Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་ལིས་བསྐུར་བ།

Posted on 2013-06-082013-06-08 By ཁ་བརྡ་ 3 Comments on ཀ་ལིས་བསྐུར་བ།

འཁྱམས་པོ། ས་གནས་ཡོ་རོབ་གླིང་།

ཀ་ཁའི་མགོ་སྔ་མི་སློབ་གངས་ཅན་པ།།
ཁ་འདོན་དགེ་སྒྲུབ་ཁོ་ནར་མགོ་འཁོར་ནས།།
ག་རེ་བྱུང་ཡང་ལྷ་ཡིས་ལུང་བསྟན་ཞེས།།
ང་ཚོས་རྩ་དོན་སྲུང་མའི་ལས་ལ་བཅོལ།།

ཅ་ལག་ཇི་ཡོད་མཆོད་ཁང་ཕུགས་སུ་བསྟིམས།།
ཆ་ཡོད་ཆ་མེད་ཀུན་ལ་ལྷ་གདོན་འགྲེལ།།
ཇ་ཆང་གསོལ་ཁས་འབྱུང་པོ་དྲི་ཟ་མཆོད།།
ཉ་ལུ་ཉུལ་ལེས་ཐམས་ཅད་རྗེས་སུ་ལུས།།

ཏ་ལེན་རྐུབ་ནས་འབྲོག་པའིི་མི་ཚེ་ཟད།།
ཐ་རྡུལ་ཁྲོད་དུ་རོང་པའི་ལང་ཚོ་འཐིམ།།
ད་དུང་སྐྱོབས་པའི་ལྷ་ལ་གསོལ་བ་བཏབས།།
ན་ཚ་མི་ཡོང་རེ་བ་སྔར་བཞིན་བརྒྱབ།།

པཱ་ལགས་རྒས་ནས་རུས་ཀོང་འཐོར་ལ་ཁད།།
ཕ་རབས་ཚ་རྒྱུད་འདི་ལྟར་རྫོགས་ལ་ཉེ།།
བ་གླང་སྐྱོང་པའི་དུས་རབས་མཐར་སླེབས་ཀྱང་།།
མ་མཐོང་བོད་པའི་མི་ཚེ་གཉིད་དུ་ཡུར།།

ཙ་ཏུར་དགེ་སྦྱོང་འགའ་རེས་དམར་ཟུམ་ཟུམ།།
ཚ་གྲང་དཀའ་བ་སྤྱད་ཞེས་མགོ་མཐོ་མཐོ།
ཛ་ལུང་རི་ཁྲོད་འགྲིམས་ཞེས་ཁ་ཆེ་ཆེ།།
ཝ་ཡེ་བླ་སྤྲུལ་འདི་ཚོར་འཁོར་མང་མང་།།

ཞ་སེར་བསྟན་པ་སྐྱོང་པས་གྲྭ་ཆས་གྱོན།།
ཟ་མ་མཛེས་མ་མཐོང་ནས་འགྲམ་ཆུ་ལྡིང་།།
འ་རོ་ཀུ་རེ་ཡིན་ཞེས་ཆགས་སྲེད་གླེང་།།
ཡ་མཚར་ད་དུང་བོད་པའི་གྲྭ་པར་འབོད།།

ར་ལུག་རི་ནས་དེད་དེ་རྒྱ་ལ་བཙོང་།།
ལ་ལུང་རྐམ་ཉོ་རྒྱ་དང་ཁ་ཆེས་གང་།།
ཤ་བ་རི་སྐྱེས་ཡོད་ཚད་གཞན་ལ་བརྫངས།།
ས་འོགས་ས་བླའི་གཏེར་ཁའང་རྒྱ་ཡིས་ཁྱེར།།

ཧ་ཅང་དྲང་པོའི་གཏམ་གྱི་ཕྲེང་པ་འདིས།།
ཧ་ལམ་འགའ་རེའི་ཐུགས་ལ་ཕོགས་སྲིད་མོད།།
ཨ་མྱེས་འདས་པོ་ཚོ་ཡི་ཁ་ཆེམས་ལ།།
ཨ་མཚར་བརྩེས་ནས་སྡོད་ཁོམས་ང་ལ་མེད།།

༢༠༡༣/༥/༢༨ལ་བྲིས།

སྙན་ངག

Post navigation

Previous Post: ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀ་ལ་བསྔགས་པ་དབྱངས་གསལ་རིན་ཆེན་ཕྲེང་བ་ཞེས་བྱ་བ།
Next Post: ཨ་རིའི་བོད་ཀྱི་ཆོས་བརྒྱུད་རིས་མེད་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པར་ཕུལ་བའི་ཤིས་ཚིག

Comments (3) on “ཀ་ལིས་བསྐུར་བ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-06-09 at 5:36 am

    ཞ་སེར་བསྟན་པ་སྐྱོང་པས་གྲྭ་ཆས་གྱོན།།
    ཟ་མ་མཛེས་མ་མཐོང་ནས་འགྲམ་ཆུ་ལྡིང་།།
    འ་རོ་ཀུ་རེ་ཡིན་ཞེས་ཆགས་སྲེད་གླེང་།།
    ཡ་མཚར་ད་དུང་བོད་པའི་གྲྭ་པར་འབོད།། ་་་་་ཟེར།

  2. ལ་དྭགས་ངག་དབང་རྒྱ་མཚོ། says:
    2013-06-24 at 2:49 pm

    ཀ་བ་ལྟ་བུའི་རང་སེམས་དྲང་པོ་ཞིག །
    ཁ་ཙམ་མ་ཡིན་བདེན་པར་ཡོད་ན་ནི། །
    ག་ཙམ་ཞིག་ཀྱང་སྨྲ་བས་དོན་གྲུབ་ཅིང་། །
    ང་ཁྱོད་་ཁོ་ཞེས་དྲག་རྩོད་བདེ་ཐབས་མིན། །
    ཅ་ཅོ་ཉིང་མེད་སྒྲ་ལ་ཀུན་ཕྱོགས་ནས། །
    ཆ་ལུགས་མི་མཛེས་ལུགས་སྲོལ་དར་ཆེས་ན། །
    ཇ་རོ་བག་རོ་སྙིགས་མས་དུག་འདྲེན་པས། །
    ཉ་མོ་རིན་ཆེན་རང་སྲོག་བསྐུར་དང་འདྲ། །

  3. ལ་དྭགས་ངག་དབང་རྒྱ་མཚོ། says:
    2013-07-02 at 11:28 am

    ཏ་ལའི་ལོ་མར་བྲིས་པའི་བསྟན་བཅོས་རྣམས། །
    ཐ་ན་གཡོག་མོ་ཡིན་ཀྱང་འབད་བརྩོན་བགྱིས། །
    ད་ནི་དམ་ཆོས་བཤེས་གཉེན་མ་བསྟེན་ན། །
    ན་ནས་འཆི་ལ་ཉེ་དུས་ཕན་པ་ཟད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme