Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་ལུ་སྤྲུལ་སྐུ་དང་། བོད་ཀྱི་གྲྭ་བའི་རང་གཟུགས།

Posted on 2011-12-072011-12-09 By ཁ་བརྡ་ 15 Comments on ཀ་ལུ་སྤྲུལ་སྐུ་དང་། བོད་ཀྱི་གྲྭ་བའི་རང་གཟུགས།

ལྡོང་གསེར་མིག

ཀ་ལུ་སྤྲུལ་སྐུས་བོད་ཀྱི་དགོན་པའི་ནང་གི་གསང་བའི་འཁྲིལ་སྦྱོར་གསལ་བསྒྲགས་བྱས་པའི་བརྙན་གཟུགས་དེ་ད་ལྟའི་ཆར་རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་བོད་རིགས་རྣམས་དང་། བོད་པའི་ཆོས་དང་ཆབ་སྲིད་སྐོར་ལ་དོ་སྣང་ཅན་ཕྱི་རྒྱལ་བ་མང་པོ་ཞིག་གིས་ཀྱང་གླེང་མོལ་གྱི་གཞི་རུ་གྱུར་ཡོད་པ་མཐོང་ཐོས་སུ་གྱུར། ཀ་ལུའི་གསལ་བསྒྲགས་དེ་དབྱིན་སྐད་ནང་དུ་བཤད་པ་དང་གཤམ་དུ་སུ་པེན་གྱི་སྐད་ཡིག་ཐོག་ཏུའང་བཞག་པ་སོགས། འཛམ་གླིང་ཐོག་གི་སྐད་ཡིག་ཁྱབ་ཆེ་གྲས་སུ་བཀོད་པ་དེས་བོད་ཀྱི་གྲྭ་བའི་སྤྱི་ཚོགས་ཀྱི་སྐྱུག་བྲོ་བའི་ནང་རོ་ཕྱིར་བསྒྲགས་བྱས་པ་རེད།

ཕྲུ་གུ་དེའི་མིང་ཇི་ལྟར་ཡིན་པ་ཏན་ཏན་ཞིག་དྲན་ཡུལ་དུ་མི་འདུག་ཀྱང་དགུ་བཅུ་གོ་གྲངས་སྐབས་ཕྱི་རྒྱལ་གྱི་ཕྲུ་གུ་ཞིག་རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་པ་ཞིག་ཏུ་འཛུལ་ཞུགས་བྱས་ཤིང་། རིམ་པས་དགོན་པའི་གྲྭ་བ་འགའ་ཞིག་གིས་ཁོ་ལ་བརླ་རྒྱག་བྱས་པའི་ཉེར་ལེན་གྱིས་གྲྭ་ས་ནས་ཕྱིར་ཐོན་ཏེ་ཕྲུ་གུའི་ཕ་མ་གཉིས་ཀྱིས་གྲྭ་བའི་འཁྲུག་སྤྱོད་སྐོར་ཕྱི་གླིང་སྤྱི་ཚོགས་ཁྲོད་ཁྱབ་བསྒྲགས་གང་འཚམས་བྱས་པ་མ་ཟད། གནས་ཚུལ་དེ་སྐབས་དེར་རྡ་ས་ནས་ཐོན་པའི་དུས་དེབ་ལག་བྲིས་ཅན་ཞིག་ཏུ་བཀྲམས་པ་ཁོ་བོས་བཀླགས་མྱོང་། ད་དུང་ཉེ་བའི་ཆར་བཟོད་པ་རིན་པོ་ཆེས་བླ་མ་ཡེ་ཤེས་ཀྱི་སྤྲུལ་སྐུར་ངོས་བཟུང་བའི་ཕྱི་གླིང་ཕྲུ་གུ་ཞིག་ཡོད་པ་དེས་ཀྱང་ཀུན་སྤྱོད་ཡག་པོ་ཞིག་བསྟན་རབས་གཏན་ནས་མེད།

སྤྱིར་ནུབ་ཕྱོགས་ལ་མཚོན་ན་ཕོ་ཡིས་ཕོ་ལ་རྒྱོ་བ་དང་མོ་ཡིས་མོ་ལ་རྒྱོ་བར་མ་ཟད་ཕན་ཚུན་གཉེན་སྒྲིག་བྱ་མཁན་ཡང་ཡོད་པས་གནས་ཚུལ་དེའི་རིགས་རྒྱུན་ལྡན་ལྟར་ཡིན་པས་དེ་ལ་དེ་ཙམ་གྱིས་ཧ་ལས་སྣང་མི་བྱེད་མོད། གཟུགས་མཐོང་བརྙན་འཕྲིན་བརྒྱུད་ཀ་ལུས་བསྒྲགས་པའི་གནས་ཚུལ་གྱིས་རྐྱེན་བོད་ཀྱི་བླ་མ་དང་གྲྭ་བའི་སྤྱི་ཚོགས་ལ་ཆེ་མཐོང་ཇི་ལྟར་ཡོང་གི་ཡོད་པའི་སྐོར་དཔེ་མཚོན་ཙམ་ཞིག་བཤད་འདོད་སྐྱེས། ངས་བལྟས་ན་བོད་ཀྱི་བླ་མ་དང་གྲྭ་བ་ནང་ཁུལ་དུ་གསང་བའི་ཕྱག་རྒྱ་ཞིག་ཡོད་སྐོར་འཛམ་གླིང་ཐོག་ཁྱབ་བསྒྲགས་འདི་ལས་ཁྱབ་ཆེ་བ་ཞིག་ད་ལྟ་བར་བྱུང་མེད། འོན་ཀྱང་རིམ་པས་གྲྭ་བའི་སྤྱི་ཚོགས་ལ་ཞིབ་འཇུག་བྱས་ཏེ་ཕྱི་གསལ་ནང་གསལ་བཟོ་མཁན་ཡོ་རོབ་ཁུལ་དུ་གནས་སྡོད་བོད་ཀྱི་རྩོམ་འབྲི་བ་གསལ་ལེ་རྒྱལ་སོགས་རེ་འགའ་བྱུང་སོང་།
ཁོ་བོས་སྨན་ཁང་ནང་གི་ལས་གནས་ལས་་གུང་གསེང་སྐབས་འཚིག་ཇ་ཞིག་འཐུང་ཞོར་སྒོ་ཆེན་གྱི་ཕྱི་རོལ་དུ་ལྗོངས་རྒྱུ་བྱེད་པ་ངའི་གོམས་གཤིས་ལྟར་གྱུར། ཁ་སང་གཟའ་ཟླ་བའི་ཉིན་ང་ཚོའི་འགོ་བས་༼བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེ་ཞིང་བོད་ཀྱི་བླ་མ་རྣམས་ཀྱི་མདུན་ནས་ཆོས་མང་པོ་ཞུས་མྱོང་འདུག༽ནམ་རྒྱུན་དང་མ་འདྲ་བར་གདོང་ན་སྐྱུར་ཞིག་ལངས་ཏེ་ངའི་རྗེས་སུ་བསྙེགས། རིམ་གྱིས་ཀ་ལུས་བསྒྲགས་པའི་གྲྭ་བའི་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་ལ་གླེང་མོལ་གྱི་འགོ་བརྩམས་སོང་། ཐོག་མར་རང་ཉིད་ལ་སྡོད་མི་བཟོད་པའི་ཚོར་སྣང་ཞིག་གིས་མགོ་ནས་རྐང་སྣེ་བར་རིམ་གྱིས་སྦྲུད་དུ་བཅུགས། ལན་ལ། ག་བ་ག་བར། ཀ་ལུ་ཁོ་རང་གྲྭ་བར་སྡོད་མ་ཐུབ་པའི་རྐྱེན་གྱིས་དེ་འདྲའི་གླེང་སློང་འདྲ་མིན་ཞིག་བཟོས་གནང་བ་ཡིན་རྒྱུ་རེད། ང་རྒྱ་གར་ལྷོ་ཕྱོགས་སུ་ལོ་བཅུ་ལྷག་བསྡད་ན་ཡང་དེའི་སྐོར་ཟུར་ཙམ་ཡང་གོ་མ་མྱོང་ཞེས་རྫུན་རི་ལུང་འདྲ་ཞིག་བཤད། འགོ་བས་མུ་མཐུད་དེ། ཧཧཧཧཧ བོད་ཀྱི་བླ་མ་རྒན་གྲས་བོད་དུ་བཞུགས་སྐབས་གོ་གནས་གང་འཚམས་ཡོད་ཅིང་། རིམ་གྱིས་ནུབ་ཕྱོགས་སུ་སྐྱབས་བཅོལ་ལ་ཕེབས་ཏེ་གཏན་སྡོད་གནང་བཞིན་པ་ཞིག་གི་ཞབས་ཞུ་བའི་མིང་དང་བཅས་པ་སྨྲས་ཏེ། ཁོར་བླ་མ་དེ་དང་ཞབས་ཕྱི་དེ་གཉིས་ལ་གྲྭ་བའི་ལས་སྦྱོར་སྐོར་གྱི་དོགས་པ་ཆེན་པོ་ཞིག་བྱུང་སོང་ཟེར། ལན་ལ་ངས་དེའི་སྐོར་གང་ཡང་ཐོས་མ་མྱོང་ལ་མཐོང་ཡང་མ་མྱོང་ཞེས་ཨུ་ཚུགས་རྒྱབ་སྟེ་བསྡད། གང་ལྟར་ཀ་ལུའི་གསལ་བསྒྲགས་དང་གནས་ཚུལ་འགའ་ཞིག་གིས་བོད་ཀྱི་བླ་མ་དང་གྲྭ་བ་མང་པོ་ཞིག་གི་ནང་རོ་ཕྱིར་སྟོན་བཞིན་པ་དངོས་ཡོད་རེད།

ངས་འདིར་བཤད་འདོད་པ་ནི། ཀུ་ལུའི་གསལ་བསྒྲགས་དེ་ཐ་ན་བོད་མི་མང་པོ་ཞིག་གིས་ཀྱང་སྒེར་སྤྱོད་ངོ་གདོང་དྲ་བ་ཚུན་ཆད་ལ་བཀྲམས་ཏེ་རང་སྐྱོན་ཕྱིར་བསྒྲགས་བྱེད་བཞིན་པ་འདི་ཡག་རྟགས་ཤིག་གཏན་ནས་མ་རེད་བསམ། སྤྱིར་ཀ་ལུ་སྤྲུལ་སྐུའི་སྒེར་སྤྱོད་ལ་ང་ལྟ་བུ་སུས་ཀྱང་བཀག་འགོག་བྱེད་མི་ཐུབ་ལ་བྱ་བའི་འདུན་པ་ཡང་མེད། འོན་ཀྱང་དེ་རིང་ཀ་ལུ་རིན་པོ་ཆེ་སྐུ་གོང་མའི་མཚན་སྙན་བཟུང་སྟེ་རང་གི་འདུལ་བའི་བསྟན་པར་དམའ་འབེབས་པའི་བསྒྲགས་གཏམ་དག་ལ་ཆོས་རྒྱུད་རང་གི་བླ་མ་རྒན་རབས་རྣམས་དང་། ཡང་ན་ཀ་ལུ་སྐུ་གོང་མར་ངོས་འཛིན་བྱེད་མཁན་སོགས་ཀྱིས་རང་གིས་ངོས་བཟུང་བའི་བླ་སྤྲུལ་དེའི་རིགས་བདག་པོ་རྒྱག་རྒྱུ་གལ་ཆེ། ཞོར་དུ་བཤད་རྒྱུར་ད་དུང་མུ་མཐུད་ནས་ཆོས་ལུགས་ཆོས་རྒྱུད་གང་ཞིག་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་ནག་པོའི་ནང་ཕེབས་འདོད་པ་ཡིན་ན། ཕྱིའི་དཔལ་འབྱོར་དང་གནས་སྐབས་ཀྱི་ཁེ་ཕན་ལ་མི་བལྟ་བར་ཕྲུ་གུ་རེ་ལ་མིང་འདོགས་རྒྱུ་ངའི་རེ་བ་ཡིན་ལ། འདིའི་རིགས་ཀྱིས་ཤར་ནུབ་གཉིས་ཀྱི་སྤྱི་ཚོགས་ཁྲོད་བོད་ཀྱི་ཆོས་ལུགས་ཆོས་རྒྱུད་རིས་སུ་མེད་པའི་གཙང་མ་འདུལ་བའི་བཅས་ཁྲིམས་ལ་དམའ་འབེབས་བྱེད་བཞིན་པ་མཁྱེན་པར་མཛོད། །

སྣ་ཚོགས།

Post navigation

Previous Post: གསོན་པ་རླབས་ཆེ། འཆི་བ་གཟི་བརྗིད་ཡིན།།
Next Post: ཨ་མ་ལགས།

Comments (15) on “ཀ་ལུ་སྤྲུལ་སྐུ་དང་། བོད་ཀྱི་གྲྭ་བའི་རང་གཟུགས།”

  1. བོད་ཡིག་སྐྱབས། says:
    2011-12-07 at 10:57 pm

    གནས་ཚུལ་འདི་དག་གིས་གཅིག་ནས་ཡང་སྲིད་ཟེར་བ་དག་གི་ངོ་གདོང་གཞན་ཞིག་སྟོན་བཞིན་པ་དང། གཉིས་ནས་སྐྱ་བོ་དག་གིས་ཆོས་པར་ཞུ་དག་བྱ་རྒྱུའི་བསྐལ་པ་གོ་ལྡོག་གི་སྣང་ཚུལ་ཞིག་ཀྱང་སྟོན་གྱིན་པ་མིན་ནམ། གང་ལྟར་གནས་ཚུལ་འདི་རིགས་ཀྱིས་བོད་ཡིག་འབྲི་ཀློག་ཐད་ལ་ནང་སྦྱོང་མང་ཙམ་སྤྲོད་ཐུབ་ཀྱིན་འདུག

  2. ཆོས་བཟང། says:
    2011-12-08 at 12:38 am

    དྲ་གྲོགས་ཚོས་གཙོས་ཀུན་གྱིས་ཞིབ་འཇུག་གྱིས་དང་། ད་ནི་བཀའ་རྒྱུད་པས་ཀརྨ་པ་དང་། དགེ་ལྡན་པས་ཡོངས་གླིང་སྤྲུལ་སྐུ་སོགས་ལ་བླ་གྲྭ་ཚོས་བཙན་གཡེམས་བྱེད་བཞིན་ཡོད་ངེས་རེད་དོ། ད་ཞིབ་འཇུག་གནོངས། ད་ཡིན་ན་ཞིབ་འཇུག་གནོངས། ད་ཡིན་ན་ཞིབ་འཇུག་ཡག་པོ་དགོས།
    གལ་ཏེ་ཀརྨ་པ་དང་། ཡོངས་གླིང་སོགས་ཀྱིས་ཉིན་གཅིག་གྲྭ་མགོ་མ་ཐོན་ཉིན་བླ་གྲྭ་ཚོས་བཙན་གཡེམས་བྱས་ཏེ། ང་དགོན་ནང་འདུག་བཅུག་མ་སོང་ཟེར་ངེས་རེད་ད།

  3. སྒྲོལ་མ། says:
    2011-12-08 at 12:47 am

    ཀ་ལུ་སྤྲུལ་སྐུ་ཟེར་བ་དེ་ངོས་འཛིན་བྱེད་མཁན་སི་ཏུ་རིན་པོ་ཆེ་རེད་ཟེར་བ་ཐོས། བདེན་མིན་མི་ཤེས། སུ་ཡིན་ཡང་དེས་འགན་ཁུལ་དགོས་ངེས་རེད། ང་བུད་མེད་ཅིག་ཡིན་ཡང་ད་བར་ངོ་མ་ཁྱོད་ཚོར་ཡིད་ཆེས་བྱས་པ་རེད། ཁྱེད་ཚོས་སྐྱེ་བ་སྔ་ཕྱི་མཁྱེན་བཞིན་ཡོད་ཤག་བྱས་པ་རེད། ཁྱེད་ཚོས་སུ་སུའི་སྐྱེ་བ་ཡིན་མིན་མཁྱེན་བཞིན་ཡོད་ཤག་བྱས་པ་ཡིན། ད་འདི་རེད། འདི་ཙམ་ལས་ཁྱེད་ཚོས་ཅི་ཡང་མ་ཤེས་ན་ཁྱེད་ཚོར་སྤྲུལ་སྐུ་ངོས་འཛིན་དགོས་པར་བཙན་བཀའ་གཏོང་མཁན་སུ་རེད། དེ་གཅིག་ཡིན། གཉིས་ནས་ད་ནི་བོད་ཀྱིས་བླ་གྲྭ་ཚོས་གསལ་བཤད་ཅིག་དགོས་ཀྱི་ཡོད། དེ་བུད་མེད་ང་ལ་བྱས་ཀྱང་ཆོག

  4. འབྲོང་བུ་སོག་ཚ། says:
    2011-12-08 at 1:16 am

    ཀ་ལུ་སྤྲུལ་སྐུ་ཡིན་རྒྱུ་བས་སྨྱོ་ལབ་ཀྱིས་རང་འཚོ་མ་ཟིན་པར་རང་གིས་བྱས་ཉེན་དགོན་པ་དང་བླ་མ་སོགས་ལ་ཁག་བཀྲི་བྱས་པ་དེ་སྟོན་པའི་བསྟན་པ་འདི་ཉིད་བཤིག་པ་པོ་གཞན་ཞིག་མེད་པར་རང་ཉིད་ཀྱིས་བཤིག་པའི་རྡོ་རྗེའི་བཀའ་ལུང་ཇི་བཞིན་དང་། དེ་ཙམ་དུ་མ་ཟད། ས་པཎ་གྱིས། ཁ་ཏྭས་མི་གཙང་ཟས་པའི་མཆུ། ས་གཙང་གཞན་ལ་འབད་དེ་ཕྱི། ཞེས་གསུང་པའི་ཚིག་དོན་དང་གཉིས་སུ་མ་མཆིས་པས་དེ་ཙམ་དུ་བློ་བརྟབ་བརྟབ་པོར་བྱེད་དགོས་དོན་ཆུང་། མ་གཞི་ཀ་ལུ་ཟེར་བའི་སྤྲུལ་སྐུ་དེ་སྐུ་ཕྲེང་དང་པོ་རང་ཡིན་པས་དེ་ཙམ་དུ་དོ་སྣང་བྱེད་དགོས་དབེན། གཙོ་བོ་དོ་སྣང་བྱེད་དགོས་པ་ཞིག་ལ་གོང་གསལ་དྲྭ་རྒྱའི་ནང་ཆོས་བཟང་ཟེར་བ་ཞིག་ནས། རྒྱལ་བ་ཀརྨ་པ་དང་། སྐྱབས་རྗེ་གླིང་སྤྲུལ་རྡོ་རྗེ་འཆང་རྣམ་གཉིས་ལ་དངོས་སུ་མཛུབ་མོ་བཙུགས་ནས་གཞི་མེད་སྐུར་འདེབས་བྱས་འདུག་པས་དེའི་རིགས་ལ་སྟབས་གཟབ་མང་ཙམ་གནང་དགོས་འདུག གང་ལགས་ཤེ་ན། ང་ཚོ་གངས་ཅན་བོད་ཀྱི་སྤྱི་ཚོགས་འདི་སྔར་ནས་ད་བར་ནང་པ་སངས་རྒྱས་པའི་གཞི་འཚུགས་པའི་རྒྱལ་ཁབ་དང་། དེའི་ཡུལ་མི་མང་ཆེ་བ་རྣམས་ཀྱང་རང་བཞིན་ཆོས་ཕྱོགས་ལ་དད་འདུན་ཆེ་བ་ཞེ་ཅིག་ཡིན་པས་དེ་རྣམས་ཀྱི་རྒྱུད་ལ་ཆོས་མེད་དམར་ཤོག་རིང་ལུགས་ཀྱི་ལྟ་བ་ངན་པ་འཇོག་ཉེན་འདུག་པས་ཡིན།

  5. སྨུ་ཐག་གི་བུ་རྒྱུད། says:
    2011-12-08 at 3:09 am

    ལྡོང་གསེར་མིག་ལགས། ཉིད་ཀྱིས་བཤད་པའི་སྐད་ཆའི་ནང་དུ་༼་ཀ་ལུ་རིན་པོ་ཆེ་སྐུ་གོང་མའི་མཚན་སྙན་བཟུང་སྟེ་རང་གི་འདུལ་བའི་བསྟན་པར་དམའ་འབེབས་པའི་བསྒྲགས་གཏམ་༽ཟེར་བ་འདིའི་ཁ་གཏད་ས་རྦད་དེ་ནོར་འདུག ཀ་ལུས་འདུལ་བའི་བསྟན་པ་ལ་དམའ་འབེབ་བྱས་་མ་ཡིན་པར་བཙན་གཡེམ་བྱེད་མཁན་དང་གྲྭ་རྒྱོ་རྒྱག་མཁན་དེ་དག་གིས་འདུལ་བའི་བསྟན་པ་ལ་དམའ་འབེབ་བྱས་པ་རེད། བདག་པོ་རྒྱ་མཁན་ཞིག་ཡོད་ན་དེ་དག་ལ་བདག་པོ་རྒྱག་དགོས།

  6. ཁ་བའི་བུ། says:
    2011-12-08 at 3:27 am

    སྐྱོན་ལ་སྐྱོན་དུ་གཟིགས་ནས་ཁྱབ་བསྒྲགས་བྱེད་པར་དགའ་ཡོད།

  7. ལུང་རྟོགས། says:
    2011-12-08 at 3:27 am

    སྒྲོལ་མ་ལགས། ཁྱེད་རང་དང་པོ་ལུས་འབྲེལ་མ་བྱེད་པར་ལོ་ཁ་ཤས་སྡོད་དང་དེ་ནས་གྲྭ་པའི་བྱ་སྤྱོད་འདི་ལ་གསལ་བཤད་མི་དགོས་པར་གསལ་པོ་ཆག་ངེས་རེད། ཧཧཧ

  8. ལྡོང་གསེར་མིག says:
    2011-12-08 at 3:39 am

    སྨུ་ཐག་གི་བུ་ལགས། ལགས། ལགས་སོ། བདེན་པ་རེད། ཀ་ལུ་རིན་པོ་ཆེས་རང་རེའི་འདུལ་བའི་བསྟན་པ་ལ་དམའ་འབེབས་མ་བྱས་པར་རང་གིས་ཁས་བླངས་པའི་རྩ་བཞིར་ལྷུང་བ་ཕོག་པ་མ་ཟད། ཁོང་གི་བསྒྲགས་གཏམ་དེའི་སྣེ་མོ་ནས་བོད་ཀྱི་དགོན་སྡེ་ཁག་ལ་གཡུག་པས་ལེབ་བརྡུང་ཕོག་པའི་སྣང་ཚུལ་ཞིག་རང་བཞིན་གྱིས་མངོན་འདུག ད་ལྟའི་ཆར་ཤར་ནུབ་གཉིས་ཀྱི་སྤྱི་ཚོགས་ཁྲོད་བོད་ཀྱི་བླ་མ་དང་གྲྭ་བ་ཞེས་སྨྲས་ཚེ་དྲང་པོར་སྲོང་བ་ཞིག་ཕལ་ཆེར་མེད་པའི་ཚོད་དཔག་སྔར་ལས་མངོན་གསལ་དོད་པོ་ཞིག་ཆགས་ཡོད། དེའི་ཕྱིར་ན་བླ་སྤྲུལ་འདིའི་རིགས་ལ་བདག་པོ་རྒྱག་རོགས་ཞེས་གཙོ་བོ་འབྲེལ་ཡོད་ཆོས་རྒྱུད་འཛིན་པ་རྣམས་ལ་ཞུས་པ་ཡིན། རེད་རེད། ཡིན་ད་ཡིན། འདུལ་བའི་བསྟན་པ་ལ་དམའ་འབེབས་བྱེད་མཁན་གྱི་གྲས་སུ། གྲྭ་རྒྱོ་རྒྱག་མཁན་ཐབས་མཁས་སྨོན་ལམ་དག་ཀྱང་ཚུད་ཡོད་པས་མདུང་རྩེ་གང་ལ་ཕྱོགས་ན་དེར་ཕྱོགས་སུ་གཏད་ཀྱང་མི་འགྲིག་རྒྱུ་མེད་དོ། །

  9. ལུང་རྟོགས། says:
    2011-12-08 at 3:59 am

    ནང་གི་འདོད་ཆགས་མ་སྤང་པར་ཕྱི་ཡི་ཆགས་སྤྱོད་སྤོང་དགོས་ཟེར་ན་ཁག་པོ་ཡིན་རྒྱུ་རེད། དེས་ན་འདི་རིགས་མཚམས་འཇོག་ཡོང་བ་ལ་དང་པོ་གྲྭ་པའི་འདོད་ཆགས་སེལ་ཐབས་ཀྱི་ཐབས་ལམ་རེ་སྟོན་རྒྱུ་གལ་ཆེ། དེ་མིན་རྙོག་གྲ་འདི་སེལ་ཐུབ་རྒྱུ་ཁག་པོ་རེད། ཆོས་ཀྱིས་སེལ་ཐབས་བྱེད་དགོས་གསུངས་སྲིད་ཀྱང་དེ་ནི་ཁ་ནས་བཤད་བདེ་རུང་ལག་ལེན་ལ་ཐེབ་རྒྱུ་ལས་ལྷ་པོ་ཞིག་མིན་པ་ཀུན་གྱིས་ཤེས་གསལ་རེད། སྐྱོན་བརྗོད་ཙམ་མ་ཡིན་པར་ཐབས་ལམ་རེ་བཤད་ཐུབ་ན་ཕན་སྐྱེད་ཆེ་བར་སེམས།

  10. ཨ་མའི་བུ says:
    2011-12-08 at 5:22 am

    ལྷ་ཀླུང་དཔལ་གྱི་རྡོ་རྗེས་མཛད་པ་ལ་མངོན་པ་བསྟོད་དོ

  11. ཀརྡོ་རབ་འབྱམས་པ་ says:
    2011-12-08 at 9:12 am

    བརླ་རྒྱོའམ་གྲྭ་རྒྱོ་རྒྱག་ལ་ཐབས་མཁས་སྨོན་ལམ་ཟེར་བ་རེད་པེ། ཧ་ཧ།

  12. ཆོས་འཕེལ་དར་རྒྱས་ says:
    2011-12-08 at 10:36 am

    རྗེས་མ་དགོན་པ་སོ་སོའི་ནང་འགྱིག་གི་གཉའ་མའི་ཚོང་ཁང་རེ་བཙུག་ན་ག་འདྲ་འདུག

  13. འབྲོང་བུ་སོག་ཚ། says:
    2011-12-08 at 2:21 pm

    དེང་སང་ཐབས་ཤེས་སྣ་ཚོགས་ཀྱི་དུས་ཡིན་པས། འགྱིག་དང་མི་གཞན་ལ་སྐྱབས་བཅོལ་དགོས་དོན་མི་འདུག རང་ཉིད་ཀྱི་མཛུབ་མོ་ལྔ་ལ་སྐྱབས་འཇུག་ཞུས་ནས་བཏོན་དང་ཆོག་ག ཧ་ཧ་སྐུ་རྩེད་ཡིན་དཱ།

  14. དགྲ་ལྷ། says:
    2011-12-08 at 3:28 pm

    གྲྭ་པ་ཡིན་ན་རྩ་བ་བཞི་དང་མ་འགལ་བ་བྱེད་དགོས་གཞན་ག་རེ་གནང་འདོད་ཡོད་ཀྱང་གནང་རོགས་གནང་། རྗེས་སུ་བསམ་བློ་རྙེད་དུས་ཚོང་རྫས་རྩ་བ་བཞི་ནི་ཡོད་པས་ཡར་རྒྱས་གཏོང་ཆིག་གི་རེད།

  15. ཆོས་འཕེལ་དར་རྒྱས་ says:
    2011-12-08 at 3:28 pm

    མཛུབ་མོ་ལྔས་ཆོས་བྱེད་དུས་ཕྱག་རྒྱ་སོགས་བྱེད་དགོས་བས་ག་ལ་རོང། སྟབས་བདེ་ཤོས་འགྱིག་རེད། ཚོང་པ་ལ་ཡང་ཕན་ཐོག གྲ་གཞོན་ཚོ་ཡང་བཙན་གཡེབ་མི་དགོས། འདོད་ཆག་ཡང་ཕྱི་ལ་ཕུད་ཐུབ།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme