Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུན་ཕན་ཐེབས་རྩ་ཚོགས་པའི་འདྲེ་སྒྲུང་གི་བྱེད་སྒོ

Posted on 2013-10-232013-10-23 By རབ་འབྱོར་ 17 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་འདྲེ་སྒྲུང་གི་བྱེད་སྒོ

ཀུན་ཕན་ཐེབས་རྩ་ཚོགས་པ་ལ་འདྲི་རྩད་བྱས་ནས་ཤེས་གསལ་ལ། སང་ཉིན་དགོང་མོ་སྟེ། ཟླ་༡༠ ཚེས་༢༤ ཉིན་གྱི་དགོང་མོའི་ཀུན་ཕན་ཐེབས་རྩ་ཚོགས་པའི་འདྲེ་སྒྲུང་གི་བྱེད་སྒོ་དེ་ཐད་ཀར་དྲ་རྒྱའི་ཐོག་རྒྱང་སྲིང་ཞུ་འཆར་ཡོད་པ་དང་། ཚོགས་ཁང་ལ་དངོས་སུ་ཕེབས་མཁན་དང་དྲ་ཐོག་ནས་ཕེབས་མཁན་གཉིས་ཀས་བྱ་དགའ་འབུལ་རྒྱུའི་སྒྲུང་ཨང་རིམ་གསུམ་འོས་འདེམས་བྱས་ཆོག་ཟེར། ཚོགས་ཁང་ལ་དངོས་སུ་ཕེབས་ན་འདྲེ་སྒྲུང་ཉན་ཞོར་དུ་བོད་ཆང་འཐུང་རྒྱུ་ཡོད་པ་མ་ཟད། སིལ་ཟས་སྣ་ཚོགས་ཀྱང་འབུལ་རྒྱུ་ཡོད་ཟེར།

དྲ་རྒྱའི་སྦྲེལ་ཐག་ནི། http://trace.org/events/tibetan-ghost-stories

རྒྱང་སྲིང་ཞུ་བའི་དུས་ཚོད་ནི།
ཨ་རི། སྤྱི་ཟླ་༡༠ ཚེས་༢༤། ཨ་རིའི་ཤར་ཕྱོགས་ཀྱི་དགོང་དྲོའི་ཆུ་ཚོད་ ༦:༠༠
རྒྱ་གར། སྤྱི་ཟླ་༡༠ ཚེས་༢༥། ཞོགས་པའི་ཆུ་ཚོད་ ༣:༣༠
རྒྱ་ནག སྤྱི་ཟླ་༡༠ ཚེས་༢༥། ཞོགས་པའི་ཆུ་ཚོད་༦:༠༠

གསར་འགྱུར།

Post navigation

Previous Post: དྲང་བདེན་བག་ལ་ཞ་ཉིན།
Next Post: དོ་སྣང་མི་བྱེད་དོན་ཅི་རེད།

Comments (17) on “ཀུན་ཕན་ཐེབས་རྩ་ཚོགས་པའི་འདྲེ་སྒྲུང་གི་བྱེད་སྒོ”

  1. རབ་འབྱོར། says:
    2013-10-23 at 4:52 pm

    བྱ་དགའི་འོས་གཞིའི་གྲས་སུ་ཚུད་པའི་འདྲེ་སྒྲུང་ལྔ་བོ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་རྒྱའི་ཐོག་ལ་བཀོད་འདུག སྐད་ཡིག་གཉིས་ཀྱི་སོ་སོའི་འབྲེལ་ཐག་གཤམ་གསལ།
    http://www.trace.org/bo/news/help-us-pick-winning-ghost-story#.Umg2Cha-IVs
    http://trace.org/news/help-us-pick-winning-ghost-story#.Umf_gyRQR3I

  2. གཞོན་ནུ་ཟླ་མེད says:
    2013-10-23 at 9:37 pm

    བོད་སྐད་ཀྱི་འདྲེ་སྒྲུང་ཡིན་ན། བོད་ཡུལ་གྱི་དུས་ཚོད་གཏན་འབེབས་མི་བྱེད་པར། རྒྱ་གར་དང་རྒྱ་ནག ཨ་རི་བཅས་ཀྱི་དུས་ཚོད་མ་གཏོགས་གཏན་འབེབས་མི་བྱེད་པའི་རྒྱུ་མཚན་ག་རེ་ཡིན་ནམ། ཀུན་ཕན་ཚང་གི་བོད་སྐད་འདྲེས་སྒྲུང་དེ་ཀུན་ལ་ཕན་ཞིང་བོད་ལ་མི་ཕན་པ་ཞིག་ཡིན་ནམ་ལགས།།

  3. ལ་དྭགས་བློ་བཟང་འཇམ་དཔལ་་ says:
    2013-10-23 at 9:59 pm

    ལྷན་རྒྱས་རྣམས་ལ་འདྲེ་སྒྲུང་སྙན་པར་གྱུར་ཅིག བདག་ཅག་རྣམས་སྔ་དགོངས་གཉིས་སུ། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ཐུབ་དབང་རིན་པོའི་ཆེ་དང་། བྱང་ལྗོན་ཤིང་ལ་བསྐོར་བ་བྱེད་དོ།

  4. གནམ says:
    2013-10-23 at 10:14 pm

    (ཐུབ་དབང་རིན་པོའི་ཆེ་)དང་(བྱང་ལྗོན་ཤིང་)ཟེར་ན་ག་འདྲ་ཞིག་ཡོད་པ་རེད། གནས་ཆེན་དེ་ནས་དགེ་བ་ཕུན་སུམ་ཚོགས་པར་ཤོག།

  5. འདྲེ་རྐང་ཐོ། says:
    2013-10-23 at 11:39 pm

    གཞོན་ནུ་ཟླ་མེད་ལགས།
    རྒྱ་ནག་གི་ཆུ་ཚོད་ག་དུས་ཡིན་མིན་གསུངས་འདུག་པ་འདིས་བོད་ཡུལ་ལ་འཐུས་དགོས་པ་རེད་པ།
    དེ་མིན་ན་ད་ལྟའི་ཆར་བོད་ལ་རྒྱ་ནག་གི་ཆུ་ཚོད་འགྲོ་སྟངས་ལས་ལོགས་སུ་མེད་པ་ལགས།

  6. སྤོབས་པ་མཐའ་ཡས། says:
    2013-10-23 at 11:50 pm

    ཨ་མེ་རི་ཁ་སོགས་ཡུལ་རྒྱ་ཆེན་པོ་ཡོད་པའི་སྤྱི་ཚོགས་ལ་ཤར་ནུབ་ཀྱི་ཆུ་ཚོད་བརྩི་སྟངས་མི་འདྲ་བ་འདུག དཔེར་ན། ཏུང་པེ་ལ་ནམ་ལངས་དུས་དང་ལྷ་ས་ལ་ནམ་ལངས་པའི་བར་ན་ཆུ་ཚོད་གཉིས་འདུག རྒྱ་ནག་གིས་ག་རེ་བྱས་ནས་ཆུ་ཚོད་མི་འདྲ་བ་མ་བཟོས་ཡིན་ནམ། ཡང་རྒྱ་ཁབ་ཁ་བྲལ་ལ་འགྲོ་བར་སྐྲག་པ་ཡིན་ནམ།

  7. བསམ་ཤེས། says:
    2013-10-23 at 11:59 pm

    ངས་ད་དུང་གོ་ཡས་ལ། སྒྲུང་ཀློག་མཁན་ཕོ་མོ་གྲགས་ཅན་འགའ་ཤས་གདན་ཞུས་བྱས་ཡོད་པ་དེ་དག་གི་མིང་ད་ལྟ་གསང་བ་བྱེད་བཞིན་པ་དང་། དེའི་ནང་ལ་མི་གཅིག་ཨ་རིའི་སྐད་གྲགས་ཅན་གྱི་སྐར་ཆེན་མི་སྣ་ཞིག་རེད་ཟེར། དེ་བདེན་པ་རེད་དམ། མཛེས་མ་དེ་ཧོ་ལེ་ཝུའི་གློག་བརྙན་ཁྲབ་མཁན་དེ་འདྲ་རེད་དམ། ཁོང་གི་མིང་མཁྱེན་མཁན་ཡོད་དམ།

    དེ་བཞིན་སྐད་གྲགས་ཅན་གྱི་གློག་བརྙན་ཁྲབ་མཁན་དེ་ཚོ་མཉམ་དུ་སྐུ་པར་སྒྲོན་འཇུག་གི་རེད་དམ།

  8. ཀ་ཁའི་རྫི་བོ། says:
    2013-10-24 at 12:38 am

    རྒྱ་བལ་ན་ཡོད་མྱི་ཚོ་རྨི་ལམ་གྱི་ཞིང་ཁམས་ན་འཁྱམས་སྐབས་ལ་ཁེལ་བཞག

  9. བློ་བཟང་རྡོ་རྗེ་། says:
    2013-10-24 at 1:55 am

    ང་ལ་འདྲེ་སྒྲུང་བཤད་ཡ་ཡོད་།

  10. སྤོབས་པ་མཐའ་ཡས། says:
    2013-10-24 at 2:01 am

    ལ་དྭགས་པ་བློ་བཟང་འཇམ་དཔལ་ཐུགས་རིག་སྒྲིམ་མ་གཏོགས་རྡོ་རྗེ་གདན་ནི་དེང་སང་འབར་རྫས་འགད་སའི་གཡུལ་སར་གྱུར་ཡོད་པར་གྲགས་འདུག ང་ཚོས་ཁྱེད་ཀྱི་བདེ་འཇགས་ལ་སེམས་ཁུར་བྱེད་བཞིན་ཡོད།

  11. ལ་དྭགས་བློ་བཟང་འཇམ་དཔལ་་ says:
    2013-10-24 at 9:41 am

    སྤོབས་པ་མཐའ་ཡས་མཆོག་ལ་སོགས་པ་ལ་ཞུ་བ། ང་ཅག་གིས་ལ་དྭགས་པ་དགེ་སློང་ཆོས་གོས་སེར་པོ་གྱོན་པ་གནས་བརྟན་པའི་རིང་ལུགས་འཛིན་པ་ལོ་མངས་ནས་ངོ་ཤེས་པ་དང་མཇལ། ཁོང་བཞུགས་སའི་ཁང་པ་རི་པིན་སྐུ་འདྲ་ཆེན་པོའི་ཉེ་འཁོར་ཡོད་པ། སྐུ་འདྲ་ཆེན་པོའི་ཉེ་འཁོར་ལོགས་ན་འབར་རྫས་གས་ཏེ་ཁོང་དུ་མདུན་དུ་ལྕགས་རྡོག་ཅིག་བབས་པ་དང་། འབར་རྫས་སུམ་ཙམ་གས་ཀྱང་མི་གཉིས་ལ་རྨས་སྐྱོན་ཕྲན་བུ་མ་གཏོགས་གང་ཡང་གནོད་སྐྱོན་མེད་པ་དང་། འབར་རྫས་ཤིག་སངས་རྒྱས་སྐུ་འདྲ་ཞིག་ལ་བཏགས་ཡོད་ཁ་འབར་མ་ཐུབ་པ་སོགས་པ་ལ་ངོ་མཚར་ཆེ་བར་འཛིན། ད་ལྟར་རྒྱ་གར་གཉེན་རྟོག་པས་མི་རེ་རེ་བཞིན་དུ་སྔོགས་ཏེ། ལྟ་རྟོག་ལེགས་པར་བྱས། བྱང་ཆུབ་ཆེན་པོའི་བར་བསྐོར་དང་ལྷ་ཁང་སྐུ་འདྲ་སོགས་མཇལ་ཐུབ། བོད་མི་འབུམ་ཕྱག་འབུལ་མཁན་སོགས་མང་ཙམ་ཡོད་ཀྱང་། རྒྱ་གར་སོགས་ནང་པ་སངས་རྒྱས་པའི་ཡུལ་མི་གཞན་དག་གི་མི་མངས་དཀྱིལ་དུ་མི་སྣང་བ་ལྟ་བུ་འདུག སྐྱེ་བོ་ཕོ་མོ་རྣམས་ཀྱིས་སོ་སོའི་དག་སྣང་གི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཞུ་བར་བྱེད་དོ།

  12. དགེ་འདུན་རྒྱ་མཚོ། says:
    2013-10-24 at 9:46 am

    རྒན་ལ་དྭགས་པ་འཚམས་འདྲི་ཡོད།
    སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་བརྒྱག་བཞིན་ཡོང་ངེས་པས་ཤིན་ཏུ་དགའ།

  13. གཞོན་ནུ་ཟླ་མེད says:
    2013-10-24 at 6:47 pm

    རྒན་འཇམ་དཔལ་ལགས་རྡོ་རྗེ་གདན་ལ་གནས་སྐོར་བྱེད་བཞིན་ཁམས་བཟང་བར་སྤྲོ་བ་བརྟས། ཡང་བསྐྱར་ཐེ་ལན་གསེར་ལྡན་རྒྱལ་ཁབ་ལ་ཕེབས་ཀྱི་ཡིན་ནམ། ཨ་རི་ལ་ཕེབས་འཆར་ཡོད་ལགས།

  14. བྱམས་པ། says:
    2013-10-25 at 11:46 am

    ཁ་བརྡ་ཚང་གིས་ཕུལ་བྱུང་འདྲེ་སྒྲུང་ལྔ་བོའི་ཨང་རིམ་རྩད་གཅོད་ཀྱིས་གསལ་བསྒྲགས་མི་བྱེད་
    དོན་ཅི་ཡིན། ང་ཚོས་ཤེས་ན་འདོད་ནས་འཆི་ལ་ཁད་ཡོད།

  15. བསམ་ཤེས། says:
    2013-10-25 at 3:04 pm

    བྱམས་པ་ལགས། གསལ་བསྒྲགས་བྱས་ཟིན་སོང་། ཀུན་ཕན་གྱི་དྲ་རྒྱར་ཕེབས། བོད་དབྱིན་གཉིས་ལ་སྤེལ་འདུག

    http://www.trace.org/bo/news/help-us-pick-winning-ghost-story#.UmrAvySoVwU

  16. ལ་དྭགས་བློ་བཟང་འཇམ་དཔལ་་ says:
    2013-10-26 at 12:19 pm

    དགེ་འདུན་རྒྱ་མཚོ་མཆོག་དང་། གཞོན་ནུ་ཟླ་མེད་མཆོག་ལ་སོགས་པའི་ཁ་བརྡའི་དྲྭ་རྒྱ་ཡོངས་ལ་རང་གནས་སུ་འགྲོ་བའི་ལམ་ཐའི་ཡུལ་གྱི་རྒྱལ་ས་བང་ཀོཀ་ནས་གུས་འདུད། རྡོ་རྗེ་གདན་དུ་བོད་ཀྱི་བཀའ་བསྟན་གཞུང་དཔེ་རྣམས་བོད་སྐད་ནས་ཨིན་སྐད་སོགས་སྒྱུར་བར་གྲོས་བསྡུར་བགྲོ་གླེང་མཛད་པར་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། རྫོང་གསར་མཁྱེན་བརྩེ། སྤྲུལ་སྐུ་ཆོས་ཀྱི་ཉི་མ། མཁན་པོ་པདྨ་ཤེས་རབ་སོགས་རྙིང་མ་དང་བཀར་བརྒྱུད་ཀྱི་མཁན་པོ་རྒན་གཞོན་བཞི། སློབ་དཔོན་སེམས་པ་རྡོ་རྗེ། ལེགས་སྦྱར་དང་བོད་སྐད་སོགས་སྐད་རིགས་ལ་སྦྱངས་པ་ཕྱི་རྒྱལ་པ་ཏོམ་ཏིལླ་མན་དང་། ཇོན་ཀོན་ཏི་སོགས་སྒྱུར་གཏན་འབེབས་མཛད་པ་པོ་དང་། སྒྲ་སྒྱུར་འཇིག་རྟེན་མིག་ཅན་དག་གིས་གཙོ་བོར་བོད་ཀྱི་མཁས་པ་རྣམས་ནས་བཀའ་སློབ་ཞུ་བར་དུས་རྫོགས་པ་ལྟ་བུ་བྱུང་ངོ་།

  17. ལ་དྭགས་བློ་བཟང་འཇམ་དཔལ་་ says:
    2013-10-26 at 9:59 pm

    ས་སྐྱ་འཁོན་གདུང་སྲས་རཏྣ་བ་ཛྲ་རིན་པོ་ཆེ་ཡང་ཕེབས་ཤིང་བཀའ་སློབ་ཟབ་མོ་སྩལ་ཞེས་ཞུ་བ་བརྗེད་པ་སླར་ཡང་འབྲི་དགོས་བྱུང་ངོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme