Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།

Posted on 2009-09-30 By དགེ་རབ་ 3 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།
  • གསུང་བཤད་ཀྱི་ནང་དོན། བོད་ཀྱི་གསོ་རིག་དང་ནང་ཆོས། སྲིད་གཞུང་བཅས་ནི་སྔ་བོའི་དེང་རབས་ཅན་གྱི་དཔེ་གཞི་ཞིག་ཡིན་ནམ།
  • གསུང་བཤད་གནང་མཁན། Harvard University རྒན་ཆེན་མོ་Janet རྒྱ་མཚོ།
  • གསུང་བཤད་གནང་དུས། སྤྱི་ཟླ་ ༡༠ བའི་ཚེས་ ༣།  གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད་ ༣ པ།
  • གསུང་བཤད་གནང་ས། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་།

དགེ་རྒན་ཆེན་མོ་Janet རྒྱ་མཚོ་ལགས་ནས་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ནང་དུ་གསོ་བ་རིག་པ་འདི་གལ་ཆེ་ཚུལ་དང་། གསོ་བ་རིག་པས་ནང་ཆོས་ལ་རྒྱབ་རྟེན་བཅོལ་ཞོར་དུ་ནང་ཆོས་དང་དགོངས་འགལ་དུ་འགྲོ་བ་ཡང་རྒྱུན་དུ་ཡོང་གི་ཡོད་ཚུལ་ལ་དབྱེ་ཞིབ་གནང་རྒྱུ་རེད། གསུང་བཤད་འདིའི་ནང་དུ་གསོ་བ་རིག་པ་འདིས་ཆོས་ལྡན་གྱི་སྲིད་གཞུང་སྟེ། ལྷག་པར་དུ་གསོ་རིག་གི་བསྟན་པ་ཧ་ཅང་དར་བ་༧རྒྱལ་མཆོག་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་གཉིས་ཀྱི་སྐུ་རིང་ལ་ཅི་ཞིག་མཚོན་གྱི་ཡོད་པ་ལ་ཡང་དབྱེ་ཞིབ་གནང་རྒྱུ་རེད། བོད་ཀྱི་ནང་ཆོས་དང་གསོ་བ་རིག་པའི་གཉིས་བར་གྱི་འབྲེལ་བ་ནི་སྔ་བོའི་ནུབ་ཕྱོགས་ཡོ་རུབ་ཀྱི་ཆོས་ལུགས་དང་ཚན་རིག་གཉིས་ཀྱི་འབྲེལ་བ་དང་འདྲ་ས་ཡོད་པ་དང་མི་འདྲ་ས་ཡང་ཧ་ཅང་གསལ་པོ་ཡོད།

Janet རྒྱ་མཚོ་ལགས་ནི་ Harvard University ཞེས་པའི་སློབ་གྲྭ་ཆེན་མོ་དེའི་ནང་ཆོས་ཞིབ་འཇུག་གི་དགེ་རྒན་ཆེན་མོ་ཡིན་ཅིང་། མོས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་དཔེ་དེབ་དུ་མ་བརྩམས་ཡོད་ལ། དེང་སང་སྔ་བོའི་བོད་ཀྱི་གསོ་བ་རིག་པའི་མཁས་དབང་རིམ་བྱོན་གྱི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་སྒྲིག་བཞིན་ཡོད། མོ་ནི་སྤྱི་ལོ་ ༢༠༠༠ ལོ་ནས་ ༢༠༠༦ ལོ་བར་གྱི་རྒྱལ་སྤྱི་བོད་རིག་པའི་མཐུན་ཚོགས་ཀྱི་གཙོ་འཛིན་ཡིན་ལ། དེང་སང་ཨ་རིའི་ཆོས་ལུགས་ཞིབ་འཇུག་ཞེས་པའི་ཁོངས་ཀྱི་ནང་ཆོས་སྡེ་ཚན་གྱི་འགན་འཛིན་སྦྲེལ་པོ་ཡང་ཡིན།

གསལ་བསྒྲགས།

Post navigation

Previous Post: ཡིན་དཱ། མུ་མཐུད་ནས་ཡིན་དཱ།
Next Post: གཡོ་སྒྱུའི་གར་དེ་མཐོང་སོང།

Comments (3) on “ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།”

  1. གཅན་བཟོད་རྒྱམ། says:
    2009-09-30 at 2:23 am

    གསུང་བཤད་འདི་གྲས་སྒྲ་ཕབ་དང་ཡང་ན་ཡིག་ཐོག་ཏུ་ཕབས་ཏེ་ངེད་ཀློག་མཁན་རྣམས་ཀྱི་བགོ་སྐལ་དུ་གནང་ཐུབ་པར་མཛོད།

  2. yangbum says:
    2009-09-30 at 9:56 am

    ཇེ་ནེ་ཊི་ རྒྱ་མཚོ་ལགས་ནི་ནུབ་ཕྱོགས་ཡུལ་ཏུ་བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་ཞིབ་འཇུག་བྱེད་མཁན་མི་སྣ་གཙོ་བོ་ཞིག་ཡིན་པས་ཁོང་གི་ད་རེས་ཀྱི་གཏམ་བཤད་དེ་ཐག་རིང་དུ་ཡོད་པའམ་གཏམ་བཤད་འདིར་བཅར་མི་ཐུབ་མཁན་ཚོར་ཉན་ཀློག་བྱེད་ཐུབ་པ་ཞིག་བཟོ་རོགས་གནང་།

  3. སྔོན་པོ་་ says:
    2009-10-01 at 11:28 am

    ལ་རྩེ་ཚང་དེང་རབས་རིང་ལུགས་པ་ཞིག་ཡིན་ཟེར་། དེང་རབ་པ་ཡིན་ན་དེང་རབས་ཀྱི་མཐུན་རྐྱེན་ཡོད་དགོས་པ་རེད། དེང་སྐབས་༧ གོང་ས་མཆོག་གི་གསུང་བཤད་དང་གསུང་ཆོས། བོད་ཀྱི་གྲོས་འཚོགས་དང་གསུང་བཤད་གལ་ཆེན་མང་ཆེ་བ་ སྒྲ་གཟུགས་གཉིས་ཀ་ཐད་གཏོང་བྱེད་ཀིན་འདུག ལ་རྩེ་ཚང་གིས་ཡང་འདི་འདྲ་བྱེད་ཐུབ་ན་འཛམ་གླིང་ཡོངས་ཀྱི་བོད་རིགས་མང་པོས་མཁས་དབང་ཁག་གི་གསུང་བཤད་ལ་བལྟ་ཉན་བྱེད་ཐུབ་པར་མ་ཟད་དྲི་བ་དྲིས་ལན་ཡང་གནང་ཐུབ་ཀི་རེད། དེ་ལྟར་བྱས་ན་དེང་རབས་པའི་མིང་དོན་ཡང་ཚང་བ་རེད་། དེ་མ་ཐུབ་ན་མཁྲིགས་འཛིན་རིང་ལུགས་པ་རང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme