Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀོ་རོ་ན་གཉན་རིམས་(coronavirus)ངོ་སྤྲོད།

Posted on 2020-01-302020-01-31 By འཚོ་བྱེད་བུ 8 Comments on ཀོ་རོ་ན་གཉན་རིམས་(coronavirus)ངོ་སྤྲོད།

རྒྱ་གར་ཅོན་ཏ་ར་གསོ་བ་རིག་པ་སློབ་གཉེར་དང་ཞིབ་འཇུག་ཁང་།

དང་པོ། ངོ་སྤྲོད།

གཉན་སྲིན་ནི་སྲོག་ཆགས་རིགས་ཀྱི་ཕྲ་ཕུང་ནང་འཚོ་འཕེལ་བྱེད་པའི་ཤིན་ཏུ་ཕྲ་ཞིང་ཆུང་བའི་སྲིན་རིགས་ཤིག་ཡིན་ལ། གཉན་ནད་ཕོག་པའི་སྲིན་འབུས་འཚོ་གནས་ཕྲ་ཕུང་དེ་ལས་རང་ཉིད་དང་ཆ་འདྲ་བའི་ནད་འབུ་འབུམ་ཕྲག་དུ་མ་དུས་ཐུང་ནང་མཆེད་འཕེལ་ཀྱིས་སྲོག་ཆགས་དང་། རྩི་ཤིང་། སྐྱེ་དངོས་ཕྲ་མོ་ཀུན་ལ་བར་མཚམས་མེད་པར་གནོད་ཅིང་ཁྱབ་པར་བྱེད་པས་ནད་སྲིན་ནམ་གཉན་སྲིན་ཞེས་ཟེར། དེ་ལྟའི་ཡམས་ཐབས་སུ་འགོས་མཆེད་འགྲོ་བའི་ནད་འདི་ལ་བོད་ཀྱི་གསོ་བ་རིག་པ་ལས་རིམས་སམ་གཉན་རིམས་ཞེས་འབོད་ཀྱི་ཡོད།

ཀཱོ་རོ་ནཱ་(coronavirus)གཉན་རིམས་བསྐྱེད་བྱེད་ཀྱི་ནད་སྲིན་ཕྲ་ཕུང་དེ་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་ནང་ཐོག་མར་གསར་རྙེད་བྱུང་ཡོད་ཀྱང་། ནད་སྲིན་དེའི་རྒྱུ་གང་ཡིན་པ་ད་ལྟ་བར་ཤེས་རྟོགས་བྱུང་མེད། གཉན་རིམས་འདི་མི་དང་འོ་འཐུང་སྲོག་ཆགས། ཁྱིམ་བྱ་སོགས་ལ་མཆེད་འགོས་ཀྱིས་ནད་ཡམས་ཁྱབ་པར་བྱེད་ཀྱི་ཡོད།

ཀཱོ་རོ་ནཱ་གཉན་རིམས་ཀྱི་ནད་སྲིན་དེ་གློག་རྡུལ་ཆེ་མཐོང་ཕྲ་ཤེལ་ནང་བརྟག་སྐབས་རྒྱལ་པོའམ་གོང་མའི་ཅོད་པན་ལྟ་བུའམ་ཉི་མའི་འོད་ཀོར་བཞིན་ཏོག་དབྱིབས་གཟུགས་སུ་སྣང་བས་ཏོག་དབྱིབས་ནད་དུག་གམ་ཏོག་དབྱིབས་གཉན་རིམས་ཞེས་སུ་བཏགས། གསར་ཐོན་ཀཱོ་རོ་ནཱ་གཉན་རིམས་དེར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ 2019-nCov ཞེས་ཨང་རྟགས་རྒྱབ་ཡོད།

གཉིས་པ། འབྱུང་ཁུངས།

སྐབས་བབས་རྒྱ་ནག་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ནས་དར་ཁྱབ་བྱུང་བའི་ཀཱོ་རོ་ནཱ་གཉན་རིམས་འདི་བཞིན་གཙོ་བོ་འོ་འཐུང་སྲོག་ཆགས་ཏེ་ཕ་ཝང་དང་། ཕག་པ།    ཁྱི། བྱི་ལ། ཙི་ཙི་སོགས་སྐམ་གཤེར་ཐུང་མོང་ལ་གནས་པའི་སྲོག་ཆགས་ལས་བྱུང་བའི་ཨཱལ་ཧྥ་ (Alpha) དང་སྦཱེ་ཊའི་ (Beta) རིགས་ཀྱི་ཀཱོ་རོ་ནཱ་གཉན་རིམས་ཡིན་པར་བརྗོད། གཞན་ཡང་རེ་འགས་གཉན་རིམས་འདི་སྦྲུལ་རིགས་ནས་བྱུང་བའི་དོགས་པ་བྱེད་ཀྱི་ཡོད་ཀྱང་ཉམས་ཞིབ་པ་མང་པོས་སྡོམ་ཚིག་འདིར་ཁས་ལེན་བྱེད་ཀྱི་མེད་པ་རེད།

གསུམ་པ།   དབྱེ་བ།

མི་ལ་འགོས་ཁྱབ་ཟིན་པའི་ཀཱོ་རོ་ནཱ་གཉན་རིམས་ལ་རྩ་བའི་འོ་འཐུང་སྲོག་ཆགས་ལས་བྱུང་བའི་ཨཱལ་ཧྥ་དང་སྦཱེ་ཊའི་ཀཱོ་རོ་ནཱ་གཉན་རིམས་སྟེ་རིགས་ཀ་པ་དང་ཁ་པ། ག་པ།    ང་པ་བཅས་མི་འདྲ་བ་བཞི་ལ་དབྱེ་རུང་། སྐབས་འགར་ཀཱོ་རོ་ནཱ་གཉན་རིམས་འགོས་པའི་སྲོག་ཆགས་ལས་མི་ལ་ཁྱབ་འཕེལ་བྱུང་སྟེ་ཀཱོ་རོ་ནཱ་གཉན་རིམས་གསར་པ་ནད་ཡམས་སུ་བྱུང་བ་དཔེར་ན། ཕྱི་ལོ་ ༢༠༡༢ ལོར་སཱུ་ཏི་ཨཱ་ར་སྦི་ཡར་ཁྱབ་པའི་ཀཱོ་རོ་ན་གཉན་རིམས་ MERS-CoV. དང་། ཕྱི་ལོ་ ༢༠༠༢ ནང་རྒྱ་ནག་ལྷོ་ཕྱོགས་སུ་ཁྱབ་པའི་ཀཱོ་རི་ནཱ་གཉན་རིམས་ SARS-CoV,    ཉེ་ཆར་ཕྱི་ལོ་ ༢༠༡༩ ནང་ཁྱབ་པའི་ཀཱོ་རོ་ན་གཉན་རིམས་ 2019-nCoV, བཅས་ཀྱི་དབྱེ་བའང་བྱུང་བ་ཡིན།

བཞི་པ། འགོས་ཚུལ།

ཝུའུ་ཧན་ནས་བྱུང་བའི་ཀཱོ་རོ་ནཱ་གཉན་རིམས་འདི་ཐོག་མར་སྲོག་ཆགས་ནས་མིར་འགོས་ཁྱབ་ཕྱིན་པ་དང་། དེ་ནས་མི་ནས་མིར་འགོས་ཁྱབ་ཕྱིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ཁ་རླངས་དང་། ཁ་ལུད། མཆིལ་མ་སོགས་བརྒྱུད་ནས་ཕན་ཚུན་འགོ་བ་ཞིག་ཡིན་ཞིང་། གཙོ་བོ་གཉན་ནད་འདི་ཕོག་ཟིན་པའི་མིས་གློ་དང་ཧབ་སྦྲིད་བརྒྱབ་པ།   དེ་དག་གི་ངོ་ལུས་སོགས་ལ་ལག་པ་འཆང་བ་དང་མཉམ་ཟ་མཉམ་སྡོད་བྱས་པ།  ཤ་རིགས་རྣམས་ཚོས་པར་མ་བཙོས་པའམ་གནས་གཙང་མ་མིན་པའི་ས་ནས་འཁྱེར་བའི་ཤ་རིགས།  འདུ་འཛོམས་ཆེ་བའི་མི་ཚོགས།  འགོས་ནད་ཅན་གྱི་མི་སྨན་ཁང་དུ་ཡོད་སྐབས་སྔོན་འགོག་སྟངས་འཛིན་ཚུལ་བཞིན་བྱེད་མ་ཐུབ་པ་བཅས་ལས་འགོས་ཁྱབ་བྱུང་བ་ཞིག་ཡིན།

ལྔ་པ། ནད་རྟགས།

ཀཱོ་རོ་ནཱ་གཉན་རིམས་ཀྱི་ནད་རྟགས་མང་ཆེ་བ་ནི་གློ་ཡུ་སྟོད་ཀྱི་ན་ཚུལ་དང་འདྲ་མཚུངས་ཡོད་པ། དཔེར་ན། སྣ་ཆུ་འཛག་པ། གློ་སྐམ་ལུ་བ། སྒྱིད་ལུག་པ། མིད་པ་ན་བ། སྐབས་འགར་ཚ་བ་རྒྱས་པ། བརྟག་དཔྱད་སྐབས་མཁལ་མ་དང་མཆིན་པའི་བྱེད་ལས་རྒྱུན་ལྡན་ལྟར་མེད་པ། མཁལ་གཅོང་ནད་ཅན། ལྷག་པར་དུ་གཉན་སྲིན་དེ་གློ་ཡུ་སྨད་དང་གློ་བར་ཁྱབ་ཚེ་ནད་ཚབས་ལྕི་བས་གློ་བའི་གཉན་ཚད་དབུགས་འབྱིན་རྔུབ་དཀའ་བ་དང་། བརྒྱལ་ཞིང་འབོག་པ་སོགས་ཀྱི་ནད་རྟགས་ཀྱང་མངོན།   དེ་ཡང་མི་རྒན་གྲས་དང་སྙིང་ནད་ཅན།  ཕོ་བའི་འཇུ་བྱེད་ཉམས་པའི་མི་རྣམས་ལ་ཉེན་ཁ་ཆེ།   མདོར་ན་ཆམ་རིམས་ནད་ཀྱི་ནད་རྟགས་དང་འདྲ་མཚུངས་སུ་ཡོད་ནའང་། མི་སྒེར་སོ་སོའི་གཟུགས་པོའི་གནས་སྟངས་དབང་གིས་ནད་པ་འགའ་ཤས་ལ་བླ་གཉན་ལྟ་བུའི་ནད་རྟགས་མི་འདྲ་བ་སྣ་ཚོགས་ཐོན་སྲིད་ཅིང་སྲོག་ལ་རྒོལ་བའི་གཤེད་མ་ཉིད་དུ་འགྱུར་ངེས་པས་ཡིད་གཟབ་གནང་དགོས།

དྲུག་པ། བརྟག་དཔྱད།

གལ་སྲིད་གོང་གི་ནད་རྟགས་གང་རུང་ཉིན་ཤས་རིང་རང་ཐོག་ཏུ་ཐོན་ཚེ་ངེས་པར་དུ་སྨན་ཁང་ལ་བསྐྱོད་དགོས་པ་དང་།  སྨན་པའི་ལམ་སྟོན་ལྟར་ཁྲག་དང་གཅིན་པ། ལུད་པ།  གློ་ཡུ་དང་གློ་བ་སོགས་ཀྱི་བརྟག་དཔྱད་གང་ཡོད་རྣམས་མ་ལུས་པ་གནང་དགོས།

བདུན་པ། སྔོན་འགོག

ད་ལྟའི་བར་ཀཱོ་རོ་ནཱ་གཉན་རིམས་དེར་བཅོས་ཐབས་ཀྱི་སྨན་གང་ཡང་མེད་པས་ང་ཚོས་ངེས་པར་དུ་སྔོན་འགོག་གི་ནུས་པར་དོ་སྣང་དང་ལག་ལེན་གནང་གལ་ཆེ་བ་ཡིན།

  • དག་རྫས་དང་ཆུ་དྲོད་འཇམ་གྱིས་ལག་པ་སོགས་ལེགས་པར་བཀྲུ་དགོས།
  • རང་ཉིད་ཀྱི་ལག་པས་ཁ་དང་མིག སྣ་བུག་བཅས་ལ་ཡང་ནས་ཡང་དུ་འཆང་མི་ཉན།
  • འགོས་ནད་ཅན་གྱི་མི་དང་འབྲེལ་འདྲིས་བྱེད་མི་རུང་།
  • ཤ་རིགས་ཀྱི་ཟས་རྣམས་ཚོས་པར་བཙོ་དགོས།
  • མངར་མོ་དང་སེམས་ཅན་ལས་བྱུང་བའི་ཟས་རིགས་གང་ཉུང་བསྟེན་དགོས།
  • རྗེན་ཟས་དང་འཇུ་དཀའ་བའི་ཟས་རིགས་སྤང་དགོས།
  • ཆུ་བསྐོལ་རྒྱུན་དུ་འཐུང་དགོས།

ལྷག་པར་གཉན་རིམས་འདི་སྔོན་འགོག་དང་རང་ཉིད་བདེ་སྲུང་ཆེད་རིན་ཆེན་གྲང་སྦྱོར་ཆེན་མོ་དང་། མང་སྦྱོར་ཆེན་མོ་གང་རུང་བདུན་རེའི་མཚམས་མཆོད་རྒྱུ་དང་།      འཕྲུལ་ཐང་དང་ནོར་བུ་བདུན་ཐང་བསྐོལ་ནས་ཉིན་ལྟར་འཐུང་བ།   རིམས་སྲུང་རིལ་ནག་ཆེན་མོ་རང་གི་སྐེ་ལ་བཅང་ནས་དུས་ངེས་མེད་ལ་དྲི་བསྣོམ་པ། ཞོགས་པ་རྟག་ཏུ་མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་རྒྱུན་མཆོད་གནང་རྒྱུ།    དེ་བཞིན་སྨན་རྒྱུ་ཚད་ལྡན་ལས་སྦྱོར་བཟོ་བྱས་པའི་བདུག་སྤོས་ཀྱིས་ཕྱི་ནང་གི་མཁའ་རླུང་གཙང་བཟོ་ཡོང་ཐབས་སོགས་བྱས་ན་ནད་ཡམས་སྔོན་འགོག་དང་རང་ཉིད་བདེ་ཐང་ངང་གནས་རྒྱུར་ཕན་ཐོགས་ཧ་ཅང་གི་ཆེན་པོ་ཡོད།
བརྒྱད་པ། རྒྱལ་སྤྱིའི་གནས་སྟངས།

ཀཱོ་རོ་ནཱ་གཉན་རིམས་འདི་ཞག་གཅིག་ལ་བརྒྱ་ཆ་དྲུག་ཅུ་ཙམ་གྱི་འགོས་ཁྱབ་ཆེ་བར་ཕྱིན་ཡོད་པ་དང་།   ད་ལྟའི་ཆར་རྒྱ་ནག་ཚུད་པས་རྒྱལ་ཁབ་བཅུ་དྲུག་སྟེ་ཨཱ་མི་རཱི་ཀ་དང་ཧྥ་རན་སི།    ཨོ་སེ་ཁྲུའུ་ལཱི་ཡ།    ཁཱ་ན་ཊ།    མཱ་ལེ་ཤཱི་ཡ།    ཐེའས་ལའན་ཊ།   ཇཱའར་པན།    ལྷོ་ཀཱོ་རི་ཡཱ།   ཐེའས་ཝན།  ཝིཊ་ནཱམ།    སིང་གྷ་པཱུར།    ཀཱོམ་པོ་ཊི་ཡཱ།   བལ་ཡུལ།    ཇཱར་མ་ནཱི།    ཤཱི་རི་ལའང་ཀཱ་བཅས་ལ་ཁྱབ་ཟིན་པ་དང་།    ད་བར་ཁྱོན་འགོས་ཁྱབ་བྱུང་བའི་མི་ ༤༥༩༡ ལས་འདས་གྲོངས་དུ་སོང་བ་མི་གྲངས་ ༡༠༦ ཙམ་བྱུང་འདུག

འབྱུང་ཁུངས་སྨན་རྩིས་དྲ་བ།

གསོ་རིག, འཕྲོད་བསྟེན།

Post navigation

Previous Post: ཁ་པར་ནང་གི་དགོད་གཏམ།
Next Post: རྒྱ་གར་གྱི་གློག་བརྙན་གླུ་གཞས་ཧིན་བོད་ཤན་སྦྱར་ཚན་པ་གཉིས།

Comments (8) on “ཀོ་རོ་ན་གཉན་རིམས་(coronavirus)ངོ་སྤྲོད།”

  1. ཉི་མ་རང་གྲོལ། says:
    2020-01-31 at 12:10 am

    དུས་ཐོག་གི་ཆར་བ་རང་རེད། གློ་ཚད་གཉན་རིམས་འཇིགས་པ་ཅན་འདི་མི་མང་ལ་ངོ་སྤྲོད་ཁ་གསལ་གཏིང་གསལ་གནང་བར་ཁ་བརྡ་ཚང་ལ་ཐུགས་རྗེ་ཆེ་ཞུ།

  2. ཉི་མ་རང་གྲོལ། says:
    2020-01-31 at 1:43 am

    ཚེས་༢༧ ཉིན་ཆོས་རིག་བཀའ་བློན་ལགས་ཀྱིས་ནད་ཡམས་དེའི་སྐོར་ལ་གསུང་བཤད་ཞིག་གནངས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྒང་དུ་བཀོད་ཡོད་པ་དང། བོད་ནང་གི་བོད་མི་ཚོས་ནད་ཡམས་འདིའི་སྐོར་ལ་ཅི་ལྟར་གདོང་ལེན་བྱེད་དགོས་མིན་གྱི་ཐད་ཚིག་གཅིག་ཀྱང་བཤད་མེད། ཧ་ཅང་འཇིགས་སུ་རུང་བའི་ནད་ཡམས་འདི་བོད་ནང་ལ་མ་ཁྱབ་པའི་སྔོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་སེམས་ཚོར་དང་བཅས་ནད་ཡམས་འདི་ལ་གཟབ་གཟབ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད་ལ། དེ་ནི་བྱེད་འོས་པ་ཞིག་ཀྱང་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འོས་འགན་རེད་ལ། ཁྱད་པར་དུ་འཕྲོད་བསྟེན་ལས་ཁུངས་ལ་དེ་ལས་ལྷག་པའི་ལས་འགན་ཡོད་པ་རེད་འདོད། རང་ཉིད་གྱི་རྐུབ་སྟེགས་དང་སྐུ་ངོ་ཡི་མཚན་གནས་དེ་གཅིག་པུས་འགྲིག་བསྡད་པ་ཞིག་ཡིན་ན་ནི་ངས་མི་ཤེས་མོད། དེ་མ་གཏོགས། བོད་ནང་གི་བོད་མི་རྣམས་དཀའ་ངལ་གང་རུང་ལ་འཕྲད་དུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དུས་ནས་དུས་སུ་འགན་འཁྱེར་བའི་ཐོག་ནས་བོད་ནང་གི་བོད་མི་ཚོ་བཀའ་སློབ་ལམ་སྟོན་གནང་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད།

  3. རིག་པའི་བུ་རྒོད། says:
    2020-01-31 at 11:20 am

    ཏོག་དབྱིབས་ཅན་གྱི་གློ་ཚད་ཅེས་བོད་ཡུལ་ཀུན་ལ་རླུང་ལྟར་གྲགས་པའི་ཐ་སྙད་དེ་རང་བེད་སྤྱོད་བྱ་དགོས། ཕྱི་ཕྱོགས་ནས་ཐ་སྙད་སྐམ་པོ་ཞིག་གི་མིང་འདོགས་ཡང་མི་ཐུབ་པ་གསལ་པོ་རེད། དེ་ལས། ནག་པོ་དགུ་སྦྱོར་གྱི་ཚོང་འདུས་ལ་དངུལ་མང་ཙམ་གསོག་ཨེ་ཐུབ་ཀྱི་ལས་ལ་བརྩོན་བཞིན་པར་ཧུར་ཐག་བྱེད།

  4. ཚེ་བརྟན་འགྱུར་མེད says:
    2020-02-02 at 9:25 pm

    ཏོག་དབྱིབས་ཅན་གྱི་གློ་ཚད་ཅེས་བོད་ཡུལ་ཀུན་ལ་རླུང་ལྟར་གྲགས་པའི་ཐ་སྙད་དེ་རང་བེད་སྤྱོད་བྱ་དགོས། ཞེས་པར་ངོས་ལེན་ཕྲན་ཙམ་ཞུས་ནའང་སྐྱོན་མི་མངོན། ཡིན་ཀྱང་བོད་པའི་སྐད་དང་རིག་གཞུང་ལ་རྒྱ་མིས་དམ་འཛིན་བྱེད་སྟངས་ལ་ཞིབ་ན་རླུང་ལྟར་གྲགས་པའི་ཐ་སྙད་དེ་གུང་བྲན་ལ་མཉེས་མཆོད་ལས་མ་འདས། ཡིད་མ་ཆེས་ན་བཀྲིས་དབང་ཕྱུགས་ལག་སུ་དྲིས་དང།

    ཏོག་དབྱིབས་དང་གཉན་རིམས་མིང་ལ་ཁྱད་དེ་ཙམ་ཨེ་ཡོད། ཡིན་ཀྱང་སྨན་རྩིས་ཁང་ནས་གཉན་རིམས་ཞེས་དགོས་པའི་འགྲེལ་བཤད་གནང་འདུག སྐྱོན་གནད་ཡོད་ན་བཅོས་དགོས། མིང་སྐམ་པོ་ཞིག་ཀྱང་འདོཌ་མི་ཤེས་པའི་ཕྱི་ཕྱོགས་ཀྱི་ཤེལ་ཁང་ནང་ཁྱེད་མེད་དམ། ཤེལ་ཁང་ནས་རྡོ་རྒྱབ་ན་ཁྱེད་རང་མེད་པ་བཟོ་ཉེན་ཡོད། ཟབ་དགོས། མིང་ཞིག་སུས་ཀྱང་འདོགས་ཤེས་ཡིན་ཀྱང་དངུལ་ཡོད་ན་མཚན་ཉིད་དང་ལྡན་པ་། མིང་དོན་མཚུངས་པའི་མིང་ཞིག་འདོགས་རྒྱུའི་ཆ་རྐྱེན་ཞིག་བསྐྲུན་མི་ཐུབ་བམ།

    ཡང་། ནད་ཡམས་འདིའི་སྐོར་ལ་བོད་ནང་བོད་མི་ཚོས་ཅི་ལྟར་གདོང་ལེན་བྱེད་དགོས་མིན་སྐོར་ཚིག་གཅིག་ཀྱང་བཤད་མེད་ཅེས་ཐད། སྨྲ་ཤེས་དོན་གོ་ཅན་ཚང་མར་གཅིག་མཚུངས་ལས་དགྲ་གཉེན་གྱི་དབྱེ་མཚམས་ཞུ་མི་ཤེས་པ་༸དབུ་འཁྲིད་བཟང་པོའི་གཅེས་སྐྱོང་ལས་དྲོས་སྲིད། གལ་སྲིད་དམིགས་གསལ་ཞུས་ནའང་བོད་གཞུང་གི་གནས་དོན་ཞིག་ཕ་ཡུལ་གངས་ཅན་ལྗོངས་སུ་རྒྱ་མིས་འབྱོར་ཁྱབ་བྱེད་འཇུག་གམ། ངས་ནི་ཨོག་སྟོང་ཡན་གྱི་གནས་ཤིག་ལས་མི་མཐོང་ངོ།

    མིང་དགོས་མཁན་གྱི་མི་ཡོད་ན། བོད་རྒྱལ་ལོ། བདེན་པ་ཉིད་རྒྱལ་གྱུར། གངས་ཅན་པ། བོད་རྩམ་ཟན་པ། ཤ་རྩ་གདོང་དམར། ཆོལ་གསུམ་མ། རྨེ་རུ་བ་། མེས་དབོན་པ་། པུར་རྒྱལ་བ། སོགས་གོ་དོན་ལྡན་ལ་སྐབས་དུས་དང་མཚམས་པའི་རང་རེའི་ཤེས་གནད་ཅན་དགའ་ཤས་སོ།།

  5. ཀརྡོ་རབ་འབྱམས་པ་ says:
    2020-02-04 at 1:19 pm

    མཛའ་ཤིང་བརྩེ་བའི་དྲ་གྲོགས་ལྷན་རྒྱས།
    བོད་ཕྱི་ནང་གཉིས་དང་འབྲུག་ཡུལ་གཙོས་ཧི་མ་ལའི་མི་རིགས་ཚང་མས་ཤིན་ཏུ་དགའ་མོས་གནང་སའི་གྲགས་ཅན་གཞས་པ་ཕུར་བུ་རྣམ་རྒྱལ་ལགས་མཁལ་ནད་ཀྱིས་རྐྱེན་སྨན་པའི་ལམ་སྟོན་བཞིན་ཁོང་ཉིད་ལ་ད་ལྟ་མཚམ་མཐུན་གྱི་མཁལ་མ་ཞལ་འདེབས་གནང་མཁན་ཞིག་དགོས་མཁོ་ཆེ་བས། གཞན་ཕན་ལྷག་བསམ་བཟང་པོས་མཁལ་མ་ཞལ་འདེབས་གནང་མཁན་མཆིས་ཚེ་ཁོང་ལ་གང་མགྱོགས་འབྲེལ་བ་གནང་རོགས། བཀའ་དྲིན་ཆེ།
    ཁོང་ཉིད་མྱུར་དུ་ནད་ལས་གྲོལ་བར་སྨོན།། 🙏🙏🙏

  6. རིག་པའི་བུ་རྒོད། says:
    2020-02-04 at 11:13 pm

    ད་ལྟ་མ་གཏོགས་མཐོང་མ་སོང་། ཚེ་བརྟན་འགྱུར་མེད་ཟེར་བའི་མཆན་ལ་གོ་ཡ་མིན་འདུག སྡེབས་སྦྱོར་མི་ཤེས་ན་ཁ་སྐད་ཐོག་འབྲི་ཤོག གོ་བརྡ་འཕྲོད་ཀྱི་མིན་འདུག ཨ་རོགས།

  7. འཚོ་བྱྱེད་འབུམ says:
    2020-02-08 at 11:02 am

    རྒྱ་གར་ཅོན་ཏ་ར་གསོ་བ་རིག་པ་སློབ་གཉེར་དང་ཞིབ་འཇུག་ཁང་གིས་དུས་ལྟར་རིམས་ནད་འདི་ངོ་སྤྲོད་ཞིབ་གསལ་གནང་བ་ཡག་པོ་བྱུང་འདུག ལྷག་པར་ཟས་སྤྱོད་སྤང་བླང་ཁོ་ན་མ་ཡིན་པར་རིམས་སྲུང་རིལ་བུ་ལྟ་བུས་མིའི་སེམས་ཁམས་ཀྱི་སྟོབས་དང་ཤུགས་བསྐྱེད་པ་ལ་ཕན་པའི་ཡོན་ཏན་བརྗོད་དགོས་པ་གལ་ཆེར་མཐོང་།

  8. ཚེ་བརྟན་འགྱུར་མེད says:
    2020-02-08 at 9:04 pm

    ༑ ངས་ལན་དེ་གོ་ཡ་མིན་འདུག་ཅེས་པ་དེ་མི་བདེན། ལན་དེས་ཁྱེད་མ་བཟོད་པར་སྡེབས་སྦྱོར་མེད་པའི་སྐྱོན་ཁག་དཀྲིས་རེད། སྡེབས་སྦྱོར་སོགས་བསྡུར་གྱི་མེད་ལ་ཡོད་པའི་མཁས་བརྩོད་ཀྱང་ག་ནས་ཞུ། ཡིག་འབྲི་ཡག་པོ་མེད་ཀྱང་རང་རེའི་དཔེ་ལ་ཡིག་ཕྱེད་གོ་བས་ཆོད་ཅེས་ལམ་ཡོད་དོ། གོ་གཤའ་ལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme