Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་ཡིག་གི་མཛའ་འཕྲིན་འགྲན་བསྡུར་གྱི་གསལ་བསྒྲགས།

Posted on 2011-01-192011-01-19 By ཁ་བརྡ་ 24 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་ཡིག་གི་མཛའ་འཕྲིན་འགྲན་བསྡུར་གྱི་གསལ་བསྒྲགས།

ཟླ་བ་གཉིས་པའི་ཚེས་༡༡་ཉིན་གྱི་དགོང་མོ། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་བོད་ཡིག་གི་ཐོག་ནས་ཕོ་མོའི་བརྩེ་བ་མཚོན་སྟངས་ཀྱི་སྐོར་ལ་ཚོགས་འདུ་ “སྙིང་གི་ཚི་ལུ་”ཟེར་བ་ཞིག་འཚོགས་གཏན་འཁེལ་ཡོད་པའི་ཞིབ་ཕྲའི་གསལ་བསྒྲགས་ནི་མི་འགྱངས་པར་སྤེལ་བར་འགྱུར་བ་ལྟར་ལ། ཚོགས་འདུ་དེའི་ཆ་གཅིག་ནི་བོད་ཡིག་ཏུ་བྲིས་པའི་མཛའ་འཕྲིན་གྱི་འགྲན་བསྡུར་ཞིག་སྤེལ་རྒྱུ་ཡིན། བོད་ཡིག་གི་མཛའ་འཕྲིན་གྱི་འགྲན་བསྡུར་ལ་ཞུགས་འདོད་པ་རྣམས་ཀྱི་མཛའ་འཕྲིན་ལ་རྩེ་དཔེ་མཛོད་ཁང་ལ་འབྱོར་བ་ན། ང་ཚོས་དེའི་ཁྲོད་ནས་མཛའ་འཕྲིན་བཅུ་བདམས་ནས་མཐའ་མའི་འགྲན་བསྡུར་གྱི་གྲས་སུ་འཇོག་རྒྱུ་ཡིན། མཐའ་མའི་འགྲན་བསྡུར་གྱི་གྲས་སུ་ཚུད་པའི་མཛའ་འཕྲིན་བཅུ་བོ་དེ་དབྱིན་ཡིག་ཏུ་ཡང་བསྒྱུར་ནས། གོང་གསལ་ཟླ་གཉིས་པའི་ཚེས་བཅུ་གཅིག་གི་དགོང་མོའི་འགྲན་བསྡུར་དངོས་གཞིའི་སྐབས་སུ་བོད་ཡིག་གི་མ་ཡིག་གྱེར་ཀློག་བྱེད་པའི་སྐབས་དེར་དབྱིན་འགྱུར་མ་དེ་ཡང་རས་པྲའི་ངོས་སུ་འཆར་དུ་འཇུག་རྒྱུ་ཡིན། མཛའ་འཕྲིན་གྱེར་ཀློག་ཚར་བ་ན་དྲ་ཐོག་དང་ཚོགས་འདུ་ལ་དངོས་ཕེབས་ཀྱི་ཚོགས་ཞུགས་པ་ཡོངས་ནས་འོས་ཤོག་འཕངས་ནས་མཛའ་འཕྲིན་སྙན་ཤོས་དེ་འདེམས་རྒྱུ་དང་། འོས་ཤོག་མང་ཉུང་ལྟར་མཛའ་འཕྲིན་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་རེ་རེ་བདམས་ནས་གཟེངས་རྟགས་འབུལ་རྒྱུ།

མཛའ་འཕྲིན་གྱི་འགྲན་བསྡུར་ལ་ཞུགས་འདོད་པ་རྣམས་ཀྱིས་གཤམ་གསལ་གྱི་དོན་ཚན་རྣམས་ཐུགས་ངེས་གནང་རོགས།
༡། ཟླ་བ་གཉིས་པའི་ཚེས་ལྔ་ཚུན་དུ་ལ་རྩེ་དཔེ་མཛོད་ཁང་གི་གློག་ཡིག་གི་ཁ་བྱང་ info@latse.org ཐོག་ལ་གཏོང་རོགས།
༢། སྔོན་མ་བྲིས་པའི་མཛའ་འཕྲིན་ངོ་མ་ཞིག་གམ་ཡང་ན་ད་ལྟ་གསར་དུ་བརྩམས་པ་གང་ཡང་རུང་། ངེས་པར་བོད་ཡིག་གི་ལམ་ནས་བརྩམས་པ་ཞིག་ཡིན་དགོས།
༣། ངེས་པར་དུ་ཧི་གཟུགས་སམ་རྒྱལ་སྤྱིའི་གཅིག་གྱུར་ཨང་གྲངས་གཅིག་གྱུར་ཅན་གྱི་ཡིག་གཟུགས་སུ་འབྲི་དགོས།
༤། མང་མཐའ་ཤོག་གྲངས་གསུམ་ལས་མ་མང་བ།
༥། སྨྱུག་མིང་ཡོད་ན་དེའི་ཞོར་དུ་རང་མིང་ངོ་མ་དང་། བཞུགས་གནས་ཀྱི་ཁ་བྱང་དང་། གློག་ཡིག་གི་ཁ་བྱང་། ཁ་པར་ཨང་གྲངས་བཅས་གསལ་པོར་འགོད་དགོས།
༦། སྔར་ཡོད་ཀྱི་མཛའ་འཕྲིན་གང་ཞིག་ལ་དམིགས་བསལ་གྱི་རྒྱབ་ལྗོངས་བརྗོད་རྒྱུ་ཡོད་ན་ཟུར་བརྗོད་གནང་རོགས།

གསལ་བསྒྲགས།

Post navigation

Previous Post: རང་ཉིད་དགེ་འདུན་ཆོས་འཕེལ་དང་བསྡུར་པ།
Next Post: གློག་ལམ་གྱི་བརྩེ་འཕྲིན་དགུ་བ།

Comments (24) on “ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་ཡིག་གི་མཛའ་འཕྲིན་འགྲན་བསྡུར་གྱི་གསལ་བསྒྲགས།”

  1. yeshe says:
    2011-01-19 at 1:25 am

    ང་ལ་མཛའ་མོ་ངོ་མ་ཞིག་མེད་པས་རྟོག་བཏགས་ཀྱི་མཛའ་མོར་བྲིས་པ་ཞིག་ཡིན་ན་ཨེ་ཆོག རྨི་ལམ་ནང་གི་མཛའ་མོར་བྲིས་པ་ཞིག་ཡིན་ན་ཨེ་ཆོག

  2. yeshe says:
    2011-01-19 at 1:27 am

    སྙིང་གི་ཚིལ་ལུ་ཞེས་པ་ཡིན་སྲིད། ཚི་ནི་དྲེགས་པ་ལ་གོ ཚིལ་ནི་སྙིང་སོགས་བཏུམས་པའི་ཚིལ་དཀར་པོ་དེ་རང་ལ་གོ་ན་འགྲིག ཅེས་ཀླུ་སྨྱོན་ནས།

  3. བོན says:
    2011-01-19 at 1:39 am

    xxxxxxxxxxxxxxxxxxx

  4. མུ་ཏིག་དཀར་བོ། says:
    2011-01-19 at 1:47 am

    ལས་ཀ་དེ་ཧ་ཅང་ཡག་པོ་རེད། ངོ་མ་ནུབ་ཕྱོགས་སུ་སྡོད་མཁན་ཚོ་ཚང་མས་དེ་འདྲ་རེ་སྤེལ་ཐུབ་ན་ཅི་མ་རུང་། ལྷག་པར་བརྗོད་གཞི་དེ་འདྲའི་རིགས་ལ་གཞོན་སྐྱེས་ཚོས་ཀྱང་དོ་སྣང་བྱེད་སྲིད། “སྙིང་གི་ཚི་ལི” fat of heart ཨམ་སྐད་ཀྱི་ཁྱད་ཆོས་ཅན་གྱི་བརྗོད་གཞི་འདི་དེ་འདྲའི་སྙན་མི་ཞིག་མི་འདུག ཚི་ལི་ཞེས་པ་བརྡ་ཆད་དང་བརྡ་རྙིང་འདྲེས་མའི་ཐ་སྙད་ཅིག་སྟེ་གཙོ་བོའམ་དངོས་པོ་གང་ཚིག་གི་ནང་རྙིང་ངོ་མ་དེ་ལ་གོ་ཟེར་ཞེས་ཀྱང་བཤད་འདུག

  5. མི་ནག་མདུང་ཐུང་། says:
    2011-01-19 at 2:46 am

    ད་རེས་ཡིན་ན། ང་འདྲ་པོ་སྙན་ངག་མི་ཤེས་མཁན། མཛའ་གཞས་འདྲ་པོ་འབྲི་ཤེས་མཁན་ཚང་མ་ཕེབས་ཤོག་ཨ། ལ་རྩེ་ལ་ཕེབས་ཤོག ལ་རྩེ་ནས་མཛད་གཞས་འབྲི་རེས་བྱེད།

  6. ཇ་མ་ says:
    2011-01-19 at 11:07 am

    ལ་རྩེ་དཔེ་མཛོད་ཁང་གིས་བོད་ཀྱི་རིག་གཞུང་ལ་ཕྱོགས་གང་ཐད་ནས་ཞབས་ཞུ་སྣ་མང་སྒྲུབ་ཀྱིན་འདུག ངོ་མ་ཡག་པོ་རེད།

  7. བསེ་རུ། says:
    2011-01-19 at 12:44 pm

    མཛའ་འཕྲིན་དེ་བཞིན་ཚིགས་བཅད་དང་ཚིག་ལྷུག་སོགས་རྩོམ་ལུས་གང་གི་སྟེང་དུ་བྲིས་ནའང་ཆོག་གི་ཡོད་མེད་ལན་འདེབས་ཤིག་གནང་རོགས། དྲ་ཐོག་གི་དོ་སྣང་ཅན་མང་པོ་ཐེ་ཚོམ་གྱི་རྒྱ་རུ་ཚུད་ཡོད་ངེས།

  8. བསེ་རུ། says:
    2011-01-19 at 12:53 pm

    བོད་པ་བོད་སྐད་བོད་ཡིག་བོད་ཡུལ་རྣམས།།
    ང་དང་ཁྱོད་དང་ཁོང་དང་ཁོང་ཚོ་ཡི།།
    གཅེས་པའི་ཚེ་སྲོག་འདི་ལས་རྩ་ཆེ་བས།།
    ཇི་སྲིད་ནམ་གནས་བར་དུ་གཅེས་པར་ཟུངས།།

  9. ལ་སྟོད་བུ། says:
    2011-01-19 at 1:09 pm

    ང་ནི་ཡོང་ཐུབ་ས་མ་རེད།
    ང་ནི་ལ་བཙས་ལས་ལ་རྩེ་མི་འདོད་མཁན་ཡིན།
    དེ་འདྲ་ཡིན་ཙང་དགོངས་དག་ཞུ་རྒྱུ་ཡིན།
    གལ་ཏེ་ལ་བཙས་ཞེས་པའི་ཚོགས་པ་དང་སྒོ་སྒྲིག་ལས་སོགས་ཡོད་རྩེ་ཡོང་རྐྱང་ཡིན།

  10. གཞོན་ནུ་ཟླ་མེད། says:
    2011-01-19 at 8:02 pm

    སྔོན་མ་ ༢༠༠༣ ལོར་རྡ་སར་ཚར་གཅིག་སོང་བ་ཡིན། དེའི་སྐབས་སུ་ཞི་ལི་ཞིག་ཞི་མོ་ཞིག་ལ་དགའ་ནས་བརྩེ་འཕྲིན་བྲིས་པའི་དེབ་གཅིག་བཏོན་འདུག བརྩེ་འཕྲིན་༡༤༧ ཡིན་ན་ཅིག་འདུག ངོ་ནས་སྙན་པོ་ཡིན་པར་མ་ཟད། མི་གཅིག་གིས་མི་གཅིག་ལ་དགའ་བའི་བརྩེ་འཕྲིན་མང་ཤོས་དེ་ཡིན་རྒྱུ་རེད། བོད་ཀྱི་རྩོམ་ཡིག་ནང་གི་འབྲི་སྟངས་མ་འདྲ་བ་ཞིག་རེད། ང་ཡིན་ན་ད་ཐེངས་གི་བྱ་དགའ་དེ་ཁོ་ལ་སྤྲོད་ངེས། འོན་ཀྱང་་་་་

  11. BONPO says:
    2011-01-19 at 10:20 pm

    མིང་ཚིག་གཉིས་ཀྱི་བརྟེན་ནམ་གསོག་གཞིར་གྱུར་ཅིང་རྗོད་བྱེད་ཀྱི་སྒྲ་ཕྲ་བར་གྱུར་པ། དེ་ཡི་གེའི་མཚན་ཉིད་དམ་དོན་དུ་བཞག་འདུག་པས། འདི་ལྟར་ཡིན་ན་ང་ཚོའི་་་་ཡི་གེ་་་་ནི་་་བོད་སྐད་་་་་འདི་འཇོག་མི་དགོས་སམ། ཡི་གེ་་་ཡིན་ན་་་མིང་་་དང་་་ཚིག་་་་གཉིས་ཀྱི་སྔོན་དུ་གྲུབ་དགོས་ཅིང། དེ་གཉིས་ཀྱི་བརྟེན་འཆའ་ས་འམ་གསོག་པའི་གཞིར་མར་གྱུར་བ་ཞིག་ཡིན་དགོས་པས་སོ། དེ་ཡང་གང་ཟག་གསོན་པོ་ཞིག་གི་ངག་ལས་བྱུང་བའི། རྣ་ཤེས་ཀྱི་གཉན་བྱར་གྱུར་བའི་རྗོད་བྱེད་ཀྱི་སྒྲ་ཕྲ་བར་གྱུར་པ་ཞིག་ཡིན་དགོས་ལ། ཡིག་གཟུགས་ཟེར་ལབ་པ་ཡིན་ནའང་གོ་རྒྱུ་དེ་ཙམ་མེད་པ་ལྟ་བུ་ཡོང་གི་འདུག། ཡི་གེ་ཡིན་ན་རྣ་ཤེས་ཀྱིས་མཉན་བྱར་གྱུར་བ་ཞིག་ཡིན་དགོས་ལ། གཟུགས་ཡིན་ན་མིག་ཤེས་ཀྱིས་བལྟ་བྱར་གྱུར་བ་ཞིག་ཡིན་དགོས་པས་སོ། དེས་ན་དེ་གཉིས་ཀྱི་གཞི་མཐུན་མི་ཡོང་བའི་ཕྱིར། ཡང་མིན་ན་་་ཡི་གེའི་གཟུགས་་་ཅེས་པ་ནི་་་རི་བོང་གི་རྭ་་་ཞེས་པ་ལྟ་བུར་མི་འགྱུར་རམ། དེས་ན་ཡི་གེ་ཡིན་ན་རྗོད་བྱེད་ཀྱི་སྒྲ་ཕྲ་བ་ཞིག་ཡིན་དགོས་པ་ལས་དེ་ལ་་་མིས་ལག་པས་བཟོ་རྒྱུ་་་ཨ་ཡོད་ན། དེ་འདྲ་ཡིན་དུས་་་ཡི་གེ་བཟོས་་་ཟེར་ཡ་དེ་ལ་དགོངས་པ་ཅིག་བཞེས་དགོས་པར་སེམས།

  12. བཀྲ་ཤིས། says:
    2011-01-20 at 8:24 am

    ཚེ་བརྟན་རྡོ་རྗེས་བརྩམས་པའི་དེབ་གཉིས་ཀྱི་ཁ་བྱང་འདི་ལྟར་རེད་ཡ།་་་་བརྩེ་དུང་གི་ཨ་ལོང་ལས་ཤོར་བའི་སེམས་འཔྲིན་དམར་པོ་དང་།
    མི་རྐྱང་རི་ལ་ཤོར་བའི་གཏམ་རྒྱུད།་་་་་་་་སྐལ་བཟང་ཉི་མའི་བཀའ་མངགས་ལྟར་བཀོད་པ་ཡིན།

  13. གཞོན་ནུ་ཟླ་མེད། says:
    2011-01-20 at 9:37 am

    འོ་ངས་བཤད་པའི་བརྩེ་འཕྲིན་གྱི་དེབ་དེ་གོང་དུ་བཀྲ་ཤིས་ནས་གསུངས་པའི་དེབ་དང་པོ་དེ་ཡིན་ཡིན་འདྲ་ཞིག་དྲན་གི་འདུག དེའི་སྐབས་སུ་རྡ་སའི་དེབ་གསར་བ་ཚང་མ་ཉོས་པ་ཡིན་མོད། ཆ་ཚང་བ་ཀློག་པ་ནི་བརྩེ་འཕྲིན་གྱི་དེབ་དེ་གཅིག་བུ་ཡིན།

  14. གཞོན་ནུ་ཟླ་མེད། says:
    2011-01-20 at 10:10 am

    གོང་དུ་(BONBO) ནས་༼དེས་ན་ཡི་གེ་ཡིན་ན་རྗོད་བྱེད་ཀྱི་སྒྲ་ཕྲ་བ་ཞིག་ཡིན་དགོས་པ་ལས་དེ་ལ་་་མིས་ལག་པས་བཟོ་རྒྱུ་་་ཨ་ཡོད་ན། དེ་འདྲ་ཡིན་དུས་་་ཡི་གེ་བཟོས་་་ཟེར་ཡ་དེ་ལ་དགོངས་པ་ཅིག་བཞེས་དགོས་པར་སེམས།༽ཟེར་འདུག འདིའི་སྐོར་ང་ཤིང་བཟོ་ཞིག་ཡིན་པས་ངས་ཤེས་ནི་རེད། ང་ཁང་པ་ལས་པའམ། ཡང་ན་ཁང་པའི་ནང་གི་ནང་ཆ་བཟོས་ན་ཡང་མི་ཚང་མས་ཤིང་བཟོས་ཟེར་བར་མ་ཟད། ང་ལ་ཡང་ཤིང་བཟོ་ཟེར་ནས་འབོད་ཀྱི་རེད། དེ་བས་ན་ཤིང་ནི་ཤིང་བཟོས་བཟོས་པ་ཟེར་ན་གོ་རྒྱུ་མེད་དེ། ཤིང་ནི་ས་ལས་སྐྱེས་ཟིན་པ་ཡིན་པོ་སོ་ཟེར་ན། སྐུ་ཉིད་ཀྱི་བཤད་པའི་བསམ་བློ་དང་མཐུན་པ་ཡིན་མོད། འོན་ཀྱང་འཇིག་རྟེན་ན་ཤིང་བཟོས་ཟེར་གྱི་ཡོད་པ་རེད། དེ་ནི་རྒྱུ་མིང་འབྲས་ལ་བཏགས་པ་ཟེར་བ་དང་། ཡང་འབྲས་མིང་རྒྱུ་ལ་བཏགས་པ་ཟེར་བ་ཡོད་པའི་ནང་གི་རྒྱུ་མིང་འབྲས་ལ་བཏགས་པའི་ཆ་ཤས་ཞིག་ལོས་ཡིན།
    དེ་བཞིན་དུ་བོད་ཡིག་ཟེར་བ་དེ་ཡང་། བུམ་པ་ཞེས་པའི་ཡི་གེ་ལ་མཚོན་ནས་བཤད་ན། ཐོག་མར་བརྗོད་པ་པོས་ཀུན་སློང་གི་ནང་དུ་བུམ་པ་བརྗོད་འདོད་པ་དང་། དེ་ནས་བུམ་པའི་སྒྲ་སྤྱི་ཡིད་ལ་ཤར་བ། དེ་ནས་བརྗོད་པ་སྒྲ་ལས་སྐྱེས་པ། དེ་ནས་ཡིག་གཟུགས་ལ་ཤར་བ་རྣམས་རིམ་གྱིས་འབྱུང་དགོས། དེ་བས་ན་ང་ཚོའི་བོད་ཡིག་འདི་ལ་སྒྲ་གཟུགས་ཟེར་གྱི་ཡོད་པ་རེད། སྒྲ་ལ་བརྟག་ནས་སྒྲའི་བྱུང་རིམ་ལྟར་བཟོས་ཡོད་པ་རེད། དེ་བས་ན་ཡི་གེ་བཟོས་ཟེར་བ་ལ་གོ་རྒྱུ་ཆེན་པོ་ལོས་ཡོད་དོ།།

  15. ཀརྡོ་རབ་འབྱམས་པ་ says:
    2011-01-20 at 10:34 am

    སྤྱིར་བསྟན་བཅོས་ཀྱིས་དབང་དུ་བྱས་ན། ཡི་གེ་ཡིན་ན། སྒྲ་གདངས་ཡིན་པས་ཁྱབ་ཀྱང་། ཡི་གེ་ཞེས་པའི་མིང་གི་འཇུག་ཡུལ་ལ། གཟུགས་ཀྱང་ཡོད་དགོས་ཏེ། ཡིག་གཟུགས་དེ། ཡེ་གེ་ཡིན་པར་འཇིག་རྟེན་པ་ལ། བསྒྲགས་ཟིན་པའི་ཕྱིར་རོ། །

  16. མེ་ཏོག་དཀར་པོ། says:
    2011-01-20 at 11:06 am

    བོན། ཟླ་མྱེད། ཀ་རྡོ་བ་སོགས་ཚོད་བཟུང་ཨ། འདི་སྙིང་གི་ཚིལ་ལུ་འབྲི་ས་ཡིན་པ་ལ་ཡི་གེ་དང་ཡི་གེའི་མཚན་ཉིད་སོགས་རྙོགས་དྲ་ལུང་པ་གང་ཡོད་པ་དེ་འདྲ་བྲིས་ས་མ་རེད།
    འདི་ན་ངེད་བྱི་ལི་དང་བྱི་མོའི་ཕན་ཚུན་དགའ་སྟངས། དགའ་ནས་ཁ་ནས་ཤོད་མ་ཕོད་སྟངས། བལྟས་བལྟས་རིག་རིག་ལ་རྒད་པོ་ཤི་ལ་ཁད་ཚོས་བྱི་མོ་དེ་ཚོ་ག་ཤེད་དུ་ཁྲིད་སྟངས་སོགས་མང་པོ་ཞིག་འབྲི་ས་རེད་ཀོ།

    ཨོ་རེད། སྔ་མོ་ཞིག་ལ་ཨ་རིའི་བུ་མོ་ཞིག་གིས་རང་གི་མཛའ་བོ་རྒྱ་གར་ལྷོ་ཕྱོགས་ལ་ཡོད་པ་དེ་ལ་གསང་གཏམ་མམ་མཛའ་ཕྲིན་ཞིག་རང་གི་སྐད་ངོ་མ་འཁོར་ཐག་ནང་བཅུག་ནས་བཏང་འདུག་ཀྱང་། མཛའ་བོ་དེར་ཕྲོད་མེད་མི་ཤེས་ཏེ། བསྐུར་སའི་མི་དེས་དངོས་སུའམ་ལྐོག་ནས་གཞན་ཞིག་བྱས་པ་གང་ལྟར་ཡང་སྐད་འཁོར་དེ་མི་མང་ཆེ་བའི་ལག་པར་ཐོབ། ཁོ་པས་རང་ཉིད་ཕྱི་རྒྱལ་དུ་འགྲོ་བའི་སྔ་ཉིན་བེང་ལོར་གི་མགྲོན་ཁང་ཞིག་ཏུ་རྒྱོ་ལུགས་དང་། དེ་ནི་བུ་མོ་ཞིག་ལ་མཚོན་ན་རང་གི་དགའ་པོར་སྤྲོད་རྒྱུའི་དངོས་པོ་ཡག་ཤོས་ཡིན་སྟངས། རྒྱོས་ཟིན་རྗེས་བུ་དེ་ཁྲུས་ཁང་ནས་ཕྱིན་ནས་ཚུར་ཡོང་དུས་ཧ་ཅང་གི་ངོ་ཚ་ལུགས་སོགས་མང་པོ་ཞིག་བཤད་གིན་འདུག སྐད་འཁོར་དེ་དར་ཆེ་བས་དེའི་མིང་ལ་ ཨ་རིའི་བུ་མོའི་སྙིང་གཏམ་་་ཞེས་བཏགས་འདུག
    དེས་ན་ངས་བལྟས་ན་སྐད་འཁོར་དེ་ལ་བཅོས་མིན་མཛའ་ཕྲིན་གྱི་གཏམ་གྱི་བྱ་དགའ་སྤྲོད་ན་འོས་པ་ཞིག་རེད་དྲན།

  17. གཞོན་ནུ་ཟླ་མེད། says:
    2011-01-20 at 6:17 pm

    ཡ་ཡ།
    སྙིང་གི་ཚིལ་ལུ་བཤད་ན་སྙིང་གི་ཚིལ་ལི་བཤད།།
    སྙིང་གི་ཚིལ་ལུ་ཕྱོགས་ལ་དགའ་སྟངས་བཤད།།
    ཐོག་མར་མཐོང་དུས་ཡག་ནོ་མ་ཤེས་ཐལ།།
    འགྲོག་གི་འགྲོག་གི་ཇེ་ཡག་ཇེ་ཡག་རེད།།
    བཤད་ཀི་བཤད་ཀི་སྙིང་སྒོ་ཕྱེས་ནས།།
    ག་ལེ་ག་ལེར་ནང་དུ་རླུང་བཞིན་འཛུལ།།
    སྐད་ཆ་རེ་རེ་རྒྱ་མཚོའི་རྦ་རླབས་བཞིན།།
    གློ་སྙིང་བྲང་གསུམ་སྟེང་འོག་བརྗེས་ནས་གཡོ།།
    འཛུམ་པའི་ཞལ་རས་སོ་ཕྲེང་ངོམས་ཙམ་གྱིས།།
    རྐང་ལག་ཐམས་ཅད་དར་ལྕོག་བཞིན་དུ་འདར།།
    གལ་ཏེ་ཁྱོད་ནི་བདག་མདུན་མེད་སོང་ན།།
    སྐར་ཆ་ཙམ་ཡང་ལོ་ལས་ཤིན་ཏུ་རིང་།།
    མདུན་གྱི་ཟ་མ་མིད་པར་མི་འགྲོ་གི།
    ལག་པའི་ལས་ཀ་ཚུལ་བཞིན་སྒྲུབ་མི་ཐུབ།།
    གལ་ཏེ་ཁྱོད་ནི་མདུན་དུ་སླེབས་ཙམ་གྱིས།།
    བདག་གི་ཡིད་ལ་དགའ་བ་སྟེར་ནུས་པ།།
    འཇིག་རྟེན་དངོས་པོ་ཀུན་གྱིས་སྟེར་མ་ནུས།།
    ཡང་ཡང་ཕེབས་ཤོག་སྙིང་གི་ཚིལ་ལུ་ལགས།།
    ཁྱོད་སྐུ་ཡིད་དུ་འོང་པས་ཀུན་དགའ་བྱེད།།
    ཁྱོད་གསུང་སྙན་ཞིང་འཇེབས་པས་ཀུན་ཡིད་འགུགས།།
    ཁྱོད་ཐུགས་ལྷག་བསམ་དག་པས་བོད་མོའི་རྒྱན།།
    ཁྱོད་ནི་ང་ཡི་སྙིང་གི་ཚིལ་ལུ་ཡིན།།
    དེང་སང་ང་ཡི་སེམས་པ་གནམ་ལ་འཕུར།།
    སྣང་བ་མཐོན་པོ་སྤྲིན་པའི་གསེབ་ན་ལྡིང་།།
    སྤྲིན་པ་གནམ་ལ་འཕྱུར་བའི་ལྡིང་ཁང་ནས།།
    ཁྱོད་ཀྱི་ཕྱོགས་སུ་ཕྱི་མིག་བལྟས་པ་ན།།
    དབུ་སྐྲ་གནག་སྣུམ་འོད་ཀྲིག་ཀྲིག་ཏུ་འཁྱུགས།།
    དཀྱུས་རིང་སྤྱན་ནི་ཐོ་རངས་སྐར་ཆེན་བཞིན།།
    མིག་གི་རྫི་མ་གཡོ་བའི་རྒོད་པོ་བཞིན།།
    ཞལ་རས་ཟླ་བ་དཀར་བོའི་མཛེས་པ་བཞིན།།
    ད་དུང་ཚེམས་ཕྲེང་ཐག་བཟང་སྒྲིག་པའི་ཞལ།།
    དལ་གྱི་བཞད་པའི་དགོད་སྒྲ་རེ་རེ་ནི།།
    རྣ་བར་ལྷུང་བས་ཡིད་ཀྱི་གསོས་སུ་གྱུར།།
    ད་དུང་མུ་མཐུད་བཞེད་དང་སྙིང་གི་གྲོགས།། མུ་མཐུད་ཡིན་དྰ།།

  18. ཀླུ་སྨྱོན། says:
    2011-01-20 at 6:37 pm

    ད་སྡོད། ངས་འདི་མོ་འདི་བཤད་རྒྱུ་མང་དྲགས་ནས་དེང་སང་མི་གྲལ་ནས་བུད་ཚར་བ་རེད། ཁྱོས་ད་འདང་རྒྱོབས།

  19. གཞོན་ནུ་ཟླ་མེད། says:
    2011-01-20 at 6:59 pm

    ངས་སྡུག་སྒོམ་རྒྱབ་ནས་ཨར་མི་བརྟན་གི ད་མི་གྲལ་ནས་བུད་པར་མ་ཟད་ཁྱི་གྲལ་ནས་འབུད་དགོས་བྱུང་ཡང་འབུད་རྒྱུ་ཡིན་པའི་བཟོ་འདྲ་ཞིག་འདུག ད་ངོ་ནས་དུས་ཚོད་དག་དག་ཞིག་ལ་ལབ་ཙེ་ཚང་གིས་སྙིང་གི་ཚིལ་ལུ་ཞིག་བཀོད་སྒྲིག་བྱས་ན་དེ་སྐལ་བ་བཟང་པོ་མ་རེད་དམ། ངས་འབྲི་རྒྱུ་ཡིན། མུ་མཐུད་འབྲི་རྒྱུ་ཡིན། ཆུ་རགས་ཤོར་བ་ལྟར་འབྲི་རྒྱུ་ཡིན། ནང་ཁྲོལ་མཆིན་དང་གློ་བ་ཆ་ཚང་ཕྱི་ལོག་ལ་སྟོན་རྒྱུ་ཡིན།།

  20. མདའ་ཚན་པ། says:
    2011-01-20 at 7:22 pm

    ཡི་གེ་ནི་ངག་གམ་སྐད་མཚོན་བྱེད་ཀྱི་རི་མོའམ་གཟུགས་ཡིན།

  21. གཞོན་ནུ་ཟླ་མེད། says:
    2011-01-20 at 8:02 pm

    སྔོན་མ་བྱིས་པ་ཡིན་དུས་དག་ཡིག་ཞིག་བློ་འཛིན་བྱས་མྱོང་། དེའི་ནང་ན་འདི་འདྲ་བྲིས་འདུག བོད་ཡིག་ཅེས་པ་ཅི་ཞིག་ཡིན།། བོད་ཀྱི་ཡི་གེ་ཞེས་པ་ནི།། ངག་གི་བརྡ་ལ་བརྟན་ནས་ནི།། ཤོག་སྟེང་རི་མོ་བཀོད་པ་ལ།། བོད་ཡིག་ཅེས་པར་འདོགས་པ་ཡིན།། འདི་འདྲ་འདུག
    ཡང་དེའི་རྗེས་ནས་སུམ་ཅུ་བའི་འགྲེལ་བ་ཞིག་ཀློག་པ་ཡིན། དེའི་ནང་ན་འདི་འདྲ་བྲིས་འདུག མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་དེ་ཡི་གེའི་མཚན་ཉིད་ཟེར་འདུག
    དེའི་རྗེས་ནས་ཚད་མ་རྣམ་འགྲེལ་ཟེར་བ་ཞིག་ཀློག་པ་ཡིན། དེའི་ནང་ན་འདི་འདྲ་ཟེར་འདུག ངག་ནི་ཡི་གེ་ལས་ཐ་དད། །ཡོད་པ་མིན་ཏེ་མ་དམིགས་ཕྱིར།
    ཡང་ཚད་མ་རྣམ་འགྲེལ་གྱི་ཕྱོགས་སྔ་ཕྱི་རོལ་བ་དེའི་ནི་ཡི་གེའི་ངོ་བོ་རྟག་པ་ཡིན་པར་འདོད་བཞིན་པ་འདྲ་འདུག ཚད་མ་རྣམ་འགྲེལ་ལས། གལ་ཏེ་ཡི་གེ་རིམ་པ་དག །
    ཡིག་རྣམས་ཐ་དད་མེད་ཕྱིར་མིན། །དེ་དག་རྣམ་པར་གཞག་པའང་མེད། །གོ་རིམས་གཞན་ནི་འགལ་ཕྱིར་རོ། །ཁྱབ་དང་རྟག་པར་བརྗོད་པའི་ཕྱིར། །ཡུལ་དང་དུས་ཀྱི་གོ་རིམས་མེད། །མི་རྟག་ཁྱབ་བྱེད་མ་ཡིན་པའི། །སྐྱོན་ཡང་སྔར་ནི་བརྗོད་པ་ཡིན། ༈ །གསལ་བའི་རིམ་པའང་ངག་མིན་ཏེ། །རྟག་ལ་གསལ་བ་བསལ་ཕྱིར་རོ།
    ཡང་བློ་ཐོག་ན་འདི་འདྲ་ཞིག་ཀྱང་འདུག ཨ་ཥྱ་ར་ནི་མི་འགྱུར་བའོ།། ཞེས་ཡི་གེའི་ངོ་བོ་རྟག་པར་འདོད་པ་ཞིག་ཀྱང་འདུག

  22. dechensemkyi says:
    2011-01-20 at 8:13 pm

    ཡི་གེ་མཚན་ཉིད་མ་ཉིད་སོགས་སྐྱག་པ་དེ་ཚོ་བཤད་མ་ཡོང་། བརྩེ་འཕྲིན་གྱི་སྐོར་མང་ཙམ་བཤད་རོགས། ངས་རང་ཉིད་སེམས་པ་ཤོར་མྱོང་བའི་བུ་མོ་ཞིག་ཡོད་པ་དེ་རྗེས་སུ་མི་གཞན་ཞིག་གི་བུད་མེད་ཆགས་ནས་བསྡད་ཡོད་སྐབས་ཤིག་ལ་ང་མི་ཚང་དེའི་ཉེ་འགྲམ་ཞིག་ནས་ཡར་རྐང་ཐང་གིས་ཡོང་གིན་ཡོད། བུད་མེད་དེས་ང་མཐོང་བྱུང་བས་ཁྱོད་དེ་རིང་རྟ་ཞིག་ཀྱང་མི་ཐོན་པར་རྐང་ཐང་ལ་འགྲོ་གི་ཡོད་དམ་ཟེར། དེར་ངས། ང་ལ་རྟ་གཅིག་མ་གཏོགས་མེད་པ་དེ་མི་ཞིག་གིས་འཕྲོག་སོང་། ད་རྟ་གཞན་ཞིག་ཞོན་འདོད་མི་འདུགཅེས་བརྗོད་པ་ཡིན། མོས་ཀྱང་ངས་བཤད་པའི་དོན་དེ་ཏག་ཏག་ཧ་གོ་སོང་བས་ཅང་མི་ཟེར་བར་ཁ་རོག་གེར་བསྡད་སོང་། ངས་མོ་ལ་ང་རང་ཁྱོད་ལ་དགའ་ཞེས་ཐད་ཀར་བཤད་མ་མྱོང་མོད་མི་གཞན་ལ་ང་རང་མོ་ལ་དགའ་ལུགས་མང་པོ་བཤད་མྱོང་། དེར་བརྟེན་མོས་ཀྱང་ང་མོ་ལ་དགའ་བ་དེ་སྔོན་མ་ཤེས་ཡོད་ངེས་རེད།

  23. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-01-20 at 8:27 pm

    གོང་དུ་དྲ་གྲོགས་འགས་དོགས་འདྲི་བྱས་འདུག
    དང་པོ། མཛའ་མོ་ངོ་མ་མིན་པར་རྟོག་བཏགས་ཀྱི་མཛའ་མོར་བྲིས་ན་ཆོག་གམ།
    གཉིས་པ། མཛའ་འཕྲིན་གྱི་རྩོམ་ལུས་དེ་ཚིག་བཅད་སོགས་རྩོམ་ལུས་གང་རུང་དུ་བྲིས་ན་འགྲིག་གམ།

    དྲི་བ་འདི་གཉིས་ཀ་ལ་རྩེར་དྲིས་བ་ཡིན།
    ལན་དུ། རྟོག་བཏགས་ཀྱི་མཛའ་མོར་བྲིས་བ་དེ་ཡང་འགྲིག་ཟེར། ད་དུང་། རྩོམ་ལུས་ཚིག་བཅད་སོགས་གང་རུང་དུ་བྲིས་ན་འགྲིག་ཟེར།
    འདི་མཁྱེན་རྟོགས་ཀྱི་སླད་དུ་ཡིན།

  24. BONPO says:
    2011-01-20 at 10:51 pm

    ངས་བལྟས་ན་ཁྱེད་རྣམས་ཀྱིས་་་་སྟག་ཤར་བུ་་་་དང་་་་་སྨན་ཤར་བུ་མོ་་་་གཉིས་ཀ་ལ་གོ་སྐབས་མ་བཟོས་པ་ལྟ་བུ་མཐོང་གི་འདུག། གང་ཡིན་ཟེར་ན་“སྙིང་གི་ཚི་ལུ་”ཞེས་པའི་གླུ་དེ་བུ་ཞིག་གིས་རང་དགའ་སའི་བུ་མོ་ཞིག་ལ་བཏང་བ་ཡིན། དེ་ནི་འདི་ལྟར། ཕ་རི་སྤང་གི་ལྡེབས་་ལ། སེར་ཤ་སྤང་གི་རྒྱན་དེར། ཟོས་ན་སྙིང་གི་ཚིལ་ལུ། མ་ཟོས་སེམས་པའི་དགྲ་རེད། ཟེར་བ་དང། ཡང་བུ་མོ་ཞིག་གིས་རང་གི་དགའ་སའི་བུ་ཞིག་ལ་བཏང་བ་ནི། རང་སེམས་སོང་བའི་མི་དེ། གཏན་གྱི་འདུན་མར་བྱུང་ན། རྒྱ་མཚོའི་གཏིང་གི་ནོར་བུ། ལོན་པ་དེ་དང་མཉམ་བྱུང། ཟེར་བས། དེས་ན་ “སྙིང་གི་ཚི་ལུ་” དང་ “རྒྱ་མཚོའི་གཏིང་གི་ནོར་བུ།ʼʼ གཉིས་ཀ་བཞག་ན་བུ་དང་བུ་མོ་གཉིས་ཀས་ “བོད་ཡིག་ཏུ་བྲིས་པའི་མཛའ་འཕྲིན་གྱི་འགྲན་བསྡུར” ཆ་སྙོམ་པོ་ཞིག་ཡོང་བར་སེམས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme