Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་རྩོམ་ཞེན་ལོག་མ།

Posted on 2009-10-062009-10-06 By བེ་རི་འཇིགས་མེད 37 Comments on ཀ་རྩོམ་ཞེན་ལོག་མ།

ཀ་རྩོམ་ཞེན་ལོག་མ།

བེ་རི་འཇིགས་མེད།

ཀ་རེ་ཀོ་རེ་དུས་ཚོད་སྐྱེལ་མཁས་མ།།
ཁ་ནས་གང་བྱུང་མང་བྱུང་བཤད་མཁས་མ།།
ག་ས་ག་ལ་ཕུ་དཀྲུགས་འདབས་དཀྲུགས་མ།།
ང་ནི་ཁྱོད་ལ་ཞེན་པ་གཏིང་ནས་ལོག།།

ཅ་ཅོ་དོན་མེད་བཤད་དུས་ཁ་མཁས་མ།།
ཆ་ལུགས་འདྲ་མིན་དགའ་བའི་ཨ་གསར་མ།།
ཇ་ཆང་ཨ་རག་འཐུང་པའི་ར་བཟི་མ།།
ཉ་རོ་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

ཏ་རེ་མི་ཆེ་མདུན་ལ་ནུར་འགྲོ་མ།།
ཐ་ཤལ་སྐྱོ་བོ་ཚོགས་པའི་གྲལ་མགོ་མ།།
ད་དུང་མི་ལ་འཕྱ་བའི་མཛུབ་ཀེར་མ།།
ན་ཆུང་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

པ་ལོ་སི་ལི་བྱེད་པའི་སྐྲ་རིང་མ།།
ཕ་མ་གཡུགས་ནས་འགྲོ་བའི་སྤྲང་འཁྱམས་མ།།
བ་ཕྱུགས་གླང་གོག་འདྲ་བའི་རྨོངས་རྒན་མ།།
མ་རབས་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

ཙ་ཀོ་ར་དང་འདྲ་བའི་སྐད་མཛེར་མ།།
ཚ་གེ་ཚི་གེ་འགྲོ་བའི་རྐུབ་ཀྱོགས་མ།།
ཛ་དྲག་འགག་ལ་ཐུག་དུས་གླེན་ལྐུགས་མ།།
ཝ་མོ་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

ཞ་ར་ལས་ཀྱང་སྐྱོ་བའི་མི་ཀྱོགས་མ།།
ཟ་འཐུང་གཉིད་གསུམ་དགའ་བའི་གོ་རྒན་མ།།
འ་རེ་འུ་རེ་བྱས་ནས་རྒྱུག་མཁན་མ།།
ཡ་མེད་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

ར་སྐད་ལུག་སྐད་ལྟ་བུའི་འབའ་དགའ་མ༎
ལ་ཐུང་ལུས་ལ་གོན་པའི་རྐུབ་ཀྱོགས་མ༎
ཤ་ཚ་སྙིང་རྗེ་མེད་པའི་གསོན་འདྲེ་མ༎
ས་རྫོད་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

ཧ་དྲོ་ཧཱུཾ་གིས་འཁྱགས་པའི་མགོ་སྟོང་མ།།
ཨ་མའི་བཀའ་དྲིན་བརྗེད་པའི་ཁྲེལ་མེད་མ།།
ཧ་ཅང་ཐལ་ཆ་ཆེ་བའི་མོ་ཁྱོད་ལ།།
ཨ་རེ་ང་ནི་ཞེན་པ་གཏིང་ནས་ལོག།
ནོར་གླིང་ནས་དགེ་ཕྲུག་ཕོ་གསར་ཞིག་གིས་ཁ་པར་ནང་དཀའ་ངལ་མང་པོ་ཞིག་བཤད་བྱུང་བ་བརྗོད་གཞིར་བྱས་ནས་
༢༠༠༨།༡༠།༧ ཉིན་རྒྱུན་ལས་ཁང་དུ་བྲིས།།

སྙན་ངག

Post navigation

Previous Post: མདང་གི་སྐྱོ་སྣང༌།
Next Post: རྒྱ་བལ་ཐེངས་གཅིག་བསྐོར་བའི་དྲན་ཐོ།

Comments (37) on “ཀ་རྩོམ་ཞེན་ལོག་མ།”

  1. ལྷ་མོ། says:
    2009-10-06 at 2:30 am

    ཐུགས་རྗེས་གཟིགས། ཁྱེད་རང་གིས་ག་དུས་ཡིན་ན་ང་ཚོ་ལ་ཀ་རྩོམ་ཞེན་ལོག་མ་འབྲི་བ་ལས་ཁྱེད་རང་ཚོའི་ད་རེས་ཀྱི་སྤྱི་འཐུས་གྲོས་ཚོགས་ལ་ཀ་རྩོམ་ཞེན་ལོག་མ་ཞིག་བྲིས་ན་ཤིན་ཏུ་རན་པོ་འདུག སྐུ་མཁྱེན།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-10-06 at 12:07 pm

    ད་ཐེངས་ལྷ་མོའི་རྒྱབ་རྩར་ཡོད།

  3. ཆོས་འཕེལ། says:
    2009-10-06 at 1:29 pm

    འདི་འདྲ་བའི་ཀ་རྩོམ་ཞེ་ལོག་མ་དེ་ག་དུས་ཡིན་ན་མ་འབྲི་སྐུ་མཁྱེན་ཐུགས་རྗེས་གཟིགས། ཚིག་མི་སྙན་པ་དོན་གོ་རྒྱུ་མེད་པ། རྩོམ་ཉོབ་འདི་འདྲས་རང་གཞན་གང་ལ་ཕན་གྱི་མི་འདུག ལྷག་པར་དུ་རྩོམ་པ་པོར་རློམས་མཁན་རྣམས་ལ་ཞུ་བགྱི་ཡིན།

  4. ཐེམ་ཆེན། says:
    2009-10-06 at 6:27 pm

    བོད་མིས་རེ་བ་བཅོལ་བ་ཆུ་ལ་གཡུགས།།
    སྤྱི་འཐུས་གྲོས་ཚོགས་མཇུག་སྡོམ་རླུང་ལ་བསྐུར།།
    གཏམ་ངན་མི་ཁས་འཛམ་གླིང་ཁྱབ་པར་བྱས།།
    སྤྱི་འཐུས་ཁྱོད་འདྲ་མཐོང་ན་ཞེན་པ་ལོག།

    ངོ་མ་ཞེན་པ་ལོག   ཕེའུ།    ཕེའུ། ཕེའུ། ཕེའུ།    ཕེའུ། ཕེའུ།

  5. མྱིག་རྫོད་ says:
    2009-10-06 at 7:42 pm

    མཐུའེའེའེ། མཐུའེའེའེ། མཐུའེའེའེ། མཐུའེའེའེ། མཐུའེའེའེ། མཐུའེའེའེ།
    བེ་རི་ཟེར་བའི་བོད་མི་མང་གི་ཞབས་འདྲེན་ཁྱོད་བུད་མེད་ཅིག་ལ་ཞེན་པ་ལོག་མ་ལོག་མི་ཤེས་ཏེ། ང་ཚོ་ཁྱོད་ལ་རྒྱུ་མའི་མཐིལ་ནས་ཞེན་པ་ལོག་ཡོད། ཁྱོད་ཕྱོགས་ཞེན་འབའ་ཞིག་གིས་བསོད་སྟོབས་རལ་ལི་ཅན་ལ་གནམ་གྲུའི་ཊི་ཀ་བཏོགས་མཁན་གྱི་སྤྱི་འཐུས་རྒྱུན་ལས་ནང་དུ་ཡོད་པ་དང་། རྗེས་སུ་གྲོས་ཚོགས་གཏོར་ནས་ཕྱི་ལ་ཐོན་མཁན་གྱི་ནང་དུ་ཡོད། དགོས་རྒྱུའི་ལས་ཀ་ལ་གཏོར་བརླག་གནམ་སར་མི་ཤོངས་པ་ཞིག་བྱས་ནས་ད་དུང་ངོ་ཚ་རྒྱུ་མེད་པར་མི་དགོས་པའི་ཉི་མ་འཁྱོལ་བྱེད་ཀྱི་ཆགས་རྩོམ་འདྲ་རེ་འབྲི་ཁུལ་བྱས། འདི་ལོར་དགོན་པ་ཁག་གི་དགུ་གཏོར་སྐབས་ཀྱི་གཏོར་མ་ཡོངས་རྫོགས་ཞབས་འདྲེན་ཁྱོད་ཀྱི་ཁ་ནང་དུ་དབྱུག་བརྫང་བྱེད་རྒྱུ་ཡིན་པས་ཁ་གདང་ནས་སྡོད་ཨ། གླུད་དང་འདྲ་བའི་གྲ་གཟུགས་ཞབས་འདྲེན་ཁྱོད།

  6. གཞོན་ནུ་ཟླ་མེད says:
    2009-10-06 at 8:17 pm

    འ་འ་འ། ཁ་བརྡ་འདིའི་ནང་ན་རྒན་བྱ་ཤ་འདྲ་མ་རྐྱང་རྐྱང་ཡོད། བེ་རི་ཁྱོད་འཛུལ་སའི་ས་ཆ་ནོར་སོང་ཟིག དུས་ཚོད་ནོར་སོང་ཟིག རྩོམ་ཡིག་ནོར་སོང་ཟིག

  7. བཀྲ་ཤིས་ལྷ་དགའ། says:
    2009-10-08 at 10:10 pm

    ཀ་རེ་ཀོ་རེ་དུས་ཚོད་སྐྱེལ་མཁན་པོ།།
    ཁ་ནས་གང་བྱུང་མང་བྱུང་བཤད་མཁན་པོ།།
    ག་ས་ག་ལ་ཕུ་དཀྲུགས་འདབས་དཀྲུགས་མཁན།།
    ང་ནི་ཁྱོད་ལ་ཞེན་པ་གཏིང་ནས་ལོག།།

    ཅ་ཅོ་དོན་མེད་བཤད་དུས་ཁ་མཁས་པོ།།
    ཆ་ལུགས་འདྲ་མིན་དགའ་བའི་ཨ་གསར་མཁན།།
    ཇ་ཆང་ཨ་རག་འཐུང་འདྲའི་བཟུ་གཏམ་ཅན།།
    ཉ་རོ་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

    ཏ་རེ་མི་ཆེན་མདུན་ལ་ནུར་ནས་འགྲོ།
    ཐ་ཤལ་སྐྱོ་བོ་ཚོགས་པའི་གྲལ་མགོ་ན།།
    ད་དུང་མི་ལ་འཕྱ་བའི་མི་ཁྱོད་ལ།།
    ན་སོ་རྒན་གཞོན་ཀུན་གྱིས་ཞེན་པ་ལོག།

    པ་རུ་པུ་རེ་སེམས་པ་རླུང་གིས་བཀྱག།
    ཕ་མ་རྒྱབ་དུ་གཡུགས་ནས་ས་མཐར་འཁྱམས།།
    བ་ཕྱུགས་གླང་གོག་འདྲ་བའི་རྨོངས་རྒན་ལ།།
    མ་ལུས་བོད་མི་ཡོངས་ཀྱིས་ཞེན་པ་ལོག།

    ཙ་ཀོ་ར་དང་འདྲ་བའི་སྐད་མཛེར་ཁྱོད།།
    ཚ་གེ་ཚི་གེ་ཁེངས་གཏམ་སྒྲོགས་ན་ཡང་།།
    ཛ་དྲག་འགག་ལ་ཐུག་དུས་གླེན་རྟགས་མངོན།།
    ཝ་མོ་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

    ཞ་ར་མིན་མོད་མིག་རྒྱང་མི་ཆོད་ཅིང་།།
    ཟ་འཐུང་དཀོར་ལ་དགའ་བའི་འདོད་རྔམ་ཅན།།
    འ་རེ་འུ་རེ་བྱས་ནས་འདུར་རྒྱུག་མཁན།།
    ཡ་མེད་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

    ར་སྐད་ལུག་སྐད་ལྟ་བུའི་འབའ་ལ་དགའ༎
    ལ་ཐུང་ལུས་ལ་གྱོན་ན་ག་འདྲའི་གཟུགས༎
    ཤ་ཞེན་རུས་ཞེན་ཁ་ནས་བཤད་པ་ཙམ༎
    ས་རྫོད་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

    ཧ་དྲོ་ཧཱུཾ་གིས་འཁྱགས་པའི་མགོ་སྟོང་ཁྱོད།།
    ཨ་མའི་བཀའ་དྲིན་བརྗེད་པའི་ངང་ཚུལ་དང་།།
    ཧ་ཅང་ཐལ་ཆ་ཆེ་བ་ཁྱོད་ཉིད་ལ།།
    ཨ་རེ་ང་ཚོ་ཞེན་པ་གཏིང་ནས་ལོག།

  8. འཆི་བདག་སྐྱབས་། says:
    2009-10-09 at 5:27 am

    ༄༅།། སླར་ཡང་མཇལ་བར་མཚམས་འདྲི་གྲངས་མེད་ཞུ།
    ཀ་བ་མེད་པའི་སྤྱི་འཐུས་ཚོགས་རའི་ནང༌།།
    ཁ་ལ་མི་ཉན་འཐུས་མི་བེ་རི་ཁྱེད།།
    གང་དུ་བདེན་པ་དེ་རུ་མ་དམིགས་པར།།
    ང་ཡིན་ཟེར་གྱིན་དགེ་བཤེས་རང་མདོག་བསྟན།།

    ཅ་ཅོ་མང་བའི་ཁ་སང་ཚོགས་རའི་ནང༌།།
    ཆ་ཡ་མེད་པའི་རང་གཏམ་ཁྱེད་རས་བསྙད།།
    ཇ་ཁུ་བཞིན་དུ་ཀུན་གྱི་རླུང་ཁྲག་བཀོལ།།
    ཉ་ཆུ་ལྟ་བུའི་སྤྱི་འཐུས་འབྲེལ་བ་བཤིགས།།
    དེ་ནི་ཚུལ་མཐུན་གྱི་དགེ་བཤེས་ཤིག་གི་སྡོམ་ཁྲིམས་ཡིན་ནམ། དེའི་མི་ཚད་དེ་ནི་མི་རིགས་ལ་ཕྭུལ་བའི་རང་ཉིད་ཀྱི་སྤྱི་མཐུན་གྱི་བྱ་གཞག་ཞིག་གམ་ལེགས་སྐྱེས་རྣལ་མ་ཞིག་ཡིན་ནམ། ཁ་སང་ཁྱེད་རང་སྤྱི་འཐུས་ཚོགས་རའི་ནང་རང་ཉིད་ཀྱི་མི་མཐུན་པའི་བསམ་ཚུལ་རྣམས་གླེང་ཚར་རྗེས་ཚོགས་རའི་ནང་ནས་ཆོག་མཆན་མེད་པར་རང་སྣང་གང་དྲན་གྱི་རང་གནས་སུ་ཕྱིར་ཐོན་པ་དེ་ནི་ཅི་འདྲའི་ངང་ཚུལ་ཞིག་ཡིན་ནམ། དེ་ནི་རང་ནང་པའི་དགེ་བཤེས་ཤིག་གི་ངང་ཚུལ་ཡིན་ནམ༌། དེ་ནི་རང་ཉིད་ཤེས་ཡོན་ཡོད་མཁན་ཞིག་ཡིན་པའི་རང་དན་བཏགས་ཤིག་ཡིན་ནམ། དྲང་པོ་སྨྲ་ན་གོང་དུ་ཕྲན་གྱིས་གོང་དུ་བཤད་དེ་དག་རང་ཉིད་ཁྱེད་ལ་མི་དགའ་བ་དང་ཤེས་ཡོན་ཆེ་བ་ཡོད་ཚུལ་ཞིག་གཏན་ནས་མིན། དེ་ནི་ཤ་ཚའི་ཁ་ན་སྙན་གཏམ་མེད་ཞེས་པ་ལས་མི་འགོང་ངོ༌། མ་ཟད་དེ་ནི་དགེ་ཆོས་ཀྱིས་གསུངས་པའི་རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས༌། ཞེས་པའི་ཚིགས་བཅད་དེ་ལས་ཐའང་མི་དད་དོ།།

  9. ཟླ་བ says:
    2009-10-09 at 8:02 am

    གཞིས་ལུས་མི་མང་གི་མགོའི་ཁྲག་མ་སྐམ་གོང་ལ་ཁྱོད་ཚོ་ཆོས་བརྒྱུད་སྤྱི་འཐུས་ཡིན་ན་དེ་ཚོའི་རང་མདོག་བརྙན་འཕྲིན་ལས་མཐོས་བས་དྲོད་ཁོག་བརྒྱག་སོང་། སྔོན་མ་ང་རང་ཆོས་བརྒྱུད་སྤྱི་འཐུས་དགོས་པར་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་པ་མ་ཟད། སྨོན་ལམ་མཐར་ཕྱིན་དང་བེ་རི་ཁྱོད་གཉིས་ནི་གནད་འགག་གི་སྐབས་སུ་རེ་བ་ཞིག་བཟུང་ཆོག་ཆོག་ཡིན་དྲན་ཡོད། ད་བྱས་དུས་མི་སྐྱ་བསྟན་མགོན་ལ་ཡང་དོ་ཟླ་མ་ཆོག་ཐལ། ད་དུང་ངོ་ཚ་མེད་པར་དགེ་བཤེས་ཡིན་ན་ཅིག་མིང་གི་མགོ་ལ་བཏགས་ནས། ངོ་ཚ་མེད་པ་རང་རེད། ཁྱོད་ཚོ་ཆོལ་ཁ་དང་ཆོས་བརྒྱུད་ལས་ཀྱང་བོད་མི་མང་གི་སྤྱི་འཐུས་ཡིན་པ་མ་བརྗེད་ཨ། ད་དུང་ཁོམ་པ་ཡོད་དུས་ཁྱེད་རང་གིས་བྲིས་པ་འདི་ཁ་བསྒྱུར་ནས་རང་ལ་གསལ་འདེབས་བྱོས་ལོ།།
    ཀ་རེ་ཀོ་རེ་དུས་ཚོད་སྐྱེལ་མཁས་པ།།
    ཁ་ནས་གང་བྱུང་མང་བྱུང་བཤད་མཁས་པ།།
    ག་ས་ག་ལ་ཕུ་དཀྲུགས་འདབས་དཀྲུགས་པ།།
    ང་ནི་རང་ལ་ཞེན་པ་གཏིང་ནས་ལོག།།

  10. བདེ་ཆེན་རྡོ་རྗེ་ says:
    2009-10-10 at 12:07 pm

    མདོ་སྨད་ཁྱི་ཡི་ཆོལ་ཁའི་ཁྱི་རྒན་མདའ་མཚན་པ་དང་ཐེམ་མིང་གཉིས་ལ།
    གྲོས་ཚོགས་ལ་ཤ་ཞེན་ཡོད་ན་ཐན་མྱིག་བགྲན་ནས་ལྟོས། བསམ་བློ་གཏིང་ནས་ཐོངས།
    གྲོས་ཆོད་ཁུར་མཁན་མདོ་སྨད་ཆོལ་ཁ་རེད།།(འཕེལ་རྒྱས་སྒྲོལ་ མཚོ་མོ)
    གྲོས་ཚོགས་ཚོགས་གཙོ་མདོ་སྨད་ཆོལ་ཁ་རེད༎(སྤེན་པ་ཚེ་རིང)
    གཏིང་ནད་བཟུང་ས་གང་ཟག་སྒེར་ལ་རེད༎(བསོད་ནམས་སྟོབས་རྒྱལ)༎
    ཁྲིམས་དང་འགལ་མཁན་མདོ་ས྄ྨད་ཆོལ་ཁ་རེད༎(རྩ་ཁྲིམས་དང་འགལ་བ)
    ཁྱི་ཡི་ཆོལ་ཁས་འདི་ཚོ་ཨེ་ཤེས་ལགས༎(མདའ་ཚན་པ་དང་ཐེམ་མྱིག)

  11. མདའ་ཚན་པ། says:
    2009-10-10 at 4:53 pm

    ད་དེ་ཡིན་ན་མདོ་སྨད་ཁྱི་ཡི་ཆོལ་ཁའི་ཁྱི་རྒན་དེ་ཚོ་སྐེ་ཐག་པ་རྒྱོབས་ལ་རེ་རེ་བྱས་ནས་མར་དྲུད་ཤོག ང་ཡང་ཁ་བརྡ་དྲ་ཁང་ནས་མར་འདྲུད་རོགས་གནང་། བདེ་ཆེན་རྡོ་རྗེ་རྗེས་མའི་བཀའ་བློན་ཁྲི་བ་བསྐོ་གི་ཡིན།

  12. བདེ་ཆེན་རྡོ་རྗེ་ says:
    2009-10-10 at 10:08 pm

    ཧ་ཧ་ཧ། ཁྱི་རྒན་མདའ་མཚན་པས། ”ད་དེ་ཡིན་ན་མདོ་སྨད་ཁྱི་ ཡི་ཆོལ་ཁའི་ཁྱི་རྒན་དེ་ཚོ་སྐེ་ཐག་པ་རྒྱོབས་ལ་རེ་རེ་བྱས་ནས་མར་དྲུད་ཤོག ང་ཡང་ཁ་བརྡ་དྲ་ཁང་ནས་མར་འདྲུད་རོགས་གནང་། བདེ་ཆེན་རྡོ་རྗེ་རྗེས་མའི་བཀའ་བློན་ཁྲི་བ་བསྐོ་གི་ཡིན།” ཞེས་བྲིས་འདུག ང་བདེ་ཆེན་རྡོ་རྗེ་ག་ཚོད་ཐབས་སྐྱོ་ན་ཡང་མི་ཡི་ཆོལ་ཁའི་མི་ཞིག་ཡིན་པས། ཁྱི་ཡི་བློན་པོ་ག་ལ་ལངས་སྲིད། ཁོ་རེ་སྟུ་ལྡག་ཚོ། (ཨ་མོ་ཡོངས་རྫོགས་ལ་མ་གོ་རོགས།)དྲ་རྒྱ་འདིའི་ནང་སྐྱག་གཏམ་གྱི་མགོ་བཙུགས་མཁན་སུ་རེད་ལྟོས། ད་ཡིན་ན་ང་ཚོ་བསད་རེས་རྒྱག ཕ་རྩ་བུ་རྒྱུད་ནས་སྡེ་བ་གཞུང་གི་ཁྲིམས་ཁུར་མ་མྱོང་མཁན། ཁྲལ་རྒྱག་མ་མྱོང་མཁན། སྟུག་ལྡག་སྐྱག་ཕྲག་ཚོ། རྨ་བྱས་རང་གིས་ལུས་ལ་བརྟག། ཁཱ་ཏས་གཞན་ལ་ལྟས་ངན་གཏོང༌༎ འདི་ཚོ་གོ་ཨེ་མྱོང༌། སྟུ་ལྡག་ཚོ། སྟུ་ལྡུག་མགོན་པོ་ཚེ་རིང༌། ཁམས་པ་ལྐུགས་པ་རེད་དྲན་ཨེ་བྱུང༌། ད་ཤོག་དང༌། ད་དུང་ཁྱོད་རང་སྡོད་ས་ཡང་ང་ཚོས་འདྲ་རྩད་བཟོ་ཆོག རྣང་དག་མི་དགོས། དཀོན་ མཆོག་དཔོང་བཙུགས།

  13. མྱིག་རྫོད་ says:
    2009-10-10 at 10:13 pm

    ཨ་མཚར་བོ། དེ་རིང་མིས་བེད་སྤྱོད་བྱེད་སའི་དྲ་ཁང་ནང་དུ་བདེ་རྡོར་ཟེར་བའི་ཁྱི་ཞིག་འཛུལ་བཞག དེང་སང་མི་སྐད་བཤད་ཤེས་པའི་ཁྱི་ཡང་འདུག ངོ་མ་འཇིག་རྟེན་ལ་ཡར་རྒྱས་ཡོད་ཀི་ཡ།

  14. མྱིག་རྫོད་ says:
    2009-10-10 at 10:17 pm

    (བདེ་སྐྱིད་ཀྱིས་ཆ་བསྐུར།)
    བདེ་ཆེན་རྡོ་རྗེ་ཟེར་བ་ཁོ་ལ་ཁ་མ་གཙེ། འཁྲུགས་པ་རྒྱག་རྒྱུ་ཡིན་མདོག་མདོག སྙིང་རྗེ། ཁོ་མི་གསོད་མཁན་ནམ་ཡང་ན་རྐུན་མ་གསར་འབྱོར་ཞིག་ཡིན་ས་རེད། ཀ་ཅ་ཀ་ཅ་རང་རེད། སྤ་མགོ་འདི་ཚོ་སློབ་སྦྱོང་མ་རག་མ་པས་རེད།

  15. བདེ་ཆེན་རྡོ་རྗེ་ says:
    2009-10-10 at 10:33 pm

    ཁོ་རེ། མྱིག་རྫོད། ཁྱོད་མྱིག་མི་དགོས་ས་རྫོད་རང་རེད། ཁྱོད་ཀྱིས”བེ་རི་ཟེར་བའི་བོད་མི་མང་ གི་ཞབས་འདྲེན་ཁྱོད་བུད་མེད་ཅིག་ལ་ཞེན་པ་ལོག་མ་ལོག་མི་ཤེས་ཏེ། ང་ཚོ་ཁྱོད་ལ་རྒྱུ་མའི་མཐིལ་ནས་ཞེན་པ་ལོག་ཡོད། ”་ཅེས་བྲིས་ག། ཕྱོགས་རིས་སུ་ཅེ་སེས་ལེ་རེད། བེ་རི་འཇིགས་མེད་ད་ཧ་ལེན་རྒྱུ་གང་ཡང་མི་འདུག དེ་སྔོན་ཁམས་པ་ཟམ་གདོང་སྤྲུལ་སྐུ་བཀའ་བློན་ཁྲི་བ་འོས་དངོས་གཞི་བླུག་སྐབས། རྒྱལ་བཙོང་རྒྱལ་ལོ་མི་ཐོབ་པ་གསལ་པོ་ཆགས་ཙང༌། རྡ་སའི་སྟུ་ལྡག་ཚོ་དེ་ཉིན་འོས་བླུག་སར་མ་ཡོང་ ནས་པ་སྤྲས་གཏོང་ནས་སྡོད་སོང་ང༌། དེ་ཉིན་རང་ལ་ལྡི་ལི་སྟུ་ལྡག་ཚོ་ཡང་པ་སྤྲི་གཏོང་ནས་སྡོད་སོང༌། ད་དུང་མོན་གྷོ་ཨ་མདོ་(འདི་ཚོ་ལ་སྟུ་ལྡག་ཟེར་མི་རུང)བ་ཚོ་དེ་ཉིན་གླང་ཤ་ཀི་ལོ་བརྒྱ་ཕྲག་མ་ཟིན་ཉོས་ནས་ནོར་བུ་རི་ལ་གླིང་ཁ་འགྲོ་འདུག་ག འདི་ཚོ་ཨེ་ཤེས། ངས་དཀོན་མ་ཆོག་གསུམ་སྐྱག་རྫུན་མིན། 1997ལོར་རྒྱལ་ལོས་རྒྱུད་སྐུལ་བྱས་ནས་ཚོགས་གཙོ་ཟམ་གདོང་དགོངས་པ་ཞུ་དགོས་པའི་འབོད་ཚིག་སྒྲོག་ནས་རྡ་ས་ལ་ཟིངས་ག་ཚོད་སློང་ཡོད། 1990ལོར་སྦིར་རིར་སྟུ་ལྡག་ལྔས་ཁམས་ཕྲུག་གཅིག་རྡུང་པའི་མཇུག་འབྲས་ག་རེ་བྱུང་སོང༌། དངོས་གནས་བོད་ལ་ཤ་ཞེན་དང་མཐུན་སྒྲིལ་ལ་དགའ་མཁན་ཡིན་ན་སྐྱག་གཏམ་འདི་འདྲ་མ་བཤད་ན་ཨེ་དགའ་ལྟོས། བཤད་རེས་བྱེད་ན་ག་ཚོད་དགོས་དགོས་ཡོད། ད་དུང་གཡུག་རེས་བྱེད་དེ་བས་ཡག་ཤས་ཡིན། འདི་ཚོ་འུ་ཐུག་པའི་སྐད་ཆ་ཡིན། བསམ་བློ་ཐོངས།

  16. ཟླ་བ says:
    2009-10-10 at 11:28 pm

    བདེ་ཆེན་རྡོ་རྗེ་ལགས། “དམ་ཉམས་དགེ་སྡང་ཚུལ་ཁྲིམས་མཐར་ཕྱིན(གསེར་རྟ་ཚུལ་ཁྲིམས)ཁྱོད་བློ་ཁོག་ཡོད་ན་གཏམ་ངན་འདི་ཚོ་བང་ཆེན་ནང་ཐོངས་དང༌། དེ་ནས་ཧ་གོ་འོང༌། གངས་གཡག་ལྟ་བུ་སྣང་བ་སྐྱིད་པོ་འགའ་ཞིག་ཅི་མིན་འདི་མིན་གྱིས་འབྲི་ཁགབྱེད་འདུག་པ་ཆོ་ག་རེ་འདུག གསེར་ཚུལ་ལ་སྦིར་ཨོ་རྒྱན་སྟོབས་རྒྱལ་གྱི་ལྐོག་རྔན་དང༌། སྟག་སྨྱོན་ལ་རྒྱ་མིས་ལྐོག་རྔན་ཡོད་ལེ་རེད། གཞན་ཁྱོད་ཚོ་ལ་ག་རེ་ཡོད་རེད། ཨཱ། ཁུངས་སྐྱེལ་དགོས་ན་རིམ་པ་བཞིན་བཟོ་ཆོག”སྐད་ཆ་འདི་ཁྱོད་ཀྱིས་བཤད་པ་རེད། འདི་དངོས་གནས་ཡིན་ན་ཐེམ་མིང་པའང་ཁྱི་ཡི་ཆོལ་ཁའི་མ་ཡིན་པར་མི་ཡི་ཆོལ་ཁའི་སྤྱི་འཐུས་ལས་ཐོག་རེད། གང་ཡིན་ཞེ་ན། ཐེམ་ཆེན་དང་ཚུལ་མཐར། བསམ་གཏན་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་ཙམ་རེད།

  17. བདེ་ཆེན་རྡོ་རྗེ་ says:
    2009-10-11 at 1:02 am

    དྲ་གྲོགས་ཟླ་བ་ལགས་དགོངས་དག གནས་ལུགས་འདི་ངས་ཤེས་མ་བྱུང༌། ཐེམ་ཆེན་དང་ཚུལ་མཐར། བསམ་གཏན་སོགས་མིང་གི་རྣམ་གྲངས་ཡིན་པ་ཤིན་ཏུ་བདེན་པ་འདྲ་མཐོང་བྱུང༌། ཁ་བ་དཀར་པོ་ཚང་གིས། གསེར་རྟ་གིས་ཉིན་མཚན་གཉིས་ཀར་དྲ་རྒྱ་ལ་མགོ་འཁོར་ནས་ལས་ཀ་འཐུས་ཤོར་འགྲོ་གི་འདུག ཅེས་ཐེངས་ཁ་ཤས་ལ་གོ་བྱུང༌། ཏག་ཏག་རེད་འདུག ད་དུང་ཁོའི་མི་གཞི་དེ་ནང་དཀྲུགས་དང་ཕུང་དཀྲུགས་རྒྱག་རྒྱུར་དགའ་པོ་ཡོད་རབས་མང་པོ་དེ་སྔོན་ནོར་གླིང་སྡོད་དུས་གོ་རྒྱུ་འདུག ད་ལྟའི་ཨ་མདོའི་གསེར་རྟ་ཚུལ་ཁྲིམས་འདི་དེ་སྔོན་ཁམས་པ་ཡིན་ཟེར་ནས་ཤི་མཁན་ཞིག་རེད་འདུག་ལ། ད་ལྟའི་ཁམས་པའི་གསེར་ཚུལ་འདི་དེ་སྔོན་ཨ་མདོ་ཡིན་ན་ཤི་མཁན་ཞིག་རེད་འདུག འདི་ཚོ་ཡང་ཁུངས་སྐྱེལ་ཡོད་པའི་སྐད་ཆ་ཡིན་གོ། ང་ལ་ཆོལ་ག་ཕྱོགས་ཞེན་བཤད་ཡ་གང་ཡང་མེད། དཀོན་མཆོག་གསུམ་མེད། ཡིན་ནའང་དྲ་སྐྱག་འདི་ཚོས་བཤད་སྟངས་སྡུག་དྲགས་ལན་སྡུག་རིག་ངན་ཚད་ཅིག་མི་རྒྱག་ཐབས་མེད་མ་ཟད། འགྲམ་ལ་ཡོད་ན་ཤི་གསོན་ཁ་ཐག་མི་ཆོད་པའི་ལག་འཛིངས་ཀྱང་བགོ་དགོས་ངེས་རེད།

  18. ཟླ་བ says:
    2009-10-11 at 2:44 am

    བདེ་ཆེན་ལགས། ཁྱོད་ཐུགས་བདེན། མ་ཟད་ཁྱོད་ཀྱི་སྐད་ཆ་བཤད་སྟངས་ཁ་ཤས་ལ་ང་དངོས་གནས་ཡིད་སྨོན་ཤོར་སོང་། ཁ་རུ་ཁ་ཐུག ངོ་མ་བོད་མི་ཞིག་གི་བཟོ་ལྟ་འདུག ཡིན་ནའང་སྤྱི་དོན་ལ་བསམ་བློ་གཏོང་མཁན་ཞིག་གི་ངོས་ནས་བལྟས་ན་ཉིད་ཀྱི་སྐད་ཆ་བཤད་སྟངས་ཁ་ཤས་ནི་བློ་ངོར་དེ་ཙམ་བདེ་བོ་ཞིག་རེད་མི་འདུག ཁ་ཉིན་མི་ཞིག་གིས་དོལ་རྒྱལ་རྗེས་འབྲངས་པའི་བྱས་ཉེས་ཡོད་ཚད་རི་བོ་དགེ་ལྡན་པའི་མགོར་བཙན་འགེབས་བྱས་ནས་སྐད་ཆ་ཛོར་བོ་རྐྱང་བཤད་པ་བཞིན། འདིར་ཡང་ཉིད་ཀྱིས་མི་ཁ་ཤས་ཀྱི་བྱས་པ་ཆོལ་ཁ་ཞིག་ལ་བཙན་སྦྱོར་བྱེད་སྟངས་གཉིས་ངས་གཅིག་པ་འདྲ་ཞིག་མཐོང་གིས་འདུག ཨོ་་་་་་་་”ཤི་གསོན་ཁ་ཐག་མི་ཆོད་པའི་ལག་འཛིངས་ཀྱང་བགོ་དགོས་ངེས”ཡིན་ན་དགྲ་བོ་རྒྱ་དམར་ཡོད་ལེ་རེད།

  19. བདེ་ཆེན་རྡོ་རྗེ་ says:
    2009-10-11 at 3:05 am

    འོ་ཡ། འོ་ཡ། ཟླ་བ་ལགས། དེ་ཚོ་ང་རླུང་པའི་སྐད་ཆ་རེད་གོ། དྲ་རྒྱ་ནང་མི་རྒྱུ་བདག་མེད་མཁན་འདི་ཚོ་མཐོང་ཡོང་དུས། མཚམས་མཚམས་ལ་བསད་དགོས་ས་རེད་བསམ་བསམ་དྲན་ཡོང་གི་འདུག དེ་ཚོ་ཡོངས་རྫོགས་རང་ཉིད་ཁོང་ཁྲོ་ཚ་དྲགས་པའི་སྐྱོན་ཡིན་པ་འདྲ། ཨོ། ད་དུང་ཡོད་རེད། སེར་རྟ་ཚུལ་འདི་བང་ཆེན་ནང་ལྷ་སའི་བསངས་དུད་ཡིན་ནམ་གཅིག་གི་མིང་ཐོག་རྫུས་ཏེ་དཀྲུགས་ཤིང་མང་པོ་བརྒྱབ་སོང༌། བེ་རི་འཇིགས་མེད་ལ་སྡུག་རིག་སྡུག་ཚད་ལབ་པས། བེ་རིས་ཧ་མ་གོ་ནས་ཆུང་ཚེ་རིང་ཡིན་ཤག་བཟོས་འདུག རྗེས་མར་ཨ་མདོ་བ་ཁ་ཤས་ཀྱིས་ངོ་སྤྲོད་གསལ་པོ་བཟོས་པས། བེ་རི་ཁོང་ཁྲོ་ལངས་ནས་བང་ཆེན་ཚང་སར་དེད་སོང་འདུག གསེར་རྟ་དང་རྩོད་ཤོར་བ་མ་ཟད་བང་ཆེན་ཚང་གི་ཇ་དམ་གཅིག་དང་དཀར་ཡོལ་གཉིས་བཅག་འདུག ད་དུང་འདིས་ཁ་བརྡ་ནང་སྤོབས་པ་མཐའ་ཡས་ལ་རྫུས་ནས་བོན་པོ་ལ་སྡུག་ཅག་མང་པོ་བཤད་འདུག དེང་སང་བོན་པོ་སྤྱི་འཐུས་གཡུང་དྲུང་མཚན་དང་དགྲ་དགྲ་ནག་ཆགས་སྡོད་ཡོད་པ་རེད། མ་གཞི་གསེར་རྟ་བའི་མི་གཞི་འདི་ག་འདྲ་ཞིག་རེད། ཨཱ། གསེར་རྟ་གཉིས་ཀྱི་བྱེད་བབ་ལ་ལྟོས་དང༌། མདོ་སྟོད་སྨད་གཉིས་དེ་སྔོན་ནང་བཞིན་ཁོག་པ་ཆུང་ཅུང་མ་རེད་མ་ཏོགས་རྒྱག་རེ་ཤོར་དགོས་པ་བཟོ་སོང་ང༌། ད་དུང་ཞིབ་འཇུག་བྱེད་པ་མང་པོ་འདུག

  20. བདེ་ཆེན་རྡོ་རྗེ་ says:
    2009-10-11 at 3:13 am

    དྲ་གྲོགས་ལྷ་མོ་ལགས། ཁྱོད་ཀྱིས”ཐུགས་ རྗེས་གཟིགས། ཁྱེད་རང་གིས་ག་དུས་ཡིན་ན་ང་ཚོ་ལ་ཀ་རྩོམ་ཞེན་ལོག་མ་འབྲི་བ་ལས་ཁྱེད་རང་ཚོའི་ ད་རེས་ཀྱི་སྤྱི་འཐུས་གྲོས་ཚོགས་ལ་ཀ་རྩོམ་ཞེན་ལོག་མ་ཞིག་བྲིས་ན་ཤིན་ཏུ་རན་ པོ་འདུག སྐུ་མཁྱེན།” ཞེས་བྲིས་འགི་ལེ། ཀ་རྩོམ་འདིའི་རྗོད་གཞིའི་ཐོག་ང་ཡང་རྒྱབ་སྐྱོར་མེད། ཁྱོད་ལ་རྒྱབ་སྐྱོར་ཞུ་ངེས་ཡིན། སྤྱི་འཐུས་གྲོས་ཚོགས་ལ་ཀ་རྩོམ་ཞེན་ལོག་མ་ཞིག་བྲི་དགོས་ན། ཚོགས་གཙོ་འཆལ་ཕོ་རྐུབ་ཀྱོགས་སྤེན་པ་ཚེ་རིང་ལ་བྲིས་དང༌། གྲོས་ཚོགས་སྟངས་འཛིན་མི་ནུས་པའི་ཚོགས་གཙོ། སྒེར་གྱི་གཏིང་ནད་ཉར་ ནས་གྲོས་ཚོགས་གཏོར་བཤིགས་གཏོང་མཁན་ཁོ་བའི་ཐོག་ལ་ཀ་རྩོམ་ཞེ་ལོག་མ་ཞིག་བྲིས་དང༌། མོ་རེ།

  21. ཚུལ་ཁྲིམས་མཐར་ཕྱིན། says:
    2009-10-11 at 9:21 am

    ཕ་མ་གཉིས་ཀའི་གློ་སྙིང་དྲོན་མོ་དམར་ཙ་རེ་ཁ་ནང་དུ་བརྫངས་རྒྱུ་ཟླ་བ་(སྟག་སྨྱོན་)ཟེར་བ་དང་། བདེ་རྡོར་(ཚུལ་ཁྲིམས་འོད་ཟེར་)ཟེར་བ་ཁྱོད་གཉིས་ཀྱིས་དངོས་གནས་ཡིན་ནམ། དོལ་ཚོགས་ཟེར་བ་ཁྱོད་གཉིས་རེད། དཀྲུགས་ཤིང་ཟེར་བ་ཁྱོད་གཉིས་རེད། སྐྱག་རྫུན་ནམ་མཁར་མི་ཤོང་བ་བཤད་མཁན་ཡང་ཁྱོད་གཉིས་རེད། དཔེར་ན་སྤོབས་པ་མཐའ་ཡས་ཟེར་བ་དེ་ལ་དུས་བབས་ནང་དུ་སྒེར་གྱི་ཟིན་བྲིས་ཡོད་བཞིན་ད་དུང་གསེར་རྟ་ཚུལ་ཁྲིམས་རེད་ཟེར་ལུགས་ལ་ལྟོས་དང་། ཁྱོད་གཉིས་ལ་ཁུངས་ཤིག་ཡོད་དམ། ད་དུང་མདོ་སྨད་ཁྱི་ཡི་ཆོལ་ཁ་ཡིན་ན་ཅིག།། མཚངས་འདོན་རེས་བྱས་ན་མདོ་སྨད་ལས་ལྡབ་གཉིས་འགྱུར་ཀྱིས་མདོ་སྟོད་མང་བ་སུས་མི་ཤེས་ཀྱང་། འོན་ཀྱང་དྲ་ཐོག་ནས་མདོ་སྟོད་སྨད་ཀྱི་མཚངས་འདོན་རེས་བྱེད་རྒྱུ་དེ་དྲ་གྲོགས་ཡག་པོ་ཚོ་ལ་སུན་པོ་བཟོ་བྱེད་ལས་མེད་པས། ཁྱོད་གཉིས་ལ་རྒྱག་རེས་བྱེད་འདོད་ཡོད་ན་ངའི་སྒེར་གྱི་གློག་འཕྲིན་དྲ་རྒྱ་tharshin@yahoo.comའདིའི་ནང་དུ་ཤོག་ཅིག

    ད་དུང་བདེ་རྡོར་(ཚུལ་ཁྲིམས་འོད་ཟེར་)ཟེར་བ་ཁྱོད་ཀྱིས་ལྷ་སའི་བསང་དུད་དང་། ཚུལ་མཐར་སོགས་མིག་ལ་མི་འཕྲོད་པའི་མི་ཆ་ཚང་གསེར་རྟ་ཚུལ་ཁྲིམས་ཀྱི་མགོ་ལ་འཇོག་ཁུལ་བྱེད་ཀྱི་འདུག་པ་འདི་ཆེས་སྐྱུགས་མེར་ལངས་པའི་གནས་ཚུལ་ཞིག་རེད། ཁྱོད་གཉིས་འགྲན་བསྡུར་བྱས་ནས་གཉིས་ཀ་གྲོས་ཚོགས་སུ་སླེབས་རྗེས་བུ་བཟང་ངན་ཤོར་བ་དང་། འཇོན་ཐང་ཆེ་ཆུང་ཤོར་ནས། སྡེ་གསེར་རྟ་ཚུལ་ཁྲིམས་ཨ་མའི་བུ་མིའི་སེམས་ནང་ལ་རིན་ཐང་ཇེ་ཆེ་ནས་ཇེ་ཆེར་གྱུར་པ་དང་། ཁྱོད་ཚུལ་འོད་རྩ་མི་ཚང་བའི་རང་གཤིས་ལྷང་ལ་བུད་ནས་མིའི་སེམས་ནང་དུ་རིན་ཐང་བརླག་པར་མ་ཟད། འདི་ལོར་དོལ་རྒྱལ་དང་འདྲ་བར་བོད་མི་མང་གི་མིག་མདུན་གྱི་དགྲ་བོ་ཞིག་ཆགས་པར་བརྟེན། ད་རང་གི་འགྲན་ཟླ་གསེར་རྟ་ཚུལ་ཁྲིམས་ལ་ཕྲག་དོག་གིས་མ་ཉེས་ཁ་ཡོག་ཅིག་མགོ་ལ་འཇོག་ཨེ་ཐུབ་ལ་ཅི་དྲག་གང་དྲག་བྱེད་ཀྱི་འདུག་ག ཁྱོད་ཀྱིས་དམར་མདོག་ཅིག་གོན་ནས་ལོ་མང་གྲྭ་ས་འགྲིམ་ཁུལ་བྱས་ཀྱང་ད་དུང་ཁྱོད་ལ་བསམ་བློ་གཏོང་སྟངས་དེ་འདྲ་ཞིག་ལས་མེད་ན་རས་གོས་དམར་པོ་དེ་མར་ཕུད་ལ་ཉ་བའི་གྲོང་དུ་སོང་ནས་ཉ་གསོད་བཞིན་སྡུག་ཚེ་ཨེ་འཁྱོལ་བལྟས་ན་དགའ་ས་རེད། ཨ་ཧ་བོ། ཇབ་ཆུང་ཁྱོད། འོག་ཏུ་དོལ་རྒྱལ་ཕུད་པའི་རྗེས་སུ་བོད་ཕྱི་ནང་གཉིས་སུ་བྱུང་མ་མྱོང་བ་ལྟ་བའི་རྙོག་དྲ་ཞིག་ཁྱོད་ཀྱི་མགོ་ལ་བྱུང་དེར་ལྟོས་ལ། ད་ཡང་བདེ་རྡོར་ཟེར་བའི་མིང་ཐོག་ནས་མདོ་སྨད་ལ་གཤེ་མཚམས་ཞོག་ཅིག ད་དུང་མདོ་སྨད་ཁྱི་ཡི་ཆོལ་ཁ་ཡིན་ན་ཁྱོད་ཁམས་སྡེ་དགེའི་མངའ་ཁོངས་ཡིན་བཞིན་མདོ་སྨད་ཀྱི་གྲལ་དུ་ཁྱི་སྐྱག་ཟ་རུ་ཡོང་བ་ཡིན་ནམ།

    ད་དུང་“བེ་རི་འཇིགས་མེད་ལ་སྡུག་རིག་སྡུག་ཚད་ལབ་པས། བེ་རིས་ཧ་མ་གོ་ནས་ཆུང་ཚེ་རིང་ཡིན་ཤག་བཟོས་འདུག རྗེས་མར་ཨ་མདོ་བ་ཁ་ཤས་ཀྱིས་ངོ་སྤྲོད་གསལ་པོ་བཟོས་པས། བེ་རི་ཁོང་ཁྲོ་ལངས་ནས་བང་ཆེན་ཚང་སར་དེད་སོང་འདུག གསེར་རྟ་དང་རྩོད་ཤོར་བ་མ་ཟད་བང་ཆེན་ཚང་གི་ཇ་དམ་གཅིག་དང་དཀར་ཡོལ་གཉིས་བཅག་འདུག” ཟེར་བ་འདི་བདེན་པ་ཡིན་མིན་བེ་རི་ཁོ་རང་ལ་འབྲེལ་བ་བྱས་འདྲི་གི་ཡིན། གལ་དེ་ཁྱོད་ཀྱིས་གོང་གི་སྤོབས་པ་མཐའ་ཡས་ཀྱི་སྐོར་ལ་བཤད་ཁུལ་བྱས་པ་བཞིན། འདི་ཡང་སྐྱག་རྫུན་རེད་འདུག་ན་ཁྱོད་ཀྱི་མི་ཚེའི་རིན་ཐང་ལ་ཡང་བསྐྱར་སྡོམ་ཚིག་ཆེན་པོ་གཅིག་བརྒྱབ་པ་རེད།

    ༼བོད་ཀྱི་དུས་བབས་ཟིན་བྲིས་ལས་བཤུས་པ།༽
    དཔལ་ལྡན་རང་གཞུང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན། རྒྱུན་ལས་ལྷན་རྒྱས་མཆོག་གི་ཞབས་དྲུང་དེ།
                                                                                                           འབུལ་འབྲས།
    འདི་ག་མོན་གྷོ་གཞི་གྲོང་ཁག་དགུའི་སྤྱི་མི་དང་གྲྭ་ཚང་ཁག་དགུའི་ཞུ་གསོལ་འདེབས་སྙིང་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༤ ཉིན་མི་མང་འདུ་འཛོམ་ཐོག སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་གཉིས་ཀྱིས་གཞུང་འབྲེལ་ཆབ་སྲིད་སློབ་སྟོན་དོན་ཚན་ཁག་ལྔའི་བཀའ་སློབ་གནང་སྐབས་ཕྱོགས་བཞུགས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ནས་བསམ་ཡུལ་ལས་འདས་པའི་འབྲེལ་མེད་ཀྱི་གཅིག་མཇུག་གཉིས་མཐུད་ཀྱི་སྐྱོན་བརྗོད་མང་པོ་གནང་བ་དང་། སྤྱིར་སྔ་ཕྱི་བར་གསུམ་དུ་ཁུངས་མེད་ཀྱིས་སྐྱོན་འཛུགས་གནང་བ་ན། མི་མང་རྣམས་བློ་ཕམ་དང་སེམས་འཚབ་ཅི་ཆེའི་གནས་སུ་གྱུར་བ་མ་ཟད་གཞིས་མགོ་མཆོག་ཐུགས་ཕམས་ཀྱིས་དབུས་ལ་དགོངས་ཞུ་ཕུལ་ཟིན་ལུགས་བཀའ་སློབ་གནང་རྐྱེན། སྤྱི་མི་ཕྱག་མཛོད་ཁག་གྲོས་མོལ་ལྷུག་པོའི་ཐོག དམིགས་བསལ་ས་གནས་ཡུལ་མི་དང་མི་དམངས་ཀྱིས་འཁོན་འཛིན་ཆེན་པོ་བྱུང་བ་ཚང་མས་མཁྱེན་གསལ་ཡིན་ཡང་ཕྱོགས་བཞུགས་སྤྱི་འཐུས་སྐོུ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ནས་མགོ་རུལ་བ་སྣ་ཡིས་མ་ཚོར་བ་བཞིན་དུ་སྣང་ཞིང་ལྷག་པར་དུ་ཚུལ་མཐུན་མེད་པ་འགན་དབང་བེད་སྤྱོད་གནང་དང་གནང་བཞིན་པ་ལགས་ན། ད་ལྟའི་བར་དུ་ས་གནས་གཞིས་དབུ་མཆོག་ཡུལ་མིས་མཐུན་བསྒྲིལ་དང་ལས་འགན་གང་ཅིའི་ཐོག་མང་ཚོགས་ཀྱིས་འདོད་བློ་ཁེངས་བཞིན་པ་ཡོད་ཀྱང་ཕྱོགས་བཞུགས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ན་ས་གནས་གཞིས་དབུ་མཆོག་ལ་གཞི་མེད་སྐྱོན་བརྗོད་མང་དག་ཅིག་གསུངས་པ་ན་ལས་དོན་ཐོག་འཐུས་ཤོར་འགྲོ་ངེས་པར་གསལ་བ་ལགས་ན། ད་ལམ་ཞུ་ཧམ་དུ་མ་དགོངས་པར་ལྷན་ཁང་མཆོག་ནས་གང་མྱུར་ཉམས་ཞིབ་ཀྱིས་ད་ལྟའི་ཕྱོགས་བཞུགས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་
    གནས་སྤོས་གཏོང་གནང་ཡོད་པ་དང་ས་གནས་གཞིས་དབུ་མཆོག་མུ་མཐུད་གནས་ཐབས་ཡོང་བའི་འབོད་སྐུལ་ཞུ་བཞིན་པ་ལགས་ན་དགོངས་བཞེས་ཅི་ནས་ཡོང་བ་རྣམ་མངའ་མཁྱཻན། མཁྱེན། མོན་གྷོ་འདོད་གླིང་ཕྱག་སྤྱི་ནས་མགྲིན་གཅིག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༧ ཉིན་ཕུལ།

    གྲྭ་ཚང་ཁག་དགུ
    ༡༽ འབྲས་བློ་གླིང་།
    ༢༽ འབྲས་སྒོ་མང་།
    ༣༽ དགའ་ཤར།
    ༤༽ དགའ་བྱང་།
    ༥༽ རྙིང་མ།
    ༦༽ ས་སྐྱ།
    ༧༽ རྭ་སྟོད།
    ༨༽ བཀའ་བརྒྱུད།
    ༩༽ བཙུན་དགོན།

    གཞིས་གྲོང་ཁག་དགུ
    ༡༽ གཞིས་གྲོང་༡
    ༢༽ གཞིས་གྲོང་༢
    ༣༽ གཞིས་གྲོང་༣
    ༤༽ གཞིས་གྲོང་༤
    ༥༽ གཞིས་གྲོང་༥
    ༦༽ གཞིས་གྲོང་༦
    ༧༽ གཞིས་གྲོང་༧
    ༨༽ གཞིས་གྲོང་༨
    ༩༽ གཞིས་གྲོང་༩
    མོན་གྷོ་འདོད་གླིང་མི་མང་མཉམ་འབྲེལ།

    ངོ་བཤུས། ༡༽ བཀའ་ཤག
    ༢༽ ནང་སྲིད་
    ༣༽ འཚམས་གཟིགས་སྤྱི་འཐུས་ཀརྨ་ཡེ་ཤེ་མཆོག
    ༤༽ ལྷོ་སྤྱི།
    ༥༽ ས་གནས་འཐུས་ཚོགས།
    ༦༽ ས་གནས་མགོ་འཛིན།

  22. ཚུལ་ཁྲིམས་མཐར་ཕྱིན། says:
    2009-10-11 at 12:12 pm

    བདེ་རྡོར་(བདེ་ཆེན་རྡོ་རྗེ།)

  23. རིག་གྲོལ། says:
    2009-10-22 at 7:00 pm

    ཀ་མད་སུམ་ཅུའི་ཚིག་བཅད་རེ་རེས་གཞན་སྐྱོན་འཛེམས་མེད་སྒྲོག་མཁས་ཀྱང་།།
    ཁ་བཤད་སྐམ་པོའི་གཏམ་བཤད་རེ་རེས་རང་སྐྱོན་སྦེད་པའི་སྤུན་ཟླ་ཚོ།།
    ག་ནས་བསམས་ཀྱང་ཕོ་རོག་རྒན་པོ་དཀར་པོར་རློམ་པའི་ངང་ཚུལ་ལས།།
    ང་ཡིས་བརྟགས་ན་དོན་དང་མཐུན་པའི་རྒྱུ་མཚན་རྣམ་དག་ཅང་མ་མཐོང་།།

  24. བདེ་ཆེན་རྡོ་རྗེ་ says:
    2009-10-25 at 3:43 am

    བེ་རི་ལགས། ཁྱོད་ཀྱིས་སྟུ་ལྡག་འདི་ཚོ་ལ་ངའི་ཚབ་བྱས་ནས་ཀ་རྩོམ་ཞེ་ལོག་མ་ཞིག་འབྲི་རོགས་གྱིས།
    ཀ་ཡེ་སྟུ་ལྡག་མགོན་པོ་ལག་རིང་མ༎
    ཁ་ནས་ཐོན་ཚད་པྱོགས་རིས་གྲུབ་མཐའ་རེད༎
    ག་ས་ག་ནས་དཀྲུགས་ཤིང་འདྲ་མིན་རྒྱག།
    ང་ནི་ཁྱོད་ནི་ཞེན་པ་གཏིང་ནས་ལོག།(མུ་མཐུད་རོགས་གྱིས།)

  25. བདེ་ཆེན་རྡོ་རྗེ་ says:
    2009-11-03 at 10:56 am

    ཅ་ཅོ་དོན་མེད་རྩོད་ན་ཁ་ལྕེ་བདེ༎
    ཆ་མེད་རྒྱུས་བཤད་བྱེད་དུས་ཧམ་པ་ཚ༎
    ཇ་རོ་འདྲ་ཞིག་རྡུང་ན་ཁ་ལ་ཉན༎
    ཉ་རོ་འདི་ཚོར་ཞེན་པ་སྡིང་ནས་ལོག།
    ཡཱ། སྟུ་ལྡག་མགོན་པོ་ལག་རིང་མ༎
    ཤི་མེད་ན་ཡར་ལ་ལོངས་ཤོག་ཀེ༎
    གཉིད་མེད་པ་མགོ་བོ་ཡར་ལ་ཆོག།
    ལྐུགས་མེད་ན་གཏམ་ལན་རྒྱོག་ཤོག་ཝེ༎

  26. བདེ་ཆེན་རྡོ་རྗེ་ says:
    2009-11-03 at 11:01 am

    རིག་གྲོལ་ལགས། ཁྱོད་ཀྱི་རྩོམ་དེ་རྩོམ་ངོ་མ་རེད་འདུག་གོ། ཇོ་རིན་པོ་འདུག གོ་རྒྱུ་འདྲ་ཞིག་འདུག་ལ་སྙན་པོ་ཞིག་ཀྱང་འདུག རྩོམ་འདི་སྟུ་དྲི་མི་དྲོ་བས་ཁྱོད་སྟུ་ལྡག་ཅིག་མིན་པ་འདྲ།

  27. བདེ་ཆེན་རྡོ་རྗེ་ says:
    2009-11-03 at 11:08 am

    ཏཱ་ལའི་བླ་མ་ཕ་ཡུལ་གཅིག་ཡིན་ཟེར༎
    ཐ་སྙད་རིག་གནས་ང་ཚོ་མཁས་ཟེར་ནས༎
    ད་ལྟར་བར་དུ་དོན་མེད་རྩོམ་འཁྱོག་བྲིས༎
    ན་གཞོན་འདི་ཚོར་ཞེན་པ་གཏིང་ནས་ལོག༎
    ཨོ། རིག་པའི་རལ་གྲི་ད་ལོངས་ཤོག ཕོ་རླིག་རླིག་ཡོད་པའི་རླིག་པའི་རལ་གྲི།
    ད་ལོངས་ཤོག ཨ་མདོའི་རླིག་པ་བཞིན་ལོངས་ཤོག།
    ཀ་རྩོམ་འདི་ཚོ་དབྱིན་མོའི་སྟུ་ཤ་བཞིན་ལྡོག་དང༌།
    བྲོ་བ་དངོས་གནས་དེ་ག་འདྲ་ཞིག་ཡོད་ཧ་གོ་འོང༌།

  28. བདེ་ཆེན་རྡོ་རྗེ་ says:
    2009-11-03 at 11:18 am

    པ་ལོ་སི་ལི་བྱེད་པའི་སྐྲ་རིང་ཚོ།།
    ཕ་མ་གཡུགས་ནས་དབྱིན་མོའི་རྐུབ་ལ་རྒྱུག།
    བ་གླང་ནང་བཞིན་ངོ་ཚ་ཞེ་ཁྲེལ་མེད།།
    མ་རབས་འདི་ཚོར་ཞེན་པ་གཏིང་ནས་ལོག།
    ཨ་ཕོ་ཧོར་རྒན། འདོ་རྒན། ད་ལོངས་ཤོག་དང༌།

  29. བདེ་ཆེན་རྡོ་རྗེ་ says:
    2009-11-03 at 11:20 am

    དྲ་གྲོགས་ཚོ། ད་ང་བཀའ་ལས་ཁ་བྱུང༌། ད་ངས་སང་ཉིན་བྲི་འོང་ཨ། སྟུ་ལྡག་ཚོར་ལན་རྒྱག་རྒྱུ་ཨི་འདུག་ལྟ་འོང༌།

  30. གངས་བུ། says:
    2009-11-05 at 12:46 am

    ཙ་རི་བསྐོར་བའི་ཨ་སྐྱོ་འཁྱམ་པོ་ཞིག།
    ཚ་བའི་ལུང་བར་སླེབས་ནས་ཆོལ་ཁ་རྩོད།།
    ཛ་དྲག་བོད་དོན་རྩོད་པའི་བྱས་རྗེས་མེད།།
    ཝ་མོའི་ཕྱོགས་ཞེན་གཏམ་ལ་རྫོགས་རྒྱུ་མེད།།

  31. གངས་བུ། says:
    2009-11-05 at 12:52 am

    ཞྭ་མོ་བོད་ལུགས་གོན་ནས་བོད་ལ་རྒྱུགས།།
    ཟ་མ་རྒྱ་ཟས་ཟོས་ནས་རྒྱ་ལ་འདུར།།
    འ་ཅག་ཁམ་པ་ཡིན་ཞེས་དཔའ་གཏམ་བསྒྲགས།།
    ཡ་ལན་སྤྲོད་མཁན་མ་རགས་གཅིག་བུར་ལུས།།
    མུ་མཐུད་རོགས།

  32. horbuyeshi says:
    2009-11-05 at 11:51 am

    དྲ་རོགས་རྣམ་པ་ཚོར།ཁྱེད་རྣམ་པས་ཁ་བརྡ་ཡག་པོ་བྱེད་ཀྱི་མི་འདུག།ད་ལྟ་ང་རང་ཚོ་ཉམ་ཐག་བའི་སྐབས་སུ
    སྐད་ཆ་དེ་འདྲ་ཁ་ནས་ཐོན་པ་ཡ་མཚན་རེད།ཁམས་པའི་དཔའ་སྐད་སྒྲགས་ཀྱང་མ་ཕན་ལ་ཨ་མདོས་སྟུ་ལྡག་བྱེད་
    ཀྱང་མ་ཕན་པ་རེད།མདོ་ན་ང་ཚོའི་ལུང་པ་གཞན་ལ་སྤྲད་ནས་ས་མཐའ་འདི་རུ་ཁྱོད་དང་ང་ཞེས་བཤད་ན་དགྲ་དགའ་གཉེན་སྡུག་མ་རེད་དམ་།
    དེ་ལས་སེམས་མཐུན་གྱི་ཕྱག་ཟུང་གཏང་ནས་རང་ཡུལ་ཅི་ལྟར་ལེན་དགོས་པའི་སེམས་མཐུན་གྱི་གྲོས་ཤིག་བྱེད་ན་ཅི་མི་བཟང་།
    ཨ་མདོའི་ཤེས་ཡོན་བོད་ས་ལེན་མི་ཐུབ་ལ་ཁམས་པའི་དཔའ་སྐད་རང་ཡུལ་ལེན་པ་དཀའ།སྔར་ནས་ད་བར་མཉམ་འབྲེལ་ཐོག་ནས་
    དཔའ་བོའི་ལོ་རྒྱུའི་བཞག་ཡོད།

  33. ཧོར་བུ་ཡེ་ཤེས says:
    2009-11-05 at 12:50 pm

    ༅།།གཞན་གྱི་ཡུལ་ལ་བསྡད་པའི།།
    རང་ཡུལ་ཧ་ཅང་དྲན་བྱུང་།།
    མིག་ཆུའི་རྒྱ་མཚོར་འགྲན་ཡང་།།
    མིག་ཟུང་ཚ་བའི་རྒྱུ་རེད།།

    ནུས་མེད་བུ་ཆུང་ང་ཡིས།།
    ཨ་མའི་མཚན་བཟང་རེ་རེ།།
    འབོད་སྒྲ་འབྲུག་སྐད་འགྲན་ཡང་།།
    ཨ་མའི་མ་གོ་སྐྱོ་བ།།

  34. རིག་ཡག says:
    2009-11-06 at 7:09 am

    horbuyeshi ནས་བདེན་པ་བཤད་འདུག འདི་དངོས་གནས་བདེནཔ་རེད། ཡིན་ནའང། སྐད་ཆ་བཙོག་པ་དེ་དང་པོ་སུས་མགོ་བཙུགས་འདུག བེ་རིའི་ཀ་རྩོམ་ཞེ་ལོག་མ་བྲིས་མ་ཐག མཆན་འགྲེལ་དང་པོ་སུས་བཀོད་འདུག དེའི་ནང་ག་རེ་ལབ་འདུག དྲང་པོ་བཤད་ན་ངས་ཀྱང་བརྙས་བཅོས་འདི་འདྲ་ཁུར་མི་ཐུབ། བེ་རི་གྲྭ་རྐྱང་ཡིན་རྒྱུརེད་དེ། ཁོའི་རྒྱབ་ལོག་སུ་ཡང་མེད་པའི་མི་རྐྱང་ཞིག་མ་རེད་བདའ། དྲང་པོ་བཤད་ན་ང་ཡང་ཁོའི་རྒྱབ་ལ་ཡོད་ཐག་གཅོད་ཡིན། ཡིན་ནའང་ཁ་བཙུམ་ནས་སྡུག་སྒུར་རྒྱག་ོ་ཡིན། ག་ལེར་ཞིབ་ཚགས་ལྟ་དུས། དངོས་གནས་ཨ་མདི་འདི་ཚོ་ལ་ལྗི་ཁོག་ཟེར་བ་དང༌། དྲང་ཚུགས་ཟེར་བ་ཞིག་མེད་ཐག་གཅོད་རེད། ཕལ་ཆེར་ཁམས་པ་ཡིན་པ་འདྲ། ད་དུང་བེ་རིའི་ཕྱོགས་ལ་ལངས་མཁན་ཡིན་པ་འདྲ་དག་ཆ་ མེད་པའི་ཡིག་འཁྱོག་མང་པོ་ཞིག་ཀྱང་བྲིས་འདུག འདི་ཚོས་ཀྱང་ཁ་ཁར་བཞག་ན་འགྲིག་གི་འདུག་ག ཨ་མདོ་ཆོ་མེད་འགའ་ཞིག་གིས་བེ་རི་ལ་སྡང་ཟུག་ཇི་ཙམ་བཟོ་ནའང་བེ་རི་ལ་ཤིག་གིས་ཟ་བའི་ཚད་ཀྱང་ཡོད་མི་འོང༌།
    གོང་མིག་དེ་དག་ཀྱང་མི་མང་པོ་མ་ཡིན་པར་ཨ་མདོ་ལྗི་ཁོག་མེད་མཁན་རེ་གཉིས་ཞིག་གིས་མིང་རྫུན་མང་པོ་སྤྱད་ནས་བཟོ་སྡོད་པ་རེད། རྡོག་རྩ་ཅིག་སྒྲེིལ་དང་མཐུན་ལམ་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་བྱེད་སྟངས་དེ་འདྲ་མ་རེད། ཡིན་ནའང་འདི་ཚོར་བཤད་ན་ཆུ་ནང་ཕྱརན་གཏོང་བ་དང་གཅིག་པ་རེད།

  35. བདེ་ཆེན་རྡོ་རྗེ་ says:
    2009-11-06 at 9:37 pm

    horbuyeshi ནས་བདེན་པ་བཤད་འདུག འདི་དངོས་གནས་བདེནཔ་རེད། ཡིན་ནའང། སྐད་ཆ་བཙོག་པ་དེ་དང་པོ་སུས་མགོ་བཙུགས་འདུག བེ་རིའི་ཀ་རྩོམ་ཞེ་ལོག་མ་བྲིས་མ་ཐག མཆན་འགྲེལ་དང་པོ་སུས་བཀོད་འདུག དེའི་ནང་ག་རེ་ལབ་འདུག དྲང་པོ་བཤད་ན་ངས་ཀྱང་བརྙས་བཅོས་འདི་འདྲ་ཁུར་མི་ཐུབ། བེ་རི་གྲྭ་རྐྱང་ཡིན་རྒྱུརེད་དེ། ཁོའི་རྒྱབ་ལོག་སུ་ཡང་མེད་པའི་མི་རྐྱང་ཞིག་མ་རེད་བདའ། དྲང་པོ་བཤད་ན་ང་ཡང་ཁོའི་རྒྱབ་ལ་ཡོད་ཐག་གཅོད་ཡིན། ཡིན་ནའང་ཁ་བཙུམ་ནས་སྡུག་སྒུར་རྒྱག་ོ་ཡིན། ག་ལེར་ཞིབ་ཚགས་ལྟ་དུས། དངོས་གནས་ཨ་མདི་འདི་ཚོ་ལ་ལྗི་ཁོག་ཟེར་བ་དང༌། དྲང་ཚུགས་ཟེར་བ་ཞིག་མེད་ཐག་གཅོད་རེད། ཕལ་ཆེར་ཁམས་པ་ཡིན་པ་འདྲ། ད་དུང་བེ་རིའི་ཕྱོགས་ལ་ལངས་མཁན་ཡིན་པ་འདྲ་དག་ཆ་ མེད་པའི་ཡིག་འཁྱོག་མང་པོ་ཞིག་ཀྱང་བྲིས་འདུག འདི་ཚོས་ཀྱང་ཁ་ཁར་བཞག་ན་འགྲིག་གི་འདུག་ག ཨ་མདོ་ཆོ་མེད་འགའ་ཞིག་གིས་བེ་རི་ལ་སྡང་ཟུག་ཇི་ཙམ་བཟོ་ནའང་བེ་རི་ལ་ཤིག་གིས་ ཟ་བའི་ཚད་ཀྱང་ཡོད་མི་འོང༌།
    གོང་མིག་དེ་དག་ཀྱང་མི་མང་ པོ་མ་ཡིན་པར་ཨ་མདོ་ལྗི་ཁོག་མེད་མཁན་རེ་གཉིས་ཞིག་གིས་མིང་རྫུན་མང་པོ་སྤྱད་ ནས་བཟོ་སྡོད་པ་རེད། རྡོག་རྩ་ཅིག་སྒྲེིལ་དང་མཐུན་ལམ་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་བྱེད་སྟངས་དེ་ འདྲ་མ་རེད། ཡིན་ནའང་འདི་ཚོར་བཤད་ན་ཆུ་ནང་ཕྱརན་གཏོང་བ་དང་གཅིག་པ་རེད།

  36. བདེ་ཆེན་རྡོ་རྗེ་ says:
    2009-11-06 at 9:43 pm

    རྭ་ལྟར་འཁྱོག་པའི་ཨ མདོ་སྟུ་ལྡག་འགའ༎
    ལ་ཐུང་གོན་པའི་འཆལ་མོའི་རྐུབ་ལ་དགའ༎
    ཤ་རུས་གཅིག་པའི་ནང་ཁུལ་འཐེན་ཁྱེར་གྱི༎
    ས་མཐའི་ཁྱི་ལ་ཞེན་པ་གཏིང་ནས་ལོག།

  37. བདེ་ཆེན་རྡོ་རྗེ་ says:
    2009-11-06 at 9:48 pm

    ཧ་ལོག་གེ་འཐོམ་སྟུ་ལྡག་འདི་ཚོ་ཡིས༎
    ཨ་རེ་ཁམས་པར་དོན་མེད་སྡང་དྲགས་ནས༎
    ཧ་ལེན་དགོས་པའི་འཚང་འབོད་རེ་གཉིས་རེ༎
    ཨ་རེ་འདི་ན་མི་བྱེད་ཀ་མེད་བྱུང༌༎
    འོ་དེ་ག་ཡིན། ད། ཕྱོགས་རེས་ཅན་གྱི་སྟུ་ལྡག་ཚོ། ད་ག་འདྲ་འདུག སྐྱིད་པོ་ཨེ་འདུག ཨཱ། ནན་མ་ཆོག་ན་དོན་ཤོག་དང༌། ང་ཚོ་གཏུགས་ཆོག (ཨ་མདོ་ཡོངས་རྫོགས་ལ་ཟེར་ལེ་ མིན་གོ)སྟུ་ལྡག་མགོན་པོ་ལག་རིང༌། མྱི་རྫོད་ཡིན་ན་ས་རྫོད་ཡིན་ན་དེ་ཚོ་ད་ཤོག་དང༌།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme