Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀརྨ་བསམ་གྲུབ་ཀྱིས་རང་གི་སྡུག་བསྔལ་བཤད་པ།

Posted on 2010-06-232010-06-23 By དགེ་རབ་ 18 Comments on ཀརྨ་བསམ་གྲུབ་ཀྱིས་རང་གི་སྡུག་བསྔལ་བཤད་པ།

འོད་ཟེར་གྱིས་བྲིས། ནགས་ཤོད་རིག་རལ་གྱིས་བསྒྱུར།
ks2ཁ་ས་ཁྲིམས་རྭ་འཚོགས་སར་ཀརྨ་མཐོང་དུས་སྒྲོལ་དཀར་མཚོ་ཧ་ལས་ཧང་སངས་བར་གྱུར། “ཁོང་གི་སྐད་ངོ་མ་ཆོད་ན་ངས་ཁོང་རང་རྩ་བ་ནས་ངོ་ཤེས་ས་མ་རེད་”ཅེས་སྐྱོ་གདུང་གིས་གཟེར་བའི་བཟའ་ཟླ་སྒྲོལ་དཀར་མཚོས་མགྲིན་པ་རྣང་བཞིན་དུ་བརྗོད་བྱུང་།
ཀརྨས་ཇི་ལྟར་ཁོང་ལ་མནར་གཅོད་ཚ་འདྲི་བཏང་ཚུལ་དེ་དག་རེ་རེ་བཞིན་དྲངས་ནས་ཡོང་དུས་མི་ཆོས་ལས་འདས་པའི་གདུག་རྩུབ་དེ་དག་སྐྱེ་བོའི་བློ་ཡིད་དུ་ཤོང་དཀའ་བར་འདུག ལོ་ཕྱེད་ལྷག་གི་རིང་དུ་ཁོང་རང་ཤིན་ཅང་པྭ་ཀྲིག་ཟེར་བའི་ས་དེར་བཀག་ཉར་བྱས་ལ། མཛོད་དགེ་ནས་ཁུར་ལེ་དང་། དེ་ནས་ད་ལྟའི་ས་དེར་བསྐྱལ་བ་རེད། ཁོང་ལ་ཉིན་ལྟར་ཆུ་ཚོད་བཅུ་གྲངས་འགའ་ཤས་འདྲི་རྩད་བྱས་པ་དང་ཁྱོན་བསྡོམས་འདྲི་རྩད་ཐེངས་མ་90ལྷག་བྱས་འདུག དེའི་རིང་དུ་རྐུབ་སྟེགས་ཐོག་ཏུ་ཐེངས་མ་གསུམ་རང་བསྡད་བཅུག་པ་ཕུད། དེ་མིན་ཚང་མ་ཉེན་རྟོག་པས་ཁོ་པ་གནམ་ཐག་རྒྱག་པ་དང་ལག་པ་རྒྱབ་བཙིར་སློག་པ་སོགས་པའི་མནར་གཅོད་བཏང་བ་ནི་སྨྲ་བརྗོད་ལས་འདས་པ་ཞིག་རེད། དེའི་རིང་དུ་ད་དུང་བཅར་རྡུང་མཚམས་ཚོད་མེད་པ་བཏང་བས་དྲན་པ་ཡང་ཐེངས་མང་པོ་འཐོར་མྱོང་འདུག ཐ་ན་ཁོང་གི་སྣ་རུ་སྨན་རྫས་ཤིག་བཙན་གྱིས་བླུགས་པས་ཀླད་པར་ཟིལ་ཁ་སྟེར་བ་མ་ཚད། མགོ་ལས་ཁྲོག་ཁྲོག་གི་སྒྲ་སྒྲོགས་པ་དང་། མིག་དང་རྣ་བ་དག་ལས་ཀྱང་ཁྲག་དམར་འཛགས་མྱོང་འདུག སྐབས་དེར་ཉེན་རྟོག་པ་དེ་ཚོས་ད་དུང་། “འདི་སྤྱོད་ཆོག་པ་སྤྱི་བདེ་ལས་ཁུངས་ནས་ཆོག་མཆན་ཡོད་པས་ཁྲིམས་དང་མཐུན་པ་ཞིག་རེད། ཁྱོད་ཤི་གི་མ་རེད”ཅེས་ཟེར།
འདྲི་རྩད་ཚར་ནས་བཙོན་ཁང་ནང་ཕར་བསློགས་ཀྱང་ད་དུང་ངལ་གསོ་བའི་སྐབས་མེད་པར། འབྲེལ་ཡོད་སྡེ་ཚན་གྱིས་བཏང་བའི་“བཙོན་པ་”ཟེར་བ་དེ་ཚོས་ཡང་དབང་ཡོད་དང་ཉེས་རྡུང་ཚད་མེད་བཏང་བ་མ་ཚད། མཚན་གང་གཉིད་ཉལ་མ་བཅུག་པ་དང་སྐར་མ་རེ་འགའི་ཚོད་ལ་གཉིད་ཐེངས་རེ་དཀྲོགས་པ་རེད། ད་དུང་ཁོང་ལ་དོན་ཆེ་ཆུང་ཚང་མར་བུན་ཐོ་བྲི་འཇུག་པ་དང་། གསང་སྤྱོད་དུ་འགྲོ་བར་ཡང་བུན་ཐོ་བཞག་དགོས་པས། ད་བར་དུ་བུ་ལོན་ཁྱོན་བསྡོམས་སྒོར་ཁྲི་66ཟུག་ཡོད། མི་དེ་ཚོས་རྗེས་མར་བུན་འཛིན་འཁྱེར་ནས་ཀརྨར་བུ་ལོན་འདེད་དུ་ཡོང་རྒྱུ་དང་། ཁོང་ཕྱི་ལ་མ་ཐར་ན་ཁོང་གི་ཁྱིམ་མིའི་ས་ནས་བུ་ལོན་གཙང་ལེན་བྱེད་ཀྱི་ཡིན་ཟེར་བ་དང་། ད་དུང་ང་ཚོས་ཁྱོད་ཀྱི་ཁྱིམ་རྙེད་ཐུབ། ཁྱོད་ཀྱི་བཟའ་མི་བུ་ཕྲུག་རྙེད་ཐུབ་ཅེས་འཇིགས་སྐུལ་ཡང་བྱས་འདུག ཀརྨའི་ཟ་མ་ནི་རྫབ་ལུད་དང་འདྲ་བ་ཡིན་ལ། དེ་ལྟར་ཡིན་ཡང་མི་དེ་ཚོས་ད་དུང་མོག་མོག་ས་ལ་བསྐྱུར་ནས་རྡོག་པས་བརྫི་བ་དང་། བརྫིས་ནས་ལེབ་ལེབ་ཆགས་པའི་ས་རྡུལ་འདྲེས་པའི་མོག་མོག་བཙོག་པ་དེ་དག་ཁོང་གི་ཁ་ནང་དུ་བརྒྱངས་ཀྱི་ཡོད། མི་དེ་ཚོས། “ཁྱོད་ཀྱིས་ཨེ་ཤེས། ང་ཚོས་ཁྱོད་ཀྱི་ལུས་ཐོག་ལ་གློག་ཆུ་བཤོས་ན་ཡང་འགྲིག་གི་རེད། ཁྱོད་སྐད་ཅིག་ཉིད་དུ་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པ་བཟོ་ཐུབ་”ཅེས་ཟེར།
ksཀརྨ་བསམ་གྲུབ་ཀྱིས། “ཁོང་ཚོས་བློ་ལ་ཤར་ཐུབ་ཚད་ཀྱི་མནར་གཅོད་སྡུག་སྦྱོང་གཏོང་སྟངས་དེ་དག་ངའི་ལུས་སེམས་གཉིས་ལ་བེད་སྤྱོད་བཏང་བྱུང་། རྒྱུ་མཚན་དེ་དག་གིས་ང་རང་ཡང་གསོན་པ་ལ་རེ་བ་ཆད་མྱོང་ཡོད། ངའི་སེམས་སུ་འཇིག་རྟེན་ནི་འདི་ལྟར་སྙིང་རྗེ་མེད་པ་དང་། མི་སེམས་ནི་འདི་ལྟར་ངམ་ནག་ཡིན་པ་མ་ཚད། ལོ་རྒྱུས་ཡང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་གི་ནང་དུ་ལོག་འདུག་བསམ་བྱུང་”ཟེར། ཁོང་གིས་ཀྱང་རང་ཉིད་གསོན་དཀའ་བར་བསམས་ནས་ཁྱིམ་མི་རྣམས་ལ་ཁ་ཆེམས་ཤིག་འབྲི་འདོད་པ་དང་། ཁོང་རང་ལྔ་ལམ་དུ་ཕྱིན་རྗེས་ཁྱིམ་མི་རྣམས་ཀྱིས་གང་བྱེད་དགོས་པའི་སྐོར་ལ་མངག་ཆ་ཡང་བྱེད་འདོད་སྐྱེས། ཕྱིས་སུ་ཁོང་གིས་ཁ་ཆེམས་དེ་དངོས་སུ་བྲིས་ཡོད་ལ། ཡིད་སེམས་ནས་རེ་ཐག་ཡང་ཡོངས་སུ་ཆད་པ་རེད། འོན་ཀྱང་ཁོང་གི་ཁ་ཆེམས་དེ་ཉེན་རྟོག་པས་ཁོང་གི་ཁྱིམ་མིར་སྤྲད་མི་འདུག
ཀརྨས་མི་ཆོས་ལས་འདས་པའི་སྡུག་བསྔལ་མྱངས་ཚུལ་དེ་དག་གླེང་དུས་ཁོང་ཉིད་དེ་ལྟར་ལྷིང་ཞིང་བརྟན་ལ། བཟོད་དཀའ་བའི་སྡུག་བསྔལ་དེ་དག་ནི་ཁོང་རང་གི་ལུས་ཐོག་ཏུ་མྱངས་པ་མ་ཡིན་པར་འདས་ཟིན་པའི་རྒྱང་རིང་གི་འཇིགས་སྐྲག་དོན་རྐྱེན་ཞིག་གླེང་བ་དང་ཤིན་ཏུ་མཚུངས། ཕར་བལྟས་ཚོད་ལ་ཁོང་རང་གིས་འཆི་གསོན་ཙམ་གྱི་སེམས་རྒྱུ་ནི་སྔ་ས་ནས་རྒྱང་དུ་གཡུགས་ཚར་འདུག འོན་ཀྱང་ཁྲིམས་སར་ཡོད་པའི་ཁོང་གི་གཉེན་ཉེ་ཚོའི་ངོས་ནས་བཤད་ན། དམྱལ་ཁམས་ལན་གཅིག་འགྲིམས་པ་དང་ཁྱད་པར་ཅི་ཡོད། གཟུགས་སྟོབས་ཆེ་བའི་ཁམས་པའི་ཕོ་རྒོད་དེ་ཚོའི་མིག་ནས་ཀྱང་མཆི་མ་ལྷུང་བར་བྱེད་ན། ཁོང་གི་སྐུ་ཟླ་སྒྲོལ་དཀར་མཚོ་ལ་དེ་བས་བརྗོད་ག་ལ་དགོས། ལོ་ཕྱེད་རིང་དུ་ཤིན་ཅང་གི་ས་མཐའ་འདི་རུ་ཐེངས་ལྔ་འོངས་བ་དང་། སྙིང་ཁ་གྲི་ཡིས་བཙབས་ལ་ལུས་ཟུངས་ཡོངས་སུ་ཟད་རུང་། ཤ་ལས་འཆད་པའི་བུ་མོ་གཉིས་ཀྱི་མདུན་དུ་ད་དུང་དགོད་འཚེར་འཚེར་དང་སྣང་བ་སྐྱིད་མདོག་བྱེད་དགོས་པ་རེད། དོན་དངོས་ཐོག་སྒྲོལ་དཀར་མཚོ་ཡང་ལུས་ཟུངས་ཟད་ནས་དྲན་པ་ཐེངས་འགའ་ཤས་འཐོར་མྱོང་ཡོད། ཁོ་མོ་ནི་ད་ལྟ་སྙིང་ཁ་གས་པ་ཙམ་མ་ཚད་མཆི་མས་ཡོངས་སུ་བཏུམ་པར་གྱུར་འདུག དགུང་ལོ་ལྔ་བཅུ་ཡོལ་བའི་སྐད་སྒྱུར་བ་དེ་གཉིས་ཀྱང་ཉན་བཟོད་མེད་པར་མིག་རྩ་དམར་པོར་གྱུར་འདུག་ལ། ཁྲིམས་རྩོད་པ་གཉིས་ཀྱང་བཟོད་བསྲན་མ་ཐུབ་པར་མཆི་མ་དབང་མེད་དུ་ཤོར་སོང་།
རྒྱ་ནག་གི་ཁྲིམས་ལུགས། མ་རེད། འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་ཡོད་ཚད་ཀྱི་ཁྲིམས་ལུགས་ནང་དུ། སྡུག་སྦྱོང་ཚ་འདྲི་བྱེད་མི་ཆོག་པའི་གཏན་འབེབས་གསལ་པོ་ཡོད་པ་རེད། འོན་ཀྱང་། དོན་དངོས་ཐོག་གང་འདྲ་ཞིག་ཡིན་འདུག
འདི་དག་ནི་བྱུང་ཟིན་པའི་གནས་ཚུལ་ཡི་གེར་ཕབ་པ་ཡིན་པས་བློ་ཡི་སྦུགས་སུ་འཛིན་པར་འོས།
ཀརྨ་བསམ་གྲུབ་ནི་2010ལོའི་ཟླ་1ཚེས་3ཉིན་འཇུས་པ་དང་། ཟླ་6ཚེས་1ཉིན་ཁྲིམས་རྭ་འཚོགས་རྒྱུ་གཏན་ལ་འཁེལ་ཀྱང་ནར་འགྱངས་བྱས། ཟླ་6ཚེས་22ཉིན་ཁྲིམས་རྭ་དངོས་སུ་ཚུགས། ཟླ་6ཚེས་23ཉིན་ད་ལྟ་མུ་མཐུད་ཁྲིམས་བཤེར་བྱེད་བཞིན་ཡོད། གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག དེས་ན་ཁ་ས་ཀརྨ་མི་ངོ་མས་ཁྲིམས་སར་བཤད་ལ། ཞིབ་ཅིང་རྒྱས་པ་ཞིག་མེད་ཀྱང་ཤེས་པའི་གནས་ཚུལ་དེ་དག་ཐོ་ལ་ཕབ་ནས་འཇིག་རྟེན་སྐྱེ་བོའི་སྤྱན་ལམ་དུ་བཤམས་ཡོད།
2010ལོའི་ཟླ་6ཚེས་23ཉིན་གྱི་ཉིན་རྒྱབ་ཆུ་ཚོད་3དང་སྐར་མ་40ལ།
ཚེ་རིང་འོད་ཟེར་གྱི་དྲ་ཚིགས་ལས་བཏུས། པར་འདི་དག་འོད་ཟེར་གྱིས་བཀྱོན་པ་རེད།

གསར་འགྱུར།

Post navigation

Previous Post: ཁ་བརྡ་དྲ་བའི་ངོ་དེབ་དང་འབྲེལ་བའི་གསལ་བསྒྲགས།
Next Post: ཀརྨ་བསམ་འགྲུབ་ལ་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག

Comments (18) on “ཀརྨ་བསམ་གྲུབ་ཀྱིས་རང་གི་སྡུག་བསྔལ་བཤད་པ།”

  1. གཡུ.དུག་སྦྲང says:
    2010-06-23 at 11:07 pm

    ནག་ཤོད་པ་ཐུགས་རྗེས་ཆེ་ཞུ་་་་་་་ཁྱོད་འདི་ད་དངོས་གནས་དུས་ཆར་བ་ཟེར་ནོ་རེད་་་་་་་གསར་འགོད་པ་ཞིག་ལ་མཛའ་ཡས་བསྡད་ཡོད་ཁུ

  2. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-06-24 at 12:18 am

    སེམས་སྐྱོ་ནི་ཞིག་རེད། ཁོང་གི་ཡོད་ཚད་ཀྱི་ཡོད་ཚད་ལ་བསྟོད་བསྔགས་བྱེད།
    ཁོང་ཉིད་མྱུར་དུ་རང་དབང་གི་སྤྱི་ཚོགས་སུ་སླེབས་ཐུབ་པའི་སྨོན་ལམ་འདེབས།
    དུས་བསྟུན་གྱིས་གསར་འགྱུར་བཀོད་པར་ཐུགས་རྗེ་ཆེ།

  3. tenzin tsomo says:
    2010-06-24 at 12:31 am

    i wish ,u must realize in jail

    we all prayer for u .we all prayer for u. we all prayer for u.

  4. ཀརྡོ་རབ་འབྱམས་པ་ says:
    2010-06-24 at 1:22 am

    ་་་་་། འོན་ཀྱང་ཁོང་གི་ཁ་ཆེམས་དེ་ཉེན་རྟོག་པས་ཁོང་གི་ཁྱིམ་མིར་སྤྲད་མི་འདུག ་་་་། གསུངས་འདུག

  5. ཟླ་བ་གཞོན་ནུ། says:
    2010-06-24 at 2:08 am

    ཀརྨ་བསམ་འགྲུབ་ཀྱི་སྐོར་འདི་དངོས་གནས་ཁྱི་སྤྱང་ངན་འབྲེལ་ཟེར་བ་དེ་ཡིན་རྒྱུ་རེད། ཕལ་ཆེར་ཁོང་ཚོའི་དམིགས་ཡུལ་གང་ཞིག་འགྲུབ་པ་ལ་’’གེགས”་བྱེད་ཀྱིན་པས་འདི་ལྟར་བཙོན་འཇུག་དང་ཉེས་རྡུང་བྱེད་ཀྱིན་ཡོད་པ་རེད་འདོད།

  6. ཀརྡོ་རབ་འབྱམས་པ་ says:
    2010-06-24 at 2:50 am

    ཁ་བརྡ་ལྷན་རྒྱས་ལགས་སུ།
    བོན་དེ་བོད་ཀྱི་ཕ་ཆོས་ཡིན་སྐོར་རྗོད་ཀྱི་ཡོད་པ་རེད། ཅེས་པ་འདི་དུས་བབ་ནས་ལེན་ན་ཕན་ངེས་འདུག་སྙམ།

  7. མི་རྐང་གླིང་བུ། says:
    2010-06-24 at 3:03 am

    ཀརྨ་བསམ་འགྲུབ་གྱི་སྐོར་གྱི་གནས་ཚུལ་འདི་ན་གཟིགས་རོགས།
    http://www.sherab.org/

  8. ཟླ་བ་གཞོན་ནུ། says:
    2010-06-24 at 3:43 am

    ཀར྄ྨ་བསམ་འགྲུབ་ཀྱི་ཁྲིམས་ར྄ྩོད་པས་དེ་རིང་ས྄ྙན་ཞུ་ཞིག་བྲིས་གནང་འདུག
    གཟིགས་འདོད་ན་འབྲེལ་ཐག་http://puzhiqianglawyer.blog.sohu.com/155183774.html
    འདི་ཡིན།

  9. ཨ་ནུ་ཐང་བསོད་ནམས། says:
    2010-06-24 at 4:21 am

    གཏམ་ངན་ཐོས་བས་སེམས་པ་ཧ་ཅང་སྐྱོ་ལ་སྨྲ་མེད་ཀྱི་འཚོར་བ་ཞིག་གིས་ངང་སྟེར། དེ་ནི་ཀརྨ་བསམ་འགྲུབ་གཅིག་པུའི་སྡུག་ངལ་མ་ཡིན་པར་མི་རིགས་ཤིག་གི་སྡུག་ངལ་དང་ཆགས་འཇིག་གི་གནས་སྟངས་རེད། ཅིའི་ཕྱིར་བོད་མི་རྣམས་ཀྱི་མི་ཚེའི་རིན་ཐང་རླུང་བུ་བཞིན་ག་སོང་ཆ་མེད་དུ་གྱུར་དུ་ནས་གཞན་གྱིས་རྡོག་རྫས་བྱེད་དགོས་བ་ཡིན་ནམ། ངས་བསམ་ན་གནས་ཚུལ་འདི་དང་འདི་འདྲ་བའི་རིགས་ནི་བོད་ལ་དོན་དངོས་ཀྱི་མཐོང་ཆུང་བཏང་བ་ཞིག་རེད་སྙམ།

  10. ཁང་གསར་རྡོ་རྗེ། says:
    2010-06-24 at 5:16 am

    ད་སེམས་སྐྱོ་ཟེར་ནས་སྡོད་པའི་དུས་མ་རེད། རང་རང་གིས་འཇོན་ཚོད་ཀྱི་སྤྱི་དོན་བྱེད་པའི་དུས་རེད། སློབ་ཕྲུག་ཚོས་སློབ་སྦྱོང་ལ་ཤུགས་རྒྱོབས། ལས་བྱེད་ཚོས་གཞུང་ལས་ལ་ཤུགས་རྒྱོབས། གྲྭ་བཙུན་ཚོས་ཆོས་ལ་ཤུགས་རྒྱོབས། འདི་ལྟར་ཚང་མས་རང་རང་གི་ཁུར་དུ་བབས་པ་དེར་ཤུགས་བརྒྱབ་ན་སླེབས་ས་ཞིག་ལ་སླེབས་ཀི་རེད།

  11. ཟླ་བ་གཞོན་ནུ། says:
    2010-06-24 at 6:02 am

    ནགས་ཤོལ་རིག་རལ་ལགས།
    གོང་གི་འགྱུར་ལ་ཐུགས་སྣང་མ་གནང་ཁ་ཤས་ཡོད་པ་ནི། མཛོད་དགེ་ནས་ཁུར་ལེ་ཞེས་པ་དེ若羌、库尔勒ཞེས་འདུག་པས་རུ་ཆང་ནས་ཁུའར་ལེ་བར། ཞེས་པར་འདོད། མཛོད་དགེ་ཞེས་ཨ་མདོའི་ཡུལ་གྱི་མཛོད་དགེ་ལའང་འཁྲུལ་བར་འདོད།
    འདིའི་ས྄ྐབས་ཀྱི་ས་མིང་དེ་ཨ་མདོའི་ཡུལ་གྱི་མཛོད་དགེ་ལ་ཟེར་གྱིན་ཡོད་པ་རེད་དམ།
    ས྄ྤྱིར་བཏང་གོ་དོགས་པ་ཞིག་ཡིན།

    འགྱུར་དངོས་གནས་ཡག་པོ་འདུག

  12. ཚེ་རིང་སྒྲོན་མ། says:
    2010-06-24 at 6:52 am

    འདི་འདྲིས་གཏམ་ངན་ས་སྟེང་ཁྱབ་པའི་ཚེ།
    མིག་ནས་ནས་མཆིལ་མ་དབང་མེད་ཤོར་ནས་ཐར།
    ཚོང་དཔོན་ཆེན་པོ་ཀརྨ་བསམ་འགྲུབ་ཁོང་།
    ལོ་མང་སྔོན་ངས་ཀྱང་ལན་གཅིག་མཐོང་།

    ཤེས་བརྒྱུད་འཇམ་ཞིང་གཏམ་བཟང་དྲང་པོར་སྨྲ།
    བོད་གོས་གྱོན་ནས་ཚེ་སྐྲ་མགོ་ལ་དཀྲིས།
    གཟུགས་སྟོབས་ཆེ་ཞིང་དཔའ་མཉམ་དང་ལྡན་ནས།
    གཞན་ཕན་རྟག་དུ་སྒྲུབ་མཁན་འདྲ་བོ་མཐོང་།

    དེ་རྗེས་བུ་མོ་ང་ཡི་གོ་བ་ལ།
    ཁམས་པའི་ཕོ་གསར་ཀརྨ་བསམ་འགྲུབ་ཀྱིས།
    འཁོར་ཡུག་སྲུང་སྐྱོབས་ཚོགས་པ་ཞིག་འཛུགས་ནས།
    ག་ས་ག་རུ་ཕན་བདེ་སྒྲུབ་འདུག་ཟེར།

    ད་ནི་རྒྱ་དམར་དགྲ་བོས་ལག་ལ་ཤོར།
    མདུན་ལམ་ཡོངས་རྫོགས་དུས་གཅིག་མེད་པ་བྱས།
    ལྷག་བསམ་ཡོད་ཀྱང་སྟོང་བ་དོན་མེད་བྱས།
    འདི་འདྲིའི་རྒྱ་འདྲེ་ཚང་གི་གནོད་པ་ལ།

    ཨ་ཙེ་གངས་ཅན་པ་ཡི་སྤུན་གྲོགས་ཀུན།
    ང་ཚོས་དུས་རབ་སྔོན་དང་མི་འདྲ་བའི།
    གཞན་གྱི་དབང་ཡོད་དུད་འགྲོ་ནང་བཞིན་འདུག
    གང་གི་ལས་དང་རྣམ་སྨིན་ཡིན་ན་བསམ།

    ཆོས་བརྒྱུད་བཞི་ལ་བྱིན་བརླབས་དངོས་གྲུབ་དང་།
    ལྷ་དང་བཀའ་བསྲུང་ལ་སོགས་ཡོད་པ་ན།
    ད་ནི་མ་བཞུགས་དུས་ལ་བབས་ཨེ་མི་འདུག།
    མཐུ་རྩལ་རྣོ་མྱུར་ཡོད་ན་ད་རེམས་ཤིགས།

    བུ་མོ་ང་ཡི་སྙིང་ནས་ཞུས་པ་ཡིན།
    གང་ལ་ལྟས་ན་ཡིད་སེམས་ཡང་ཡང་སྐྱོ།
    གངས་ཕྲུགས་རྣམས་ནི་དམྱལ་བའི་གནས་ན་འདུག
    ཐུགས་རྗེ་ཡོད་ན་དུས་ལ་བབས་འདུག་བསམ།

    དོན་མེད་ཆགས་སྡེང་ཆོས་ལུགས་བར་ལ་བྱེད།
    ནུས་མེད་མཐུ་ཞིག་སྤུན་ཟླའི་མགོ་ལ་འཕང་།
    དགོས་མེད་སྲིད་དོན་ཆོལ་ཁའི་ཕྱོགས་ལ་བྱེད།
    དེ་འདྲའི་གངས་ཕྲུགས་རྣམས་ཀྱིས་སྐྱོ་བ་ལ།

    ཕ་བསད་ལག་དམར་ཏིང་གི་ཚོགས་པ་ལ།
    ཁ་ཡག་ངོ་ཡག་གང་ཐུབ་བྱེད་པ་དང་།
    རང་སྤུན་ནང་ཚག་གྲི་ཡི་བསད་པ་འདི།
    ཡང་ཡང་ལྟས་ན་བུ་མོ་སྙིང་རླུང་ལང་།

    དྲ་བདག་ཁ་བརྡ་ཚང་ལ་མཚོན་པ་ན།
    ཟུ་བོར་གནས་པའི་དྲ་བདག་རེད་མི་འདུག།
    འགའ་རེས་གང་བཤད་རང་དབང་སྤྲད་པ་དང་།
    གཏམ་བརྗོད་རང་དབང་ང་ཚོར་སྤྲད་མི་འདུག

    འདི་ནི་རྒྱ་དམར་འདྲ་བའི་བྱ་བ་མཐོང་།
    ཐམས་ཅད་ཀུན་ལ་གཅིག་པ་གནང་བ་ན།
    བུ་མོ་ང་ཡང་ག་རེ་བྱས་ན་ཡང་།
    བློ་བབས་ཡོད་པས་རེ་བ་སྒྲུབ་རོགས་ཞུ།

    དྲ་གྲོགས་ཡོངས་ཀྱིས་ལྷག་བསམ་དག་པའི་ངང་།
    ཀརྨ་བསམ་འགྲུབ་བཙོན་ནས་ཐར་བ་དང་།
    བོད་མི་ཡོང་ལ་བདེ་སྐྱིད་ཤར་ནས་སུ།
    རང་དབང་རང་ལ་ཐོབ་པའི་སྨོན་ལམ་ཞུ།

  13. འདྲེ་རིག་ལྡན། says:
    2010-06-24 at 11:09 am

    བོད་ཀྱི་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཕུགས་རྒྱང་རིང་བའི་བསམ་བློ་དང་ལྡན་པའི་ཀརྨ་བསམ་གྲུབ་ལགས་ལ་འདི་ལྟར་ཉེས་མེད་ཉེལ་འགེལ་བྱེད་པ་ནི་རྒྱ་དམར་གྱི་བསམ་སྤྱོད་ངོ་མ་སྟེ། བོད་མི་རིགས་འཆིང་ཐག་གི་འོག་ནས་རྨེག་མེད་དུ་གཏོང་འདོད་ཀྱི་ཁོང་ཚོའི་ཧམ་སེམས་སླར་ཡང་ཕྱིར་མངོན་པ་རེད། བོད་མི་ཡོད་དོ་ཅོག་གིས་ཁོང་གིས་དར་རྒུད་ལས་རང་ཉིད་ཀྱི་མདུན་ལམ་ལ་སྔོན་དཔག་བྱེད་པའི་སྒོ་ནས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱ་དམར་པོའི་གདོང་དུ་ལངས་དགོས་པ་རེད།

  14. རྨ་ཆུའི་རླབས་སྒྲ་ says:
    2010-06-24 at 6:39 pm

    ད་ང་ཚོའི་སྤུན་གྲོགས་ཤེས་ཡོན་ཅན་དང་ལྷག་བསམ་ཅན་འཇོན་ཐང་ཅན་ཚང་མ་རྫོགས་ཐལ།
    དངོས་གནས་ཡིན་སྤུན་ཟླ་རྣམས་ང་ཚོའི་ཁོ་ཚོ་ལ་ཅི་ཞིག་བྱེད་ཐུབ་གི།
    ངའི་བསམ་ན་ད་ང་ཚོའི་བོད་ཆོ་ག་གསུམ་གྱིས་སྤུན་ཟླའི་ལག་ལྡིང་དམ་དུ་སྤྲེལ་ཏེ།
    བོད་ཀྱི་མ་འོང་བའི་ཆེད་དུ་འཛམ་གླིང་འདིར་ལས་འགུལ་རྒྱ་ཆེ་བ་ཞིག་སྤེལ་བའི་དུས་ལ་སླེབ་འདུག།

  15. རྡོ་རྗེ། says:
    2010-06-25 at 6:39 am

    རྨ་ཆུའི་རླབས་སྒྲས་གསུངས་པ་དེ་ལ་རྒྱུ་མཚན་འདུག ང་ཚོ་འདི་མུར་སྡོད་ཐབས་ག་ལ་ཡོད། བོད་ནང་གི་ཤེས་ཡོན་ཅན་དང་། ལར་ཞེན་ཅན་ཚང་མ་རྫོགས་ལ་ཉེ་སོང་། སྤུན་ཟླ་རྣམས་ལག་གདངས་གཅིག་དུ་སྒྲེལ་ཏེ་ལོངས་ཤོག

  16. དོན་གོ says:
    2010-06-25 at 7:29 am

    འདི་ལྟར་རེ་རེ་བཞིན་མུན་ནག་གི་བཙོན་དོང་དང་མནར་གཅོད་ཀྱི་ཁྲིམས་རྭར་ཚུད་དུས། ང་ཚོས་ཕྱི་ཡུལ་ན་ཅི་ཞིག་གི་ཆེད་དུ་འཐབ་རྩོད་དང་། ཅི་ཞིག་གི་ཆེད་དུ་བདེན་པ་རྩོད་བཞིན་པའང་བཤད་དཀའ་བའི་གནས་ཤིག་རེད། ་་་་་་་་་་་་་་་ང་ཚོ་བཙན་བྱོལ་བས་མི་རིགས་འདིའི་བདེ་སྡུག་་གི་དོན་དུ་བཞུད་ཟིན་པ་དང་འཁྲིད་ཀྱིན་པའི་དག་ལ་ཅི་ཞིག་གི་བྱེད་ཀྱིན་ཡོད་དམ། ཅི་ཞིག་བྱེད་ཐུབ་བམ།

  17. སྙེ་ལྷའི་ཐུགས་སྲས། says:
    2010-06-28 at 12:42 pm

    ང་ཚོའི་སྙིང་སྟོབས་ཅན་གྱི་མི་སྣ་ཚོ་རྒྱ་མིའི་གདུག་རྩུབ་དང་། བསུན་བཙེར་འོག་ནས་གསོན་འདོད་ཀྱི་ཡིད་དགའ་རླགས་ཏུ་འཇུག་གི་འདུག འོན་ཀྱང་ཁོང་ཚོས་མི་རིགས་ལ་བཅངས་པའི་སྙིང་སྟོབས་རླབས་ཆེན་འདིས་རྒྱ་མི་ཚོའི་ཡིད་སེམས་ལ་བདེ་སྣང་བྱིན་མྱོང་མེད་ཅིང་། སྙིང་ནད་སློང་བའི་སྲིན་བུ་རྒོད་པོ་ཞིག་ཡིན།།

  18. སྨར་ཁམས་ཐང་ཚང་གྲགས་པ་རྒྱ་མཚོ། says:
    2010-11-27 at 8:08 pm

    བློ་སེམས་མཁྱེན་ཡང་ལྡན་པའི་སྤུན་ཟླ་རྣམས།
    བློ་སྒོ་ཇི་མ་མྱུར་དུ་འབད་གཏང་ནས།
    དགྲ་བཅོམ་རང་སྤུན་ཐར་བའི་ཐབས་ལམ་དང་།
    བདེན་ཐར་རྒྱ་ཁྲིམས་ནས་གསལ་བའི་བློ་བྱོས་བཅས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme