Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་རྩོམ་རྒྱ་ནག་བསྲེགས་པའི་མེ་དཔུང་།

Posted on 2012-03-272012-03-27 By ཁ་བརྡ་ 8 Comments on ཀ་རྩོམ་རྒྱ་ནག་བསྲེགས་པའི་མེ་དཔུང་།

འབའ་སྲས།

ཀ་དག་ཆོས་ལ་སྤྱོད་པའི་གདོང་དམར་བོད།།
ཁ་རོགས་མ་འདུག་ཚང་མ་ཡར་ལ་ལོངས།།
ག་ས་གང་ནས་སྲོག་གི་མེ་ལྕེ་སྒྲོན།།
ང་ཚོ་ཚང་མ་དུས་གཅིག་ཉིན་གཅིག་འབར།།

ཅ་ཅོ་མི་བསྒྲོག་མ་ཎི་དབྱངས་འགུག་དང་།།
ཆ་ལུགས་ཉམ་ཆུང་ཞི་བའི་ངོ་རྒོལ་གྱིས།།
ཇག་རྐུན་རྒྱ་ནག་ཚང་ལ་མི་ཕན་པས།།
ཉ་ཉོག་རུས་ཉོག་གཏོང་བའི་ཐབས་ལ་འབད།།

ཏཱ་ལེ་བླ་མའི་སྐུ་ཚེ་བརྟན་པའི་དུས།།
ཐ་ཤལ་རྒྱ་ནག་ཚང་ནས་ཁ་ཁར་བྱེད།།
ད་དུང་དམར་བའི་གཞུང་ལ་མགོ་སྒུར་ན།།
ན་ནིང་ད་ལོར་རང་སྲོག་ཅི་ཙམ་ཤོར།།

པ་མགོ་རྒྱ་གཞུང་ཟེར་ནས་སྡིགས་པ་དང་།།
ཕ་རོ་ཟོ་ཞེས་སྐད་འབོད་བྱས་ན་ཡང་།།
བ་གླང་རྣ་ལ་དམ་པའི་ཆོས་བཤད་ལྟར།།
མ་རབ་ཚང་གིས་ཡ་ལན་མི་སྟེར་ག །

ཙ་རི་ནས་བཟུང་བལ་ཡུལ་འབྲུག་ཡུལ་དང་།།
ཚ་བ་རྒྱ་གར་ཡུལ་ནས་ཕྱི་རྒྱལ་བར།།
ཛ་དྲག་ཅན་གྱི་མེ་ཞིག་མ་སྦར་ན།།
ཝ་མོ་ཅེ་སྤྱང་ཇེ་ངར་ཇེ་རྒོད་རེད།།

ཞ་ཡེ་ངུ་ངུ་བྱས་ནས་སྐད་འབོད་དང་།།
ཟ་མ་མ་ཟོས་ཟས་བཅད་ངོ་རྒོལ་སོགས།།
འ་ཅག་བོད་པས་གང་ཐུབ་བྱས་ན་ཡང་།།
ཡ་ལན་མ་བྱིན་ལོ་ངོ་ག་ཚོད་འགོར།།

ར་བ་གངས་དཀར་ཡུལ་གྱི་གདོང་དམར་བོད།།
ལ་རྒྱའི་སྙིང་སྟོབས་ལྡན་པའི་གངས་ཅན་པ།།
ཤ་རུས་ཁྲག་རྒྱུན་གཅིག་པའི་བཙན་པོའི་སྲས།།
ས་ཆ་གང་དུ་གནས་ཀྱང་མེ་ཞིག་སྒྲོན།།

ཧ་ཅང་ཛ་དྲག་ཆེ་བའི་ལས་འགུལ་ཞིག །
ཨ་རིའི་ཡུལ་དང་ཡོ་རོབ་ལྷ་ས་སོགས།།
ཧ་ཅང་ཡུལ་གྲུ་ཆེ་སར་མ་སྤེལ་ན།།
ཨ་མདོ་ཁམས་པ་གཉིས་ལ་སྙིང་མ་རྗེ།།

སྙན་ངག

Post navigation

Previous Post: ལྡི་ལིར་བོད་མི་རྣམས་དམག་མི་དང་ཉེན་རྟོག་པའི་ལྟ་སྲུང་འོག་བཅུག་པ།
Next Post: མིག་དམར་མཐོང་བྱུང་ངམ།

Comments (8) on “ཀ་རྩོམ་རྒྱ་ནག་བསྲེགས་པའི་མེ་དཔུང་།”

  1. ཨ་རིག་དགེ་མཐོང་། says:
    2012-03-27 at 2:42 pm

    རྒན་འབའ་སྲས་ཀྱི་ཀ་རྩོམ་མཐོང་མ་ཐག་དྲ་ངོས་ནས་ཡི་གེར་ཕབ།

    ཀ་ཡེ་གསོན་དང་རང་རིགས་སྤུན་ཟླའི་ཚོགས། །
    ཁ་བ་གངས་ཅན་བོད་མིའི་བདེ་སྡུག་སླད། །
    ག་ས་གང་ནས་རང་ལུས་མེ་ལ་བསྒྲོན། །
    ང་ཡིས་དཔའ་རྒོད་ཁྱེད་ཚོ་གུས་འདུད་ཞུ། །

    ཅ་དངོས་རྩ་ཆེན་ཤོག་དངུལ་གང་མང་ཞིག །
    ཆ་རྐྱེན་མེད་པར་རྒྱ་མིས་བོད་ལ་སྦྱིན། །
    ཇ་དང་ཟས་གོས་འཛད་མེད་ལོངས་སྤྱོད་དང་། །
    ཉ་རྙོག་འདི་ཚོ་འདི་བའི་ཆོ་འཕྲུལ་རེད། །

    ཏ་ལའི་བླ་མ་ད་ལྟ་བདེ་བར་བཞུགས། །
    ཐ་མ་བོད་དུ་གདན་འདྲེན་ཞུ་དགོས་པ། །
    ད་ལོའི་འབོད་སྒྲ་དག་ལས་གསལ་བར་ཤེས། །
    ན་ནིང་དོ་ཚིགས་རེ་བ་ཇེ་བཟང་རེད། །

    པ་མགོ་སྤྲང་བོ་རྒྱུ་ཆེན་དཔོན་པོའི་བར། །
    ཕ་སྐད་གཙང་མའི་ཕྱོགས་ལ་འདང་རྒྱག་ཆེ། །
    བ་དང་པ་ཡི་ཐོབ་ཐང་མི་རྩོད་པར། །
    མ་གྲོས་བསམ་པ་གཅིག་མཐུན་བྱུང་བ་ལེགས། །

    ཙ་གེ་ཙིག་གེའི་ཕྱོགས་ནས་འཛིང་ན་ཡང་། །
    ཚང་མ་རྡོག་རྩ་གཅིག་སྒྲིལ་བྱེད་པར་བྲེལ། །
    ཛ་དྲག་ཉེན་ཁ་ཆེ་བའི་དུས་ཚིགས་འདིར། །
    ཝྭ་མོའི་རྣམ་ཐར་སྐྱོང་མཁན་སྲིད་པ་ཙམ། །

    ཞྭ་སེར་བསྟན་པའི་རྗེས་འཇུག་ཚུན་ཆད་ནས། །
    ཟ་འཐུང་མ་བསམ་རང་དབང་རང་བཙན་བརྩད། །
    འུ་ཅག་བོད་རིགས་གདོང་དམར་ཀུན་པོ་ཡིས། །
    ཡ་རབས་བཟང་སྤྱོད་མ་བརླག་བདག་གཉེར་བྱོས། །

    རབ་དཀར་གངས་ལྗོངས་བདག་པོར་མ་དབང་བར། །
    ལ་རྒྱའི་ཁུ་ཚུར་མཛུབ་མོ་ལྔ་བཅིངས་དགོས། །
    ཤ་ཁྲག་གཅིག་པའི་བོད་མི་ཡོད་དོ་ཅོག །
    ས་ཕྱོགས་གང་དུ་གནས་ཀྱང་མཐུན་སྒྲིལ་བྱོས། །

    ཧ་ཧ་ཧོ་ཧོ་ཟེར་ནས་མི་འདུག་པར། །
    ཨ་ཁ་བོད་འདི་བསམ་སྟེ་འབད་དགོས་པས། །
    ཧ་ནེ་ཧོན་ནེ་བྱས་ན་རང་གི་གྱོང་། །
    ཨ་བུ་རྒོད་པོ་ཞིག་གི་ཚུགས་ཀ་བྱོས། །

    མཆན། ཧ་ནེ་ཧོན་ནེ་ལབ་ན་ཡུལ་སྐད་དུ་འཐོམ་མེ་ཡི་རྣམ་པ།

  2. ཆོས་འཕེལ་དར་རྒྱས་ says:
    2012-03-27 at 3:28 pm

    ཕ་བཟང་བུ་ཁྱེད་ཕ་རེ་སི་༼Paris ༽ ནས་མེ་ལ་བསྒྲོན་དང་དེ་ནས་ང་ཚོ་གཅིག་རྗེས་གཉིས་མཐུད་བྱེད་ཡོང་།

  3. ཆོས་འཕེལ་དར་རྒྱས་ says:
    2012-03-27 at 3:39 pm

    གོང་གི་མཆན་གྱི་ཁ་སྣོན།
    ཕ་བཟང་བུ་ཁྱེད་ཕ་རེ་སི་(Paris ) ནས་མེ་ལ་བསྒྲོན་དང་།
    ཝ་སྐྱེས་ངས་ཡང་ཝེ་ཡ་ཎ་(vienna)ནས་མེ་ལ་འབར་ཡོང་།

  4. ཀླུ་སྨྱོན། says:
    2012-03-27 at 3:55 pm

    ཀ་རྩོམ་བྲིས་ནས་ཉི་མ་མི་གཏོང་བར། །
    ཁ་ལག་རྐང་གསུམ་ལས་ཀ་མཉམ་དུ་བྱེད། །
    ག་ཤེད་ཅིག་ནས་གླིག་པ་འགྲེངས་བཅུག་སྟེ། །
    ང་ཚོ་ཚང་མ་རྒྱ་མོར་རྒྱོ་གི་འགྲོ །

  5. ཁྱུངདཀར says:
    2012-03-27 at 5:19 pm

    ཀླུ་སྨྱོན་ལ་ཆགས་སྨྱོན་བྱུང་འདུག་ག གལ་སྲིད་ཕ་ཡུལ་ལ་ཡོད་པའི་དབང་དུ་བཏང་ན་རྒྱ་མོར་ག་ཚོད་རྒྱོ་རྒྱོ་རེད། ལས་ངན་དུས་ཨ་རི་ནས་གོང་ཆེ་ཀི་ཟེར་ག ད་མཇེ་ལག་པས་སྐྱོར་རྒྱོར་རེད།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-03-27 at 5:53 pm

    ཏྰ་ལའི་བླ་མའི་བཀའ་སློབ་སྙིང་བཅང་ནས། །
    ཐ་མ་བོད་ནང་གདན་འདྲེན་ཞུ་འདོད་པས། །
    ད་ལྟའི་ལས་འགུལ་མེ་ལྟར་འབར་བ་འདི། །
    ན་ནིང་ད་ལོའི་ལས་ལྷག་སེམས་མེ་སྤོར། །

  7. ཚེ་བསམ་ says:
    2012-03-28 at 1:40 am

    ཨ་ལ་ལ་ཨ་ཁུ་ཀླུ་སྨྱོན་ཁྱེད་འབྲུག་པ་ཀུན་ལེགས་ཀྱི་ཡང་སྲེད་ཡིན་ས་རེད།

  8. འབའ་སྲས། says:
    2012-03-28 at 11:24 am

    ཀྭ་ཡེ་ཀླུ་སྨྱོན་ཁྱོད་ལ་ཅི་ཞིག་བྱུང་།།
    ཁ་ཞིག་གྲགས་ན་ནམ་ཡང་མཇེ་དང་སྟུ།།
    ག་གུ་མཇེ་རྒན་ལངས་ནས་མི་སྡོད་ན།།
    ང་དང་འདྲ་བར་གྲྭ་བ་ལོག་ན་ལེགས།།

    ཅ་དག་བླ་མ་ཞིག་གི་ཁྲིའི་སྟེང་ནས།།
    ཆ་ལུགས་གྲྭ་བ་ཡིན་པའི་རིན་པོ་ཆེ།།
    ཇ་ཤིང་འདྲ་བའི་སྐུ་མཇེ་བདག་པོ་རྒྱོབས།།
    ཉ་ཉོག་སྨྲ་བའི་ཞལ་ཁ་ཚིམས་ན་བཞུགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme