Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུང་གོ་གུང་ཁྲན་ཏང་དངོས་ནས་མི་མི་ཟ་བའི་སྟག་ཏུ་གྱུར་སོང་ངམ།

Posted on 2012-05-302012-05-30 By ཤར་ཕྱོགས་ཁུག་རྟ། 1 Comment on ཀྲུང་གོ་གུང་ཁྲན་ཏང་དངོས་ནས་མི་མི་ཟ་བའི་སྟག་ཏུ་གྱུར་སོང་ངམ།

ཡུ་ཅེ་ཡིས་བརྩམས། ཚེ་རིང་རྡོ་རྗེས་བསྒྱུར།
དེང་སྐབས་ཀྲུང་གོའི་ལྟ་བ་མི་མཐུན་པའི་རྩོམ་པ་པོ་ནུབ་ཕྱོགས་སུ་བཙན་བྱོལ་ལ་སོང་ན། སྔར་ཨུ་རུ་སུའི་རྩོམ་པ་པོ་སཱོལ་ཇུ་ཉི་ཚིན༼Solzhenitsyn༽་ལ་ཐོབ་པའི་དགའ་བསུ་ཆེན་པོ་དེ་འདྲ་འཐོབ་དཀའ། དུས་རབས་ཉི་ཤུའི་་ལོ་རབས་བདུན་ཅུའི་ནང་དུ། ཨ་རིའི་ཕྱི་སྲིད་བློན་ཆེན་ཁི་སིན་ཇར༼Kissinger༽གྱིས་སྲིད་འཛིན་ཧྥོ་ཌི༼Ford༽་ལ་ཁོང་སཱོལ་ཇུ་ཉི་ཚིན་དང་ཐུག་འཕྲད་མི་གནང་རྒྱུར་བསླབ་བ་བཏོན་པ་མ་ཟད། དྲན་ཐོའི་སྟེང་དུ། སཱོལ་ཇུ་ཉི་ཚིན་དང་འཕྲད་ན་སུའུ་ལེན༼Soviet Union༽ལ་ཕོག་ཐུག་གཏོང་སྲིད། ཅེས་བྲིས། དེང་སྐབས་ལྟ་སྟངས་དེ་འདྲ་འཁྱེར་མི་ནི་ཁི་སིན་ཇར་ལྟ་བུའི་དངོས་ཕན་རིང་ལུགས་ཀྱི་སྲིད་ཚོང་པ་དག་ཡིན་པའི་མི་ཚད། ཀྲུང་གོར་མ་རྩ་ཕོན་ཆེན་བཞག་པའི་རྒྱལ་མཚམས་འདས་པའི་བཟོ་ཚོང་ཚོགས་པ་ཁག་དང་ཀྲུང་གོར་འབྲེལ་ཐག་སྣ་ཚོགས་ཡོད་པའི་སློབ་གྲྭ་དང་ཐེབས་རྩ་ཚོགས་པ་དག་ཀྱང་ཡིན།

ཀྲུང་གུང་སྲིད་དབང་ནུབ་ཕྱོགས་སུ་སིམ་འཛུལ་ཐེབས་ཚད་ནི་སྔོན་ཆད་ཀྱི་སུའུ་ལེན་ལས་ཆེས་ཆེར་བརྒལ། གྲང་དམག་གི་དུས་སྐབས་སུ། སུའུ་ལེན་གྱི་དཔལ་འབྱོར་ནི་ནུབ་ཕྱོགས་ཀྱི་དཔལ་འབྱོར་ལ་འབྲེལ་བ་ཆེར་མེད་པ་དང་། དེ་དུས་ཨ་རིའི་དུད་ཚང་དཀྱུས་མ་ཞིག་ན་*སུའུ་ལེན་གྱིས་བཟོས་པའི*རྒྱུ་རྫས་ཡོད་མི་སྲིད། ཡིན་ནའང་དེང་སྐབས་ཀྲུང་གོ་ནི་གོ་ལ་ཧྲིལ་བོ་ཅན་གྱི་མ་ལག་ཏུ་གཏིང་ཟབ་པར་ཐིམས། ཨ་རི་བ་ཞིག་གིས་དགོད་བྲོ་བའི་དེབ་ཅིག་བྲིས་པ་དེར། ཁོ་མོས་ལོ་གཅིག་གི་དུས་ཡུན་ལ་*ཀྲུང་གོས་བཟོས་པའི*་དངོས་རྫས་མི་ཉོ་བར་ཐག་བཅད་པ་དང་། ཐག་གཅོད་འདིས་ཁོ་མོའི་འཚོ་བར་དཀའ་ངལ་ཇི་ཙམ་འཕྲད་པའི་སྐོར་བརྗོད་འདུག

ཕྱི་ཚུལ་ནས་བལྟས་ན། ཀྲུང་གོ་དང་ཉོ་འཚོང་བྱས་པས་ནུབ་ཕྱོགས་ལ་ཁེ་བཟང་ཐོབ་པ་དང་། ནུབ་ཕྱོགས་ཀྱི་ལོངས་སྤྱོད་མཁན་གྱིས་རིན་གོང་ཁེ་བའི་ཀྲུང་གོའི་དངོས་རྫས་མང་ཚོད་ཅིག་ཉོ་ཆོག འོན་ཀྱང་ནུབ་ཕྱོགས་ཀྱི་གཞི་རྩའི་རིན་ཐང་ལ་ལྐོག་ནས་རུལ་ཟད་ཐེབས། ཁྱོད་ཀྱི་ཁྱིམ་ན་ཡོད་པའི་ཨ་རིའི་རྒྱལ་དར་དེ་ནི་ཀྲུང་གོའི་བཙོན་ཁང་ནང་གི་བཙོན་པའམ་གཡོག་བཀོལ་བྱིས་པ་ཡིས་བཟོས་པ་ཡིན་མིན་སུས་ཤེས།

ང་རང་ཟླ་ངོ་གཅིག་ལྷག་གི་སྔོན་དུ་ཨ་རིར་སླེབས་ནའང་། ཀྲུང་གོའི་གྲིབ་ནག་སྔར་བཞིན་གང་སར་ཁྱབ་པ་མཐོང་། ཨ་རིའི་སློབ་ཆེན་ཁ་ཤས་ཀྱིས་ང་གཏམ་བཤད་བྱེད་པར་གདན་འདྲེན་མི་ཕོད། གང་ཡིན་ཞེ་ན། ཁོང་ཚོར་ཀྲུང་གོ་ དང་མཉམ་ལས་ཀྱི་ལས་གཞི་མང་པོ་འདུག ཀྲུང་གོས་མ་རྩ་བཏང་ནས་བསྒྲུབས་པའི་ཁོང་ཙི་སློབ་གླིང་ནི་དེ་དག་ གི་གྲས་སུ་ཚུད། གལ་སྲིད་ཁྱོད་ནི་ཀྲུང་གོའི་གནད་དོན་ལ་ཞིབ་འཇུག་བྱེད་པའི་མཁས་པ་ཡིན་པ་དང་། ཁྱོད་ཀྱིས་ ཀྲུང་གོ་གུང་ཁྲན་ཏང་སྲིད་གཞུང་ལ་སྐྱོན་བརྗོད་བྱས་ཚེ། ཁྱོད་ལ་ཁུང་ཙི་སློབ་གླིང་གི་ཞིབ་འཇུག་ལས་གཞི་རག་ མི་སྲིད་པ་དང་། ཐ་ན་ཀྲུང་གོར་འགྲོ་བའི་ཐོངས་མཆན་ཡང་མི་རག དེ་མིན་པར་ཁྱོད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ ལ་སྐད་ཆ་སྙན་པ་བརྗོད་ན། ཁྱོད་ལ་ཞིབ་འཇུག་གི་མ་དངུལ་ཚིམས་པ་ཞིག་པ་རག་པ་མ་ཟད། ད་དུང་ཀྲུང་གོར་ འཚམ་འདྲིར་ཕེབས་པར་གདན་ཞུ་བྱ་སྲིད་པ་དང་། ཐ་ན་ཀྲུང་གོའི་མཐོ་རིམ་འགོ་ཁྲིད་ལ་ཐུག་འཕྲད་ཀྱང་རག་པ་ ཡིན། ནུབ་ཕྱོགས་ཀྱི་རིག་གཞུང་རང་དབང་ནི་འདི་ལྟར་མིག་གིས་མི་མཐོང་བའི་ལག་པ་ཟུང་གིས་ཕྱིན་ཅི་ལོག་ པར་བྱས།

ངས་བལྟས་ན། ཀྲུང་གོ་ཡི་ཉེན་ཁའི་རང་བཞིན་ནི་སྔོན་ཆད་ཀྱི་སུའུ་ལེན་ལས་བརྒལ་འདུག སེམས་ཕངས་པ་ཞིག་ ལ་ནུབ་ཕྱོགས་སུ་མིག་རྒྱང་རིང་ཞིང་ཤེས་རྒྱ་ལྡན་པའི་ཆབ་སྲིད་པ་རཱེ་གྷན༼Reagan༽་ལྟ་བུ་དཀོན། སྲིད་འཛིན་ ཨོ་བྷ་མས་ཀྲུང་གུང་ནི་མི་ལ་མི་རྨུག་པའི་སྟག་དུ་གྱུར་ཟིན་བསམ་ཡོད་པ་འདྲ། དེའི་ཕྱིར་ཁོ་རང་ཨ་རིར་འཚམ་ འདྲིར་འོང་ལ་ཉེ་བའི་ཞི་ཅིན་ཕིན་གྱི་ཕྱོགས་ལ་རེ་བས་ཁེངས་འདུག ཨོ་བྷ་མ་རང་ཉིད་ནོར་བྷེལ་ཞི་བདེ་གཟེངས་ རྟགས་ཐོབ་མི་ཞིག་ཡིན་པའི་ངོས་ནས། ཁོས་ཞི་ཅིན་ཕིན་ལ་ཀྲུང་གུང་གིས་བཙོན་དུ་བཙུད་པའི་ནོར་བྷེལ་ཞི་བདེ་ གཟེངས་རྟགས་ཐོབ་མི་ལིག་ཞོ་པོ་གློད་དགོས་པ་ཡོངས་གྲགས་ཀྱིས་གླེང་སྲིད་དམ། ལྕམ་ཁི་ལིན་ཌོན་འབར་མའི་ ཨང་སན་སུ་ཁི་ལ་འཕྲད་ཕོད་ཀྱང་། ལིག་ཞོ་པོ་ལ་འཚམ་འདྲིར་འགྲོ་མི་ཕོད་པའི་རྒྱུ་མཚན་ཅི། འབར་མ་ཉམ་ ཞན་པ་དང་ཀྲུང་གོ་སྟོབས་ཆེ་བའི་རྐྱེན་ཡིན་ནམ།

ཀྲུང་གུང་ནི་སྔར་བཞིན་མི་ལ་རྨུག་ཤེས་པའི་སྟག་ཅིག་ཡིན། ངས་ལིག་ཞོ་པོ་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་ བྱ་འགུལ་སྤེལ་མྱོང་བའི་རྐྱེན་གྱིས། ལིག་ཞོ་པོ་ལ་ནོལ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པའི་རྗེས་སུ། ང་རང་ལ་ གསང་བའི་ཉེན་རྟོག་པས་སྡུག་སྦྱོང་མནར་གཅོད་བཏང་བ་དང་སྲོག་ཀྱང་ཤོར་ལ་ཁད་པ་བྱུང་། དེའི་རྗེས་ནས་ ཁྲིམས་རྩོད་པ་དང་རྩོམ་པ་པོ་བཅུ་ཕྲག་ཁ་ཤས་ཀྱིས་ཀྱང་ཡ་ང་བའི་ཁྲིམས་སྦྱོར་གདུག་རྩུབ་མྱངས་། དེ་ཚོའི་ནང་གི་ མི་ཞིག་ནི་སྔོན་ལ་གློག་གི་རླུང་གཡབ་ཀྱིས་གྲང་བར་བྱས་པ་དང་དེ་མུར་གློག་ཐབ་ཀྱིས་ཚ་རུ་བཅུག་པས། རིང་པོ་མ་ ཐོགས་པར་གློ་ཚད་ཀྱི་ནད་གཞི་ཚབས་ཆེན་ཕོག གསང་བའི་ཉེན་རྟོག་པས་ཐ་ན་ང་ལ་འཇིགས་སྐུལ་ནས་བཤད་ པ་ནི། ཁོ་ཚོའི་ལག་ཏུ་གུང་ཁྲན་ཏང་ལ་རྒོལ་བའི་ཤེས་ཡོན་པ་ཉིས་བརྒྱ་ཡི་མིང་ཐོ་ཡོད་པ་དང་། མི་དེ་ཚོ་འཛིན་ བཟུང་དང་གསོན་པོར་ས་འོག་ཏུ་འཇུག་རྒྱུར་ནམ་ཡང་གྲ་སྒྲིག་ཡོད་ཟེར། འདས་པའི་ལོ་གཅིག་ལྷག་གི་རིང་ནས་ ཀྲུང་གོའི་བཙོན་ཁང་ནང་གི་ཆབ་སྲིད་བཙོན་པ་ཇེ་མང་དང་བཙོན་ཡུན་ཇེ་རིང་དུ་སོང་། འོན་ཀྱང་ནུབ་ཕྱོགས་ཀྱི་ ངོ་རྒོལ་སྐད་སྒྲ་ཇེ་ཞན་ནས་ཇེ་ཞན་དུ་གྱུར།

ཀྲུང་གུང་གིས་ནང་ཁུལ་དུ་དྲག་གནོན་ཚ་ནན་དང་ཕྱི་ཕྱོགས་སུ་ཧམ་པས་རྒྱ་བསྐྱེད་པ་ནི་དུང་ཙེ་ཞིག་གི་ངོས་ གཉིས་ལྟ་བུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་གནད་དོན་ལ་བཏོན་པའི་གྲོས་ཆོད་དེར་ཀྲུང་གུང་གིས་ དགག་བྱ་བྱས། དེའི་རྒྱུ་མཚན་ནི་བོད་ན་ཌི་མ་ཤག༼Dimashq ༽་དམར་གསོད་དང་འདྲ་བའི་དམར་གསོད་ཅིག་ འབྱུང་བཞིན་པས་ཡིན།
ལོ་བརྒྱའི་ཡར་སྔོན་དུ་ནུབ་ཕྱོགས་པས་ཀྲུང་གོ་ནི*གཉིད་ཡུར་བའི་སེང་གེ*་ཡིན་ཚུལ་བརྗོད་མྱོང་། དེང་གི་དུས་སུ་ གཉིད་དུ་ཡུར་བ་ནི་ནུབ་ཕྱོགས་ཡིན་པ་ངས་མཐོང་བྱུང་། སྒེར་ཚུགས་ཅན་གྱི་རྩོམ་པ་པོ་ཞིག་དང་ཁྱིམ་ཚང་ཆོས་ ཚོགས་ཀྱི་ཡེ་ཤུ་ཆོས་པ་ཞིག་ཡིན་པའི་ཆ་ནས། ང་ལ་བདེན་པ་བརྗོད་པའི་འགན་འཁྲི་ཡོད་པས་སྨྲས་པ། ཀྲུང་གུང་གིས་སྔར་བཞིན་མི་ནི་ཟའོ།།
སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༧ ཉིན་སྤེལ།

རྩོམ་ཁུངས་ནི། རྒྱ་ཡིག་སྨྱུག་འཛིན་སྒེར་ཚུགས་ཚོགས་པ།

འགྱུར་རྩོམ།

Post navigation

Previous Post: བདེན་པ་ངོ་མ་དང་སངས་རྒྱས་ཀྱི་བདེན་པ།
Next Post: སེམས་ཁྲལ་མ་བྱེད་རིགས་ཀྱི་སྤུན་ཟླ་ཚོ། ང་རང་བདེ་ཐང་ཡིན།

Comment (1) on “ཀྲུང་གོ་གུང་ཁྲན་ཏང་དངོས་ནས་མི་མི་ཟ་བའི་སྟག་ཏུ་གྱུར་སོང་ངམ།”

  1. རྡུལ་ཕྲན། says:
    2012-05-30 at 8:30 am

    ངོ་མ་ཡག་པོ་འདུག འདི་ལྟར་བསྒྱུར་དགོས་པ་རེད། འདི་བཞིན་ཐོན་དགོས་པ་རེད། འདི་ལྟར་རྒྱུས་ལོན་གསལ་བོ་ཞིག་བྱས་པས། འུ་ཚོས་ཅིག་ཤེས་ཡོང་རྒྱུ་ཞིག་དང་། ཧ་གོ་རྒྱུ་ཞིག། རྟོགས་པ་ཟད་རྒྱུ་ཞིག་ཡོད་པ་རེད། དེ་མིན་ཐབ་ཁུང་ནང་གི་ཀུ་ཅོ་ལ་རེ་བ་མེད་པ་འུ་ཚོས་ཤེས་ན་རེད།

    དྲ་གྲོགས་ཁྱོད་ལ་དུས་ཚོད་ཡོད་ན་མུ་མཐུད་བསྒྱུར་རོགས་གནང་ཞེས་ཞུ་རྒྱུ་ཡིན། ངས་ཀྱང་རྩོམ་ཡིག་ཁ་ཤས་བསྒྱུར་ཁུལ་བྱེད་ཀྱིན་ཡོད་ཀྱང་། འདོད་པ་ཁེངས་པ་ཞིག་ཡོང་གི་མི་འདུག་སྟབས། ཕྲན་གྱིས་ཁྱོད་དང་འབྲེལ་བ་བྱེད་འདོད་ཤིན་ཏུ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme