Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུ་ཤུ་གསར་གཏོད་པ་སི་ཊེབ་ཇཱོབ་སི་ལས་བསླབ་འོས་པའི་འཚོ་བའི་སློབ་ཚན་བཅུ།

Posted on 2016-03-082016-03-08 By ཁ་བརྡ 1 Comment on ཀུ་ཤུ་གསར་གཏོད་པ་སི་ཊེབ་ཇཱོབ་སི་ལས་བསླབ་འོས་པའི་འཚོ་བའི་སློབ་ཚན་བཅུ།

རྐ་སྲས།

 
ང་ཚོར་སུ་ཊེབ་ཇྷོབ་སུ་གཞན་པ་ཞིག་ཡོང་རྒྱུ་མེད་པ་སོམ་སྙི་མེད་ལ་དེ་ཐད་ང་ཚོས་ཅི་ཡང་བྱེད་མི་ཐུབ། འོན་ཀྱང་ཁོང་གིས་ང་ཚོར་རྨད་དུ་བྱུང་བའི་ཀུ་ཤུའི་ཐོན་རྫས་འདི་འདྲ་ཞིག་གནང་པར་རྟག་དུ་བཀའ་དྲིན་ཞུ་བར་འོས། ཀུ་ཤུའི་གཙོ་སྐྱོང་བ་ཟུར་བའི་འཚོ་བ་གཅིག་པུའི་ནང་དུའང་སློབ་ཚན་ཞིག་ཡོད། ལྷག་པར་དུ། ཐོག་མར་ཁོང་གིས་འགྲོ་གྲོན་ཡང་ཁ་མི་འཐབ་པའི་ཚོང་གཉེར་ཁང་དེ་ཡོང་སྒོ་སྟེར་ཐུབ་པའི་ཚོང་ལས་ཁང་ཞིག་ཏུ་བསྐྲུན་ནས་ཚོང་གཉེར་བ་དག་ལ་མ་འོངས་བའི་ལེགས་འགྲུབ་མཐོང་དུ་བཅུག་པ་དེ་རེད།
མི་སུ་ལ་ཡང་ཁོ་ནང་བཞིན་གཏམ་བཤད་བྱེད་སྐབས་དང་རང་གི་འཆར་སྒོ་གླེང་སྐབས་ཀྱི་འགུགས་ཤུགས་དེ་འདྲ་ཞིག་མེད། ཁོས་མགོ་ཁྲིད་པའི་མི་ལ་མཐུན་མི་ཀྱི་ཁྱད་ཆོས་ཤིག་ཡོད། ཁོའི་ཚོང་ལས་ཁང་འདིས་སྟུད་མར་ཐོན་རྫས iMac, iTunes, Apple Store, ipad བཅས་བཏོན་པ་རེད།

༡༽ གལ་ཏེ་ཁྱེད་ཀྱིས་ཅི་ཞིག་བཙོང་འདོད་ཚེ། ཁྱེད་རང་མི་གཞན་རྟོགས་ཐུབ་མཁན་ཞིག་བྱེད་དགོས། གལ་ཏེ་ཁྱེད་ཀྱི་བསམ་ཚུལ་ཞིག་གམ་ཐོན་དངོས་ཞིག་ཞབས་ཞུའི་རྣམས་གྲངས་ཤིག་སུ་ཞིག་ལ་བཙོང་འདོད་ཚེ་ཁྱེད་ཀྱིས་རང་ཉིད་ཐོན་དངོས་དེ་བཙོང་ཡུལ་གྱི་མི་དེའི་སར་བཞག་ནས་བྱ་བ་བསྒྲུབ་དགོས། ཁྱེད་ཀྱིས་ཁྱད་དུ་འཕགས་པའི་ཐོན་དངོས་ཤིག་བཟོ་འདོད་ཚེ་ཁྱེད་རང་ཐོན་དངོས་དེ་འཛད་སྤྱོད་པ་ཞིག་ཡིན་པའི་བལྟ་སྟངས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས།
འདི་ལ་གཞན་རྟོགས་པ་ཟེར།

༢༽ རང་ཉིད་སྤྲོ་སྣང་ཡོད་སའི་བྱ་བ་བསྒྲུབ་དགོས། སུ་ཊེབ་ཇྷོབ་ཀྱིས་ཅི་ཞིག་བསྒྲུབས་པ་རེད། རང་ཉིད་སྤྲོ་ཡོད་པ་ཞིག་ལས་ཅི་ཡང་སྒྲུབ་མེད་དེ་ཁོས་ཚོང་གཉེར་ཁང་དེའི་དབུ་ཁྲིད་པ་རེད། ལས་དཀའི་ཕྱོགས་ནས་མི་ཚང་མར་རང་ཉིད་བཟང་སའི་ལས་དཀའ་དང་མི་བཟང་སའི་ལས་དཀའ་ཡོད་པ་རེད། དེར་རྟེན་སོ་སོས་རང་ཉིད་ལ་གཏིང་འདྲི་བྱེད་དགོས། ལས་དཀའ་འདི་ང་ལ་འཚམ་མམ་མི་འཚམ། ཁྱེད་ཀྱིས་ལས་དཀའ་བྱས་ན་རང་ཉིད་སྐྱིད་པོ་ཡོད་མེད་ཡང་འདྲི་དགོས། དང་པོ་ལས་དཀའ་དེ་ཁྱེད་ཀྱི་འདོད་པ་ཁེངས་བ་ཞིག་ཡིན་དགོས།

༣༽ ཐོན་དངོས་ཀྱིས་འཚོ་བའི་དགོས་མཁོར་ཕྱོགས་པ་མཁས་དགོས། འོན་ཀྱང་རེ་ཟུང་ཞིག་གི་དགོས་མཁོ་ཕྱོགས་མི་རུང་། ཐོན་དངོས་ཀྱི་རྒྱུ་སྤུས་ཀྱི་ཕྱོགས་ནས་རྩེར་སོན་པ་བྱེད་དགོས་ཡིན་ན་ཡང་ཁྱད་འཕགས་ཀྱི་སྤུས་ཀའི་རྐྱེན་པས་ཐོན་དངོས་དེ་འཛད་སྤྱོད་པ་མང་མང་གིས་ལོངས་སྤྱོད་དཀའ་བར་འགྱུར་མི་རུང་། གོང་ཚད་ཀྱི་ཐད་ནས་ཉོ་ཐུབ་པ་དགོས། གང་ལྟར་ཚོང་གཉེར་ཁང་དེས་ཐོན་དངོས་ཀྱི་རིན་གོང་དམའ་པོའི་ཐོག་ནས་དངུལ་གསོག་པའི་ཐབས་ལམ་གཉེར་དགོས།

༤༽ རིན་ཐང་མེད་པའི་ལས་གཉེར་བར་བཟོད་སྲན་བྱེད་མི་འོས། སུ་ཊེབ་ཇཱོབ་ཀྱི་ཚོང་གཉེར་ཁང་དུ་རིན་ཐང་མེད་པའི་ལས་གཉེར་བའི་ཁ་གྲངས་གཏན་ནས་འཕེལ་དུ་བཅུག་མེད། རིན་ཐང་མེད་པའི་ལས་གཉེར་བས་སྙིང་པོ་མེད་པའི་ཐག་གཅོད་བྱེད་ཅིང་གཞན་གྱི་ནུས་པ་ཞ་བར་བྱེད་པས་དེ་དག་ཁྱེད་ཀྱི་ཉེ་འཁོར་རམ་ཚོང་གཉེར་ཁང་དུ་གཞི་རྐང་གཟུག་ཏུ་འཇུག་མི་འོས།

༥༽ ཅི་ལྟར་མགོ་ཁྲིད་སྟངས་ཤེས་པར་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་ཧ་ཅང་ལེགས་འགྲུབ་འབྱུང་བའི་ཚོང་ལས་ཁང་ཞིག་གཉེར་འདོད་ཚེ་ཁྱེད་རང་གཅིག་པུས་ཡོད་ཚད་སྒྲུབ་ཐུབ་ཐབས་མེད། ཁྱེད་ལ་འགན་འཁྲི་ཐེག་ཅིང་ལྷན་སྐྱེས་ཀྱི་ཁྱད་ནུས་ལྡན་པའི་མི་དགོས། ཡང་གཅིག་བཤད་ན། གལ་ཏེ་ཁྱེད་ཀྱིས་རང་གི་འཆར་སྒོ་དེ་རྨད་དུ་བྱུང་བ་ཞིག་ཏུ་འཁྱོངས་བཞིན་པ་མཐོང་འདོད་ཡོད་ན་ཁྱེད་རང་མགོ་ཁྲིད་བཟང་པོ་ཞིག་གམ་གཉེར་བ་ཕུལ་དུ་བྱུང་བ་ཞིག་བྱེད་དགོས།

༦༽ རང་ཉིད་ཀྱི་འཕྲོད་བསྟེན་ལ་རྩེད་ཆས་བྱེད་མི་རུང་། བྱ་བ་སྒྲུབ་པ་ནི་ལེཊ་པ་ཞིག་རེད། འོན་ཀྱང་རང་ཉིད་ཀྱི་འཕྲོད་བསྟེན་དེ་ལ་བརྗེ་མི་རུང་། ལྷག་པར་དུ་སྨན་པས་ཁྱེད་ལ་ཛ་དྲག་གི་འཛུབ་སྟོན་བྱེད་སྐབས། སྨན་པས་ཆ་རྐྱེན་བཏོན་པ་བཞིན་སུ་ཊེབ་ཇཱོབ་ཀྱིས་ཁོའི་སྐྲན་ནག་ལ་དོ་ཁུར་ནན་མོ་བྱས་ཡོད་ན་ཕལ་ཆེར་ཁོ་པ་ད་དུང་འཚོ་ཡོད་སྲིད།

༧༽ བྱ་གཞག་གི་དམའ་རིམ་རིན་ཐང་རྟོགས་དགོས། ཁྱེད་ཀྱིས་སྒྲུབ་བཞིན་པའི་བྱ་བ་དེ་ཅི་འདྲའི་ཆུང་ཆུང་ཞིག་ཡིན་ཡང་ཁྱེད་ཀྱིས་ལས་ཀ་དེ་སྤོབས་པ་ཞིག་དུ་མཐོང་པར་རིཊ། ཁྱེད་ཀྱིས་ལས་གཉེར་བ་དག་ནམ་ཡང་ཁོ་ཚོའི་འགན་འཁྲི་ལས་བྱོལ་དུ་འཇུག་མི་རུང་། ཡང་གཅིག་བཤད་ན། ཚོང་ལས་ཀྱི་དམའ་རིམ་ནས་བྱུང་བཞིན་པའི་དོན་རྐྱེན་དང་འབྲེལ་མེད་དུ་ནམ་ནམ་གཞར་ཡང་ལྷག་མི་རུང་།

༨༽ ཚོང་གཉེར་ཁང་གཞན་དག་ཕམ་པར་རྒྱག་པ་ལས། ཚོང་ལས་རོལ་རྩེད་ཀྱི་ངོ་བོ་བསྒྱུར་ཤེས་དགོས། སྒྲེལDellཚོང་གཉེར་ཁང་ཕམ་པར་རྒྱག་རྒྱུའི་ཚབ་དུ་སྐབས་དེར་ཀུ་ཤུ་ཚང་གིས་ཀུ་ཤུའི་ཐོན་དངོས་མང་པོ་ཞིག་བསྐྲུན་དེ་གཞན་ལས་ནུས་ཤུཊ་ཆེ་བའི་རོལ་རྩེད་པ་ཞིག་བྱས་པ་རེད། ཁྱེད་ཀྱི་འགྲན་ཡ་ཕམ་དུ་འཇུག་ཐབས་བྱེད་པ་ལས་གཞན་དང་གཏན་ནས་མི་འདྲ་བ་ཞིག་འཁྱོངས་ཐབས་བྱེད་དགོས།

༩༽ རྒྱུན་པར་དམིགས་ཡུལ་གཅིག་འགྲུབ་རྗེས་སུ་དམིགས་འདུག་གསར་བ་ཞིག་གཉེར་དགོས། གལ་ཏེ་ཁྱེད་ཀྱི་དམིགས་ཡུལ་ཞིག་འགྲུབ་ཟིན་ན་དམིགས་ཡུལ་གསར་བ་ཞིག་ཟུངས། སྤྱིར་ཆེས་མཐོའི་འགན་འཛིན་རྣམས་དང་གཉེར་བ་རྒན་གྲས་ཀྱི་བྱས་རྗེས་གཞག་པར་དམིགས་ཡུལ་གསར་བ་བསྒོས་ནས་མུ་མཐུད་ལས་གཉེར་བྱེད་དུ་བཅུག་པ་ལས་ཁོང་ཅག་ལ་དཔལ་འབྱོར་གྱི་བྱ་དགའ་སྟེར་ཞིང་ཁོ་ཚོའི་འདྲ་པར་དུས་དེབ་ཀྱི་ཁ་ཤོག་དག་དུ་འགོད་པར་བྱ།

༡༠༽ ཐུམ་སྒྲིལ་ཚོང་ཟོག་དང་འགྲེམ་བསྟོན་གཉིས་ཀ་གལ་ཆེན་པོ་ཡིན། ཁྱེད་ཀྱི་ཚོང་ཅི་ཞིག་བྱེད་ཀྱིན་ཡོད་མིན་ལ་མ་ལྟོས་པར་ཚོང་ལས་ཁྲོད་དུ་ལེགས་འགྲུབ་ཀྱི་རྒྱུད་རིམ་ཞིག་ཅིས་ཀྱང་དགོས། གང་ལྟར་དེ་ནི་འགྲོ་བ་མིའི་གཉུག་གཤིས་ཁོ་ན་སྟེ་གསར་སྙེགས་ཀྱི་འདུན་པས་བཀུག་པ་ཞིག་ཀྱང་རེད།

སྣ་ཚོགས།

Post navigation

Previous Post: ཁུ་བྱུག་གིས་བསྲིངས་བའི་འཕྲིན།
Next Post: ཚོགས་གཙོ་ཆང་གིས་བཟི་ནས་མདོ་སྨད་སྤྱི་འཐུས་རྡུང་བ།

Comment (1) on “ཀུ་ཤུ་གསར་གཏོད་པ་སི་ཊེབ་ཇཱོབ་སི་ལས་བསླབ་འོས་པའི་འཚོ་བའི་སློབ་ཚན་བཅུ།”

  1. རྐ་སྲས། says:
    2016-03-09 at 11:02 pm

    ཁོ་བོའི་བསྒྱུར་རྩོམ་ཡིན་ནོ་ལོ་འདི་ལ་ཆད་སྐྱོན་དང་ཐ་ན་བྱེད་འབྲེལ་ནོར་བ་ཡང་འདུག་པས་དགོངས་འགལ་མེད་པར་ཞུ། དུས་ཆོད་བྱུང་ན་བཅོས་རྩིས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme