Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་རྩོམ་ཤགས་རྒྱག་མ།

Posted on 2014-02-142014-02-14 By ཁ་བརྡ་ 12 Comments on ཀ་རྩོམ་ཤགས་རྒྱག་མ།

གསལ་ལེ་རྒྱལ་དང་འབའ་སྲས།

 

གསལ་ལེ་རྒྱལ།
ཀ་ཁ་ཆ་བོ་ཤེས་ནོའི་བཀའ་དྲིན་ན།།
ཁ་ནས་ཅི་བཤད་འདི་བཤད་མེད་གི་ར།།
ག་ཡང་སྙན་ངག་པ་ཡི་ཚུགས་ཀ་ཞིག།
ང་ཡིས་བལྟས་ན་ཕལ་ཆེར་ཡིན་ས་རེད།།

ཅ་པ་ལེ་ཞིག་ཟ་རྒྱུ་ཡོད་རྒྱུ་ན།།
ཆ་རྐྱེན་གཞན་པ་ཅི་ཡང་མེད་རྒྱུ་ན།།
ཇ་ཞིག་འཚོལ་དུ་ཅིག་ལ་བུད་འགྲོ་པ།།
ཉ་ཉོག་བྲིས་ནས་ད་རུང་མི་འདུག་པ།།

 

འབའ་སྲས།
ཏ་ཡང་སྒོར་མོ་མེད་ན་སྙན་ངག་འབྲི།།
ཐ་མ་རྔ་མ་ཅིག་ལ་རིག་འགྱོ་པཱ།།
ད་དུང་ཁྱོད་བཞིན་ཉལ་ནས་བསྡད་བཏང་ན།།
ན་ནས་རྒས་དུས་འགྱོད་པ་སྐྱེས་འགྱོ་པཱ།།

 

གསལ་ལེ་རྒྱལ།
པ་རྒྱ་ཁ་ནས་གཤུར་ན་ངར་གི་ར།།
ཕ་རྒན་ཞིག་གི་ཚུགས་ཀ་མེད་གི་མོ།།
བ་ན་བོད་མོ་རྒྱ་མོ་སོག་མོ་སོགས།།
མ་རྒན་མ་གཏོགས་ཁེར་ཞིག་མི་སྐྱུར་གི།

 

འབའ་སྲས།
ཙ་རི་ནས་བཟུང་རྒྱ་གར་འཕགས་པའི་ཡུལ།།
ཚ་བ་རོང་ནས་ཁ་ཆེ་ལིན་ཤ་བར།།
ཛ་དྲག་ངང་ནས་རྒྱུགས་རྒྱུགས་ཐམས་ཅད་ཡང་།།
ཝ་ལེར་བསམས་ན་ཞི་མོའི་དོན་ཡིན་པཱ།།

ཞ་ཡེ་ཡིན་དུས་ཨ་མ་ཡོད་ན་ཆོག །
ཟ་མ་ཁ་རུ་ཐོབ་ན་དེ་ཡིས་འགྲིག །
འ་ཅག་དེ་རིང་གསར་བུ་ཉན་སོང་ན།།
ཡ་ནེ་ཡོ་ནེ་ཞིག་གིས་ག་ལ་ཆོག

 

གསལ་ལེ་རྒྱལ།
ར་མ་ཞིག་ལ་མནའ་མའི་ཕ་ཡུལ་གྱི།།
ལྭ་བ་དམར་བོ་ཅན་ཞིག་འགྱོ་གི་ཟེར།།
ཤ་མཇེ་མགོ་རོ་དེ་ཡི་དོན་དག་ལ།།
ས་ཆ་འདི་ནས་དེ་མོ་མ་ལས་ཨ།

 

འབའ་སྲས།
ར་མའི་རྭ་ཅོ་འདྲ་བའི་མཇེ་ཞིག་ཡོད།།
ལ་ཕུག་ལོ་མ་ལྟ་བུའི་རྩ་ཞིག་ཡོད།།
ཤ་མཇེ་རྡོ་མཇེ་ལྟ་བུའི་མཇེ་རྒན་འདི།།
ས་ནས་རང་ང་འཇོག་ན་དཀོན་མཆོག་གསུམ།།

ཧ་ཧ་ཀུ་རེ་ཡིན་ནོ་གསལ་ལེ་རྒྱལ།།
ཨ་ལ་ཚད་ཀིས་མིན་ན་གཡབ་རྐྱལ་ཁྱོད།།
ཨ་རོགས་དེང་སང་མང་བ་མ་འཛག་ཡ།།
ཧ་ཅང་མང་ན་ཨེ་ཙི་འགོས་ཡོང་ཡ།།

 

གསལ་ལེ་རྒྱལ།
ཧ་ལོ་ཀུ་རེ་མིན་གོ་དགོན་པ་གན།།
ཨ་མ་མ་གཏོགས་ཚང་མར་འཐམ་ན་བཏང་ན།།
ཨ་ཙི་ཨེ་ཙི་འགོ་མིན་མི་ཤེས་ར།།
ཧ་ལམ་ར་མ་ཚོས་ཀྱང་དཀའ་ས་རེད།།

༡༤/༠༢/༡༤ ཕྱི་དྲོར་དྲ་ཐོག་ནས།

རྩོམ་རིག

Post navigation

Previous Post: འདོད་བསྟན་སྙིང་པོ་བསྡུས་པའི་ཀ་རྩོམ།
Next Post: མཛེས་མ་མིག་ཤེལ་ཅན།

Comments (12) on “ཀ་རྩོམ་ཤགས་རྒྱག་མ།”

  1. གནམ says:
    2014-02-15 at 12:08 am

    ཀ་ཁ་མྱི་སྐད་ནང་ལ་བསྲེས་དང་ན།
    ཁ་ཞིག་གྱག་ཚད་མཇེ་དང་གཉའ་མའི་སྐོར།།
    ག་རེ་ཡིན་ནམ་བསམ་ནས་དཔྱད་ཡོང་དུས།།
    ང་ཚོའི་བོད་གཤིས་ཤོར་བའི་ཕྱི་འཁྱམས་རེད།

    ཅ་ནེ་ཁ་ལྟོ་ཕྱི་རྒྱལ་ལུང་པ་རེད།
    ཆ་ལུགས་ཁ་དོག་དེ་དང་དེར་བསྟུན་རེད།
    ཇ་ལ་ཚིག་ཇ་མ་གཏོགས་མི་འཐུང་གི།
    ཉ་ཉོག་བཤད་ནས་ཉི་མ་ཕུད་འཇོག་གི།།

    ༧ཏ་ལའི་བླ་མར་ཁ་ཡང་བཏང་འཇོག་གི།
    ཐ་མར་རང་ངོ་རང་གིས་མི་རིག་གི།
    ད་ལྟའི་དུས་ལ་དེ་འདྲ་དགོས་རབས་བཤད།
    ན་རབས་འདི་ཚོ་ངོ་མའི་རྐྱལ་སྟོང་རེད།

    པ་པ་ཡིན་རུང་ཟུར་མ་འཛེག་རྐྱང་རེད།
    ཕ་ཁྱིམ་ཨ་མར་མགོ་སྐོར་བཏང་རྐྱང་རེད།
    བ་ན་མ་ན་མཇེ་མདུང་དབྱུག་རྐྱང་རེད།
    མ་ཤེས་མ་བྱས་ཟེར་ནིའི་རྫུན་རྐྱལ་རེད།

    ཙ་གེ་ཙིག་གེ་དྲན་ནིར་ངར་ནི་རེད།
    ཚ་འཕྲུལ་ཕོག་པའི་སྐད་ཆ་མང་ནི་རེད།
    ཛ་སྤྱོད་བཙོག་པའི་མྱི་ཚུགས་འཛིན་ནི་རེད།
    ཝ་རྔ་ནང་བཞིན་བཙུར་ན་མེད་ནི་རེད།

    ཞ་ར་རིག་ན་མཚང་མྱིང་འབོད་ནི་རེད།
    ཟ་རྒྱུ་རིག་ན་མནའ་ཤག་སྒྲིག་ནི་རེད།
    འ་ན་མ་ན་ཡིན་མདོག་སྟོན་ནི་རེད།
    ཡ་མཚན་སྤྱོད་པར་ཕྱི་ནང་མང་ནི་རེད།

    ར་རོ་བཟི་དུས་མྱིག་ལ་སྟོན་ནི་རེད།
    ལ་ལའི་མགོ་ལ་ལྕགས་ཐོ་འབབ་ནི་རེད།
    ཤ་ཚ་མེད་དུས་སྲོག་ལ་རྒོལ་ནི་རེད།
    ས་ཆ་ཆ་མེད་ལྡོམ་པོ་ཡུལ་མེད་ཚོ།།

    ཧ་གོ་མེད་ན་མྱི་ཚད་འདི་འདྲ་རེད།
    ཨ་རི་དང་ནི་ཕྱི་ཡུལ་ཡོ་རུབ་སོགས།།
    ཧ་ལམ་གངས་རི་ར་བའི་ཕན་ཆད་ན།
    ཨ་ཙེ་ཙེ་ཙེ་བསམ་པའི་ལྟད་མོ་མང་།།

  2. ཐབས་མཁས། says:
    2014-02-15 at 12:58 am

    ཁ་སྐད་དེ་འདྲ་མང་པོ་བེད་སྤྱད་ནས་སྣང་བ་གང་དྲན་བྲིས་ན་་་་་་་་་དབྱིན་སྐད་དང་རྒྱ་སྐད་བསྲེས་མཁན་ཚོར་སྐྱོན་བརྗོད་རྒྱུ་ཅི་ཡང་མི་འདུག་གོ

  3. ཀརྡོ་གཉེར་ཕྱག་པ་ says:
    2014-02-15 at 4:10 am

    རྒན་འཇམ་དཔལ་ལགས་ཀྱི་བཀའ་སློབ་དགོས་ས་ཅིག་རེད་འདུག

  4. ཆབ་བྲག་ཕོ་ཉ། says:
    2014-02-15 at 4:55 am

    གནམ་ནས་ཆར་བཞིན་བབས་འདྲའི་ཀ་རྩོམ་དེ།
    ས་ལ་ཆུ་བཞིན་འཐིམ་འདྲའི་ནང་དོན་འདི།
    ཁ་བརྡའི་ཁ་ནས་སྤྱི་ཚོགས་མེ་ལོང་མའི།
    མིག་གི་བདུད་རྩིར་མོས་པའི་ཟུར་མིག་འཕེན།
    གནམ་ལགས་སུ།

  5. ཕུག་རོན། says:
    2014-02-15 at 8:38 am

    ཅ་པ་ལེ་ཞེས་པའི་དོན་གོ་མ་སོང་།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-02-15 at 8:47 am

    ཧིན་སྐད་དུ།
    ཅ་པ་ཏི་ནི། བག་ལེབ་དང་།
    ཅ་པ་ལི་ནི། བསིལ་ལྷམ་ལ་གོ
    འདིར་ངས་ཀྱང་གོ་དོན་ཤེས་ཐུབ་མ་སོང་།

  7. ཡེ་ཤེས་དཔལ། says:
    2014-02-15 at 10:48 am

    ཀོ་བའི་ངོ་ཤ་མཐུག་པོ་ས་ལེ་དང་།།
    ཁོག་ན་འདོད་སྲེད་འབར་བའི་འབའ་སྲས་སོགས།།
    གོ་ལའི་ཁྱོན་ན་འཚོ་པའི་ཆགས་ལྡན་མི།།
    ངོ་ཚའི་རྫུ་བག་ཙམ་ལས་ཁྱད་པར་ཅི།།

    ཅོ་ཐོག་སྨིན་ལེགས་ན་ཆུང་གཟུགས་མཛེས་ནས།།
    ཆོ་མེད་སྨོ་དང་སྟུ་ཅན་མི་རིགས།།
    ཇོ་་མོ་མཛོ་མོ་ཁྱི་མོ་མ་མོ་སོགས།།
    ཉོན་མོངས་གདུང་བའི་ཚེ་ན་ཁྱད་པར་མེད།།

    ཏོག་ཅན་དཔོན་དང་ཁྲི་ལྡན་བླ་རྫུན་ནས།།
    ཐོར་ཅོག་མཛེས་བ་མཁའ་འགྲོའི་མིང་ཅན་དང་།།
    དོར་མ་མེད་པའི་གྲྭ་བཙུན་བཅོས་མའི་བར།།
    ནོར་བུ་པདྨའི་ལས་ལ་མི་དགྱེས་སུ།།

    པོད་ཆེན་གཞུང་ལ་མཁས་པའི་་དགེ་བཤེས་དང་།།
    ཕོ་རྒོད་དགྲ་ལས་རྒྱལ་བའི་དཔའ་བོ་སོགས།།
    བོད་ན་ཁེངས་དང་དྲེག་པ་ཆེན་པོའི་རིགས།།
    མོ་ཡི་བྲན་དུ་མ་འཁོད་སུ་དང་གང་།།

    ཙོག་འདུག་གན་རྐྱལ་ལངས་གོག་ཟུར་ཉལ་སོགས།།
    ཚོར་བ་བསླེབས་པའི་ཚེ་ན་ཁྱད་མེད་ལ།།
    ཛོ་རོ་ལྕེ་སྐྱག་གཡའ་ཆུ་རྣག་ཁྲག་རྣམས།།
    ཝོ་བརྒྱལ་ཅི་ཡང་མེད་པར་ཤུགས་ཀྱིས་ལྡག།

    ཞོན་སྟངས་མི་ཤེས་བྱིས་པ་གླད་མེད་ནས།།
    ཟོམ་གྱི་དུས་ཡུན་ཡོལ་པའི་རྒན་པོའི་བར།།
    འོག་འདེགས་ལ་སོགས་ཆགས་སྤྱོད་འདོད་པའི་ཐབས།།
    ཡོངས་སུ་མ་བསླབ་ངང་གིས་མ་གོམས་སུ།།

    རོ་ཙ་རྒྱས་སྟོབས་ཆེ་པའི་འདོད་ལྡན་གྱིས།།
    ལོག་གཡེམ་ལ་སོགས་ཁ་སྐུབ་ནུ་བར་དང་།།
    ཤོ་ཆེན་གྱེན་ལ་ཤིན་ཏུ་འགྲེང་པའི་སྐབས།།
    སོར་མོས་མ་གསུབ་ཟེར་བ་སྲིད་ན་དཀོན།།

    ཧོར་རྒྱ་བོད་དབྱིན་ཤར་ནུབ་རེས་མེད་པས།།
    ཨོ་དང་འཁུན་སྒྲ་འབྱིན་པ་འདྲ་ན་ཡང་།།
    ཧོན་འཐོར་དྲན་པ་ཉམས་པའི་བདེ་སྡེར་ལ།།
    ཨོ་རྒྱན་རིགས་དང་མི་ནག་མཆོག་ཏུ་གྲགས།།

    ཡང་པ།

    ཀི་རྒྱང་གནམ་ལ་འདེམས་པའི་རྫི་བོ་དང་།།
    ཁུ་སིམ་རི་ལ་སྡོད་པའི་རི་ཁྲོད་པ།།
    གེ་ལ་ཤ་ཡི་འདབ་རོལ་གདོང་དམར་བ།།
    ངོ་ཚའི་ཕྱི་གོས་གྱོན་པ་གནའ་བོའི་སྲོལ།།
    ད་མ་ཁོམ་ཐལ། ལས་ཀ་འགྲོ་རན་སོང་་་་་་་་་་འཕྲོད་མཐུད་འབྲི་མཁན་ཡོད་ན་དངའ་བསུ་ཞུ།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-02-15 at 11:05 am

    ཅི་ཤེས་ཁ་ནས་ཐོན་པ་ག་ལ་རིག །
    ཆུ་དང་དངུལ་ཆུའི་བར་གྱི་ཁྱད་པར་ལ། །
    ཇེ་མང་ཇེ་མང་བཤད་ན་ཀུན་ལ་ཕན། །
    ཉོ་ཚོང་སྤྲོད་ལེན་སྔོན་ལ་ཡང་ཡང་སོམས། །

  9. ཀརྡོ་གཉེར་ཕྱག་པ་ says:
    2014-02-15 at 11:07 am

    ཀི་རྒྱང་གནམ་ལ་འདེམས་པའི་རྫི་བོ་དང་།།
    ཁུ་སིམ་རི་ལ་སྡོད་པའི་རི་ཁྲོད་པ།།
    གེ་ལ་ཤ་ཡི་འདབ་རོལ་གདོང་དམར་བ།།
    ངོ་ཚའི་ཕྱི་གོས་གྱོན་པ་གནའ་བོའི་སྲོལ།།

    ཅི་ཤེས་ཁ་ནས་ཐོན་པ་ག་ལ་རིག །
    ཆུ་དང་དངུལ་ཆུའི་བར་གྱི་ཁྱད་པར་ལ། །
    ཇེ་མང་ཇེ་མང་བཤད་ན་ཀུན་ལ་ཕན། །
    ཉོ་ཚོང་སྤྲོད་ལེན་སྔོན་ལ་ཡང་ཡང་སོམས། །

  10. བཙན་པོ། says:
    2014-02-15 at 11:19 am

    ཀརྡོ་གཉེར་ཕྱག་ཟེར་བའི་བྱིས་པ་འདི།།
    ཁ་ཤ་ཡོད་དོ་ཅོག་གི་ཚབ་ཡིན་འདྲ།།
    ག་ལེར་བསམ་ན་གོ་རྒྱུ་མེད་པའི་རིགས།།
    ང་ཡི་མཐོང་སྣང་ཇེ་མང་ཇེ་མང་རེད།།

  11. གནམ says:
    2014-02-15 at 12:15 pm

    ཀ་བ་རྨང་གཞི་མེད་པའི་གནམ་རྒན་མ།།
    ཁ་ཁོག་ཡག་སྡུག་ནམ་མཁའི་ཆར་སྤྲིན་འདྲ།
    ག་དུས་གང་དུ་འབབ་པར་མ་ངེས་ཡང་།།
    ང་རང་དེ་རིང་ཆབ་བྲག་རིའི་བདུད་རྩི།།
    ཧ་ཧ་ཧ།

  12. གསར་བུ། says:
    2014-02-15 at 5:01 pm

    ཀརྡོ་ཀ་ཁ་སྦྱོང་མཁན་རེད།།
    ཁ་ལག་བྱང་ཆ་མེད་སོང་རེད།།
    ག་རེ་འདོད་ན་བྱེད་དུ་ཆུགས།།
    ང་ཚོར་དགོས་མཁོ་མི་འདུག་གོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme