Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

"ཀྲུང་གོ་བ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་"ཟེར།

Posted on 2010-10-25 By 5 Comments on "ཀྲུང་གོ་བ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་"ཟེར།

ཉེ་ཆར་བོད་ནང་གི་སློབ་མའི་གྱེན་ལངས་ཀྱི་སྐོར་ལ་རྩོམ་ཡིག་འཚོལ་སྐབས། གློ་བུར་དུ་གསར་འགྱུར་འདི་མཚོ་སྔོན་རླུང་འཕྲིན་གྱི་དྲ་རྒྱ་ལས་རྙེད་པར་གྱུར། ནང་དོན་ནི། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ལིའུ་ཞའོ་པོ་ལ་སྤྲད་པ་དེ་ལ་དགག་ལན་བརྒྱབ་པ་ཞིག་རེད། འོན་ཀྱང་ “ཀྲུང་གོ་བ་གཉིས་”ཞེས་ཚིག་ལ་ཐོན་འདུག་སྟབས་འདིར་དྲངས་པ་ཡིན། གཟིགས་རོགས།
མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས་

ཆབ་སྲིད་ལོག་ལམ་དུ་ཞུགས་པའི་ཞི་བདེའི་བྱ་དགའ།

དུས་ཚོད་།
2010-10-19 17:56:54.0 རྡེབ་ཚད། 111
ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

  ཉིན་འགའི་སྔོན་ལ།  ནའོ་ཝེ་རྒྱལ་ཁབ་ཀྱི་ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཞི་ བདེའི་བྱ་དགའ་དེ་ཀྲུང་གོའི་བཅའ་ཁྲིམས་ལ་ཐོགས་ནས་ཀྲུང་གོའི་སྲིད་ཁྲིམས་ལས་ ཁུངས་ཀྱིས་ཁྲིམས་ཐག་བཅད་ཡོད་པའི་ལིག་ཞོ་པོ་ལ་སྟེར་རྒྱུ་ཐག་བཅད། ཀྲུང་གོའི་ བཅའ་ཁྲིམས་སྣང་མེད་དུ་འཇོག་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ བསམ་སྦྱོར་རྩུབ་མོ་དེར། འཕྲལ་དུ་ནུབ་ཕྱོགས་ཀྱི་ཤེས་ལྡན་པ་མང་པོ་ཞིག་གིས་ནོ་ པེ་ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ཁང་བཙུགས་གྲུབ་ཀྱི་ལུགས་མཐུན་རང་བཞིན་དང་། ནོ་ པེ་ཨཱར་ཞལ་ཆེམས་ལག་བསྟར་བྱེད་པའི་བདེན་དྲང་རང་བཞིན། དེ་མིན་ད་དུང་ནོ་པེ་ ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་བཀོལ་སྤྱོད་དངོས་ཀྱི་རང་རྐྱ་ཐུབ་པའི་རང་ བཞིན་བཅས་ལ་རྒྱུན་ཆད་མེད་པར་དོགས་སློང་བྱས་ཤིང་། དེ་བས་ཀྱང་ཀྲུང་གོའི་མི་ དམངས་རྣམས་ལ་ནོ་པེ་ཨཱར་ཞི་བདེའི་བྱ་དགའ་ནི་ཆབ་སྲིད་ཀྱི་ལོག་ལམ་དུ་ཞུགས་མཁན་ ལ་སྟེར་བའི་བྱ་དགའ་ཞིག་ཡིན་པའི་འཁྲུལ་ཤེས་སྐྱེས་སུ་བཅུག
  ལོ་ངོ་བརྒྱ་ལྷག་གི་སྔོན་ལ། སྐུ་ཞབས་ནོ་པེ་ཨཱར་གྱིས་ཞལ་ཆེམས་ཁྲོད་ཞི་བདེའི་ བྱ་དགའ་ལ་ཚད་གཞི་གསུམ་བཏོན་པ་སྟེ། བྱ་དགའ་ཐོབ་མཁན་ནི་རྒྱལ་ཁབ་ཀྱི་མཛའ་བརྩེ་ ཇེ་ལེགས་དང་། མི་རིགས་འཆམ་མཐུན། དམག་མི་ཉུང་འཕྲི་བྱེད་པ་བཅས་དང་། དེ་མིན་ད་དུང་ཞི་བདེའི་གྲོས་ཚོགས་འཚོགས་ པར་འབད་བརྩོན་ཆེན་པོ་སྐྱེད་མཁན་ནམ་དེར་བྱས་རྗེས་ཆེས་ཆེན་པོ་འཇོག་མཁན་གྱི་ མི་ཡིན་འོས་ཞེས་གཏན་ལ་ཕབས་ཡོད། ཚད་གཞི་དེ་གསུམ་ནི་སྤྱི་ཕུང་གཅིག་ལྟ་བུ་ཡིན་ པས། དེས་སྐུ་ཞབས་ནོ་པེ་ཨཱར་གྱིས་འཛམ་གླིང་ཞི་བདེ་ལ་བཅངས་པའི་ཕུགས་རེ་མཚོན་ ཡོད། ཞི་བདེའི་བྱ་དགའི་རྟགས་མའི་ཐོག“མིའི་རིགས་ཀྱི་ཞི་བདེ་དང་མཛའ་གཤེས་ཀྱི་ཆེད་ དུ།”ཞེས་པའི་ཡིག་འབྲུ་འགའ་བརྐོས་ཡོད། 
 འདས་པའི་ལོ་ངོ་བརྒྱའི་ནང་ དང་། ཁྱད་པར་དུ་ཉེ་བའི་ལོ་ངོ་བཅུ་ཕྲག་འགའི་ནང་དུ། ནོ་པེ་ཨཱར་ཞི་བདེའི་བྱ་ དགའི་དོན་ལ་རྩོད་གཞི་བྱུང་བ་མཚམས་ཆད་མ་མྱོང་ཞིང་། དེ་ལ་དོགས་སློང་དང་སྐྱོན་ བརྗོད་བྱེད་མཁན་ཡང་སྔར་ལས་ཇེ་མང་དུ་སོང་། དེ་དག་གི་རྒྱུ་རྐྱེན་གཙོ་བོ་ ནི། ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་ཁོ་ཚོའི་ཆབ་སྲིད་ལྟ་བ་དེ་བྱ་ དགའ་དཔྱད་འདེམ་བྱེད་པའི་ཚད་གཞིའི་ཁྲོད་བཙན་འཇུག་བྱས་པས། བྱ་དགའ་དེ་སྐུ་ཞབས་ ནོ་པེ་ཨཱར་གྱི་ཞལ་ཆེམས་དང་རྒྱབ་འགལ་དུ་བཏང་བས་རེད། 
  ནའོ་ཝེ་རྒྱལ་ཁབ་ཀྱི་ཁྲིམས་རྩོད་པ་ཧྥོ་ལོས་ཏི་ལིས་ཁི་ཧི་ཧྥོ་མེས་ཨར་གྱིས་ སྐུ་ཞབས་ནོ་པེ་ཨཱར་གྱི་ཞལ་ཆེམས་དང་། ལོ་ངོ་བརྒྱ་ལྷག་རིང་གི་ཞི་བདེའི་བྱ་ དགའ་བྱིན་པའི་ཐད་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། ཁོས་བསམས་པར། ད་ལྟ་ནོ་པེ་ཨཱར་བྱ་དགའ་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་རང་གི་ཆབ་སྲིད་དགོས་ མཁོར་དམིགས་ནས་བེད་སྤྱོད་ཁྱབ་ཁོངས་གཏན་ཁེལ་བྱེད་ཀྱིན་ཡོད་པས། དེ་ནི་སྐུ་ ཞབས་ནོ་པེ་ཨཱར་གྱི་དམག་གྲབས་ཉུང་དུ་གཏོང་བའམ་དེ་མེད་པར་བྱེད་པར་སྐུལ་ལྕག་ གཏོང་བའི་མོས་འདུན་དང་རྒྱབ་འགལ་དུ་སོང་བ་ཡིན་པར་འདོད་ཀྱི་ཡོད། 
  འདས་པའི་ལོ་ངོ་ཉེར་གཅིག་གི་དུས་ཡུན་ནང་། ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ ཁང་གིས་ཞི་བདེའི་བྱ་དགའ་དེ་ཀྲུང་གོའི་མི་གཉིས་ལ་བྱིན་མྱོང་སྟེ། གཅིག་ནི་ཏཱ་ ལེ་བླ་མ་དང་། གཞན་གཅིག་ནི་ལིག་ཞོ་པོ་རེད། སྔ་མ་ནི་མི་རིགས་མཐུན་སྒྲིལ་ལ་ གཏོར་བརླག་བྱེད་མཁན་དང་། ཀྲུང་གོ་ཁ་བྲལ་གཏོང་མཁན་གྱི་ཁ་བྲལ་པ་ཞིག་ཡིན་ ལ། ཕྱི་མ་ནི་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པར་ངན་སྐུལ་བྱེད་མཁན་ད་ལྟ་ བཙོན་འཇུག་བྱས་པའི་ཉེས་ཅན་ཞིག་རེད། ཁོ་གཉིས་ཀྱི་འགྲོ་འདུག་ཉལ་འཆག་གི་སྤྱོད་ ལམ་ཇི་སྙེད་ཀྱིས་ནོ་པེ་ཨཱར་གྱི་ཞལ་ཆེམས་དངོས་ཀྱི་དོན་ཚན་གང་ཞིག་གི་མཐའ་སྣེ་ ཙམ་ཡང་ཟིན་མི་ཐུབ། དེ་ཡང་དཔེར་ན་ཧི་ཧྥོ་མེས་ཨཱར་གྱིས་སྨྱན་བྱེད་སྡེ་ཁག་གི་བཅར་འདྲི་དང་ལེན་ བྱེད་སྐབས། རང་གི་ཞིབ་འཇུག་གྲུབ་འབྲས་བརྗོད་པ་དང་སྦྲགས་ནས་ཞི་བདེའི་བྱ་དགའ་ དེ་ལིག་ཞོ་པོ་ལ་སྟེར་མི་འོས་ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྨྲས་པ་དང་ དངོས་གནས་མཚུངས་པ་རེད། ལིག་ཞོ་པོ་ཡིས“ཀྲུང་གོ་ཡང་བསྐྱར་ལོ་ངོ་སུམ་བརྒྱའི་ རིང་ལ་མི་སེར་སྤེལ་ཡུལ་ཕྱེད་ཙམ་དུ་གནས་ན་འོས།” ཞེས་དང་། “ཀྲུང་གོ་རབ་ཡིན་ན་རྒྱལ་ཁབ་བཅོ་བརྒྱད་དུ་ཁ་འཐོར་ན་འོས།”ཞེས་བཤད་ མྱོང་བས། ལིག་ཞོ་པོ་ནི་ནོ་པེ་ཨཱར་གྱི་ཞལ་ཆེམས་ནང་བཤད་པའི“ཞི་བདེའི་སྲུང་ དམག”ཟེར་བ་ཞིག་རྩ་བ་ནས་མིན་པར། དུས་ཡུན་རིང་པོར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་ རྟིང་སློག་པར་ངན་སྐུལ་བྱེད་པའི་ཁྲམ་པ་ཉེས་ཅན་ཞིག་རེད།
  སྐུ་ཞབས་ནོ་པེ་ཨཱར་ལགས་ཀྱིས་རང་གི་ཞལ་ཆེམས་ནང་ནའོ་ཝེ་རྒྱལ་ཁབ་ཀྱི་གྲོས་ ཚོགས་ཁང་གིས་ནའོ་ཝེ་པ་མི་ལྔ་བདམས་ནས། ཁོ་ཚོར་ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ ལྷན་ཁང་གི་ཨུ་ཡོན་གྱི་འགན་མིང་བྱིན་ནས། ཞི་བདེའི་བྱ་དགའ་འདེམ་པ་དང་བྱ་དགའ་ སྟེར་བའི་འགན་འཁུར་དུ་འཇུག་པའི་རེ་བ་བཏོན་ཡོད། ཡིན་ནའང་། ནའོ་ཝེ་རྒྱལ་ཁབ་ ཀྱི་གྲོས་ཚོགས་ཁང་གིས་དེ་བས་ཀྱང་གཙིགས་ཆེན་དུ་འཛིན་པ་ནི་ནོ་པེ་ཨཱར་བྱ་དགའི་ གྲགས་སྐད་དེ་རེད། དེའི་ཕྱིར་ཁོ་ཚོས་ཏང་ཁག་སོ་སོར་གཟིགས་སྐྱོང་བྱེད་ ཆེད། འཛེམ་བག་མེད་པར་ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ འདུག་སྟེགས་དེ་ཏང་ཁག་སོ་སོར་བགོ་འགྲེམ་བྱས་པ་དང་། གྲོས་ཚོགས་ཁང་གི་སྲིད་ཏང་ ཆེན་པོ་སྔོན་མ་ལྔ་ལ་ཏང་ཁག་རེ་ལ་མིང་སྐལ་རེ་བྱིན་ནས། དེ་ལྟར་ནོ་པེ་ཨཱར་དཔྱད་ འདེམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་དེ་སྲིད་ཚོང་གི་ཐོབ་ཐང་མཐོན་པོ་ ཅན་མི་ལྔས་ལོངས་སུ་སྤྱད་པ་རེད། འདུག་སྟེགས་བགོ་འགྲེམ་བྱེད་སྟངས་དེ་ལྟ་ བུས། ནོ་པེ་ཨཱར་ཞི་བདེའི་བྱ་དགའ་དེ་ཡང་དོན་དངོས་ཐོག“ནའོ་ཝེ་གྲོས་ཚོགས་ཁང་ གི་བྱ་དགའ།”ལྟ་བུའི་ངོ་བོར་གྱུར་དུ་བཅུག་པ་རེད།
  དེ་ལྟར་ཤེས་སླ་བ་ཞིག་ནི། ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ རྣམས་ལ་ཁྱད་ཆོས་མངོན་གསལ་ཅན་གཞན་ཞིག་ཡོད་པ་དེ་ཡང་། ཁོ་ཚོའི་ནང་གི་མང་ཆེ་ ཤོས་ནི་ནའོ་ཝེ་རྒྱལ་ཁབ་ཀྱི་སྲིད་སྟེགས་ཐོག་གི་སྲིད་ཚོང་པ་རྒན་གྲས་ཁག་ཅིག་ ཡིན་ལ། དེ་དག་གི་བསམ་བློའི་ལྟ་བ་དང་རིན་ཐང་ལྟ་བའང་འཛམ་གླིང་ཤར་ནུབ་ཕྱོགས་ གཉིས་ཀྱིས་ཕན་ཚུན་དགྲ་འཛིན་བྱེད་པའི་འཇམ་འཐབ་དུས་སྐབས་སུ་ཆགས་པ་ཡིན་པས།  ཆབ་སྲིད་ཀྱི་མདོག་ལྡན་མིག་ཤེལ་བཀོལ་ནས་འཛམ་གླིང་ལ་ལྟ་ཞིབ་བྱེད་པར་གོམས་ ཡོད། ཁོ་ཚོས་ནོ་པེ་ཨཱར་གྱིས་ཞི་བདེའི་བྱ་དགའ་སྤྱད་ནས་ཞི་བདེའི་ལྟ་བ་སྤེལ་བ་ ཞེས་པའི་རེ་འདུན་དང་རྒྱབ་འགལ་བྱས་ཡོད་པ་དང་། དེང་གི་འཛམ་གླིང་ཆགས་སྟངས་ཀྱི་འགྱུར་ལྡོག་ལ་དེ་བས་ཀྱང་རྒྱབ་འགལ་བྱས་ཡོད་ པ། ནང་སྒོས་སུ་ཀྲུང་གོ་ལྟ་བུའི་གསར་དར་རྒྱལ་ཁབ་ཀྱི་འཕེལ་རྒྱས་མགྱོགས་པོ་ལ་ ཕྱོགས་ཞེན་གྱི་ལྟ་སྟངས་སྟུག་པོ་བཟུང་ཡོད། དེ་ལྟ་བུའི་ཐོབ་ཐང་ཅན་ཏག་ཏག་གིས་ གྲུབ་པའི་ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས། ནོ་པེ་ཨཱར་ཞི་བདེའི་བྱ་དགའ་ཐག་གཅོད་བྱས་ན་འདུ་ཤེས་འཛིན་སྟངས་ཀྱི་དྲི་མ་མནམ་ མི་བཟོད་པ་འཐུལ་སྲིད་པ་ནི་སྨྲས་མ་དགོས་པ་ཞིག་རེད། 
  ལོ་ངོ་ཉེར་གཅིག་གི་སྔོན་ལ། ནའོ་ཝེ་རྒྱལ་ཁབ་ཀྱི་ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ ལྷན་ཁང་གིས་ཞི་བདེའི་བྱ་དགའ་དེ་ཏཱ་ལེ་བླ་མར་སྟེར་སྐབས། ཨུ་ཡོན་ལྷན་ཁང་གི་ ཀྲུའུ་ཞི་དེས་མངོན་སུམ་འཛེམ་མེད་སྒོས་གོ་སྐབས་འདི་ལྟ་བུར་བརྟེན་ནས་ཀྲུང་ གོར་ཤུགས་རྐྱེན་བཟོ་རྒྱུ་ཡིན་ཞེས་བཤད་མྱོང་ཞིང་། ད་རེབ་ནོ་པེ་ཨཱར་ཞི་བདེའི་ བྱ་དགའ་དེ་བཙོན་འཇུག་བྱས་པའི་ཉེས་ཅན་ལིག་ཞོ་པོ་ལ་སྟེར་སྐབས་ཀྱང་། བཤད་སྟངས་ སྔོན་མ་དང་མཚུངས་པའི་རྣམ་འགྱུར་བསྟན་ཡོད། ཉེ་བའི་ལོ་གཅིག་གཉིས་ཀྱི་རིང་ ལ། ཀྲུང་གོར་དགྲར་འཛིན་འདུ་ཤེས་བཅངས་པའི་ནུབ་ཕྱོགས་ཀྱི་སྲིད་འཛིན་པ་ དང་། ཆེད་མཁས། དེ་མིན་ད་དུང་སྲིད་གཞུང་གི་རྩ་འཛུགས་མིན་པ་བཅས་ཀྱིས། སེམས་ ཤུགས་ཆེན་པོ་བཏོན་ནས་ནའོ་ཝེ་རྒྱལ་ཁབ་ཀྱི་ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ ཁང་ལ་གནོན་ཤུགས་སྟེར་གྱིན་ཡོད་ལ། ནོ་པེ་ཨཱར་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་ ཁོངས་མི་དག་གིས་ནི་རང་རང་གིས་ཕྲག་ཏུ་ཐེག་པའི་འགན་ཁུར་ལ་དེ་བས་ཀྱང་སེམས་ན་ གསལ་ལྷང་ངེར་ཡོད། ཁོ་ཚོས་ཕན་ཚུན་ལ་གློ་རྒྱུ་མ་འདྲེས་པ་བཞིན་དུ་གཅིག་གིས་གཅིག་ལ་རམ་འདེགས་བྱས་ པ་ཧ་ཅང་བཟང་། ཨུ་རུ་སི་གསར་འགྱུར་ཁང་གི་ཆབ་སྲིད་ལྟ་ཞིབ་པ་ཉིས་ཀུའུ་ལ་ཐི་ལོ་ དབྱིས་ཚི་ཅིས་ཀྱིས་ད་ལོའི་ཞི་བདེའི་བྱ་དགའི་སྐོར་གླེང་སྐབས། རྣག་ཐོག་གཙགས་ ཁེལ་གྱི་ཚུལ་དུ་བཤད་རྒྱུར། ནོ་པེ་ཨཱར་ཞི་བདེའི་བྱ་དགའ་དེ་སྔར་བཞིན་ཆབ་སྲིད་ མཐའ་ཅན་དུ་གྱུར་ཡོད་པས། བྱ་དགའ་དེ་མངའ་དབང་སྒྱུར་མཁན་གྱི་འདོར་ལེན་དང་དགེ་ སྡིག་སྤང་བླངས་ཅི་བྱེད་ནི་ནམ་ཡང་ནུབ་ཕྱོགས་རྒྱལ་ཁབ་འགའ་རེའི་རྣམ་འགྱུར་ལ་ ཐུག་ཡོད་ཟེར། ཞི་བདེའི་བྱ་དགའ་ཁྱབ་བསྒྲགས་བྱས་རྗེས་ནུབ་ཕྱོགས་རྒྱལ་ཁབ་འགའ་ རེའི་སྲིད་དཔོན་གྱིས་འཁྲབ་སྟོན་ཅི་བྱེད་ལ་བལྟས་ན། ད་གཟོད་ཁོ་ཚོས“ཀྲུང་གོར་ཤུགས་རྐྱེན་བཟོ་རྒྱུ།”ཞེས་པའི་གནད་དོན་དེའི་ཐོག་མི་ རྣམས་ཧ་ལས་རྒྱུ་འབྱུང་བའི་འཆམ་མཐུན་འོང་བ་དེ་ཤེས་ཐུབ།
 དངོས་གནས་ནོ་པེ་ ཨཱར་ཞི་བདེའི་བྱ་དགའ་ཇི་ལྟར་སྟེར་བའི་ཐད་དེ་འདྲའི་རང་རྐྱ་ཐུབ་པའི་རང་བཞིན་ ཞིག་མི་ལྡན་པའི་རྐྱེན་གྱིས། ནོ་པེ་ཨཱར་ཞི་བདེའི་བྱ་དགའ་དེ་ཡང་བསྐྱར་ཐེངས་ ཤིག་ལ་ནུབ་ཕྱོགས་སྲིད་ཚོང་པ་འགའ་རེའི་ལག་ཆ་ལྟ་བུར་གྱུར་པས། ཆབ་སྲིད་ལོག་ལམ་ ཐོག་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་རིང་དུ་འགྲོ་སྲིད། །
 ལོ་ཙཱ་བ།  ཀླུ་བྱམས།

གསར་འགྱུར།

Post navigation

Previous Post: “ཀྲུང་གོ་བ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་”ཟེར།
Next Post: ཟི་ལིང་གི་ལས་འཁྱུར་ངལ་གསོ་བྱས་པའི་བོད་རིགས་གཞུང་ཞབས་པ་ཁག་ཅིག་གི་འབོད་སྐུལ།

Comments (5) on “"ཀྲུང་གོ་བ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་"ཟེར།”

  1. ཀརྡོ་རབ་འབྱམས་པ་ says:
    2010-10-25 at 4:42 pm

    ནའོ་ཝེ་རྒྱལ་ཁབ་ཀྱི་ནོ་པེ་ཨཱར་ ནའོ་ཝེ་རྒྱལ་ཁབ་ཀྱི་ནོ་པེ་ཨཱར་ ནའོ་ཝེ་རྒྱལ་ཁབ་ཀྱི་ནོ་པེ་ཨཱར་ ནའོ་ཝེ་རྒྱལ་ཁབ་ཀྱི་ནོ་པེ་ཨཱར་ འདི་བོད་སྐད་རེད། རྒྱ་སྐད་རེད། ཡང་ན་ནོར་ཝེའི་རྒྱལ་ཁབ་ཀྱི་སྐད་ལུགས་རེད།

  2. དམུ་ཐག་གི་བུ་རྒྱུད། says:
    2010-10-26 at 7:10 am

    ཀརྡོ་ལགས། འདི་རྒྱ་ནག་གི་སྐད་གདངས་བོད་ཡིག་ཏུ་བྲིས་པ་རེད། རྒྱ་ནག་གི་སྐད་ཡིག་ནང་དུ་རྒྱ་ཁབ་ཀྱི་མིང་དང་མི་ཡི་མིང་རང་གིས་མ་གཏོགས་གཞན་སུས་ཀྱང་ཤེས་དཀའ་བ་མང་པོ་ཡོད། དེར་བསམ་ན་བོད་ཀྱི་སྐད་ཡིག་འདི་ཇི་འདྲའི་བཀོལ་སྤྱོད་བདེ་བ་་ཞིག་ཡིན་པ་དཔོག་ཐུབ།

  3. དམུ་ཐག་དཀར་པོ། says:
    2010-10-26 at 8:04 am

    དམུ་ཐག་གི་བུ་རྒྱུད་ལགས།

    ཁྱོད་ཀྱིས་བཤད་པ་དོན་མཐུན་རེད། ཡིན་ན་ཡང་བཙན་བྱོལ་ནང་དུ་ཤིན་ཏུ་བཀོལ་སྤྱོད་བདེ་བའི་བོད་སྐད་དེ་བེད་སྤྱོད་གཏོང་མཁན་ཉུང་དུ་ཉུང་འགྲོ་བཞིན་འདུག རྒྱུ་མཚན་ཅི་ལ་ཐུག་གམ།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2010-10-26 at 2:40 pm

    ང་ཚོའི་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་ཡང་། ཀྲུང་གོ་བ་ཡིན་པར་ང་ཚོས་སྔ་ནས་ཁས་ལེན་བྱས་ཡོད་དམ། སྤུན་ཟླ་ཚོ། དེ་ཡི་སྐོར་ལ་བསམ་བློ་ཞིག་གཏོང་རན་རེད་ཡ།

  5. ཀརྡོ་རབ་འབྱམས་པ་ says:
    2010-10-26 at 4:33 pm

    ང་ལ་བློ་ཕམ་གྱི་གནས་ཚུལ་གཉིས་ཞུ་འདོད་བྱུང་། དང་པོ་དེ་ནི་རྒྱ་ནག་གི་ཁ་གཏིང་མི་མཚུངས་པའི་སྲིད་བྱུས་གཡོ་ཚིག་ཁྱབ་བསྒྲགས་གཏོང་བའི་རོགས་རམ་དུ་མ་ཕྱིན་པ་གཙོ་དོན་དགོས་པ་དང་། གཉིས་པ་ནི། རང་རིགས་དང་རྒྱ་རིགས་སུ་རུང་གིས་རྒྱ་གཞུང་གི་རྒྱུག་ཁྱིར་བྱེད་པའི་སྐབས་ཀྱི་བོད་སྐད་ཨིན་གི་སི་ཞེས་སྒྲ་བསྒྱུར་ཀླད་མེད་འདི་ལྟ་བུ་དང་། བོད་ཀྱི་བླ་སྤྲུལ་ལ་ཨིན་སྐད་ནང་དུ་ལི་ཝིང་བུ་དྷ་ཟེར་བ་སོགས། དང་པོས། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་འདོད་དང་། གཉིས་པས། ནང་ཆོས་རྩ་མེད་བཟོ་ཐབས་གཡོ་བྱུས་ཡོད་པ་མཁྱེན་པའི་ཐོག་ནས། མུ་མཐུད་ནས་བེད་སྤྱོད་མ་གནང་ན། ལོ་རབས་༦༠འི་ནང་ལ་རྒྱ་གཞུང་གིས་གཡོ་བྱུས་གཏན་འབེབས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ལ་ཡོ་སྲང་དང་། བོད་ཀྱི་སྐད་ཡིག་དག་ཐེར་དང་ཡར་རྒྱས་འཕེལ་རྒྱས་ལ་ཕན་པ་མིན་འདུག་གམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme