་ཀྲང་ཐིའེ་ལིན་གྱི་“ཁྲི་འདོོན་གྱི་གནད་དོན་ཐོག་ཁ་ཁུ་སིམ་མེར་བསྡད་པར་ཁོར་དངུལ་གྱི་ཁེ་ཕན་རྒྱ་ཆེ་འཐོབ་ཡོད་སྐོར་རྒྱ་ནག་ནང་གི་རྒྱ་རིགས་ཚོས་ཤུབ་ཤུབ་ངང་སྒྲ་འཛིན་གཅིག་ནས་གཅིག་བརྒྱུད་གནས་ཚུལ་སྤེལ་ཡོད། དེ་བཞིན་ཀྲུའུ་ཡི་བཟའ་ཟླའི་དངུལ་གྱི་ཡོང་ཁུངས་ཀྱང་དོགས་གཞིའི་འོག་ཡོད་པའི་སྐད་ཆ་གཞན་ཞིག་ཀྱང་ཤུབ་ཤུབ་ངང་ཁྱབ་བཞིན་ཡོད།

ཀྲུའུ་ཝེ་ཆོན་གྱིས་བྱེད་བབ་དེར་ཀྲུའུ་རང་གི་དེ་སྔའི་ལས་རོགས་བོད་རིགས་དགེ་རྒན་ཆེན་མོ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཚོར་ཤུགས་ཆེན་པོའི་ཁ་བརྡུང་བཏང་ཡོད། འཇམ་དཔལ་རྒྱ་མཚོ་ལགས་ནི་པེ་ཅིང་ནང་གནས་བཞུགས་གུས་བཀུར་འོས་པའི་བོད་མི་མཁས་དབང་ཞིག་ཡིན་པ་དང་ཁོང་ནས་མའོ་ཙེ་ཏུང་གིས་གཙོས་རྒྱ་ནག་གི་ཆེས་མཐོའི་འགོ་འཁྲིད་མང་པོར་སྐད་བསྒྱུར་བྱེད་མྱོང་ཡོད། ཁོང་གིས་ “འདི་གར་ངས་བཤད་འདོད་པ་ནི། གང་ལྟར་ཡང། དེ་སྔོན་བོད་ཀྱི་གནད་དོན་དང་ཡང་ན་མི་རིགས་དང་ཆོས་ལུགས་གནད་དོན་སྐོར་གླེང་དུས། བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་མ་མཐའ་ཡང་མགོ་རྔ་ཚང་པའི་སྐད་ཆ་ཞིག་བཤད་ཐུབ་ལ། རང་གི་ལྟ་བ་གང་ཡིན་པ་དེ་གསལ་པོ་ཞིག་འགྲེལ་བཤད་བྱེད་ནུས། ཡིན་ན་ཡང། ད་ཐེངས་རྒྱུན་ཚུལ་ལས་ལྡོག་སྟེ། ཁ་ནས་ཐོན་ལ་མ་ཐོན་ལ། བཤད་འདོད་ཀྱང་བཤད་མཚམས་བཅད། བཤད་ཀྱང་ཞིབ་ཆ་མེད་པ། ཉ་གེ་ཉོ་གེ སྐད་ཆ་བཤད་ཙམ་སྐུང་ཙམ། བཤད་མི་ཕོད་པའི་སེམས་སྡུག་ཅིག་ཡོད་པའི་ངང་ཚུལ་གྱིས་གང་ཞིག་འགེབས་ཐབས་དང་སྦས་ཐབས་བྱས་འདུག” ཅེས་གསུངས་ཡོད།

མདོར་བསྡུས་ནས་བརྗོད་ན། འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཀྲུའུ་ཝེ་ཆོན་ལ་བོད་མི་ཚོས་དོན་དངོས་ཀྱི་སེམས་འཚབ་ཡོད་པའི་བོད་ཀྱི་སྐད་ཡིག་དང་། ཁོར་ཡུག གཏེར་དངོས་གང་བྱུང་བསྔོགས་འདོན། བོད་ཀྱི་དགོན་སྡེ་དང་ཆོས་བྱེད་པ་རྣམས་ལ་དོ་དམ་ཀྱིས་གནད་དོན་ཡོངས་རྫོགས་ “ཁ་བྲལ་ལ་ངོ་རྒོལ་ཞེས་པའི་སླེ་པོའི་ནང་མཉམ་འཇུག་”བྱེད་པ་དེར་སྐྱོན་འཛུགས་བྱས་ཡོད།

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་ཚིགས་ savetibet.orgལ་གཞིགས་ན། “འདི་གའི་རྟོག་ཞིབ་ལྟར་ན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བཀའ་མོལ་དེ་དྲྭ་ཐོག་ཏུ་བཀོད་ནས་དུས་ཐུང་ནང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚད་ལས་བརྒལ་བ་བྱུང་སོང་། དེ་ཡང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། རྒྱ་ནག་དམག་ཤོག་ཚོགས་པའི་༸གོང་ས་མཆོག་ལ་འཛིན་པའི་ལངས་ཕྱོགས། བོད་ཀྱི་ཆོས་ཀྱི་བསྟི་གནས་ཁག་དང་ཆོས་ཀྱི་སློབ་གཉེར་གྱི་འབྱུང་འགྱུར་གནས་སྟངས་ཇི་ཆགས་ལ་ཞེད་སྣང་ཡོང་བཞིན་ཡོད་པ་བཅས་རྣམ་འགྱུར་མངོན་གསལ་གྱིས་བཏོན་ཡོད། གདུང་རྩེ་ཐད་ཀར་ཀྲུའུ་ཝེ་ཆོན་ལ་གཏད་ནས་རྒྱ་ཡིག་ཐོག་བསམ་ཚུལ་བརྗོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨིན་བསྒྱུར་བྱས་པར། “ཁ་བྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པ་དེར་གཡོ་ཐབས་ཀྱིས་བསྒྱུར་ནས་བོད་མི་ཡོངས་རྫོགས་ལ་ངོ་རྒོལ་འཐབ་རྩོད་བྱེད་ན་མི་འགྲིག བྱེད་བབ་དེ་རང་ཁ་བྲལ་གྱི་རྣམ་པ་སྡུག་ཤོས་དེ་རེད།”” ཅེས་བྲིས་ཡོད།

ཀྲུའུ་ཝེ་ཆོན་ལྟ་བུའི་དམར་ཤོག་ཚོགས་པའི་ལས་མི་ཞིག་གི་ངོས་ནས་བོད་དང་འབྲེལ་བའི་གནད་དོན་གང་འདྲ་ཞིག་ཡིན་རུང་སེལ་ཐབས་བྱེད་རྒྱུར་འབད་དགོས་པ་ལས་“ཁ་བྲལ་”གྱི་དར་ཆ་བསྒྲེངས་ནས་གནས་ཚུལ་གཡོལ་ཐབས་ཁོ་ན་བྱེད་པ་ནི་ཤིན་ཏུ་ནས་མ་འོས་པ་ཞིག་རེད།

ཀྲུའུ་ཡིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཆོས་ཀྱི་རྟེགས་བུ་ཞིག་ནས་སྐྱོན་བརྗོད་བྱེད་པ་འདི་ནི་དོན་དངོས་དང་མི་མཐུན་པ་དང་ཁུངས་ལུངས་མེད་པའི་འཁྱོག་བཤད་ཀྱིས་ཁེངས་པའི་རྩོད་པ་ཤ་སྟག་རེད། ཁོས་དུས་རྒྱུན་དུ་གནས་ཚུལ་ཡར་བསྲེས་མར་བསྲེས་བཏང་ནས་བཤད་སྟངས་དེ་རང་རེད། ཁོས་རྩོད་གཞི་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་རང་བཙན་གྱི་རྣམ་པ་གཞན་ཞིག་རེད་ཟེར་བ་དེ་རེད། དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་རང་བཙན་རེད་ཟེར་གྱི་ཡོད་ན། ཀྲུའུ་ཝེ་ཆོན་གྱིས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་རིམ་པ་བྱས་པ་དེས་བོད་མི་ཚོར་བོད་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད་པ་ངོས་ལེན་བྱས་པ་རེད་དམ། གལ་སྲིད་དབུ་མའི་ལམ་གྱི་སྲིད་བྱུས་དེ་“རྣམ་པ་འགྱུར་བའི་”རང་བཙན་རེད་ཟེར་གྱི་ཡོད་ན་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་གྲོས་མོལ་ཅིའི་ཕྱིར་བྱས་པ་ཡིན་ནམ། ཞེས་དྲི་བ་གཏོང་དགོས་པའི་གནས་སྟངས་ཆགས་ཀྱི་འདུག

ཀྲུའུ་ཝེ་ཆོན་གྱིས་རྩོད་གཞི་གཉིས་པ་དེར། “དབུ་མའི་ལམ་”བརྒྱུད་ཏཱ་ལའི་རུ་ཚོགས་ཀྱིས་བོད་ཁུལ་ཡོངས་རྫོགས་དབང་བསྒྱུར་བྱེད་རྒྱུ་དེ་རེད་ཅེས་བཤད་ཡོད།

བོད་མི་ནང་ཁུལ་དཀྲུགས་ཐབས་བྱེད་པའི་གནད་དོན་འདིའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྐྱར་ནས་ཡང་དུ་བོད་ཀྱི་གནད་དོན་ནི་བདེན་དོན་འཐབ་རྩོད་ཅིག་ཡིན་པ་ལས་བོད་མི་ནང་ཁུལ་གྱི་འཁྲུག་རྩོད་ཅིག་མིན། བོད་ཀྱི་གནད་དོན་འདི་བཞིན་བོད་མི་ཚོས་མངོན་འདོད་ལྟར་འགྲིགས་འཇགས་བྱུང་ཉིན་ནས་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་འདི་སྒོ་བརྒྱབ་རྒྱུ་དང་། བོད་ཀྱི་འཛིན་སྐྱོང་བོད་ནང་འགན་འཁུར་བྱེད་བཞིན་པའི་བོད་མི་ཚོས་མུ་མཐུད་འཁུར་དགོས་ཞེས་གསུངས་ཡོད། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ཕར་བཞག་“བོད་རང་སྐྱོང་ལྗོངས་”ཟེར་བ་ཡང་བོད་མི་རང་ཉིད་ཀྱི་འཛིན་སྐྱོང་བྱེད་དུ་འཇུག་གི་མེད་པ་མངོན་གསལ་ཡིན།
མི་གཞན་དག་གི་ཡང་དག་པའི་འཆར་གཞི་ཞིག་ལ་འཁྱོག་བཤད་ཀྱིས་འགན་འཁུར་མི་བྱེད་པའི་བྱེད་བབ་དེ་རིགས་ལ་རྒྱ་ནག་དབུས་གཞུང་གི་འགོ་འཁྲིད་རྣམ་པས་ཞིབ་བཤེར་དང་གཟབ་ནན་གྱིས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པའི་གནས་སྟངས་ཞིག་ཡིན་པ་ལས་སྣང་མེད་དུ་གཏན་ནས་འཇོག་མི་འོས།

རྩོམ་ཡིག་ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་བ།

གསལ་བཤད།

Post navigation

Previous Post: ༢༠༡༨།༩།༡༩ སྐབས་ ༡༦ སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༦ ལས་ཉིན་ ༢ ཚོགས་ཐུན་ ༡
Next Post: རྨི་ལམ་འཁྲུགས་པོ་ཞིག

Comments (4) on “ཀྲུའུ་ཝེ་ཆོན་གྱིས་དབུ་མའི་ལམ་སྲིད་བྱུས་ལ་འཚིག་ཟའི་དགག་པར་ལན་འདེབས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2018-09-19 at 8:28 am

    ་་་་་་་་་ གལ་སྲིད་དབུ་མའི་ལམ་གྱི་སྲིད་བྱུས་དེ་“རྣམ་པ་འགྱུར་བའི་”རང་བཙན་རེད་ཟེར་གྱི་ཡོད་ན་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་གྲོས་མོལ་ཅིའི་ཕྱིར་བྱས་པ་ཡིན་ནམ། ཞེས་དྲི་བ་གཏོང་དགོས་པའི་གནས་སྟངས་ཆགས་ཀྱི་འདུག ་་་་་་་་་་་་་་་

  2. དགེ་འདུན says:
    2018-09-20 at 12:26 am

    སྐད་ཆ་རྙིང་བ་རེད། 
    ཐུབ་བསྟན་བསམ་འཕེལ་ཟེར་བ་ད་ལྟའི་བར་དུ་ག་བ་ནས་གཉིད་ཁུག་ནས་བསྡད་པ་ཡིན་ནམ། 

  3. ལྷག་པ། says:
    2018-09-20 at 2:24 am

    དགེ་འདུན་ལགས། ཐུབ་བསྟན་བསམ་འཕེལ་ཡར་ལངས་ན་ཨའོ་ཙམ་འདུག་གས།

  4. ཀརྡོ་གཉེར་ཕྱག་པ་ says:
    2018-09-27 at 1:58 pm

    སུད་སིའི་གནས་སྡོད་འདྲེ་མོ་བཀྲ་ཤིས་ཀྱིས། ཡང་དམ་ཉམས་གཞན་འགའ་ཤས་ཀྱིས།
    https://www.facebook.com/KindParents/videos/1864121070291071/?hc_ref=ARRpJ0DsSgfALLiGzGtT0aLEIxPQtvKiL912Z_vMDRCETx5q8SXFrcbd9Nqp3YbICWA&__xts__%5B0%5D=68.ARBf368YQmo_e2-SsATM76hxn4Z0RQtlVb7e4XGtJWV2-AsGiL81VYHpsbhC1smUli2oRiz82ntqlLr4KKyuNEo4FEqQbFFdZLfERdZDbVv5OL_BDZICAFNcFs0v8W6dIuCZulOSN9ponuPXMIVg4lSvNjHyesSlnd1iXRn9cKrTW5LK04rg5jHnOulzzvwPoGMcYJFvXHin-2qPPuUNo-BOuVhLGKfDgRmtEAD9&__tn__=FC-RH-R

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme