Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀརྨ་པ། ཁྱེད་ཕེབས་ལམ་ན།

Posted on 2013-02-282013-02-28 By ཁ་བརྡ་ 51 Comments on ཀརྨ་པ། ཁྱེད་ཕེབས་ལམ་ན།

མི་ཉག་དུང་བརྡ།

སྔོ་ལྗང་གི་མདངས་སུ་བཀྲ་བའི་མེ་ཏོག་ཡིན་ནམ།
ཁ་བའི་འདབ་མ་སྤུར་བའི་ནམ་ཟླ་ཡིན།

ཀརྨ་པ ཁྱེད་ཕེབས་ལམ་ན།
བྲག་རི་ཡིས་མགོ་བོ་དུད་ཅིང་།
ས་ཞིང་འཁོབས་སྙོམས་ཤིང་།
ལམ་འགྲམ་གྱི་རྩི་ཤིང་ཡོད་ཚད་ཀྱིས་ཁྱེད་ལ་ཐལ་མོ་རྡེབ།
ཆུ་མོ་ཤང་ཤང་གི་གླུ་དབྱངས་ཀྱིས།
ཁྱེད་ལ་མཆོད་པ་ཕུལ།
ཁྱེད་ཀྱི་ཟིལ་ཤུགས་ལས་འཁྲུངས་པའི།
རི་ཆུ་ནགས་གསུམ་གྱི་ཚེ་སྲོག།
ཅི་འདྲའི་བརྗིད་ལ་ཅི་འདྲའི་འཚོ་སྟངས་ཁྱད་པར་བ་ཞིག །

ཀརྨ་པ ཁྱེད་ཕེབས་ལམ་ན།
འཛུམ་མདངས་དང་བྲོད་ཁ་སློང་བའི་ཚོར་བ་ཡིན་ནམ།
རྟ་གདོང་མེ་རི་བཞིན་འཕྱུར་བའི་སྡུག་ཡུས་ཡིན།
ཁྱེད་ཀྱིས་ཟིལ་ཤུགས་ཀྱི་ཁ་རླངས་ཧི་མ་ལ་ཡར་བཏབ་སྟེ།
གསེར་ཞལ་གྱི་གངས་ལྷ་མེ་ཏོག་ཞིག།
བྱང་ནས་བྱང་དུ་བཞད་འགོ་བརྩམས།

ད་དུང་ འཚེར་སྣང་དང་དཀའ་སྡུག་གི་སྨག་རུམ་ཅི་འདྲའི་སྟུག་ཀྱང་།
ཁྱེད་ཀྱི་དཔུང་ཤེད་ཀྱི་ལང་ཚོ་ཆེས་ཆེར་བརྟས་པའི་སེམས་པས།
གོམ་ཁ་ཕྱིར་འཐེན་བྱེད་མི་སྲིད།
ཁྱེད་ཕེབས་ལམ་གྱི་ཡོད་ཚད་ནས་ཡོད་ཚད།
དྲན་ཤུགས་བསྐྱེད་པའི།
ལོ་རྒྱུས་ཀྱི་ཤོག་ལྷེ་སེར་པོ་ཞིག །

སྙན་ངག

Post navigation

Previous Post: བུད་མེད་ཇི་ལྟར་དགའ་བར་བྱེད།
Next Post: རང་སྲེག་ཐད་རྒྱ་གཞུང་གིས་ཁྲིམས་ཡིག་གསར་བཟོ་བྱས་འདུག

Comments (51) on “ཀརྨ་པ། ཁྱེད་ཕེབས་ལམ་ན།”

  1. ཨ་ཕྱི་ཆོས་སྒྲོན says:
    2013-02-28 at 11:54 pm

    སུ་ཀརྨ་པ། ཁྱེད་ཕེབས་པ་་ཕྱག་ན་པདྨོའི་ཕྱག་རྗེས་རྐང་བསུབ་རང་རེད་བཞག

  2. རང་དབང་ཨ་རྡུ་མན། says:
    2013-03-01 at 12:15 am

    གངས་ཅན་གྱི་མགོན་པོ་་་་རྒྱལ་བ་ཀརྨ་པ་མཁྱེན་ནོ།

  3. འདྲེ་རྐང་ཐོ། says:
    2013-03-01 at 12:44 am

    ཨ་ཕྱི་ལྟས་ངན་འདིས་ག་རེ་ལབ་ཀྱིན་ཡོད་རེད་་་ཁྱི་སྐྱག་ཁྱོས་ཀརྨ་པ་བསྟོད་ཀི་ཡོད་པའི་ཁུར་རེད་དམ་་་ཡང་ན་༧གོང་ས་མཆོད་ལ་བསྟོད་པའི་ཁུར་རེད། ༧གོང་ས་མཆོག་གི་ཕྱག་རྗེས་བསུབ་ན་བསུབ་ཐུབ་མཁན་་་བཀྱག་ན་བཀྱག་ཐུབ་མཁན་་་ཆོས་སྲིད་གཉིས་ཀར་མཁས་པ་་་་འཛམ་གླིང་མི་ཆེན་དཔོན་ཆེན་ཁོ་ཡིན་ང་ཡིན་ཕལ་ཆེར་བས་གུས་བཀུར་གནང་ཡུལ་དུ་གྱུར་བ་་་་་བླ་ཆེན་མི་ཆེན་འགའ་རེ་འུ་ཚང་ལ་ད་དུང་ཡོད་རྒྱུ་ན་་་་བོད་འདི་འདི་འདྲའི་སྙིང་རྗེ་བའི་གནས་སུ་ལྷུང་དགོས་དོན་ཡོད་ནི་མ་རེད་དོ།

  4. འདྲེ་རྐང་ཐོ། says:
    2013-03-01 at 12:44 am

    ཨ་ཕྱི་ལྟས་ངན་འདིས་ག་རེ་ལབ་ཀྱིན་ཡོད་རེད་་་ཁྱི་སྐྱག་ཁྱོས་ཀརྨ་པ་བསྟོད་ཀི་ཡོད་པའི་ཁུར་རེད་དམ་་་ཡང་ན་༧གོང་ས་མཆོད་ལ་བསྟོད་པའི་ཁུར་རེད། ༧གོང་ས་མཆོག་གི་ཕྱག་རྗེས་བསུབ་ན་བསུབ་ཐུབ་མཁན་་་བཀྱག་ན་བཀྱག་ཐུབ་མཁན་་་ཆོས་སྲིད་གཉིས་ཀར་མཁས་པ་་་་འཛམ་གླིང་མི་ཆེན་དཔོན་ཆེན་ཁོ་ཡིན་ང་ཡིན་ཕལ་ཆེར་བས་གུས་བཀུར་གནང་ཡུལ་དུ་གྱུར་བ་་་་་བླ་ཆེན་མི་ཆེན་འགའ་རེ་འུ་ཚང་ལ་ད་དུང་ཡོད་རྒྱུ་ན་་་་བོད་འདི་འདི་འདྲའི་སྙིང་རྗེ་བའི་གནས་སུ་ལྷུང་དགོས་དོན་ཡོད་ནི་མ་རེད་དོ།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-03-01 at 3:22 am

    ༸ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་༸སྐུ་ཚེ་ཡུན་བརྟན་ཤོག །

  6. འཇམ་གཅེས says:
    2013-03-01 at 3:38 am

    ༸ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་༸སྐུ་ཚེ་ཡུན་བརྟན་ཤོག །

  7. དགའ་སྐུ་ says:
    2013-03-01 at 4:19 am

    རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་ནས་འཛམ་གླིང་གང་སར་ཕེབས་ཐུབ་པའི་སྨོན་འདུན་ཞུ།

  8. དྲྭ་འབུ་རྡུང་མཁན། says:
    2013-03-01 at 4:24 am

    ༸ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་༸སྐུ་ཚེ་ཡུན་བརྟན་ཤོག་་་་་་་་་་་་་་་་་་་་་་་

  9. བན་དེ་བ། says:
    2013-03-01 at 4:51 am

    ཀརྨ་པ་དུས་གསུམ་མཁྱེན་པ་མཆོག་ལ་ན་མོ། ཁྱེད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་རང་དབང་གི་དཔལ་ལ་སྤྱོད་དེ་འགྲོ་དོན་རྒྱ་ཆེར་སྤེལ་བར་ཤོག

  10. གསེར་འབྲུག་སྡེར་ལྔ་ says:
    2013-03-01 at 5:03 am

    དྲ་བརྡུང་དང་འཇམ་གཅེས་འདི་གཉིས་ཞྭ་དམར་ཕྱོགས་གཏོགས་ཡིན་པ་ད་གཞི་ནས་ཤེས་སོང་། མི་འདི་རིགས་ཀྱིས་བོད་དོན་གླེང་ཁུལ་བྱས་ཀྱང་དོན་དངོས་བོད་གཞུང་གི་ཁ་གཏད་དུ་ལངས་དང་ལངས་བཞིན་པ་མངོོན་རྗེན་རེད། བྱས་ཙང་ལམ་དབུ་མ་འཇུས་ནས་རྒྱ་རྐུབ་བལྡགས་པར་ངར་ངར་དང་ཤོར་ཤོར་རེད་འདུག།

  11. དགེ་བསམ། says:
    2013-03-01 at 5:06 am

    ཀརྨ་པ་ཆེ་འབྲིང་ཆུང་གསུམ་ལ་མི་དད་པའི་དད་པ་བརྟེན་པོ་ཡོད་དོ།

  12. མིག་གསུམ་པ་ནས says:
    2013-03-01 at 6:36 am

    རྒྱལ་པན་གཉིས་ཀྱི་མ་གཏོགས་རི་ཁ་བ་ཅན་ལ་བཀའ་དྲིན་ཆེ་བ་དང་། ས་ཡ་དྲུག་གི་དོན་དུ་སྐབས་ལས་བརྒྱབ་ཟིན་པ་པའི་བླ་སྤྲུལ་དམིགས་བསལ་ཅན་ཞིག་མེད་པས་ན། ཀརྨ་པ་ཚང་ལ་སྟོད་དགོས་བའི་རྒྱུ་མཚན་ཞིག་མི་འདུག། ཀརྨ་པའི་བོད་མི་རིགས་གི་ཆེད་དུ་རླབས་ཆེན་ཀྱི་བྱ་བཞག་ཅི་ཞིག་བསྒྲུབ་མིན་དེ་རྗེས་མ་ཤེས་གི་རེད་དེ་དུས་བསྟོད་ཀྱང་འཕྱི་ཡོད་པ་མ་རེད་བསམ།
    ཡིན་ཡང་བདག་གིས་མི་ཚེ་ནང་དུ་རྒྱལ་བ་པན་ཆེན་ལས་སྤྲུལ་གོག་དེ་དག་དང་བླ་གོག་དེ་དག་ལ་བརྕི་དགོས་པར་བསམ་མྱོང་མེད་།

  13. རང་དབང་ཨ་རྡུ་མན། says:
    2013-03-01 at 6:39 am

    གངས་ཅན་འགྲོ་བའི་མགོན་པོ་རྒྱལ་བ་༧ཀརྨ་པ་ལ་ན་མོ།

  14. སེར་སྨད་འབྲུག་སྐད། says:
    2013-03-01 at 6:45 am

    ཧཧཧ། ད་ཡིན་ན་ལྟད་མོ་འདུག ཀརྨ་པས་བོད་སྤྱི་པའི་དོན་དུ་ཞལ་མ་གྲགས་པར་བཞུགས་པ་ཅི་ཡིན་ནམ། རྒྱ་མོ་ལས་བོད་མོ་ངོ་མ་མཁྱེན་པ་ཡིན་ནམ། ཀརྨ་པ་འདིར་༸གོང་ས་མཆོག་གི་སྐུ་ཚབ་ཡོང་རྒྱུའི་རེ་བ་རྒྱག་ཀྱང་ཁོ་པ་ནི་ཀམ་ཚང་བ་དང་དེའི་ནང་སེ་ཏུ་ཚང་མ་གཏོགས་གཟིགས་ཀྱི་མེད་པའི་སྐད་ཆ་ཞིག་འདུག་པས་བདེན་ན་སྐྱོ་པོ་རེད། འགོ་བླ་ཆེན་ཚོས་འཇིག་རྟེན་ཕལ་པའི་བྱ་སྤྱོད་ལྟ་གཅིག་འོག་གཅིག་ལ་མི་འདུ་བ་བྱེད་ན་ཕན་ཐོགས་གང་ཡོད།

  15. རབ་དགའ་ says:
    2013-03-01 at 6:48 am

    ཨ་ཕྱི་་ཆོས་སྒྲོན་ཁྱེད་དེ་འདྲ་ལབ་དགོས་དོན་གང་ཡིན་ན་ཁྱེད་ལ་༧ དཔལ་རྒྱལ་བ་ཀརྨ་པའི་ཁྱེད་ནང་གི་བརྒྱུད་ནོར་ག་རི་བཟས་སོང་། དེ་འདྲ་མ་ལབ་ཁྱེད་བཤགས་པ་བྱེད་དགོས་། ཀརྨ་པ་ལ་བསྟོད་པ་འཕུལ་ཡག་མེད་ན་སྨད་མི་རུང་། བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་བ་འདེབས་ན་སྐྱེ་བ་གྲངས་མེད་རིང་ལ་ངན་སོང་དུ་འགྲོ་བྱེད་རྒྱུ་བསགས་། ཁྱེད་རང་བཤགས་སྦྱོང་ཆེད་དུ་ཀརྨ་པ་མཁྱེན་ནོ་གྲངས་བསགས་།

  16. འཇམ་གཅེས says:
    2013-03-01 at 7:13 am

    ཧི་ཧི་ཧི་་་་་ད་ཡིན་ན་ཁྱི་རྒན་དེ་ཚོ་ངུ་ཡོང་འདུག་ད་་་གང་མགྱོགས་སྐྱག་པ་ཡང་ཤོར་རན་རེད་་་་་་

  17. འཇམ་གཅེས says:
    2013-03-01 at 7:15 am

    ༡༢༽ སེར་སྨད་འབྲུག་སྐད་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡ གི་ཆུ་ཚོད་ ༦ སྐར་མ་ ༤༥

    ཧཧཧ། ད་ཡིན་ན་ལྟད་མོ་འདུག ཀརྨ་པས་བོད་སྤྱི་པའི་དོན་དུ་ཞལ་མ་གྲགས་པར་བཞུགས་པ་ཅི་ཡིན་ནམ། རྒྱ་མོ་ལས་བོད་མོ་ངོ་མ་མཁྱེན་པ་ཡིན་ནམ་་་་ ཟེར་་་་་ཧེ་ཧེ་

  18. མངའ་རིས་ཕྲིན་ལས། says:
    2013-03-01 at 8:37 am

    སྡུག་ཁྱེད་ཚོ་འདྲ་བོ་དུས་ཚོད་མ་འཁྱོལ་བའི་དྲ་འབུ་སྐྱག་ཟན་ཚོས་ཆོལ་ཁ་དང་ཆོས་ལུགས་རང་ཕྱོགས་དང་གཞན་ཕྱོགས་ཆེས་རྗེས་ལུས་ཅན་གྱི་བསམ་ཚུལ་འབྲི་བ་ནི་རྐུབ་ཕྱིས་ཤོག་བུ་རང་རེད། ཁ་མདོག་དཀར་དམར་གང་ཡིན་རུང་བྱ་བ་རྐུབ་ཕྱི་བྱེད་ལས་མ་འདས། ༧གོང་ས་༧ མཆོག་གི་བསྔགས་བརྗོད་དང་དགོངས་པའི་གཏོད་ས་ཡིན་མིན་ལ་མ་ལྟོས་པར་ཁྱེད་ཚོས་ཉི་ཤར་སྦར་མོས་འགེབ་ཐབས་བྱེད་པ་ནི་ཧ་ཧ་དང་ཧི་ཧི་གནས་རེད། དེ་བས་སྡུག་ཚོད་ཟིན་ནས་སྤང་འཁྱམས་རྒྱབ་སྡད་ན་ཡག་ཤོས་དང་ཁྱེད་རང་ཚོ་ལ་དགོས་ཡ་དེ་རེད། དེ་མིན་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་ལ་བསམ་ཚུལ་སྤེལ་བ་ནི་ཆེས་མ་འོས་པ་ཞིག་རེད་འདུག

  19. ལུང་རྟོགས། says:
    2013-03-01 at 8:54 am

    ཨ་ཕྱི་ཆོས་སྒྲོན་འདི་འབྲི་གུང་པའི་སྲུང་མ་ཡིན་པའི་རྒྱུ་མཚན་གྱིས་ཀརྨ་པ་ལ་མ་དགའ་བ་རེད། འཇམ་གཅེས་དང་དྲ་འབུ་རྡུང་མཁན་སེར་སྨད་འབྲུག་སྐད་འདི་ཚོ་ཞྭ་དམར་ཕྱོགས་རྟོག་མ་རེད། འདི་ཚོ་དགེ་ལུགས་པ་ཡིན་པའི་རྒྱུ་མཚན་གྱིས་ཀརྨ་པ་ལ་མ་དགའ་བ་རེད། དེའི་རྒྱུ་མཚན་ཡང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་འདིའི་མི་གཞི་དང་ཤེས་ཡོན་རྣམ་དཔྱོད་སོགས་གང་གི་ཆ་ནས་མ་འོང་པར་བོད་མི་རིགས་ཀྱི་འགོ་ཁྲིད་མཁན་དང་རེ་བ་བཅོལ་ཡུལ་ཞིག་ལ་འགྱུར་རྒྱུའི་ཉེན་ཁ་མཐོང་བས་རེད། ཧཧཧཧཧ

  20. རྒད་པོ། says:
    2013-03-01 at 10:02 am

    ལུང་རྟོག་ལགས། འདིར་ཁྱེད་ཀྱི་མཆན་གོང་མ་འདིས་བཀའ་བརྒྱུད་དང་དགེ་ལུགས་དབར་ལ་དམ་ཚིགས་བཙོག་པར་བྱེད། འཇམ་གཅེས་ལ་སོགས་དགེ་ལུགས་པ་ཡིན་པ་ཁུངས་སྐྱེལ་ཡས་ཨེ་ཡོད། 

    ང་ཚོ་རྗེ་རིན་པོ་ཆེའི་གསུང་འབུམ་བཀླགས་མྱོང་མཁན་ཞིག་གི་ངོས་ནས་བལྟས་ན། ཆོས་བརྒྱུད་གཞན་པ་རྣམས་ལ་དད་པ་དང་དག་སྣང་ཁ་བ་ལྟར་དཀར་བ་རང་བཞིན་གྱིས་སྐྱེ་བཞིན་འདུག དཔེར་ན། རྗེ་རིན་པོ་ཆེའི་གསང་འདུས་རིམ་ལྔའི་གཞུང་ནང་ལ་མར་པ་མཆོག་ལ་ག་ཚོད་བསྟོད་པ་མིན་འདུག་གམ། དེ་བཞིན་རྗེ་མར་པ་མཆོག་གི་གསུང་གི་སྙིང་པོ་གསང་འདུས་འདི་ས་སྟེང་འདིར་དར་སྤེལ་མཛད་མཁན་རྗེ་རིན་པོ་ཆེ་གཙོ་བོ་ཞིག་རེད། བྱས་ཙང་དགེ་ལུགས་པས་བཀའ་བརྒྱུད་པར་མི་དགའ་བ་ཕར་བཞོག ཞབས་ལ་གཏུགས་དགོས་པ་ལྟ་བུ་རེད། 

    དེ་བཞིན་རྗེ་རིན་པོ་ཆེའི་བླ་མ་གཙོ་བོ་ཞིག་ཀརྨ་པ་རེད། ང་རང་ནང་པ་ཞིག་དང་བོད་ཀྱི་ནང་པའི་རྗེས་བྲངས་ཞིག་གི་ངོས་ནས་ས་དགེ་བཀའ་སྙིང་གི་ཚད་ལྡན་བླ་མ་ཚང་མར་དད་པ་ཡོད། དེ་རྗེ་རིན་པོ་ཆེའི་བཀའ་དྲིན་ཡིན། ཁོང་གིས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། གསུང་རབ་མ་ལུས་གདམ་པར་འཆར་བ་དང་གསུངས་དུས་མིག་ལ་ཆུ་ཞག་འཁོར་བཞིན་གོང་གི་བླ་མ་དེ་དག་གི་བཀའ་དྲིན་དྲན་པར་བྱེད།

    མདོར་ན་རྗེ་རིན་པོ་ཆེའི་མདོ་སྔགས་ཀྱི་རྒྱུད་པ་གཉིས་ཀར་དཔལ་མཉམ་མེད་བཀའ་རྒྱུད་པའི་བླ་ཆེན་དག་ཞུགས་ཡོད། ལམ་རིམ་ལྟ་བུར་དྭགས་པོ་ལྷ་རྗེ་དང་གསང་སྔགས་ལ་ཏེ་ལོ་ན་རོ་མར་པ་རྣམས་ཁོང་གི་མེས་པོ་ཡིན་པ་དངོས་ཡོད་རེད། 

  21. ཐུབ་བསྟན says:
    2013-03-01 at 10:57 am

    ཨ་ཕྱི་ཆོས་སྒྲོན་ལ་དད་དམ་མེད་པའི་ལས་ངན་རྒྱུ་འབྲས་རྒྱབ་བསྐྱུར་ཅན་འདི་ནི་༧རྒྱལ་བ་འབྲི་གུང་པའི་རྗེས་འཇུག་ཞིག་མ་རེད།
    ཁྱི་རྒན་དཔལ་དགྱེས་རེད་འདུག་བས་ཁོས་འདས་བའི་བྱ་བྱེད་ནི། སྤྱིར་སངས་རྒྱས་བསྟན་པ་ལ་བདོ་ཡང་སྒོས་དྭགས་པོ་བཀའ་བརྒྱུད་པའི་རིང་ལུགས་ལ་ནང་འགལ་གཞི་མེད་སྐྱོན་འཛུག་ཁོ་ན་དང་། བོད་ཁ་བ་གངས་ཅན་ལ་ནང་འགལ་དཀྲུགས་ཤིང་མི་ཉུང་བ་སློང་དང་སློང་བཞིན་པ་རེད་ཚང་མས་ཡིད་ཟབ་གནང་བར་ཞུ།

  22. འཇམ་གཅེས says:
    2013-03-01 at 11:03 am

    ༸གོང་ས་ཡིད་བཞིན་ནོར་བུའི་བཀའ་དྲིན་གྱིས་མིང་གནས་རྗེས་འབྲེལ་གྱི་ལམ་ལུགས་འཇུག་བསྡུར་ཚར་བ་མ་ཤེས་པ་འདྲ་ལུང་རྟོག་ཟེར་མཁན་དེའི་་་་་་ཧི་ཧི་ཧི་་་་་་་་་་་་་་་་་་སྟོང་བསམ་ཞིག་་་་རེ་སྟོང་ཤིག་་་་་་

  23. ལུང་རྟོགས། says:
    2013-03-01 at 11:05 am

    རྒད་པོ་ལགས། ངས་དགེ་ལུགས་པ་ཚང་མ་དེ་འདྲ་རེད་ཟེར་གྱི་མེད། དཔེར་ན་རྒྱུད་སྟོད་ལྟ་བུ་ལ་མཚོན་ན་དགེ་ལུགས་པ་ཡིན་ཡང་ཀརྨ་པ་དང་འབྲེལ་ལམ་ཧ་ཅང་ཡག་པོ་རེད། འོན་ཀྱང་དགེ་ལུགས་པའི་གྲྭ་པ་ཁག་ཅིག་གིས་ཀརྨ་མ་པ་ལ་སྐྱོན་བརྗོད་སྣ་ཚོགས་བྱེད་ཀྱི་ཡོད་ལ་རྒྱུ་མཚན་ཡང་ངས་གོང་དུ་བཤད་པ་དེ་རེད། ད་དུང་ཀརྨ་པ་ལ་སྐྱོན་བརྗོད་བྱེད་མཁན་རིགས་གཉིས་ཡོད། གཅིག་ནི་ཞྭ་དམར་གྱི་ཕྱོགས་རྟོག་རྣམས་རེད། དེའི་རྒྱུ་མཚན་ནི་ཚང་མས་ཤེས་གསལ་རེད། གཞན་ཅིག་ནི་ས་སྐྱ་པའི་གྲྭ་པ་ཁག་ཅིག་རེད། ཁོང་ཚོས་སྐྱོན་བརྗོད་བྱེད་པའི་རྒྱུ་མཚན་ནི་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་ཞེས་པ་དེ་ངོས་འཛིན་གནང་མཁན་བཅོ་བརྒྱད་ཁྲི་ཆེན་ཡིན་པའི་རྒྱུ་མཚན་གྱིས་རེད། གང་ལྟར་ང་ནི་བཀའ་རྒྱད་པ་ཞིག་མིན་ལ་ཀརྨ་པ་དང་ཆོས་དང་འཇིག་རྟེན་གྱི་འབྲེལ་བ་གང་ཡང་མེད། འོན་ཀྱང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་རྣམ་དཔྱོད་དང་མི་གཞི་ལྷག་བསམ་ཅས་ལ་གུས་ཞབས་ཡོད་མཁན་ཞིག་ཡིན།

  24. ལུང་རྟོགས། says:
    2013-03-01 at 11:13 am

    འཇམ་གཅེས་ཀྱིས་བཤད་སྟངས་ལ་བལྟོས་དང་ངས་བཤད་པ་དེ་བདེན་པ་ཡིན་པའི་ར་སྤྲོད་བྱས་མི་འདུག་གམ།

  25. ནུབ་ཕྱོགས་གངས་ཕྲུག་ says:
    2013-03-01 at 11:15 am

    རྡ་སའི་ཀརྨ་པ་དེ་དགེ་ལུགས་སུ་བསྒྱུར་ཉེན་འདུག གལ་སྲིད་ཁོ་རང་གི་ཆོས་བརྒྱུད་འཛིན་དགོས་ཡོད་་ན་རྒྱུད་སྟོད་དགོན་པར་ཨུ་ཚུགས་རྒྱབ་ནས་མ་བཞུགས་པར་ལོགས་སུ་ཐོན་དགོས་རེད། དེ་མིན་ན་དགེ་ལྡན་ཀརྨ་པ་རེད།

  26. འཇམ་གཅེས says:
    2013-03-01 at 11:27 am

    རང་དང་ལྟ་སྤྱོད་མི་མཐུན་ན་ཕྱོགས་ཞེན་ཅན་དུ་ངོས་འཛིན་སྲོལ་འདི་ཡང་བོད་པའི་རང་གཤིས་ངན་པ་ཞིག་རེད་་་་་་་་་་་

  27. བན་དེ་བ། says:
    2013-03-01 at 11:41 am

    ཀརྨ་པ་དུས་གསུམ་མཁྱེན་པ་ནི་ཐོག་མར་བོན་རྒྱུད་ཅིག་ཡིན་ཅིང་མ་ཟད་བོན་གྱི་བླ་མ་མཐུ་རྩལ་བསམ་གྱིས་མི་ཁྱབ་པར་མངའ་བའི་བླ་རྒྱུད་ཀྱང་ཡིན། དེ་ནི་ལོ་རྒྱུས་ཁག་ནས་གསལ་བས་སོ།
    སྒོ་བོན་གཡུང་དྲུང་བདུད་འདུལ་ཞེས་བྱ་བ། རྒྱལ་རོང་རྒྱལ་ཁག་དང་མེ་ཉག་དང་ཧོར་རིགས་སོགས་ཆེ་དགུའི་དབུ་བླར་བཀུར་ཏེ། ཕྱིས་སུ་ཡར་ཁམས་ཕྱོགས་སུ་བྱོན་ཏེ། ཏྲེ་ཤོད་གངས་ཀྱི་ར་བ་རུ་བཞུགས། བླ་མ་གཡུང་དྲུང་མགོན་པོའམ་ཕྱིས་སུ་སྲས་ཀྱི་མཚན་གསོལ་བའི་རྡོར་རྗེ་མགོན་པོ་ཞེས་བྱ་བའི་གསང་བའི་སྔགས་འཆང་ཆེན་པོ་དེ་ཡི་སྲས་གསུམ་ཡོད་པའི་ཆེ་བ་ནི། དུས་གསུམ་མཁྱེན་པ་ཡིན་ཏེ། དེ་ལ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས། མཁའ་འགྲོ་འབུམ་གྱི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་ཅོད་པཎ་དབུ་ལ་གསོལ་ནས། སངས་རྒྱས་ཀུན་གྱི་འཕྲིན་ལས་མཛད་དགོས་ཕྱིར། ཀརྨ་པ་ཞེས་མཚན་གསོལ་ནས། དག་པ་ཟླ་འོད་གཞོན་ནུའི་དྲུང་དུ་གཏུག་ནས་དབང་དང་གདམས་ངག་ཞུས་ཤིང་བཀའ་རྒྱུད་ཆོས་ཀྱི་བསྟན་པ་སྤེལ་དགོས་པའི་ལུང་བསྟན་བྱུང་བཞིན་ཆོས་སྒོར་ཞུགས། ཡབ་མྱེས་ཀྱི་གདན་ས་སྐམ་པོར་བྱོན་ནས་ཐབས་ལམ་གཏུམ་མོ་ལ་སྦྱང་པས། ཞག་དགུ་ནས་རས་རྐྱང་ཐུབ། དེ་རྗེས་དགུང་ལོ་བདུན་ཅུ་དོན་བདུན་དུ་ཕེབས་སྐབས་སུ། སྟོད་ལུང་མཚར་བུའི་དགོན་པ་བཏབ་ནས་དགུང་ལོ་བརྒྱད་ཅུ་གྱ་བཞི་བར་བཞུགས་ནས་དབྱིངས་སུ་མྱ་ངན་ལས་འདས་པའོ། ཐུགས་ལྗགས་སྤྱན་གསུམ་ལས་སོགས་སྐུ་གདུང་རིང་བསྲེལ་མང་དུ་བྱོན་པའོ། ཞེས་དུས་གསུམ་མཁྱེན་པ་དང་གདུང་རྒྱུད་གཅིག་པ་སྐམ་བླ་མ་གདན་ས་སྨན་རིའི་མཁན་རབས་ཉེར་གསུམ་པ་འཛམ་གླིང་བོན་གྱི་མཁས་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་ལས་གསལ་ལོ། རྒྱུ་མཚན་འདི་དག་ལ་བརྟེན་ནས་ཀརྨ་པའི་སྐུ་སྐྱེ་སྔ་ཕྱི་བར་གསུམ་དུ་བོན་དང་འབྲེལ་བ་དམ་གཟབ་ཡོད་པའང་རྒྱུ་མཚན་དེ་ལྟར་རོ།

  28. ལུང་རྟོགས། says:
    2013-03-01 at 11:55 am

    རེད་རེད། རང་ཉིད་ཀྱི་ལྟ་བ་དེ་ནམ་ཡང་ཡང་དག་ཡིན་པར་བརློམ་པ་འདི་ཡང་བོད་པའི་རང་གཤིས་ངན་པ་ཞིག་རེད།

  29. གླིང་ཕྲུག་ says:
    2013-03-01 at 12:23 pm

    ༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཁྱེན་ནོ་། གངས་ཅན་པའི་སྐྱབས་མགོན་།

  30. འཇམ་གཅེས says:
    2013-03-01 at 12:39 pm

    དེ་རིང་ཡིན་ན་མི་ངན་ཁ་ཤས་ལ་རྣག་ཐོག་གཙག་འཁེལ་བྱུང་བ་འདྲ་འདུག །དགོས་རྒྱུའི་པག་ལ་པག་ཁུ་ད་ར་་ཟེར་སྲོལ་ཡོད་པ་རེད་་ཧིཧིཧིཧི་་་་་་་་་་་་་་་་

  31. འཇམ་གཅེས says:
    2013-03-01 at 12:42 pm

    ད་ཡང་བོན་རྒན་ཞིག་ལངས་སོང་། ནང་པའི་གཞུང་ཁ་ཤས་ནང་བོད་གངས་ཅན་དུ་ཕྱི་རོ་པ་མེད་པའི་ཕྱིར་ཟེར་ནས་རྒྱུ་མཚན་བཀོད་ཚུལ་ཐོས་མྱོང་ཡོད། ཡིན་ཡང་མ་ངེས་པ་འདྲ་འདུག །

  32. རིགས་ཞེན་དཀར་པོ། says:
    2013-03-01 at 12:54 pm

    ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྐུར་པ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །

  33. བན་དེ་བ། says:
    2013-03-01 at 12:54 pm

    ད་ཡང་ཁུག་རྟའི་ཕོ་ཉ་དེ་ལ་སྲོད་རུབ་སོང་མྱ་ངན་དགུ་རིམ་ནང་དུ་འཛུལ་སོང། སྙིང་རླུང་ལང་ན་སྡུག་རྒྱོང་རེད་ད།

  34. བན་དེ་བ། says:
    2013-03-01 at 12:56 pm

    ༢༦༽ འཇམ་གཅེས་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡ གི་ཆུ་ཚོད་ ༡༡ སྐར་མ་ ༢༧
    རང་དང་ལྟ་སྤྱོད་མི་མཐུན་ན་ཕྱོགས་ཞེན་ཅན་དུ་ངོས་འཛིན་སྲོལ་འདི་ཡང་བོད་པའི་རང་གཤིས་ངན་པ་ཞིག་རེད་་་་་་་་་་་

  35. ཀླུ་སྨྱོན། says:
    2013-03-01 at 1:32 pm

    ཀརྨ་མཁྱེན་ཞེས་རྡོ་ལ་བརྐོས་འདུག །
    གོང་མ་མཁྱེན་ཞེས་གླུ་རུ་གྱེར་འདུག །
    བདག་གི་སྟོན་པ་ཉམ་ཆུང་ཁོང་ནི། །
    རྡོ་དང་གཞས་ཀྱི་བར་ན་ལྷགས་འདུག །

  36. དགའ་སྐུ་ says:
    2013-03-01 at 1:35 pm

    ཀརྨ་པའི་རྣམ་སྤྲུལ་གྲངས་ངེས་མེད་འཁྲུངས་སྲིད། འོན་ཀྱང་བརྒྱུད་འཛིན་གྱི་ཀརྨ་པ་ནི་གཅིག་ལས་མི་འོང་། རྒྱུ་མཚན་ནི། ཀརྨ་པ་སྐུ་ཡི་རིམ་བྱོན་ཕལ་ཆེར་གོང་མའི་འདའ་ཀའི་ཞལ་ཆེམས་ལྟར་ངོས་འཛིན་གནང་སྲོལ་ཡོད་པ་ལས་རྒྱུ་དང་དཔུང་དང་དབང་ཆ་དང་ཐོབ་ཐངས་སོགས་ཡོད་པའི་འགྲོ་ས་མེད། ༧ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནི་༧རྒྱལ་དབང་༡༦པའི་འདའ་ཀའི་ཞལ་ཆེམས་ལྟར་ངོས་འཛིན་མཛད་པ་དང་། དེ་ག་ནང་བཞིན་ད་ལྟ་ཁོང་གི་མཛད་སྤྱོད་སོགས་གང་སྤྱི་ཐད་ནས་སྤྱན་ཡངས་པོར་ཕྱེ་ནས་གཟིགས་དང་ཁོང་ཀརྨ་པར་ཁས་ལེན་རུང་མ་ལེན་རུང་འདྲ་འདྲ་ནང་ནས་མི་འདྲ་བ་ཞིག་གསལ་གསལ་རིལ་རིལ་མཇལ་རྒྱུ་ཡོད་པ་དེ་ཡིན་པས་དོན་མེད་ཀྱི་ཡིན་དང་མེན་སོགས་ནི་ངལ་བའི་རྒྱུ་ཁོ་ནར་ཟད་དོ།

  37. རིགས་ཞེན་དཀར་པོ། says:
    2013-03-01 at 2:52 pm

    བཛྲ་གུ་རུ་ཡང་རྡོ་ལ་བརྐོས་འདུག །དེ་ལ་དགོངས་ཚུལ་ནི་ཅི་འདྲ་ཡོད། །ཀླུ་སྨྱོན་ཁྱོད་སྤྱན་རས་ཆེ་ཙམ་བྱོས། །ཕྱོགས་ཡོངས་ལ་མཐོང་བའི་སྐད་ཆ་ཤོད། །

  38. tama says:
    2013-03-01 at 5:52 pm

    “ཚེ་རིང་སྐྱིད་མཁྱེན་ནོ།

  39. སྤྱང་ཤོག་ says:
    2013-03-01 at 9:39 pm

    ཀརྨ་ཞ་དམར་ནག་གཉིས་ཀྱི་མཛད་ཕྲིན་རྒྱས་པར་ཤོག།

  40. མི་ཉག་དུང་བརྡ says:
    2013-03-01 at 10:17 pm

    སྐྱིད་སྡུག་སེམས་ཀྱིས་གཏིང་ནས་རྨི་ལམ་ལ་ཞུགས་ནས། །
    སྙན་པོ་ངག་གིས་དྲངས་པའི་མཆོད་པ་རེ་ཕུལ་ཡང་། །
    ཆག་སྒོ་གཏམ་གྱིས་གཙེས་པའི་ཁ་མཆུ་ཡི་ཤུལ་དུ། །
    དོན་མེད་ལས་མེད་རྣམས་ལ་སུན་སྣང་ཞིག་སྐྱེས་གི །

  41. ལུང་རྟོགས། says:
    2013-03-01 at 11:50 pm

    ཀླུ་སྨྱོན་འདི་རྩོམ་སྙན་པོ་རེ་འབྲི་ཤེས་པ་ཙམ་ལས་བསམ་བློ་ད་་་་་་་་ཧཧཧ

  42. མངའ་རིས་ཕྲིན་ལས། says:
    2013-03-02 at 8:56 am

    མཆན་༢༠རྒད་པོས་གསུང་པ་ལ་ཡི་རང་དང་བསྔགས་བརྗོད་ཡོད། དེ་མིན་ཁ་ཤས་ནི་ཆོལ་ཁ། འགའ་ཞིག་ནི་ཆོས་བརྒྱུད། ཡང་འགའ་ནི་ཉེ་དགའ་ཕྱོགས་འཛིན། ཁ་ཤས་དངུལ་དངོས། རེ་ཟུང་ཕྲག་དོག་སོགས་ཀྱིས་བསླད་འདུག་པར་སྙིང་རྗེས་ཡུལ་དུ་གྱུར་པ་རེད།

  43. དམེ་ཤུལ་འཇིགས་མེད་འོད་ལྡན says:
    2013-03-02 at 11:22 am

    ང་ཚོ་བོད་པ་ཚོའི་བོད་ཡིག་འཁྲུག་པ་རྒྱགས་སྤྱད་ཅིག་ལས་བེད་སྤྱོད་གཞན་བྱེད་ཤེས་ཀྱི་མི་འདུག དངོས་གནས་ཀྱི་འདུག་་་་་་་་་་་་་་ཤུ་་་་་་ཤུ་་་་་་་ཤུ

  44. མྱི་སྲས་བཙན་པོ།། says:
    2013-03-02 at 11:33 am

    ཆོལ་ཞེན་ཆོས་ཞེན་གྱི་དཔུང་པ་དགུང་དུ་འཕྱར།།
    དགྲ་བོ་ཕར་རྒོལ་གྱི་ལག་ཟུང་རུམ་དུ་བཅུག
    སྒོར་ཟུར་ལྔ་བ་ཚོས་ཁ་རྗེས་ཚིག་རྗེས་ན།།
    ནང་ཁུལ་གཡུལ་འགྱེད་ཅིག་བྱེད་པ་ཨ་ཙ་མ།།

  45. ཏི་སི། says:
    2013-03-02 at 12:05 pm

    ཀརྨ་པ་ཞྭ་དམར་ནག་མཁྱེན་ནོ། ཉེ་ཚེ་ཉེ་འཁོར་ལ་མི་སྐྱེ་ཤོག།
    ཀརྨ་པ་ཞྭ་དམར་ནག་མཁྱེན་ནོ། རྒྱ་དཀར་ནག་དངུལ་མི་ལེན་ཤོག
    ཀརྨ་པ་ཞྭ་དམར་ནག་མཁྱེན་ནོ། སྲུང་མ་དམར་ནག་ལ་མི་འཁྲུགས་ཤོག
    ཀརྨ་པ་ཞྭ་དམར་ནག་མཁྱེན་ནོ། རྒྱལ་པན་གཉིས་ཀྱི་ཐུགས་མི་འགལ་མཛོད།

  46. ཨ་ཕྱི་ཆོས་སྒྲོན says:
    2013-03-02 at 6:24 pm

    ཨ་ཙི། ཅི་ཞིག་གི་ཀརྨ་པ། ཁྱེད་ཕེབས་ལམ་དུ་སི་ཞྭ་གཉིས་ནང་མཆེད་དམག་འཁྲུག་གིས་དམ་ཚིག་ཤོར། ཀཾ་ཚང་པ་དུམ་བུ་གཉིས་སུ་གཏོར། མཆོད་འོས་བསླུས། འགྱོད་མེད་ལ་འགྱོད་པ་བྱིན། དམ་པའི་སྐྱེ་སྲིད་ལ་སྒྲོ་བཀུར་ཕུལ། འགྲོ་བར་གཡོ་སྒྱུས་གནང་སྦྱིན་མང་དྲག་ནས་སྤྲུལ་སྐུ་ཕལ་ཆེར་བློ་གཏད་མེད་པར་བྱས། རྒྱ་ནག་གི་པན་ཆེན་དང་ཁྱེད་གཉིས་ལ་ཁྱད་པར་སུ་ཞིག་འགྱེད་ནུས་སམ། གསར་འབྱོར་གཞིས་ཆགས་བོད་མི་རྒྱ་ཆ་བདུན་ཅུ་ལྷག་གི་འཚོ་གནས་ནག་ཚོང་དུ་ཁང་དུ་བཟོས།
    བྷོ་དྡྷི་གྷ་ཡ་ནས་བསྟན་པའི་ཞབས་འདྲེན་བཞག ། རྨོངས་པའི་གྲགས་རྒྱུགས་ཚོ་ཟ་ཁ་དར། ཨ་ཙི། སྤྲུལ་པའི་རྐུ་ཕྲེང་གི་མཚན་ཉིད་པ་ཞིག་ཡིན་ནམ། ཨ་ཕྱི་ང་འཁྲུལ་སོང་བ་མིན་ན། ད་དུང་བོད་མི་ཤི་གསོན་ཁྲི་མ་འབུམ་གྱི་མཆོད་གནས་ལགས། འདི་ནི་འགྲོ་མགོན་བཀའ་བརྒྱུད་པའི་ཆེ་ཆོས་སུ་བརྩི་ས་མི་འགྲོའོ། རྒྱལ་བསྟན་སྤྱི་ཡི་ཆག་སྒོ་ཞིག་མིན་ནམ།

  47. དགའ་སྐུ་ says:
    2013-03-02 at 9:09 pm

    ཨ་ཕྱི་ཁྱོད་རང་ཕྲག་དོག་གི་འཁྲུལ་པ་ལུས་ཡིན། རྒྱ་ནག་གི་པཎ་ཆེན་དང་ཁོང་གཉིས་ཁྱད་པར་འགྱེད་མི་ནུས་པའི་ཕྱིར་དང། རྡོར་གདན་དུ་སྨོན་ལམ་གཟི་བརྗིད་ཅན་དེ་འདྲ་ཚོགས་དུས་བསྟན་པའི་ཞབས་འདྲེན་ཟེར་བས་སོ། དེ་ནི་བསྟན་པའི་ཆག་གོ་མ་ཡིན། ཕྲག་འདོག་དང་འགྲན་སེམས་ཀྱི་སླད་པའི་བསྟན་པ་ནང་ཕན་ཚུན་དཀྲུག་མཁན་རྣམས་ལ་ཆག་གོ་ཡིན་ནོ། རྒྱལ་དབང་༡༧པ་མཆོག་གིས་བསྟན་པ་སྤྱི་དང་གང་ཟག་སོ་སོར་བཀའ་སློབ། ཆོས་བརྒྱུད་ནང་ཕན་ཚུན་ཆམས་མཐུན། འཁོར་ཡུག་སྲུང་སྐྱོབ་སོགས་གང་སྤྱི་ཐད་ནས་བཀའ་སློབ་ཟབ་མོ་དག་ སྟབས་བདེ་ (YouTube)ཐོགས་གཟིགས་དང་། ང་རྒྱལ་ཅན་དང་ཕྲག་དོག་གི་འགྲན་སེམས་སོགས་ལ་ཅུང་ཟད་ཕན་ནས་མ་མཐར་ཡང་གདོང་གི་ཇ་ཕོར་སྒང་དེ་ཞིམ་པར་ཚོར་ཐུབ་ལ་དེ་རིང་གོང་མོ་ཉིད་སྐྱིད་པོ་ཁུག་པར་ཕན་རླབས་ཆེ།

  48. དགའ་སྐུ་ says:
    2013-03-03 at 12:34 am

    གལ་སྲིད་སི་ཞྭ་རྣམ་གཉིས་ཀྱིས་མཛད་སྤྱོད་དེ་ལྟར་མ་གནང་ན་ཀཾ་ཚང་བསྟན་པ་ཁྱིམ་ཚང་གཅིག་ལྟ་བུ་ལས་ནམ་ཡང་འཕེལ་རྒྱས་ཡོངས་ཐབས་བྲལ། རྣམ་པའི་ཆ་ནས་སི་ཏུ་ཀཾ་ཚང་། ཞྭ་དམར་ཀཾ་ཚང་། རྒྱལ་ཚབ་ཀཾ་ཚང་སོགས་ཅི་ཕྱིར་མི་ཆོག་ ངོ་བོ་ཆ་ནས་ཀཾ་ཚང་རང་རེད། དཔེར་ན། ཉམས་མེད་དྭགས་པོ་བཀའ་བརྒྱུད་ནང་བཞིན་རེད། ཁྱིམ་པ་དང་རྒྱུས་མེད་རྣམས་ལ་ཤིན་ཏུ་འགལ་བར་མཐོང་ཡང་ཆོས་ཀྱི་གོ་རྟོགས་ཕྲན་བུ་རེ་ཡོད་པ་རྣམས་ལ་ནི་དེ་ལྟར་མིན་ཤས་ཆེ། མ་གཞི་སི་ཞྭ་རྣམ་གཉིས་དམ་ཚིག་འཁྲུགས་པ་ཇི་ལྟར་བཤད་ཐུབ། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་ཞལ་གདངས་ལྗགས་དྲིལ་མཆེ་བ་གཙིགས་པ་དེ་སེམས་ཅན་ལ་སྙིང་རྗེ་མེད་པར་བརྗོད་ཐུབ་བམ། ལར་ཆོས་རྒྱུད་ཁག་ལ་བཞུགས་པའི་གྲྭ་བཙུན་རྣམས་ཁ་ཕོ་ཕྱོགས་རིས་ཆོས་སྤོང་གི་ལས་བསགས་ཉེན་ཆེ་བས་ཟབ་དགོས་པར་བསམ། དེ་མིན། དང་པོར་བསམ་རྒྱུ་ཆོས་ལས་མེད་པ་ལ། །ཐ་མར་གྲུབ་འབྲས་འཁོར་བ་ངན་སོང་རྒྱུར་སོང་ན་འཕངས་པོ་མ་རེད་དམ།

  49. དབང་རྡོར་ says:
    2013-03-03 at 2:23 am

    བསྟན་པ་མི་ཤེས་བསྟན་དོན་སྒྲུབ་པའི།། བསྟན་འཛིན་དེ་འདྲ་དེང་སང་མང་སྟེ།། ཕན་བདེ་འབྱུང་གནས་རྒྱལ་བསྟན་རིན་ཆེན།། རྨང་ནས་གཤེགས་ན་དེ་ཚོ་ཐུ་འོ།།

  50. ལུང་རྟོགས། says:
    2013-03-03 at 4:06 am

    བྱ་ལ་འཇབ་པའི་འགྲོ་ལུགས་དང་གཅིག ས་དོ་ཆད་པའི་སྡོད་ལུགས་དང་གཉིས། གཏོད་ཕུར་འདོན་པའི་སྡང་ལུགས་དང་གསུམ། གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། ཨ་ཕྱི་སྒྱུ་ལུས་རྒས་པའི་ཡིད་ཕམས་མ། ཧཧཧ

  51. ཨ་ཕྱི་ཆོས་སྒྲོན says:
    2013-03-08 at 9:23 am

    http://www.youtube.com/watch?v=5Ex0bDHHUWs

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme