Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་ཀྱི་སྦྲག་རྟགས་འགྲེམས་སྟོན་གྱི་གསལ་བསྒྲགས།

Posted on 2009-10-20 By རབ་འབྱོར་ 17 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་ཀྱི་སྦྲག་རྟགས་འགྲེམས་སྟོན་གྱི་གསལ་བསྒྲགས།

ལྷ་སའི་སྦྲག་ཐམ། བོད་ཀྱི་སྦྲག་རྟགས་དང་ཡིག་འབྲེལ་གྱི་འགྲེམས་སྟོན་ཞིག

ལྷ་སའི་སྦྲག་ཐམ་་ཞེས་པའི་ལས་འགུལ་འདི་ཟླ་ ༡༡ པའི་ཚེས་ ༡༡ ། གཟའ་སྤེན་པའི་ཉིན་སྤེལ་བྱེད་རྒྱུ་ཡིན་ལ། དོ་སྣང་ཡོད་མཁན་ཚང་མ་ཡོང་ཆོག དེའི་ནང་ལ་དུས་རབས་ཉི་ཤུའི་སྟོད་ཀྱི་བོད་ཀྱི་སྦྲག་ཐམ་དང་། ཡིག་སྐོགས། འཕྲིན་ཡིག་བཅས་འགྲེམས་སྟོན་བྱེད་རྒྱུ་རེད། འགྲེམས་སྟོན་འདིའི་ཐོག་ཏུ་བོད་ཀྱི་སྦྲག་རྟགས་དང་ཡིག་སྐོགས་སྣ་ཚོགས་ལ་དབྱེ་ཞིབ་བྱེད་པ་དང་མཚུངས་སུ། སྦྲག་རྟགས་དང་ཡིག་སྐོགས་དཀོན་པོ་དང་རྫུན་བཟོ་ལ་ཡང་དབྱེ་ཞིབ་བྱེད་རྒྱུ།
ཉིན་དང་པོའི་འགྲེམས་སྟོན་གྱི་སྐབས་ལ། མཁས་པ་གདན་འདྲེན་གྱིས་བོད་ཀྱི་སྦྲག་གི་ལོ་རྒྱུས་དང་འཕྲིན་ཡིག་འབྲི་སྟངས་ཀྱི་སྲོལ་རྒྱུན་བཅས་ལ་གསུང་བཤད་ཀྱང་གནང་རྒྱུ་རེད། བོད་ཀྱི་སྦྲག་རྟགས་མཁས་པ་ Geoffrey Flack ལགས་ནས “བོད་ཀྱི་སྦྲག་རྟགས་དང་སྦྲག་གི་ལོ་རྒྱུས།”ཟེར་བའི་གསུང་བཤད་གནང་རྒྱུ་དང་། གསུང་བཤད་དེའི་ནང་དུ་འགྲེམས་སྟོན་འདིའི་ཐོག་ལ་བཤམས་སྟོན་བྱས་ཡོད་པའི་སྦྲག་དངོས་མང་པོའི་སྐོར་གླེང་མོལ་གནང་རྒྱུ་རེད།

གུང་ཚིགས་ཀྱི་རྗེས་སུ། བོད་ཀྱི་མཁས་པ་ཞེ་བོ་བློ་བཟང་དར་རྒྱས་ལགས་ནས་་ “གཞུང་ཕྱོགས་ཀྱི་ཡིག་འབྲེལ་གནང་སྟངས།”ཟེར་བའི་གསུང་བཤད་གནང་རྒྱུ་དང་། གསུང་བཤད་དེའི་ནང་དུ་དུས་རབས་ཉུ་ཤུའི་སྟོད་དུ་གཞུང་ཕྱོགས་ཀྱི་ཡིག་འབྲེལ་གྱི་ལམ་སྲོལ་དང་། འཕྲིན་ཡིག་གི་རྣམ་པ་བཅས་ཀྱི་སྐོར་ལ་གླེང་མོལ་གནང་རྒྱུ་རེད།

བོད་ཀྱི་སྲོལ་རྒྱུན་ལ་མྱོང་གོམས་ཅན་དབྱངས་ཅན་ལྷ་དཀར་ལགས་ནས་“ཚོང་པ་དང་གྲོང་པ་ཁྱིམ་མཚེས། ལྷ་སའི་ལ་དྭགས་པའི་བོད་པ་ཁ་ཆེའི་ཁྱིམ་ཚང་ཞིག”ཟེར་བའི་གསུང་བཤད་གནང་རྒྱུ་དང་། གསུང་བཤད་འདིའི་ནང་དུ་དུས་རབས་ཉི་ཤུའི་སྟོད་ལ་བོད་ལ་གནས་བཅས་པའི་ཁ་ཆེ་་དང་ནང་པའི་ཁྱིམ་ཚང་གཉིས་ཀྱི་བར་ལ་ཚོང་འབྲེལ་དང་སྒེར་དོན་གྱི་ཡིག་འབྲེལ་བྱུང་བའི་ཡིག་སྐོགས་ངོ་མ་བསགས་ཡོད་པ་གཙོ་གནད་དུ་བཟུང་ནས་གླེང་མོལ་གནང་རྒྱུ་རེད།

གསུང་བཤད་ཀྱི་རྗེས་སུ་གསོལ་སྟོན་སྟབས་བདེ་ཞིག་བཤམས་ནས་འགྲེམས་སྟོན་ལ་གཟིགས་པ་དང་གསུང་བཤད་གནང་མཁན་ལ་ཐུག་འཕྲད་ཀྱི་གོ་སྐབས་བསྐྲུན་རྒྱུ།
འགྲེམས་སྟོན་དེ་ཟླ་ ༡༢ ཚེས་ ༡༣ ཉིན་བར་དུ་གནས་རྒྱུ་རེད།
འགྲེམས་སྟོན་གྱི་མཛད་རིམ།
Opening day: November 7th
ཟླ་༡༡པའི་ཚེས་༧་ཉིན་འགོ་འཛུགས་རྒྱུ།
སྔ་དྲོ་ 10:30 འགྲེམས་སྟོན་སྒོ་འབྱེད།
སྔ་དྲོ་ 11:30 Geoffrey Flack ཡི་གཏམ་བཤད།
ཕྱི་དྲོ1:00 ངལ་གསོ་དང་འགྲེམས་སྟོན་ལ་གཟིགས་མོ།
ཕྱི་དྲོ 2:30 ཞེ་བོ་བློ་བཟང་དར་རྒྱས་ཀྱི་གསུང་བཤད།
ཕྱི་དྲོ 3:15 དབྱངས་ཅན་ལྷ་དཀར་གྱི་གསུང་བཤད།
ཕྱི་དྲོ 4 – 6 གསོལ་སྟོན།

གསར་འགྱུར།

Post navigation

Previous Post: དུས་ལ་བབ་པའི་སྐད་ཆ།
Next Post: དེང་སང་རྩོམ་པ་པོ་སྐོར་ཞིག་གིས་དོན་མི་འབྲི་བར་ཚིག་འབྲི་བཞིན་འདུག

Comments (17) on “ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་ཀྱི་སྦྲག་རྟགས་འགྲེམས་སྟོན་གྱི་གསལ་བསྒྲགས།”

  1. རྡོ་རྗེ་རྒྱལ་པོ། says:
    2009-10-21 at 9:43 pm

    སྔོན་མ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་སྤེལ་བའི་ལས་དོན་གྱི་ཡིག་ཆ་ཞིག་ཏུ། སྔོན་མ་ལས་ད་ལྟ་དང་། སེར་མོ་ལས་སྐྱ་བོའི་རིག་གཞུང་ལ་ཞིབ་འཇུག་བྱེད་ལྟ་བུ་ཞིག་འཁོད་པ་དྲན་གྱི་འདུག སྐད་ཆ་དེ་འདི་ལ་འབྲེལ་བ་མེད། འོན་ཀྱང་། ལ་རྩེ་དཔེ་མཛོད་ཁང་གིས་ དོན་ཆེན་པོ་ལས་དོན་ཆུང་བ་ལ་དམིགས་བཙུགས་ནས་འགྲེམས་སྟོན་འདི་འདྲ་ཞིག་གནང་བ་ལ་བསྔགས་འོས་བསྔགས་བསྟོད་ཀྱི་གཞི་རུ་མཆིས། སྔོན་མའི་བོད་རང་བཙན་སྐབས་ཀྱི་སྦྲག་རྟགས་ཀྱི་པར་འགའ་མཐོང་མྱོང་། ངོ་མ་གང་འདྲ་ཞིག་ཡོད་དམ་སྙམ་ནས་མཚར་སྣང་ཆེ་ལ། ཡིག་འབྲེལ་རྙིང་པ་ཡང་གང་དག་ཡོད་དམ་སྙམ་ནས་དྲན་གྱི་འདུག ཡིག་འབྲེལ་རྙིང་པ་དང་སྦྲག་རྟགས་རིགས་གང་ཡོད་འདིར་གསལ་བཤད་ཅིག་གནང་ཐུབ་བམ།

  2. དགེ་འདུན་རབ་གསལ་ says:
    2009-10-22 at 12:20 pm

    ཕྲན་གྱི་གོ་ཐོས་ལྟར་ན། ལ་རྩེ་དཔེ་མཛོད་ཁང་གི་འགྲེམས་སྟོན་གྱི་ཁོངས་སུ་ ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་གཞུང་འབྲེལ་ཕྱག་འཕྲིན་མཐའ་མ་དེ་ཡང་འདུག་ཟེར། ཞིབ་གསལ་ལ་རྩེ་དཔེ་མཛོད་ཁང་ལ་ཐད་ཀར་འབྲེལ་བ་གནང་ན་མཁྱེན་ངེས་རེད།

  3. ཏྲེ་ཤོ་ལེགས says:
    2009-10-25 at 8:39 am

    ད་སྟོན་མོ་བརྒྱངས་ནས་བསྟན་གྱི་རེད་
    ཕྱི་ཟླ་10། ཚེས26ཉིན་ནོར་བུ་གླིང་ཁ་ལ་༸གོང་ས་མཆོག་ཕེབས་རྒྱུ་གཏན་ཁེལ་རེད་།དེའི་ཉིན་མོར་བཀའ་བློན་ཁྲི་ཟུར་
    སྐལ་བཟང་ཡེ་ཤེས་ཀྱིས་ནོར་བུ་གླིང་ཁའི་ངེས་སྟོན་པ་རྩ་དགོངས་ཞུ་ནས་རྩིས་སྤྲོད་ཀྱི་ཉིན་མོ་ཡིན།ནོར་བུ་གླིང་ཁའི་དབང་ཆ་ཡོངས་རྫོགས་ཨ་མདོ་བ་སྒྲོལ་མ་སྐྱབས་ལ་ཤོར་སོང་བ་རེད།་ XXXXXབསྟན་དང་ཕོ་ཕོ་ཕོ།

  4. རབ་འབྱོར། says:
    2009-10-25 at 6:22 pm

    ལྷ་སའི་སྦྲག་ཐམ་གྱི་འགྲེམས་སྟོན་གྱི་དུས་ཚེས་གོང་གི་གསལ་བསྒྲགས་ཀྱི་ཡིག་ཕྲེང་དང་པོར་ཟླ་༡༡་ཚེས་༡༡་ཅེས་དང་འོག་གི་འགྲེམས་སྟོན་གྱི་མཛད་རིམ་གྱི་སྐབས་སུ་ཟླ་༡༡་ཚེས་༧བྲིས་ཏེ་ཚེས་གྲངས་མི་འདྲ་བ་གཉིས་བྱུང་ཡོད་པ་ལས་སྔ་མའི་ཚེས་གྲངས་ནི་ནོར་བ་དང་ཚེས་གྲངས་ཕྱི་མ་ཟླ་༡༡ ཚེས་ ༧ ནི་མ་ནོར་བ་ཡིན་ནོ།

  5. མདའ་ཚན་པ། says:
    2009-10-25 at 7:47 pm

    ཡ་ཡ་ཡ། གསལ་བཤད་གནང་བ་བཀའ་དྲིན་ཆེ། ད་ཡོང་ཐུབ་ས་མ་རེད་དེ། དེ་ཕྱོགས་འཁོར་ནས་ཕྱག་གསུམ་འཚལ་དགོས།

  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-10-25 at 10:42 pm

    ལ་རྩེ་དཔེ་མཛོད་ཁང་ནས་བཀོད་སྒྲིག་གནང་བཞིན་པ་འདི་དག་།
    རྗེས་ཕྱོགས་ནས་དྲ་བའི་ཐོག་ནས་ལྟ་རྒྱུའམ་ཡང་ན་ྐློག་རྒྱུ་གང་རུང་ཞིག་ཡོད་ན་ཡག་གི་འདོད། དེ་མ་གཏོགས་གསལ་བསྒྲགས་རེ་སྤེལ་བ་དེར་བལྟ་རྒྱུ་ཙམ་མ་གཏོགས།
    གནས་ཚུལ་ཅི་བྱུང་གཅིག་ཀྱང་རེག་གི་མི་འདུག་ལ་གོ་གི་ཡང་མི་འདུག གནས་ཚུལ་ཅི་བྱུང་དྲ་བའི་ཐོག་ལ་བཞག་ན། རྒྱ་བལ་འབྲུག་གསུམ་གཙོས་བའི་བོད་རིགས་འདུས་སྡོད་ཀྱི་ཕྱོགས་གང་ས་ནས་དྲ་བ་བརྒྱུད་ནས་ལྟ་ྐློག་བྱེད་ཐུབ་ཀྱི་རེད། ཚོགས་འདུའི་དངོས་གཞི་ལ་བཅར་མ་ཐུབ་རུང་ཚོགས་འདུ་དང་འགྲེམས་སྟོན་སོགས་ཀྱི་སྐབས་སུ་ཅི་བྱུང་ཆ་ཚང་དྲ་བ་བརྒྱུད་ནས་བལྟ་ཐུབ་པ་དང་ཡང་ན་ྐློག་རྒྱུ་ཡོད་ན་ཡག་པོ་འདུག ཚོགས་འདུའི་དངོས་གཞི་དེ་དྲ་ཐོག་ནས་བལྟ་ཉན་བྱེད་ཐུབ་པ་ཞིག་བཟོ་རོགས་ལབ་ཀྱི་མེད། ཚོགས་འདུའི་དངོས་གཞི་ཚར་བའི་རྗེས་སུ་གནས་ཚུལ་ཅི་བྱུང་ཆ་ཚང་དྲ་ཐོག་ལ་འཇོག་རོགས་ལབ་ཀྱི་ཡོད། གཞན། ནེའུ་ཡོག་ན་ཡོད་མཁན་གྱི་བོད་རིགས་དོ་སྣང་ཅན་ཚོ་མ་གཏོགས་སུ་ཡང་དེའི་ཕྱོགས་སུ་སླེབས་ཐུབ་རྒྱུ་ཁག་པོ་རེད་འདོད་གི་ རྟ་ཞོན་ནས་ཡོང་ན་ཟླ་བ་ཁ་ཤས་འགོར་ས་རེད། རྐང་པ་བརྒྱབ་ནས་ཡོང་ན་སླེབས་ཐུབ་སའི་ས་ཞིག་མ་རེད། གནམ་གྲུ་དང་མེ་འཁོར། རླངས་འཁོར་སོགས་ལ་བསྡད་ནས་ཡོང་རྒྱུའི་སྒོར་མོ་ནི་མེད། དེར་བརྟེན། གནས་ཚུལ་ཅི་བྱུང་དྲ་ཐོག་ལ་ཡིན་གཅིག་མིན་གཅིག་འཇོག་རོགས་གནང་། བོད་རིགས་གཞོན་སྐྱེས་མང་པོར་བསམ་ཚུལ་འདི་གཅིག་མཚུངས་སུ་འདུག གལ་སྲིད་ཆུ་ཚོད་དང་བཀོད་སྒྲིག་གིས་འདང་གི་མེད་པ་དེ་འདྲ་ཡིན་ན། བརྙན་པར་ལ་འཇུག་ཐུབ་ཀྱི་མེད་ན། གསུང་བཤད་ཁག་སྒྲ་འཇུག་བྱོས་དང་དེ་ཡིག་ཐོག་ལ་ངས་ཕབ་ཆོག དེ་ལ་དང་བླངས་ཞབས་ཞུ་ཞུས་ཆོག ཐེངས་འདིའི་གཏམ་བཤད་ཁག་དང་གཟིགས་མོ་ཁག་རྗེས་སུ་དྲ་ཐོག་ནས་མཇལ་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད། ད་དེ་ཙམ་ཡིན།

  7. གཞོན་ནུ་ཟླ་མེད says:
    2009-10-26 at 9:43 pm

    ལྷ་སའི་སྦྲག་ཐམ། འབྲི་སྟངས་འདི་ཡ་མཚན་ཟིག་རེད་བསམ། གལ་ཏེ་ཧྲང་ཧེ་ནས་བཏང་བའི་ཡི་གེ་ཞིག་ཡིན་ན་ཡང་རྒྱ་ནག་པ་ཅིག་གིས་དེའི་སྟེང་གི་སྦྲག་ཐམ་ལ་ཧྲང་ཧེ་སྦྲག་ཐམ་ཟེར་འེ་ཡོང་། རྒྱ་ནག་གིས་བོད་འདི་དུམ་བུ་མང་པོར་གཏུབ་ཏེ། རེ་རེ་ལ་རྒྱ་མིང་རེ་རེ་བཏགས་པའི་ཤུལ་ཏུ། བོད་དངོས་ཀྱི་མིང་བཏགས་པ་ནི་ད་ད་ལྟའི་ལྷ་སའི་ཁུལ་འདི་རེད། དེ་བཞིན་དུ་ས་ཁྲ་སྟེང་དུ་ཡང་རྒྱ་ནག་བོད་ཟེར་ནས་དེ་ཡང་ལྷ་ས་གོར་གོར་བོ་གཅིག་པུ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱེད་པ་འདི་ལ། ལབ་རྩེ་དཔེ་མཛོད་ཚང་གིས་རམ་འདེགས་བྱས་གི་ཡོད་པ་འེ་རེད། བོད་ཀྱི་སྦག་ཐམ་དང་སྦྲག་རྟགས་ཟེར་ན་གང་ཞིག་ལ་མ་འགྲིགས་པ་ཡིན་ནམ།

  8. གཞོན་ནུ་ཟླ་མེད says:
    2009-10-26 at 9:53 pm

    བོད་ཀྱི་སྦག་ཐམ་དེ་ལྷ་སའི་སྦག་ཐམ་ལ་གྱུར། ལྷ་སའི་སྦྲག་ཐམ་དེ་ཡང་ཏ་ལེ་བླ་མའི་སྦག་ཐམ་བཟོས། དེ་ནི་མི་གཅིག་གི་རེད་ཟེར་རྒྱུ་རེད། ད་ཡིན་ན་ཁ་སང་འཇམ་དབྱངས་ནོར་བུས་བོད་རང་བཙན་གྱི་ཁུངས་བསྐྱལ་ལ་བོད་ཀྱི་སྦག་ཐམ་དང་སྦག་རྟགས་སོགས་བགྲང་ནས་བོད་མི་གཞི་སྡོད་གང་སར་ཁྱབ་བསྒྲགས་དང་། གཏམ་བཤད་བྱས་པར་ལབ་ཙེ་དཔེ་མཛོད་ནས་དེ་བོད་ཀྱི་ཟེར་ན་མི་འགྲིག ལྷ་སའི་ཟེར་དགོས་པ་རེད་ཟེར་ནས་ཁ་གཏད་གཅོག་གི་འདུག ཧཧཧ

  9. ཀླུ་སྨྱོན། says:
    2009-10-26 at 11:58 pm

    ཏྰ་ལའི་བླ་མའི་སྦུག་ཐམ་ཟེར་བ་ཞིག་མ་གཏོགས་ཏྰ་ལའི་བླ་མའི་སྦག་ཐམ་ཞེས་པ་ཞིག་མཐོང་མ་མྱོང་། སྦྲགས་ཞེས་པ་འདི་དབྱིན་སྐད་རེད་ཟེར་བ་ཨེ་བདེན་གི

  10. ཀླུ་སྨྱོན། says:
    2009-10-27 at 12:01 am

    ལ་རྩེ་ཚང་གིས་བོད་ཕྱི་ནང་གཉིས་ཀའི་མཁས་པ་སྐོང་འཚོག་བྱེད་དགོས་པས། ཐད་ཀར་ཆབ་སྲིད་ཀྱི་མིང་ཚིག་བཀོལ་སྤྱོད་བྱེད་ཐུབ་ཀི་མ་རེད་ལ་དགོས་ཀྱི་ཡང་མ་རེད། དཔེར་ན་ལ་རྩེ་ཚང་གི་ལོ་དེབ་མཐོ་རིས་བོ་དེ་དག་གི་ནང་དུ་”ཀྲུང་གོའི་ནང་ལོགས་སུ་ཡོད་པའི་བོད་”ཅེས་པ་ཞིག་མཐོང་རྒྱུ་ཡོད། ཚིག་འདི་ནི་ཕྱོགས་གང་ལ་ཡང་མི་འཕོག་པའི་ཁྱད་ཆོས་ཅན་ཞིག་རེད་འདོད་སོང་།

  11. གཞོན་ནུ་ཟླ་མེད says:
    2009-10-27 at 6:57 am

    འོ་མདང་དགོང་གི་མཆན་ལ་ཅི་ཟིག་མ་འགྲིག་ནས་ན། ར་བཏགས་ཚང་མ་མི་འདུག ངས་བཏགས་ནོར་ཐེབས་མེད་ད། གློག་ཀླད་འདིས་གཡུག་པ་ཡིན་ས་རེད་ཀོ ལབ་ཙེ་ཚང་རྒྱ་ནག་ལ་བསྟུན་དགོས་པ་བདེན་ན་ཡང་། རྒྱ་ནག་གི་སྔོན་ལ་རྒྱུགས་ནས་ཚིག་གསར་བཟོ་བ་འདི་ནི་ཅི་ཅི་ཧྥུན་ཙི་རང་རེད་ལ། བོད་ཀྱི་སྦྲག་ཐམ་ལ་ལྷ་སའི་སྦྲག་ཐམ་ཟེར་ནས་རྒྱ་ནག་ཚང་གི་ལ་བཟོས་མེད་ཀི་མོ།

  12. གཞོན་ནུ་ཟླ་མེད says:
    2009-10-27 at 11:31 am

    ཀླུ་སྨྱོན་དྲིན་ཆེན་པོ། ང་ཁ་བརྡ་ནང་ལ་ཡོད་ནས་ཟླ་བ་གསུམ་བཞི་རྗེས་སྔར་མེད་པའི་ན་ཚ་གསར་བ་ཅིག་སླེབས་འདུག དེ་ནི་གཞན་གྱི་སྐྱོན་བཙལ་རྒྱུ་དང་། ཡ་བྱེད་མཁན་རེག་ན་རྒྱགས་རེ་རྒྱགས་རྒྱུ་དེ་རེད། འདི་ཁ་བརྡ་ཚང་གི་འགོས་ནད་ཅིག་ཡིན་རྒྱུ་མ་རེད་པ། ད་རུང་ཐན་གཏེ་ཅིག་ལ་ཁ་སང་མདའ་ཚན་པ་ལ་རྒྱགས་རེ་བརྒྱབ་རྗེས་འཚབ་བ་འཚུབ་བེ་པན་ཇ་པེ་ཚང་ཟིག་གི་བྱིས་པའི་སྐྲ་ཕུད་ལ་སོང་ནས་སྐྲ་ཕུད་ཀྱི་ཆོ་ག་འདོན་རྒྱུ་ཡང་བརྗེད་ནས་བར་དོ་གསོལ་འདེབས་བཏོན་འདུག དྲིན་ཆེན་པོ། ད་ཞབས་བརྟན་འདྲ་ཡོད་ན་ང་ལ་བྱས་རན་འདུག བླ་ཟེར་བ་དེ་འཁྱམ་སོང་བ་ཡིན་ས་རེད་ཀོ

  13. རབ་འབྱོར། says:
    2009-10-27 at 12:11 pm

    གཞོན་ནུ་ཟླ་མེད་ལགས།
    ཁྱེད་ནས་སྦྲག་ཐམ་ཟེར་བ་འདི་རྒྱ་སྐད་ཀྱི་ཡིག་ཕེའོ་དང་དབྱིན་སྐད་ཀྱི་stamp ཟེར་བ་ལ་གོ་ཡོད་པ་འདྲ།དེ་མིན་པ་འདྲ།ངས་ལ་རྩེ་ཡི་དབྱིན་ཡིག་གི་གསལ་བསྒྲགས་ལ་བལྟས་པ་ཡིན།་་་ལྷ་སའི་སྦྲག་ཐམ་ཟེར་བ་དེར་དབྱིན་སྐད་ཀྱིས་Postmarked Lhasaཞེས་བྲིས་འདུག་་་Postmark ཟེར་བ་ནི་འཕྲིན་ཡིག་གང་ཞིག་སྦྲག་ཁང་ཞིག་ལ་འབྱོར་བའམ་སྦྲག་ཁང་ཞིག་ནས་གཏོང་བའི་ཚེ་དེའི་ཡིག་སྐོགས་ཀྱི་ཐོག་ལ་སྦྲག་ཁང་གི་ཐམ་ག་ཞིག་རྒྱག་གི་ཡོད་པ་དེ་རེད།་་་ཐམ་ག་དེའི་ཐོག་ན་སྦྲག་ཁང་དེ་ཡོད་སའི་གྲོང་ཁྱེར་གྱི་མིང་དང་ཡི་གེ་གཏོང་འབྱོར་གྱི་ཚེས་གྲངས་མ་གཏོགས་ཅི་ཡང་ཡོད་པ་མ་རེད།་་་་སྔོན་མ་སྦྲག་ཁང་ཡོད་ས་ལྷ་ས་དང་གཞིས་རྩེ།་་ཕག་རི་བཅས་གྲོང་ཁྱེར་ཉུང་ཤས་ཤིག་ཡོད་པ་ལས།་་་ལྷ་ས་ནི་སྦྲག་ཁང་ཆེ་ཤོས་ཡིན་ཅིང་།དེ་ལ་ཡི་གེ་འབྱོར་བ་དང་དེ་ནས་ཡི་གེ་གཏོང་བ་ཡང་མང་སྟབས་ལྷ་སའི་མིང་ཅན་གྱི་སྦྲག་ཐམ་རང་བཞིན་གྱིས་མང་བ་འདྲ།སྦྲག་གི་འགྲོ་སྟངས་དེ་དེང་སང་ཡང་དེ་ལྟར་རེད།་་དེའི་ཐོག་ན་ཆབ་སྲིད་ཀྱི་རྣམ་རྟོག་བྱེད་དགོས་ས་ཅང་མེད་པ་འདྲ།
    ཁྱེད་ཀྱིས་གསལ་བསྒྲགས་དེའི་ནང་ལ་བོད་ཀྱི་ཡིག་ཕེའོའམ་བོད་ཀྱི་Stamp ཟེར་བ་འདི་བོད་སྐད་དུ་
    གོ་འདོད་ཀྱི་ཡོད་ན་དེ་ཡང་གསལ་བསྒྲགས་ཀྱི་ཚིག་ཕྱི་མའི་ནང་ན་འདུག་་་བོད་ཀྱི་སྦྲག་རྟགས་དང་ཡིག་འབྲེལ་གྱི་འགྲེམས་སྟོན་ཞིག་ཟེར་བའི་བོད་ཀྱི་སྦྲག་རྟགས་ཟེར་བ་འདི་ཡིན་པ་འདྲ།་་དབྱིན་ཡིག་གིས་དེ་ལ་An Exhibit of Tibetan Stamps and Correspondence ཞེས་བྲིས་འདུག

  14. གཞོན་ནུ་ཟླ་མེད says:
    2009-10-27 at 7:51 pm

    རབ་འབྱོར་ལགས་ནས་གསལ་བྱེད་གནང་བར་ཐུགས་རྗེ་ཆེ་ལགས། སྦྲག་ཐམ་དང་སྦྲག་རྟགས་ནོར་མེད། ཡིན་ན་ཡང་གཅིག་བྱས་ན་ཁྱོད་ཀྱིས་གསལ་བྱེད་གནང་བ་ལྟར་སྔར་བོད་ཀྱི་སྦྲག་ཁང་གི་འགྲོ་སྟངས་དེ་འདྲ་ཡིན་སྲིད། ང་སྔོན་ཆད་ལོ་ཁ་ཤས་ཅིག་ལ་ཚོགས་པ་ཅིག་གི་དྲུང་ཡིག་བྱས་མྱོང་། སྦྲག་ཁང་ལ་ག་དུས་ཡིན་ན་ཡང་འགྲོ་དགོས་པ་རེད། དེ་རྒྱ་གར་ལ་རེད། སྦྲག་རྟགས་དེ་སོ་སོ་ཉོས་ནས་ཡིག་ལྐོག་སྟེང་ལ་སྦྱར་དགོས་པ་དེ་འདྲ་རེད། སྦྲག་ཐམ་ལ་ཉོ་ཡ་ཡོད་པ་མ་རེད། ས་གནས་དེར་ཡི་གེ་དེ་སླེབས་པའི་རྟགས་མཚོན་བྱེད་ལ་སྦྲག་ཁང་གིས་ཡིག་ལྐོག་སྟེང་དུ་ཐེལ་ཙེ་ཅིག་རྒྱག་ཡ་ཡོད་པ་དེ་རེད། ལྷག་པར་དུ་དེབ་བསྐྱེལ་ཡི་གེ་སྒང་ལ་དེ་རྒྱག་གི་རེད། དེའི་སྟེང་ལ་ཡང་རྒྱལ་ཁབ་ཀྱི་མིང་དང་ས་གནས་ཀྱི་མིང་གཉིས་ཀ་ཡོད་པ་རེད།
    འོ་ད་ང་རེག་སོང་སྔོན་ཆད་བོད་ཀྱི་ཡིག་ལྐོག་འདྲ་པར་དེ། སྦྲག་ཐམ་སྟེང་དུ་༼ལྷ་ས་ཡིག་ཁང་༽ ཟེར་ནས་བྲིས་འདུག སྦྲག་རྟགས་སྟེང་དུ་༼བོད་གཞུང་སྦྲག་གླ༽ ཟེར་ནས་བྲིས་འདུག ལབ་ཙེ་དཔེ་མཛོད་ཚང་ལ་དགོངས་དག་ཞུ་གི་ཡིན། དེས་མ་འགྲིག་ན་ཆད་པ་ཆོད་ད་ཆོག

  15. གཞོན་ནུ་ཟླ་མེད says:
    2009-10-27 at 8:00 pm

    འོ་ན་ལྷ་སའི་སྦྲག་ཐམ་ཟེར་དགོས་པ་རེད་དང་ཡང་ན་བོད་ཀྱི་སྦྲག་ཐམ་ཟེར་དགོས་པ་རེད་ཟེར་ན་ད་དུང་དྲི་བའི་ངོས་ན་འདུག་པས་མང་ཙམ་དཔྱད་རོགས།

  16. རིན་ཆེན says:
    2009-10-28 at 1:27 am

    སྔོན་མ་མཆན་རེ་རེའི་མགོར་གཡག་གི་མགོ་རེ་རེ་ཡོད་པ་ཞིག་མཐོང་སོང་་་་་་་་་་་་་་་་་་་་་ གཡག་མགོ་ཡོད་དུས་ཡོད་དགོས་དོན་དང་མེད་དུས་མེད་དགོས་དོན་གཉིས་ལ་འགྲེལ་གང་ཡང་མི་འདུག་་་་་་་་་་་་་་་་་་་་་་་་་་་་་་་

  17. གཞོན་ནུ་ཟླ་མེད says:
    2009-10-28 at 4:39 am

    རིན་ཆེན་འདི་ད་དྲན་པ་གཅིག་གསལ་ནོ་ད། བདེན་ཡ་ཐོག་མར་ཁ་བརྡ་ནང་དུ་ཡོང་དུས་གཡག་མགོ་རེ་ཡོད་མོད། ད་གཡག་མགོ་དེ་བརླགས་ཚར་འདུག གཅིག་བྱས་ན་ཁ་བརྡ་དྲ་ཁང་ནང་གི་ནང་འཁྲུགས་ལ་མ་བཟོད་པར་གཡག་མགོ་ཡལ་སོང་བ་ཡིན་ས་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme