Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“ཀེ་ལེ་བྷན”མ་རེད་དམ།

Posted on 2018-08-222018-08-22 By སྙན་བཟང་གཡུང་དྲུང་ཚེ་རིང 13 Comments on “ཀེ་ལེ་བྷན”མ་རེད་དམ།

སྙན་བཟང་གཡུང་དྲུང་ཚེ་རིང་།

ད་ནངས་བདག་གིས་ཞོགས་ཇ་འཐུང་བཞིན་ངོ་དེབ་དང་སྐད་འཕྲིན་གྱི་བར་སྟོང་ལ་མིག་བཤེར་བྱེད་སྐབས། ངོ་ཤེས་མཁན་དང་མི་ཤེས་མཁན་སྐོར་ཞིག་གིས«ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ»ཞེས་པའི་དེབ་དེའི་མདུན་ཤོག་དང་ཤོག་ངོས་རེ་ཟུང་པར་བླངས་ཏེ་བརྒྱུད་སྤེལ་བྱས་དང་བྱེད་བཞིན་པ་མཐོང་། ད་དུང་ང་ལ་དེབ་འདི་ཐོབ་མེད་མོད། ཉིན་ཤས་ཀྱི་སྔོན་ལ་པེ་རེ་སིར་གནས་སྡོད་ཨ་མདོ་བ་ཞིག་གིས་དེབ་འདི་བསྐུར་ཆོག་སྐོར་བཤད་ནའང་། ཁ་སང་དེ་རིང་གུང་གསེང་ཡིན་པས་བདག་ནི་ཡུལ་གཞན་ཞིག་ཏུ་ཡོད་ཚུལ་ཞུས། གང་ལྟར། དེབ་འདི་ནི་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་རང་རྣམ་ཡིན་ཅིང་། ཁོང་དང་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ལྕམ་སྐུ་ཨཱན་ཋར སི་ཊོན་གཉིས་ཀྱིས་བརྩམས་པ་ཞིག་ཡིན་པ་རེད།
ཕལ་ཆེར་ལོ་ངོ་བཅུ་གྲངས་ཤིག་གི་ཡར་སྔོན་ཡིན་སྙམ་སྟེ། རྒྱལ་ལོ་དོན་གྲུབ་མཆོག་ཨ་རིར་ཕེབས་ཐེངས་ཤིག་ལ། བོད་ཀྱི་གསར་འགོད་པ་ཞིག་ཆེད་དུ་ཁོང་ཞག་བཞུགས་གནང་སའི་མགྲོན་ཁང་དུ་བཅར་ཏེ་ཁོང་ལ་བཅར་འདྲི་བྱས་པར་ཉན། ཁོང་གིས་བཅར་འདྲིའི་མཇུག་ཙམ་དུ་མི་འགྱང་བར་རང་ཉིད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་དེབ་ཅིག་དཔར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་དང་། དེར་དོ་སྣང་གནང་རོགས་ཞེས་ནན་གྱིས་གསུངས་པ་ད་དུང་ཡང་དྲན། དེ་རིང་འདང་བརྒྱབ་ན་སྐབས་དེར་རྒྱལ་ལོ་དོན་གྲུབ་མཆོག་གིས་གསུངས་པའི་དེབ་དེ་ནི«ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ»ཞེས་པ་འདི་མིན་ནམ་སྙམ།
བདག་ལ་མཚོན་ནའང་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་འདི་བཀླག་འདུན་ཆེན་པོ་ཡོད་ལ། ཉེ་རབས་བོད་དུ་བྱོན་པའི་སྲིད་དོན་པ་ཚོའི་ཁྲོད་དུ་རྒྱལ་ལོ་དོན་གྲུབ་མཆོག་ལྟ་བུའི་སྲིད་དོན་པ་ཞིག་ཨེ་ཡོད་དྲན། དེ་བས་ཁོང་གི་ལོ་རྒྱུས་ཐོར་རེ་བ་དང་ཕྱག་ལས་སྐོར་གྱི་གནས་ཚུལ་མདོར་བསྡུས་རེ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་སྐོར་འཁོད་པའི་དེབ་འདྲ་མིན་དང་སྐུ་དྲག་ཚོའི་རང་རྣམ་སོགས་སུ་གསལ་ནའང་། «ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ»ཞེས་པའི་དེབ་འདི་ནི་ཁོང་གི་སྐུ་ཚེའི་ལོ་རྒྱུས་གསལ་ཤོས་དང་རྒྱས་ཤོས་དེ་ཡིན་པས། ཀློག་ལ་དཔའ་བའི་བོད་མི་སྐོར་ཞིག་གིས་འདི་ལ་དོ་སྣང་གནང་གིན་ཡོད་པར་ཁག་ཅི་ཡོད།
བདག་གིས‘‘ཀ་ལིམ་པོང’’ཞེས་པའི་ཡུལ་མིང་འདིར་འབྲི་ཚུལ་ཁ་ཤས་ཡོད་པ་དཔེར་ན་བཀའ་བློན་སྦུག་དང་། ཀ་ལོན་སྦུག ཀ་ལི་སྤུངས། ཀ་ལིམ་པོང་སོགས་ཡོད་པ་ཤེས་ནའང་། ད་ནངས«ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ»ཞེས་པའི་དེབ་མིང་འདི་སླར་ཡང་མཐོང་སྐབས་གློ་བུར་དུ་འདས་དོན་ཞིག་དྲན་བྱུང་། དེ་ནི་འདི་ལྟར། ལོ་ཤས་ཀྱི་སྔོན་ལ་བདག་གིས་སྐད་ཚོམས་ཤིག་ཏུ་གནས་ཚུལ་ཞིག་ལ་རྐྱེན་བྱས་ཏེ‘‘ཀ་བློན་སྦུག’’ཅེས་པའི་ཡུལ་མིང་འདི་འབྲི་སྐབས། བཀུར་འོས་དྲྭ་གྲོགས་ཤིག་གིས‘‘ཀ་བློན་སྦུག’’ཅེས་པ་ནོར་བ་དང་། ‘‘ཀ་ལི་སྤུངས’’ནི་དག་ཆ་ངོ་མ་རེད་ཅེས་གསུངས་སོང་ནའང་། ངས་ཁོང་ལ་རྒྱུ་མཚན་མ་དྲིས། དྲང་མོར་བཤད་ན་ཁོང་གིས་གདོང་ཐོག་རིན་པོ་ཆེའི་དགོངས་ཚུལ་ལ་གཟིགས་ཏེ་གསུང་གིན་ཡོད་པ་འདྲ། བདག་གིས་ཚིག་རིས་ཇི་མ་ཇི་བཞིན་མི་དྲན་མོད། མཁས་དབང་གདོང་ཐོག་ཚང་གིས་བརྩམས་པའི་རྒྱབ་ཤོག་སྔོན་པོ་ཡིན་པའི་ལོ་རྒྱུས་ཀྱི་དེབ་དེའི་སྔོན་གླེང་དུ། ཁོང་གིས་བོད་མི་ཚོས‘‘ཀ་བློན་སྦུག’’བྲིས་པ་མ་དག་ཚུལ་གསུངས་ཏེ། སྦས་ཡུལ་འབྲས་མོའི་ལྗོངས་ཀྱི་གནས་ཀྱི་ཡན་ལག‘‘ཀ་པ་ལི་སྤུངས་པའི་རི་འདྲ་བ’’ཞེས་པའི་དོན་ཡིན་པའི་ཆ་ནས‘‘ཀ་ལི་སྤུངས’’དང་། བསྡུས་མིང་ལ‘‘ཀ་སྤུངས’’ཞེས་པ་ཡིན་ཚུལ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་ནས་ཐོས་སྐོར་དང་། དེ་ནས་ཨིན་ཇི་བ་རྣམས་རྒྱ་གར་ལ་སླེབས་རྗེས་བོད་མིང་ཟུར་ཆགས་མང་པོ་ཡི་གེར་བྲིས་པ་དཔེར་ན། Darjeeling དྷར་ཇི་གླིང། Kalimpong ཀ་ལིམ་པོང་སོགས་བརྗོད་སྲོལ་དར་ཚུལ་བྲིས་ཡོད་པ་རེད།
འོན་ཀྱང་། ཉིན་དེར་དྲྭ་གྲོགས་དེས་བདག་ལ‘‘ཀ་ལི་སྤུངས’’ཀྱི་དག་ཆའི་སྐོར་གསུངས་རྗེས། ཡུལ་མིང་དེའི་སྐོར་ལ་དོ་སྣང་ཕྲན་བུ་བྱས་པ་ཡིན་མོད། འོན་ཀྱང་དེ་རིང་ཕྱིར་འདང་རྒྱག་སྐབས་གནས་ཚུལ་ཕལ་ཆེ་བ་བརྗེད་འདུག ཡིན་ནའང་། དྲན་སྣང་དུ་ཡོད་པའི་གནས་ཚུལ་རེ་ཟུང་ཞུས་ན། ད་ཕན་བདག་གིས་མཐོང་བའི་བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ཕལ་མོ་ཆེར‘‘ཀ་བློན་སྦུག’’ཅེས་འབྱུང་བ་ལས‘‘ཀ་ལི་སྤུངས’’ཞེས་པ་མི་གསལ་མོད་། དག་ཆ་ངོ་མ་དེ”ཀེ་ལེ་བྷན”ཞེས་པ་ཡིན་པ་འདྲ། ཡིག་ཆ་རེ་ཟུང་ན‘‘ཀ་ལིམ་པོང’’གི་རི་སྒང་དེའི་གཡས་གཡོན་དུ་གཉུག་མར་སྡོད་པའི‘‘ལེབ་ཆ་བ’’རྣམས་ཀྱིས་ཡུལ་དེར ‘‘ཀེ་ལེ་བྷན’’(Kaley Bung)ཞེས་འབོད་ཅིང་། དེའི་དོན་ནི་རི་བོ་སྤུངས་པའི་དོན་ཡིན་པར་གྲགས་ཞེས་འཁོད་འདུག་པར་བསམས་ན། བདུད་འཇོམས་རིན་པོ་ཆེ་མཆོག་གིས་ཀྱང་གནས་ཚུལ་འདི་ལྟ་བུར་དགོངས་བཞེས་ཀྱིས‘‘ཀ་ལི་སྤུངས’’གསུངས་པ་མིན་ནམ་དྲན།
ལར་ནས”ཀ་ལིམ་པོང”ཞེས་པའི་ཡུལ་དུ‘‘ཁ་ལིམ’’(Kaulim)ཞེས་པའི་རྩི་ཤིང་མང་པོ་སྐྱེ་བར་བརྟེན་ཡུལ་མིང་དེ་རྩི་ཤིང་གི་མིང་ལས་ཐོགས་པར་བཤད། ཡང་། དེང་སང་ཨིན་སྐད་དུ་རྒྱུགས་ཆེ་བའི་Kalimpung ཞེས་པ་ནི‘‘ཀལྱཱན་པུར’’ཡིན་ངེས་ཏེ། ཀལྱན་ནི་རྒྱ་གར་གྱི་སྐད་དུ་དགེ་ལེགས་དང་བཀྲ་ཤིས་པའི་དོན་ལ་འཇུག་ཅིང་། པུར་ནི་གནས་ཡུལ་སོགས་ལ་འཇུག་པར་ཡང་བཤད་དོ།།
གང་ལྟར། བདག་གི་བསམ་ཚུལ་ལ་kalimpong ནི‘‘ལེབ་ཆ་བ’’རྣམས་ཀྱིས་འབོད་པའི་kaley Bungལས་ཟུར་ཆགས་པ་དང་། ང་ཚོས་འབྲི་བཞིན་པའི‘‘ཀ་བློན་སྦུག’’དང་། ‘‘བཀའ་བློན་སྦུག’’སོགས་ནི‘‘ཀེ་ལེ་བྷན’’ལས་ཟུར་ཆགས་པར་མངོན་ནའང་། ‘‘བཀའ་བློན’’དང‘‘ཀ་བློན’’ལྟ་བུ་ནི་བོད་ཀྱི་སྐུ་དྲག་མང་པོའི་བཞུགས་ཡུལ་ཡིན་པའི་ཆ་ནས་དེ་ལྟར་བྲིས་པར་འདོད།
དེས་ན‘‘ཀ་ལིམ་པོང’’གི་དག་ཆ་ངོ་མ་ནི‘‘ཀེ་ལེ་བྷན’’ཡིན་པ་འདྲ་ནའང་། «ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ»ཞེས་པའི་དེབ་འདི་བཀྲམས་རྗེས། གསར་འགྱུར་བརྒྱུད་ལམ་ཁག་ཏུའང་སྔར་རྒྱུགས་ཆེ་བའི‘‘ཀ་བློན་སྦུག’’ཅེས་པ་མི་འབྲི་བར་ཚང་མས་ཅི་ཞིག་ཤེས་པ་ལྟར‘‘ཀ་ལིམ་པོང’’ཞེས་འབྲི་བཞིན་་པ་རྒྱུ་མཚན་ཆེན་པོ་ཡོད་པ་མ་ཤེས་མོད། ‘‘ཀ་ལིམ་པོང’’ཞེས་པ་ནི་ཨིན་སྐད་ཀྱི”Kalimpong”ལས་སྒྲ་བསྒྱུར་བྱས་པ་རེད་སྙམ། འོན་ཀྱང་དེབ་འདི་བོད་ཡིག་ཏུ་སྒྱུར་མཁན་བཀུར་འོས་སྐུ་ཞབས་ཤེས་རབ་དར་རྒྱས་ལགས་ཀྱིས”ཀ་ལིམ་པོང”ཞེས་པ་ཅིའི་ཕྱིར་འབྲི་དགོས་པའི་རྒྱུ་མཚན་གསུངས་མེད་པར་སྣང་ནའང་། ཁོང་གིས་རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་དུ‘‘ཀ་ལིང་སྦུག’’དང་། ཀརྨ་དཔལ་ལྡན་ཆོས་རྒྱལ་གྱིས་༡༩༠༩ལོར་འབྲས་ལྗོངས་ཁུལ་ལ་གནང་བའི་སློང་ཡིག་མགོ་བརྗོད་དུ‘‘ཀ་ལོན་སྤུང’’ཞེས་འབྱུང་བ་གསལ་བཤད་གནང་ཡོད་པར་ཐོས་སོ།།

སྙན་བཟང་གཡུང་དྲུང་ཚེ་རིང་གིས་༢༠༡༨ལོའི་ཟླ་༨པའི་ཚེས་༢ཉིན་མཚོ་ངོགས་ཤིག་ནས་ཉི་མར་ལྡེ་བཞིན་དྲན་སྣང་ཐར་ཐོར་འགའ་འཕྲལ་དུ་བྲིས་པ་ཡིན་པས་འཁྲུལ་བ་ཅི་མཆིས་འཐོལ་ལོ་བཤགས་སོ། །

བསམ་ཚུལ།

Post navigation

Previous Post: ལེའུ་ལྔ་བ། ཨེ་ཤི་ཡའི་སྒྲོམ་གཞི།
Next Post: མཐོང་ཕུ་ཨོ་རྒྱན་འོད་གསལ་རི་གླིང་དྲན་པ་ཞི་ལྷག་རང་འཁྲུངས།

Comments (13) on ““ཀེ་ལེ་བྷན”མ་རེད་དམ།”

  1. བསམ་ཤེས། says:
    2018-08-22 at 5:12 pm

    ཀ་ལོན་སྦུག་ཟེར་ན་འགྲིགས། ཀ་ལིམ་པོང་ལྟ་བུ་ཀློག་དཀའ་ལ་གོ་རྒྱུ་མེད་པ། ཆོ་མེད་པ་རེད།

    ཐ་སྙད་གང་ཡིན་རུང་མང་ཚོགས་ཀྱིས་བཀོལ་རྗེས་དེ་ལ་འགྱུར་བ་གཏོང་མི་ཉན། ཐ་སྙད་ནི་ཐ་སྙད་རེད། གཙོ་བོ་ཐ་སྙད་དེ་ཁྱབ་རྗེས་གསར་དུ་གསར་པ་བཟོ་བ་ནི་ཐ་སྙད་གསར་སྒྲིགས་ཀྱི་ཁྲིམས་འགལ་ཆེན་པོ་ཞིག་རེད།

    ཉི་མ་ཟེར་ན་གོ་རྒྱུ་གང་ཡང་མེད་ལ། དེ་སྙན་པོ་ཡང་མ་རེད། འོན་ཀྱང་ཚང་མས་ད་ལྟ་ཉི་མ་ཟེར་ན་གནམ་སྒང་གི་མེའི་གོ་ལ་ཆེན་པོ་དེར་གོ་བཞིན་འདུག ད་ཁྱོད་ཚོ་གསར་འབུ་ཚོ་ཉི་མ་ལ་མིང་གསར་པ་འདྲ་བཟོ་རྩིས་ཡིན་ནམ།

    དེ་བཞིན་ཡིད་བཞིན་ནོར་བུ་ཟེར་ནས་བླ་མ་ཆེ་ཁག་ཚང་མའི་མིང་གི་མགོ་ཐོག་ལ་འཇོག་གི་འདུག ཁྱོད་ཚོ་རྒྱ་གར་ཐ་སྙད་རིག་པ་སྦྱོངས་དང་། ཡིད་བཞིན་ནོར་བུ་ཟེར་ན་སྟུ་ལ་ཟེར་གྱི་ཡོད། ཞིབ་འཇུག་ཡག་པོ་བྱོས་དང་།

  2. Abharu Jigwang says:
    2018-08-22 at 10:06 pm

    ཆོ་ཅང་མི་འདུག་ ས་གནས་ཀྱི་མིང་གི་དག་ཆ་འདྲ་མིན་ཡོད་པར་ཧང་སངས་རྒྱུ་གང་འདུག་

  3. སེམས་བཟང་། says:
    2018-08-23 at 12:13 am

    མིང་ཙམ་སྟོན་པ་ལ་ཧང་སང་མདོག་མ་བཤད། དེ་ལས་ཀྱང་སྐད་ཡིག་གཞན་ཞིག་ན་ཡོད་པའི་ས་མང་ཞིག་སྒྲ་ཐད་སྒྱུར་བྱས་པ་ལ་ཧ་ལས་པ་ག་རེ་འདུག་གམ། ངར་བ་ཡིན་ན་ལྷ་སྲས་རྒྱ་ལོ་དོན་འགྲུབ་ཀྱི་སྐུ་ཚེ་དང་འབྲེལ་ལོ་རྒྱུས་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་ལྟ་བུ་བསྒྱུར་དགོས་པ་རེད། གཞན་གྱིས་ཞབས་རྗེས་ལ་ཅིག་ཅིག་མིག་མིག་ཅེས་རྗེས་ནས་བཤད་སྡོད་པ་འདི་མདོར་ན་སོ་སོ་རང་ཉིད་ཅུང་འགྲིག་གི་མེད་པའི་རྟགས་རེད། ཁྱེད་ཀྱི་ངོ་ཤེས་པ་དང་ངོ་མི་ཤེས་པ་ཚང་མའི་དེབ་དེ་ལ་དོ་སྣང་སླེབས་པ་ནི་དགའ་འོས་པའི་གཏམ་བཟང་ཞིག་རེད་ལོ།།

  4. དགེ་འདུན says:
    2018-08-23 at 3:40 am

    མིང་གི་གལ་ཆེན་པོ་རེད། 
    མིང་ནོར་ན་དོན་ནོར་བ་རེད། 
    དེ་མིན་ན་མིང་འདོགས་དགོས་པའི་རྒྱུ་མཚན་ཅི་རེད།
    དངོས་པོ་རེད་རེ་ལ་མིང་རེ་འདོགས་དགོས་པ་མ་ཤེས་ན་ཚར་བ་རེད།
    མིང་ནི་གདག་པར་མ་མཛད་ན་ན།།
    འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།།
    དེས་ཕྱིར་མགོན་པོས་མིང་བཏགས་སོ།།
    ད་དུང་།
    ཐ་སྙད་ལ་ནི་མ་བརྟེན་པར་།།
    དམ་པའི་དོན་དེ་རྟོགས་མི་ནུས།།
    དམ་པའི་དོན་དེ་མ་རྟོགས་ན།།
    མྱ་ངན་འདས་པ་འཐོབ་མི་འགྱུར།།
    གསུངས་སོ།།
    འདིར་ཀ་ལིམ་པོང་ཞེས་བསྒྱུར་བ་འདུག་པ་ནི་དབྱིན་ཇི་སྐད་གདངས་རང་སོར་བཞག་པ་ལས་བསྒྱུར་བ་པོས་བཟོ་བཅོས་བྱས་ན་མི་འགྲིག་པར་དགོངས་པ་ཡིན་ནམ་སྙམ།
    ཁོ་བོས་ནི་བཀའ་བློན་སྦུགས་ཅེས་འབྲི་བར་འདོད།
    རྒྱུ་མཚན་ནི་ཀ་རྡོར་སྒང་གསུམ་བོད་སྐད་ཡིན་པར་འདོད།
    བཀའ་བློན་སྦུགས། རྡོ་རྗེ་གླིང་། སྒང་ཏོག འབྲས་ལྗོངས། གངས་ཅན་ལྗོངས་ལྔ། གནམ་སྐྱིལ། རོང་སྦུགས། བཀྲ་ཤིས་བྲག་སོགས་ས་གནས་དེ་ཀའི་མིང་རྙིང་བ་ཚང་མ་བོད་སྐད་ཤ་སྟག་ཡིན། སྔོན་མ་ས་ཆ་འདི་འབྲུག་གི་ཁོངས་གཏོགས་ཡིན་པ་ལས་འབྲས་ལྗོངས་ཀྱི་ཡན་ལག་ཡིན་ཟེར་པ་ནི་མི་བདེན་སྙམ།
    སྔོན་ཆད་གྲོ་མོ་དང་ཀ་ལན་ཀ་ཏའི་ཚོང་འབྲེལ་བྱུང་བ་ལས་ཚོང་བ་ཚོའི་བགྲོད་ལམ་ཉག་གཅིག་ཏུ་གྱུར། 
    ས་འཛིན་གྱི་སྔོན་མ་དེ་འབྲུག་པ་ཡིན་པ་འདྲ་བས་དཔྱད་དགོས། བོད་ཀྱི་བལ་དང་རྒྱ་གར་བས་དོ་བོ་སོགས་ཀྱི་འབབ་ཚུགས་སུ་གྱུར་བ་དང་སྐུ་དྲག་ཚོས་སྡོད་གནས་ཀྱང་བཅུ་གཉིས་ཙམ་གྲུབ་པ་རེད། 
    དབྱིན་ཇི་པས་དབང་ཡོད་བྱས་པ་ལས་རྒྱ་གར་སྐད་དང་འབྲེལ་བ་མེད། 
    ས་འདིར་མི་ལོ་བརྒྱད་ཙམ་བསྡད་པ་ལས་གོ་ཐོས་མྱོང་གསུམ་ཕྲན་ཙམ་བྱུང་ཡང་འབྲི་ལོང་མི་འདུག་པས་དེ་ཙམ་ཡིན། 

  5. དགེ་འདུན says:
    2018-08-23 at 3:42 am

    ཡིག་ནོར་ལ་དགོངས་དག་ཞུ།

  6. ཨ་ཁུ་འབྲོག་པ། says:
    2018-08-23 at 12:58 pm

    ད་ལྟ་རང་རེས་བཀའ་བློན་སྦུགས་ཞེས་པའི་ཡུལ་འདིར་གནའ་སྔ་མོ་ཀ་ལི་སྤུངས་ཞེས་འབོད་པ་ཟུར་ཆག་པ་ཡིན་བཟོ་འདུག དེ་ཡང་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་བཀའ་མའི་བཀའ་ཆོས་བསྩལ་པའི་དེབ་ཆུང་ཞིག་ནང་ཀ་ལི་སྤུངས་ཞེས་བྲིས་གནང་འདདུག་པ་ནི་ཡིད་ཆེས་པའི་གནས་སོ། འོན་ཀྱང་དེ་སྐད་འབོད་པའི་རྒྱུ་མཚན་ཞུ་རྒྱུ་མེད། དེ་སྔ་ཞིག་ལ་ཡུལ་འདི་ཀ་ལི་སྤུངས་པའི་དབྱིབས་ཅན་ཞིག་ཡོད་པ་ཡིན་ནམ་སྙམ་པ་བྱུང་། ཞིབ་འཇུག་པ་ཚོས་ཞིབ་འཇུག་ཡོང་བ་ཞུ། གཅིག་བྱས་ན་ཡུལ་ཉེར་བཞིའི་ཁོངས་ནས་གཅིག་ཡིན་སྲིད།

  7. བསམ་ཤེས། says:
    2018-08-23 at 3:30 pm

    The precise etymology of the name Kalimpong remains unclear. There are many theories on the origin of the name. One widely accepted theory claims that the name “Kalimpong” means “Assembly (or Stockade) of the King’s Ministers” in Tibetan, derived from kalon (“King’s ministers”) and pong (“stockade”). It may be derived from the translation “ridge where we play” from Lepcha, as it was known to be the place for traditional tribal gatherings for summer sporting events. People from the hills call the area Kalempung (“the black spurs”).[7]

    According to K.P. Tamsang, author of The Untold and Unknown Reality about the Lepchas, the term Kalimpong is deduced from the name Kalenpung, which in Lepcha means “Hillock of Assemblage”;[8] in time, the name was distorted to Kalebung, and later further contorted to Kalimpong. Another possible derivation points to Kaulim, a fibrous plant found in abundance in the region.[9]

  8. བསམ་ཤེས། says:
    2018-08-23 at 3:33 pm

    འདིའི་ནང་ལ་གཟིགས་དང་། ས་གནས་ལ་ལྕིའི་ངག་རྒྱུན་ལ། ཀ་ལེན་སྤུངས་ཅེས། སྤུངས་ནི་སྤུངས་རང་རེད་འདུག ཀ་ལེན་ཞེས་པ་རི་བོ་ལ་གོ་ཞིང་། རི་བོ་སྤུངས་པ་ལྟ་བུར་གོ་རྒྱུ་འདུག

  9. ཀརྡོ་གཉེར་ཕྱག་པ་ says:
    2018-08-23 at 4:03 pm

    ་་་་་་་་་་་་ རྒྱུ་མཚན་ནི་ཀ་རྡོར་སྒང་གསུམ་བོད་སྐད་ཡིན་པར་འདོད།
    བཀའ་བློན་སྦུགས། རྡོ་རྗེ་གླིང་། སྒང་ཏོག འབྲས་ལྗོངས། གངས་ཅན་ལྗོངས་ལྔ། གནམ་སྐྱིལ། རོང་སྦུགས། བཀྲ་ཤིས་བྲག་སོགས་ས་གནས་དེ་ཀའི་མིང་རྙིང་བ་ཚང་མ་བོད་སྐད་ཤ་སྟག་ཡིན། ་་་་་་་་་་་
    ་
    འདི་རང་ལ། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།།

  10. ཇོ་སྲས་ངག་དབང་། says:
    2018-08-23 at 11:34 pm

    ཀ་ལིམ་པོང་དང་ཀ་ལེན་སྤུངས་གཉིས་ས་ཆ་གཅིག་ཡིན་ནམ། ཤེས་མཁན་ཡོད་ན་གསུངས་རོགས།

  11. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-08-24 at 7:19 am

    ཀ་ོལོན་སྦུག་གམ་ཀ་སྦུག་ཀ་ལིང་པོང་སོགས་ས་ཆ་གཅིག་ལ་དག་ཆའི་
    རྣམས་གྲངས་ལ་ངོས་འཛིན་དགོས་།།

  12. ཀརྡོ་གཉེར་ཕྱག་པ་ says:
    2018-08-24 at 8:53 am

    ལམ་ཁ་བཟོ་དགོས་སྟངས་་་
    https://www.facebook.com/ten.pal.18/videos/1133468743484038/UzpfSTEwMDAwMjA3NzQxMzA4NToxODk0MTc4MzYzOTk0NzI2/

  13. དགེ་འདུན says:
    2018-08-24 at 10:00 am

    དེ་སང་ས་ཆ་དེ་གའི་ཡུལ་མི་ཚོས་ནེ་པ་ལའི་སྐད་གདངས་ལྟར་བཀའ་བློན་སྦུགས་ལ་ཀ་ལེ་པིག་དང་། སྒང་ཏོག་ལ་སྒང་ཀྲིག་དང། རྡོ་རྗེ་གླིང་ལ་རྡ་ཇེ་ལིང་། སོགས་ཟེར་བ་ལྟར་མ་འོངས་པར་བོད་པ་ཚོས་ཀྱང་དེ་ལྟར་ཆ་འཇོག་མི་བྱེད་ཐབས་མེད་རེད། 
    དེ་སང་གི་བོད་པ་འགའ་ཤས་ཀྱིས་རྡོ་རྗེ་གླིང་ལ་དར་རྒྱས་གླིང་ཞེས་འབྲི་བ་མཐོང་མྱོང་། 
    བཤད་སྲོལ་ཅིག་ལ་རྡོ་རྗེ་གླིང་ནི་གཏེར་སྟོན་གླིང་བ་ཟེར་བ་ཞིག་མཚམས་ལ་བཞུགས་མྱོང་པས་དེ་ལྟར་བཏགས་པ་རེད་ཟེར་བ་ཅིག་དང་། 
    གཏེར་སྟོན་གླིང་བ་ཟེར་བས་རྡོ་རྗེ་མི་ཚད་མ་ཅིག་གཏེར་ནས་བཏོན་པས་དེ་ལྟར་བཏགས་པ་རེད་ཟེར་བ་ཡང་ཡོད།
     ཟངས་ཀྱི་རྡོ་རྗེ་མི་ཚད་ཅིག་ཡོད་པ་གང་ལྟར་ཡང་རྡོ་པ་བོང་ཆེན་པོ་འགའི་བར་ན་བྲག་ཕུག་ཅིག་ཡོད་པ་མཇལ་རྒྱུ་ཡོད།
    དེ་ལ་རྟེན་ནས་རྡོར་གླིང་དུ་གྲགས་པ་ཡིན་ཡང་ཕྱིས་སུ་བོད་པ་ཚོས་དར་རྒྱས་གླིང་དུ་མི་འབོད་པའི་ངེས་པ་ག་ལ་ཡོད། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme