Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུ་ཐང་ཕུག་རོན་ཕུག་མཇལ་བ། ༢༽

Posted on 2018-01-10 By ཁ་བརྡ 3 Comments on ཀུ་ཐང་ཕུག་རོན་ཕུག་མཇལ་བ། ༢༽

སྐྱོ་བྲག་དགའ་དབང་།

 

     ངས་དྲུང་གོ་ཤྲི་རྒྱལ་ཚབ་པ་མཆོག་ལ། ང་ཚོ་སྒྲུབ་གནས་སུ་འགྲོ་བའི་མཉམ་པོར་ཀོ་ཀོ་ཏཱ་རའང་འགྲོ་དགོས་ཟེར་ཞིང་གདའ་ཞུས་པ་ན། མོ་རི་ཁྲོད་ལ་མོས་པ་ཆེན་པོ་ཡོད་རེད། མི་ལ་རས་པའི་སྒྲུབ་གནས་ལ་ཉམས་ལེན་བྱེད་པ་བྱུང་ན་དཔེ་ཡག་པོ་རེད། མོ་སྐྱུར་མ་ཤོག་པར་ཁྲིད་ནས་སོངས་གསུང་གི་གདའ་བས། ལགས་སོ། ། ཞུས་པ་ཡིན།

     ཡིན་ནའང་། སེམས་ཁྲལ་མེད་པ་ག་ལ་ཡིན། ཀོ་ཀོ་ཏཱ་ར་ནི། རྒྱ་མཚོའི་གླིང་ཕྲན་ཧོང་ཀོང་དུ་སྐྱེས་ཚར་བྱུང་ཞིང་། མྱི་ཚེ་སྐྱིད་ཉམས་ལ་རྫོགས་པ་ཞིག་ཡིན་ཕྱིར། རི་བོ་ཧི་མ་ལ་ཡའི་གངས་ཁྲོད་དུ་རྒྱུ་འགྲུལ་བྱེད་པ་ན། ས་ཆུ་མ་འཕྲོད་པ་དང་། ཟས་གོས་ཉེར་སྤྱོད་ཞན་པའི་དཀའ་ངལ་གྱིས་གང་མགྱོགས་ལོག་དགོས་པ་འབྱུང་ནའང་ཅི་ཤེས་སྙམ་པ། ཁམས་པ་འཇམ་དབྱངས་འོད་ཟེར་ལ་བཤད་པ་ན། ཁོང་གིས། སེམས་ཁྲལ་ཅི་ཡང་དགོས་ཀྱི་མ་རེད། འཇིག་རྟེན་ལ་སེམས་ནི་གཙོ་བོ་རེད་ལ། མོའི་མྱི་ཚེའི་རེ་སྨོན་ནི་རི་ཁྲོད་ལ་འགྲོ་བ་ཡིན་ཕྱིར། སེམས་ཤུགས་རང་གིས་འགྲིག་འགྲོ་ཡི་རེད་ཟེར་བས་བདེན་སྣང་འདྲ་ཤར་བྱུང་།

   

 ཙུམ་ལ་འགྲོ་བའི་དུས་ཚོད་ཡག་ཤོས་ནི། སྟོན་ཀ་ཡིན་པ་བཞིན། ང་ཚོ་ཡང་སྟོན་ཀར་འགྲོ་བའི་གཏན་ཁེལ་བྱས་པ་ཡིན། སྐབས་ཤིག་ལྷ་རྩེའི་ཁུ་བྱུག་གིས། མཉམ་འགྲོ་བྱ་བའི་རེ་འདོད་ཤིན་ཏུ་ཆེ་ན་ཡང་། བླ་མ་གསལ་བྱེད་རིན་པོ་ཆེས། སྐྱོ་བྲག་བཤད་གྲྭར་དཔེ་ཁྲིད་བྱེད་དགོས་པའི་བཀའ་ནན་བསྩལ་བྱུང་བས་ཐེངས་འདིར་ཁོམ་པ་མི་འདུག །རྗེས་མ་རེ་བ་བྱེད་ཀྱི་ཡིན་ཟེར་བར། མཁན་པོ་དཔའ་བརྟན་ངེད་གཉིས་ཀྱིས། བླ་མ་ལ་ཐབས་ཤེས་གང་ཡོད་ཀྱིས་དགོངས་ཞུ་གྱིས། ང་ཚོ་ཐེངས་འདིར་ཡག་ཤོས་ཡིན་འོང་། མ་འོངས་པ་ལ་ངེས་པ་ཅང་མེད་ལབ་ནའང་ཉན་མ་བྱུང་བས། ཉིན་ཞིག་མཁན་པོ་དཔའ་བརྟན་གྱིས། ད་ལྷ་རྩེའི་ཁུ་བྱུག་ནི་བྱོན་ཐུབ་པ་མི་འདུག །ཐད་འཕུར་གནམ་གྲུའི་ནང་ལ་ནི་ཤོང་གི་གདའ། ཇ་སྐོལ་རོགས་ལའང་ཕན་གྱི་རེད། ངས་རོགས་པ་ཡག་པོ་ཞིག་ཁྲིད་ཡོང་ན་ཆོག་གམ་ཟེར་བར། ངས། སྤྱིར་བཏང་མྱི་ཉུང་ན་དགའ་བ་ཙམ་ལས་གཞན་མ་ཆོག་པ་ཅི་མི་གདའ་བ་ཞུས་པ་ན། ཁོང་གིས། ད་ཡག་པོ་བྱུང་། ང་ལའང་འགྲོ་རོགས་ཤིག་ཡོད་དགོས་འདུག་གསུངས་ནས། གནམ་གྲུའི་འཛིན་ཡང་ཉོས་ཟིན་པའི་ཉིན་ཞིག ཡང་ལྷ་རྩེའི་ཁུ་བྱུག་གིས། ཟུང་གི་མཉམ་པོར་ང་ཡང་འགྲོ་ན་མ་གཏོགས་སྡོད་བཟོད་མི་འདུག །ཚང་མ་བློས་བཏང་ནས་འགྲོ་ཤོག་གི་ཡིན་ཟེར་བས། ཡང་ཡིན་དང་ཡིན་མ་ལབ་རང་ལབ་རེད།

     ཀོ་ཀོ་ཏཱ་རས། ངའི་མྱི་ཚེ་ལ་རི་ཁྲོད་འགྲིམ་པ་ཐོག་མ་ཡིན་ཅིང་། རི་ཁྲོད་དབེན་པ་རྣམས་སུ་ལྷ་འདྲེ་འདྲ་མིན་ཡང་ཡོད་ངེས་པས་ན། ཁྱོད་ཀྱིས། ངའི་རྩ་བའི་བླ་མ་དྲུང་གོ་ཤྲི་རྒྱལ་ཚབ་པ་མཆོག་ལ། ངས་ཉམས་ལེན་ཅི་ཞིག་བྱ་དགོས་པ་དང་། ང་ལ་བྱིན་རླབས་བྱས་པའི་སྲུང་བ་ཞིག་ཀྱང་ཞུས་ཤོག །ཟེར་བ་བཞིན་ཞུས་པ་ཡིན།

     ཁོང་གིས། དུས་རྒྱུན་བྱེད་བཞིན་པའི་ཞལ་འདོན་དག་ཀྱང་བགྱིས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་། མི་ལ་རས་པའི་ཐུགས་ནི་གཉིས་སུ་མེད་པ་ཡིན་ཅིང་། མི་ལ་རས་པའི་ཐུགས་དང་། རང་གི་སེམས་ནི་རྣམ་དབྱེར་མེད་པ་ཡིན་པ་ལ་ཡིན་པར་ཤེས་པས། ངས་སྔར་ངོ་སྤྲོད་བྱས་པ་ཇི་བཞིན་རང་སེམས་ཀྱི་ངོ་བོ་སྐྱོངས་ཤིག །ཅེས་དང་། བདུན་སྒྲུབ་མཛད་པའི་ཤིང་ཕྲེང་སྤུས་ལེགས་ཆེན་པོ་ཞིག་ཀྱང་གནང་སྟེ། ལུས་དང་མ་བྲལ་བ་གྱིས། རྗེས་མའང་བརླག་མ་བཅུག་གསུངས།

ངོ་སྤྲོད།, བསམ་ཚུལ།

Post navigation

Previous Post: “ཟམ་གདོང་དེ་མཁྲེགས་པོ་ཞིག་ཡོད་བསམས་སོང་སྟེ། ད་ཐེངས་ཁོང་སྐད་ཤོར་འདུག”ཅེས་༸གོང་ས་མཆོག་གིས་གསུངས།
Next Post: བྱིའུ་ཆུང་ཞིག

Comments (3) on “ཀུ་ཐང་ཕུག་རོན་ཕུག་མཇལ་བ། ༢༽”

  1. ལ་དྭགས་འཇམ་དཔལ།། says:
    2018-01-10 at 10:37 am

    བསྩལ་འདི་འདྲ་འབྲི་བ་ནི། བོད་རྒྱ་ཚིག་མཛོད་དུ། སྩོལ་གྱི་འདས་ཚིག སྩལ། ཞེས་པར། བསྩལ་ཞེས་ཡང་ཡང་འབྲི་བ་ནི། བཀའ་བསྟན་གསུང་འབུམ་སོགས་བོད་ཀྱི་མཁས་པའི་རིང་ལུགས་འདོར་བའི་སྐྱོན་དུ་གསལ་པོར་མཐོང་ངོ་།

  2. Abharu Jigwang says:
    2018-02-10 at 2:01 pm

    ༄༅། སྐྱོ་བྲག་དགའ་དབང་ལགས།
    གོང་དུ་གསུངས་པའི་རྗེ་མི་ལའི་སྒྲུབ་གནས་གང་ལ་ཟེར་བ་ཡིན།
    ཁོང་གི་སྒྲུབ་གནས་རྩེ་ཕུད་དེ་གང་རེད། ས་གནས་གང་དུ་ཡོད་། མིང་ལ་ཅི་ཟེར་རམ།
    བལ་ཡུལ་མཐའ་མཚམས་གཉེ་ཤང་ཟེར་བའི་་་ས་གནས་སུ་མི་ལའི་སྒྲུབ་ཕུག་ཅིག་འདུག་
    བྲག་རི་ཞིག་གི་དཀྱིལ་ཙམ་ལ་འདུག་ ཡུལ་མི་དེ་ཚོས་བརྗོད་ན་་མི་ལ་སྒྲུབ་གནས་དེར་
    སྒོམ་ལ་བཞུགས་པའི་སྐབས་་་ཁྱི་ར་མགོན་པོ་རྡ་རྗེ་ཟེར་བ་དེས་་སེམས་ཅན་བསད་པར་
    གཉེ་རྒྱབ་ཏུ་ཡོང་བར་་་རྗེ་མི་ལའི་སྒྲུབ་གཟུགས་མཐོང་ནས་མེ་མདའ་བརྒྱབ་པར་མི་ལར་
    མ་ཟུག་པར་་་ཁོ་པ་རང་ཕར་ལོག་པར་བརྟེན་་་ཁོ་ཧང་སངས་སྟེ་འདི་སེམས་ཅན་རེད་མི་འདུག་
    མི་རེད་་་ཅེས་སྐུ་མདུན་དུ་བཅར་ནས་བཤགས་པ་ཕུལ་ནས་ཁོ་པར་ཆོས་གསུངས་ཏེ་སྲོག་གཅོད་སྤངས་པ་རེད་ཅེས་ཟེར་བས་་་ངས་ཉིན་གཅིག་མཇལ་རྒྱུའི་སེམས་པ་བྱུང་ཡང་་་གོ་སྐབས་རག་མ་བྱུང། འདིའི་སྐོར་རྗེ་མི་ལའི་མཛད་རྣམ་ནམ་ནང་འདིའི་སྐོར་་་འཁོད་ཡོད་དམ་མེད།
    གོང་དུ་བརྗོད་པའི་སྒྲུབ་གནས་དེ་ཐག་རིང་པོ་ནས་དཀར་སེང་ངེས་མཇལ་གྱི་འདུག།

  3. ཀརྡོ་རབ་འབྱམས་པ་ says:
    2018-02-11 at 1:10 am

    རྗེ་མི་ལས། ཁྱི་ར་བ་མགོན་པོ་རྡོ་རྗེ་བཏུལ་སའི་གནས་དེ་གཉེན་ཞང་བྲག་དཀར་ཡུལ་གྱི་ཕར་ཕྱོགས་གངས་རིའི་མཚམས་སུ་ཡོད། དེར་གྲུབ་ཆུ་དང་། ཞབས་རྗེས་སོགས་མཇལ་ས་ཡོད། ད་དུང་རི་དེའི་དཀྱིལ་ཙམ་གྱི་གྲུབ་ཕུག་ཞིག་གི་ནང་ལ་རྗེ་མི་ལ་དང་ཁྱི་ར་དང་ཁྱི། རི་དྭགས་སོགས་མཚོན་བྲིས་ཞིག་ཀྱང་མཇལ་རྒྱུ་ཡོད། ད་དུང་དེའི་མ་ཚད་ཡ་མཚན་ཤོས་ཅིག་ནི། ཁྱི་ར་མགོན་པོ་རྡོ་རྗེའི་མདའ་གཞུ་གཉིས་ཀྱི་ནང་ནས། གཞུ་དེ་མའི་མི་བསླེབས་སའི་བྲག་ཅིག་གི་འོག་ལ་དེར་བཅང་ནས་བཞག་པ་ལྟར་མཇལ་རྒྱུ་ཡོད་རེད། གཉེན་ཞང་པ་འབྲུག་པ་བཀའ་བརྒྱུད་པ་རྣམས་ལོ་ལྟར་དེར་གནས་མཇལ་དང་། སྒྲུབ་ཚོགས་འབུལ་བ་དང་། གྲུབ་ཆུ་ཐུང་ཕྱིར་དང་། སྨྱུང་གནས་ཀྱང་འཚོགས་བགྱིད་ཡོད་པ་དེ་ང་ལོ་ན་བདུན་བརྒྱད་ནས། བཅུ་གཉིས་བཅུ་བར། དེར་མི་ཚེ་བསྐྱལ་བས་དུས་ད་ལྟ་ཡང་གསལ་གསལ་ཐིང་ཐིང་ངང་དྲན་བཞིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme