Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀརྨ་པ ཁྱེད་ཕེབས་ཤུལ་དུ།

Posted on 2012-08-132012-08-13 By ཁ་བརྡ་ 27 Comments on ཀརྨ་པ ཁྱེད་ཕེབས་ཤུལ་དུ།

མི་ཉག་དུང་ཟླ།

ནམ་ཟླ་ཆར་སྨུག་གིས་བཟུང་བའི་ཉིན་ཞག །
ས་གཞི་ལ་རྒས་གཉེར་གཡོ།
རི་གྲོང་དང་རྣ་བ་ཡོད་ཚད།
འཇག་སྐྱའི་ཤུགས་གླུ་ཡིས་ཡང་ཡང་གདུང་།
ཀརྨ་པ ཁྱེད་ཕེབས་ཤུལ་དུ།
རི་གྲོང་འདི ལྕགས་མཁར་སྒོ་མེད་ཀྱི་ཞིང་ཁམས་ཡིན།
རི་གྲོང་འདི རྣམ་ཤེས་སྦྲིད་པའི་སྒོམ་ཆེན་པ་རྐྱང་རྐྱང་ཡིན།
ཉི་མའི་ཁྱིམ་བརྒྱུད་ལ་དྲོད་ཁོལ་ཉམས།
ཟླ་བའི་ལྷ་མོ་ལ་བསིལ་སྦྱིན་གྱིས་ཟུངས་ཤུགས་ཟད།
སྐར་ཚོགས་ཐམས་ཅད་རབ་རིབ་དང་ མག་མོག །
ཀརྨ་པ ཁྱེད་ཕེབས་ཤུལ་དུ།
གངས་རིའི་ཁོང་ལས་འཁྱག་ཤེད་ཀྱི་ངར་ཁ་རྒྱས།
རི་གྲོང་དང་སྲང་ལམ་ཡོད་ཚད་ལ།
ལྕགས་ཟྭ་སྲ་མོས་བཙན་འཛུལ་བྱས།
རྩ་ཐང་གི་ལྭ་བ་ཇི་ཙམ་བརྗེས་ཀྱང་།
མེ་ཏོག་གི་ཁྲ་ཚོན་ཇི་ཙམ་བཏབ་ཀྱང་།
བྲོད་ཁའི་འཛུམ་དཀར་གྱི་ཁྱམས་ར་ཇི་ལྟར་ཡངས་ནའང་།
ཀརྨ་པ ཁྱེད་ཕེབས་ཤུལ་ན།
གངས་རིའི་ངོ་གདོང་ལ་ཙག་རླུང་གིས་གཙེས་དྲགས་པས།
གངས་སེང་མིག་ཆུའི་འཁྱོམ་སྒྲ་བཞུར་དྲགས་ཏེ།
རི་གྲོང་འདིེར ཁ་དོག་མི་འདུག །
རི་གྲོང་འདིར རྣམ་ཤེས་མི་འདུག །
རི་གྲོང་འདིར ཐ་ན་འགྲོ་མི་ཙམ་ཡང་མཐོང་རྒྱུ་མི་འདུག །

སྣ་ཚོགས།

Post navigation

Previous Post: བོད་སྐད་ཡིག་གི་མ་འོངས་པར་བལྟས་པ།
Next Post: རྒན་འཇམ་དཔལ་ལེགས། ཡི་གེ་དག་མ་འདི་འདྲ་རེད་དམ།

Comments (27) on “ཀརྨ་པ ཁྱེད་ཕེབས་ཤུལ་དུ།”

  1. རྩམ་ཕྲུག says:
    2012-08-13 at 12:42 pm

    ཁྱོད་ཀྱིས་སྙན་ངག་ཆེས་ཡག་པོ་བྲིས་འདུག་པས་ཡི་རངས་ཞུ།

  2. ཀརྨ་ཡེ་ཤེས says:
    2012-08-13 at 1:17 pm

    ཀརྨ་པ་མཁྱེན་ནོ། །
    ཀརྨ་པ་ཁྱེད་ཕེབས་ཤུལ་དུ།
    གངས་རིའི་ལྗོངས་ན་ཉི་མ་དང་ཟླ་བའི་འོད་སྣང་ཡང་མི་འདུག །
    ཀརྨ་པ་ཁྱེད་མ་ཕེབས་པར་རྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག །

  3. མ་ནཱ་ལི་ཀུན་དགའ་ says:
    2012-08-13 at 2:14 pm

    བཀླགས་ཟིན། སྙན་མོ་འདུག་་་་བཀའ་དྲིན་ཆེ།
    ཀརྨ་པ་མཁྱེན་ནོ། །

  4. གཟུར་གནས་བློ་ལྡན་། says:
    2012-08-13 at 2:22 pm

    ཀར་མ་ཁྱེད་ཕེབས་ཤུལ་ནས་། ང་ཚོར་ཐོབ་ཐང་ཡང་ཅུང་ཟད་ཐོབ་བྱུང་། དེ་ནི་མགོ་བོར་རྡོག་པ་བཞག་མཁན་མེད་པས་རེད་ལ་། ཉམས་ཆུང་ཆོས་པ་ཚོར་། འཇིགས་སྐུར་གནང་གནང་མཁན་མེད་པ་ཡང་ལོས་ཡིན་།

  5. ནུབ་ཕྱོགས་གངས་ཕྲུག་ says:
    2012-08-13 at 3:43 pm

    ཀརྨ་པ་བླ་མ་གཟི་བརྗིད་ཅན་ཞིག་རེད། ཡིན་ནའང་ཞབས་ཕྱི་ཚོར་བཀའ་སྐྱོན་དྲག་པོ་བཏང་བ་གོ་ཐོས་བྱུང་། ཞབས་ཕྱི་མང་པོ་བརྗེ་བོ་རྒྱབ་འདུག བཀའ་བརྒྱུད་པའི་ཆོ་གའི་གདངས་དབྱངས་གསར་པ་དང་བསྒྱུར་བཅོས་མང་པོ་བཏང་ཡོད་ས་རེད། ངའི་ཡག་པོ་མཐོང་མ་བྱུང་།

  6. པདྨ says:
    2012-08-13 at 6:40 pm

    ཀརྨ་པ་ཕེབས་ཤུལ་དུ།
    ཀཾ་ཚང་དུམ་བུ་གཉིས་སུ་གཏོར་ཐལ།
    མཆོད་འོས་བསླུ་ཞིང་དྲང་བདེན་གྱི་མགོ་བོར་རྡོག་རིལ་གཏོང་སོང་།
    ཨ་ཁ་ཁ།
    ཀྲྨ་པ་ཐོན་ཤུལ་དུ།
    ༧གོང་ས་མཆོག་གི་དབུ་ཡང་གདུགས་ལྟར་བསྐོར་ནས་སྤྲུལ་སྐུ་ཚང་མ་རྫུན་དུ་བསྒྱུར་ཐལ།
    ནག་ཚོང་གི་དགྲ་གྱོད་ཉོས་ནས་བོད་མི་རིགས་ཀྱི་ཞབས་འདྲེན་ཞུས་ཐལ།
    ཨ་ཙི་ཙི།
    ཀ་ཁོ་མ་ཐོན་ནས་བཟུང་།
    རྒྱ་བལ་གྱི་སྤྲང་པོ་ལ་དབྱུག་རྡུང་དང་ཉིན་བདུན་རབ་བྱུང་གི་སྲོལ་དེ་ཐལ་ལོ།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཨ་ཁ་མ་ཐོན་ནས་བཟུང་
    འབྲུག་པ་དང་འབྲི་གུང་གི་མགོ་ལ་སྐྱག་པ་བཏངས་ཐལ།

  7. མེ་ཏོག་ཁྲ་བོ། says:
    2012-08-13 at 9:33 pm

    ཀརྨ་པ་ཁྱེད་ཕེབས་པའི་མདུན་ན། ངེད་ཚང་གཅིག་རྗེས་གཉིས་མཐུད་གོད་ཆག་བྱུང་བཞིན་པ་གཟིགས་ཚོད་རེད། དེ་ནི་བཀའ་བརྒྱུད་གཅིག་པོ་ག་ལ་ཡིན་གཟིགས་དང་། བོན་པོ་ནི་གང་ཤེས་ཡག་ཐག་ཆོད་རེད། རྙིང་མ་ལ་གཟིགས་དང་འོས་ཤོག་དང་མི་འབོར་རྩོད་རྙོག བཀའ་བརྒྱུད་ལ་གཟིགས་དང་གཅིག་འོག་གཅིག་གིས་མ་འདུས། ས་སྐྱ་ལ་གཟིགས་དང་ཕོ་བྲང་གཉིས་ཀྱི་མི་མངོན་པའི་འགྲན་རྩོད། དགེ་ལུགས་ལ་གཟིགས་དང་དོལ་རྒྱལ་ལ་བརྟེན་ནས་མོ་གསོད་ཁྲག་སྦྱོར། གདན་ས་ཆེ་ཆུང་སོགས་ནང་ཁུལ་རྩོད་པ་ཤིན་ཏུ་མང་། ད་གཟིགས་དང་སྐྱོན་མེད་པ་སུ་འདུག་ངེད་ཚང་ཁྱེད་ཀྱི་མདུན་དུ་འདི་འདྲ་བྱས་ནས་བསྡད་ཡོད། ད་སྐྱོབས་པའི་དུས་ལ་བབ་ཡོད།

  8. གཟུར་གནས་བློ་ལྡན་། says:
    2012-08-13 at 10:36 pm

    སྡོན་ཚེ་ཨ་ནིས་མི་ལའི་གཞིས་ཁྱིམས་གཏོར་། བར་དུ་ཨ་ནིས་ཙང་གི་སྡེ་སྲིད་བསྣུབ་། ཐ་མ་ཨ་ནིས་ཀར་མའི་སྒར་གཞིས་ཕུང་། ཨ་ནི་དེ་ཚོའ་འཇོན་ཐང་ཆེ་བ་ལ་།

  9. མི་ཉག་དུང་བརྡ says:
    2012-08-13 at 10:43 pm

    དྲ་གྲོགས་ཚོ་ཕེབས་ཏེ་དགོངས་ཚུལ་གསུངས་པར་ཧ་ཅང་བཀའ་དྲིན་ཆེ།

  10. ལོང་བ། says:
    2012-08-13 at 10:53 pm

    ཁྱིམས། ཙང་། བསྣུབ། ཚོའ། ཁེ་མཚར་བཟུར་གནས་བློ་ལྡན།

  11. ལོང་བ། says:
    2012-08-13 at 10:54 pm

    ཁྱིམས། ཙང་། བསྣུབ། ཚོའ། ཁེ་མཚར་གཟུར་གནས་བློ་ལྡན།

  12. སྦྲ་དཔལ་ལྡན། says:
    2012-08-13 at 11:05 pm

    ཡ་མི་ཉག་བུ སྙན་ངག་བྲིས་བ་ཧ་ཅང་བཟང་གི་ གོང་དུ་སྐུ་ཉིད་ཀྱིས་བསམ་ཚུལ་བཤད་མཁན་དག་ལ་བཀའ་དྲིན་ཆེ་ཞུ་འདུག་ འོན་ཀྱང་བདག་ལ་མཚོན་ན་ཁྱོད་ཀྱིས་བཀའ་དྲིན་ཞུ་མི་འོས་ གང་ཡིན་ཟེར་ན་ ཁྱོད་ཀྱི་སྙན་ངག་དེའི་སྐོར་ནས་བསམ་ཚུལ་འགའ་བཤད་འདོད་བྱུང་།་ ཁྱོད་ཀྱི་སྙན་ངག་དེ་ལ་ཧ་ཅང་ཨུ་ཚུགས་རང་བཞིན་ལྡན་ལ་ སྙན་ངག་ ཤར་མར་ཐོན་མེད་པར་ཤེས་ཀྱི་ཡོད། སྤྱིར་སྙན་ངག་བྲིས་ན་ཨུ་ཚུགས་ཙམ་མ་ཡིན་པར་ཤར་མར་རང་ཉིད་ཀྱི་ཚོར་འདུ་ཡོད་ཚད་ཤོག་ངོས་སུ་བཀོད་ཐུབ་ན་དེ་ལ་སྙན་ངག་ཟེར། གང་ལྟར་སྙན་ངག་གི་ལམ་ཁ་དེ་ལ་བསྐྱོད་ཀྱིན་ཡོད་པར་དགའ་འོས་པ་ཞིག་རེད།

  13. གཟུར་གནས་བློ་ལྡན་། says:
    2012-08-13 at 11:05 pm

    དག་བཅོས་གནང་བར་ཐུགས་རྗེ་ཆེ་། ལོང་བ་མིག་ལྡན་། ཧཧ།

  14. གཟུར་གནས་བློ་ལྡན་། says:
    2012-08-13 at 11:25 pm

    འོ་ན་ ཁྱིམ་ གཙང་ ཚོ་ ཡིན་པ་འདྲ་། ལོང་བ་མིག་ལྡན་ལགས་དགའ་པོ་བྱུང་ ཐུགས་རྗེ་ཆེ་།

  15. སྒ་ཕྲུག says:
    2012-08-13 at 11:38 pm

    རྒྱུན་དུ་ངོ་བསྟོད་དང་ཆེ་བར་མི་འཛིན་ཞིང་། སྐྱེས་ཕོ་རབས་ཤིག་གི་གཏན་ཚིག་མོད་པོས། ཁྱེད་ཀྱི་ངོ་གདོང་ལ་ཞིབ་ཀྱིས་བལྟས་ཏེ། ཁྱེད་ཀྱི་ཕྱི་ནང་ལ་བསྔོག་གཤེར་ཐེངས་མང་པོ་བྱས་མཐར། ཀླད་པའི་དཀྱིལ་དང་སེམས་ཀྱི་སྲུབས་ཀ་དག སྔ་བས་དར་ཞིང་རྒྱས་པས། ཁྱེད་ཀྱི་རྣམ་དཔྱོད་ལ་སྨོན་ཚིག་གི་ལོ་མ་དལ་གྱིས་སྟོར་དགོས་བྱུང།
    ལྷག་ཏུ་དེ་རིང་གི་སྙན་དངག་འདིས་ངའི་ལུས་སེམས་ཡོངས་སུ་བརླན་ཏེ། རྒུ་འབྲུམ་གྱི་ཆང་དམར་དེར་ལོངས་སུ་སྤྱོད་པའི་བྲོ་བ་སྟེར། གྲོགས་པོ་ལགས། གོམ་ཁ་དལ་གྱི་བསྒྱུར་ཏེ་ཟབ་ཅིང་གཏིང་ཆེ་བའི་སྙན་དངག་གི་ལམ་བུ་དེར་རྒྱུ་བར་དཀའ་ཐུབ་ཀྱི་གཟོད་དགོས་པས། ངས་ཀྱང་ད་སྐབས་ཁྱེད་ཀྱི་བརྩོན་པར་བསྟོད་ཚིག་གི་ཀི་སྒྲ་སྒྲོག་གིན་ཡོད།

  16. ལོང་བ། says:
    2012-08-14 at 12:11 am

    བསྣུབ་དེ་ག་རེ་རེད་འདུག །བློ་ལྡན་ལགས།

  17. ལོང་བ། says:
    2012-08-14 at 12:12 am

    ཚོ་མ་རེད། ཚོའི་རེད། ཧཧཧཧཧ

  18. གཟུར་གནས་བློ་ལྡན་། says:
    2012-08-14 at 12:35 am

    དེ་ཡང་ འདས་ཟིན་པའི་དབང་གིས་བསྣུབས་ ཅེས་འབྲི་དགོས་སམ་ ཚོ་དང་ཚོའི་ཞེས་གང་བྲིས་བྲི་ཀྱང་ཆོག་པར་སེམས་ཏེ་དྲུག་པའི་འཕྲད་བསྡུས་མིན་ལས་དོན་ལ་གོ་ཚུལ་གཅིག་པས་སོ་།

  19. ཀརྨ་ཡེ་ཤེས says:
    2012-08-14 at 3:45 am

    ཨ་རོ་མི་ཉག་པ། སྙན་ངག་བྲིས་ནོ་བཟང་ཡང་། བགྲོ་གླེང་མེད་པར་ངན་ནོ། སྙན་ངག་མཁན་ལ་ཅི་ཡང་རྒྱན་ཟེར་བ་དེ་མིན་ནམ་་་ ཧ ཧ

  20. མི་ཉག་དུང་བརྡ says:
    2012-08-14 at 7:21 am

    གོང་དུ་དྲ་གྲོགས་ཚོས་ཕེབས་ཏེ་བདག་གི་བརྗོད་གཞི་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་རང་རང་གིས་ཤོད་འདོད་པའི་སྐད་ཆ་རེ་བཤད་འདུག་པ་ཐུགས་རྗེ་ཆེ། འདིར་ཕྲན་ལ་ཆབ་སྲིད་བཤད་འདོད་མེད་ལ་ལྷག་པར་དུ་གྲལ་རིམ་འཐབ་རྩོད་དང་སྲིད་དབང་འཕྲོག་རྩོད་ཀྱི་སྨྲེང་སྔགས་ཀྱང་དེ་བས་འདོན་འདོད་མེད། དྲ་གྲོགས་སྦྲ་དཔལ་ལྡན་ལགས་ཀྱིས་ངའི་སྙན་ངག་འདི་ཨུ་ཚུགས་རང་བཞིན་ལྡན་ལ་་་་་་་་་་་སྙན་ངག་ཤར་མ་བྲིས་མེད་པ་ངས་ཤེས་ཟེར།
    ལར་ནས་སྙན་ངག་ལ་སྙན་ཆ་ཡོད་མེད་ནི་ཞོགས་གཅིག་ནས་ལྟས་ཏེ་གོ་ཆོད་པ་ཞིག་བརྟན་ནས་མིན། ཕྱོགས་གཅིག་ནས་ཀློག་པ་པོ་རང་ཉིད་སྙན་ངག་ལ་ཆ་རྒྱུས་དང་གོམས་པ་ཅུང་མེད་ན་རང་འདོད་ཀྱི་སྙན་ངག་ལ་འགྲེལ་རྒྱག་ཁུལ་དང་། དཔྱད་ཁུལ་བྱེད་པ་ནི་ཅུང་བློང་བློང་པོའི་སེམས་ཀྱི་རང་བཞིན་མ་སངས་པའི་སྐྱོན་དུ་ཟེར་རོ།

  21. གཟུར་གནས་བློ་ལྡན་། says:
    2012-08-14 at 2:29 pm

    དྲང་པོ་བཤད་ན་སྙན་ངག་ཨོ་ཙམ་བྲིས་འདུག་སྙམས་།

  22. མིག་ཤེལ་ says:
    2012-08-14 at 7:15 pm

    བསྟོད་ཆེ་ན་ཡག་པོ་མི་འདུག ཀརྨ་པ་རྒྱ་གར་ཡུལ་དུ་སྐྱབས་བཅོལ་ལ་ཕེབས་པ་དེས་་གངས་རི་ཡི་གཟི་མདངས་དང་ཁ་བའི་ལོ་རྒྱུས་ལ་ཉམས་རྒུད་འགྲོ་ཡ་གང་ཡང་ཡོད་མ་རེད༏ ཀརྨ་པ་བོད་ལ་མ་བཞུགས་པའི་རྒྱུ་མཚན་གྱིས་བོད་ཀྱི་ཆོས་སྲིད་ཉམས་རྒུད་ག་རེ་སོང་འདུག་ཡང་ན་རྒྱ་གར་བཞུགས་ནས་བོད་ཀྱི་ཆོས་སྲིད་ལ་བྲིས་མི་ཐུབ་པ་ཕན་ནུས་ག་རེ་བཏོན་འདུག་ཐུགས་བསམ་བཞེས་ནས་ལག་གིས་བྲིས་ན་ཡག་གི་ ཡང་ན་ཀརྨ་པ་སྐུ་ཚེ་བརྟེན་

  23. མིག་ཤེལ་ says:
    2012-08-14 at 7:17 pm

    ཡིན་ན་ཡང་ཀརྨ་པ་སྐུ་ཚེ་བརྟེན་ཐུགས་བཞེད་ལྷུན་གྲུབ་ཡོང་བར་ཤོག་

  24. ཀརྨ་སྐལ་བཟང says:
    2012-08-14 at 9:00 pm

    ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་
    ཀརྨ་པ་མཐའ་ཡས་རྡོ་རྗེ་མཁྱེན་ནོ་། ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཁྱེན་ནོ་།
    བཀའ་རྒྱུད་སྙོག་དྲ་མེད་པ་ཤོགས། ཀ་གཉིས་མཐུན་འབྲེལ་ཡོང་བ་ཤོགས་
    བཀའ་རྒྱུད་བསྟན་དགྲ་ཉམས་པ་ཤོགས་། རུམ་གཏེགས་རང་བཙན་ཐོབ་པ་ཤོགས

  25. མི་ཉག་དུང་བརྡ says:
    2012-08-14 at 11:31 pm

    དྲ་གྲོགས་མིག་ཤེལ་ལགས
    ངས་བཤཤད་འདོད་པ་དང་བཤད་ཁུལ་བྱས་པ་འདི་ཀརྨ་པ་བོད་ནས་ཕེབས་རྗེས་བོད་ཀྱི་ཆོས་སྲིད་ལ་གོ་ཆག་་དང་ཉམས་རྒུད་དུ་ཕྱིན་པ་སོགས་བཤད་ཡོད་པ་མ་རེད། ངས་ཀརྨ་པ་བོད་ནས་ཕེབས་ཤུལ་གྱི་བོད་མིའི་སེམས་ཁོང་གི་མྱོང་ཚོར་ཙམ་བྲིས་ཡོད་བསམས། ཡང་གཅིག་བྱས་ན་ངས་བསམ་པ་དེ་ཡིག་ཐོག་ཏག་ཏག་ཅིག་ཕབ་ཐུབ་མེད་ན་ནི་དེ་གནས་ཚུལ་གཞན་ཞིག་རེད། ཡང་ཀརྨ་པ་ཁོང་ལྟ་བུ་ཞིག་རྒྱ་གར་ལ་ཕེབས་པ་འདི་བོད་ལ་བཞུགས་པ་ལས་ལྷག་གིས་བོད་ཀྱི་ཆོས་སྲིད་མཚོན་པའི་བོད་མི་དང་ཆོས་བརྒྱུད་ཁག་ཆིག་སྒྲིལ་ཡོང་ཡ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད།

  26. གངས་དཀར་ says:
    2012-08-15 at 2:57 am

    ཀརྨ་པ་རྒྱ་གར་ལ་ཕེབས་ནས་བོད་སྤྱི་ལ་ཕྱག་ལས་རྒྱ་ཆེར་གང་ཡང་གནང་ཡོད་པ་མ་རེད། བཀའ་བརྒྱུད་སྨོན་ལམ་བསྒྱུར་བཅོས་སོགས་ཕན་ལས་ཁ་ཤས་ཡོད་པ་རེད། བཀའ་རྒྱུད་གྲ་པ་ཁ་ཤས་ཀྱིས་ང་ལ་བཤད་ཚོད་ལ་ཀརྨ་པའི་གོ་རྟོགས་ལོ་རེ་བཞིན་སྡུག་ཡོད། ཤེས་ཡོན་ཅན་ལ་དམའ་ཕབ་དང་ནང་ལ་ཡོན་ཏན་མེད་ཕྱི་སྡོམ་པ་མེད་ཡོད་པ་ཤོག་དངུལ་རྐྱང་པ་ཡོད་པའི་གྲ་ལོག་སྤྲུལ་སྐུ་རྣམས་ཡར་འཐེན་དང་གཙུག་བཞིན་སྐུར་ནས་རྷེར་དབང་རིང་ལུགས་ལ་ཕྱོགས་བཞིན་པ་ཐོས་པས་དེ་ལས་ཀྱང་ཁོང་ལ་ཡིད་ཆེས་མ་བྱུང་།

  27. ལོང་བ། says:
    2012-08-15 at 10:28 pm

    ཁྱེད་ཕེབས་པའི་རྗེས། གཞིས་ལུས་བོད་མི་ལ་སྲིད་དོན་གྱི་མནར་གཅོད་ཇེ་མང་། བྱིས་འབྱོར་བོད་མི་ལ་དཔལ་འབྱོར་གྱི་རྙོག་དྲ་ཇེ་མང་། དེང་སང་རྒྱ་གར་ནང་གི་དགོན་པ་ཁག་ལ་རྒྱ་གར་གཞུང་ནས་ནག་ཚོང་གི་ལྟེ་གནས་ཡིན་པར་ངོས་འཛིན་གྱིས་དམ་དྲག་ཆེ་རུ་ཕྱིན་ཡོད་སྐད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme