Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་བཤད་མཐའ་མ་སུམ་ཅུ་པ།

Posted on 2015-01-182015-01-18 By ཁ་བརྡ 2 Comments on ཀ་བཤད་མཐའ་མ་སུམ་ཅུ་པ།

ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་ར་གུ་རམ་ཁ་ལ་མངར་ཡང་ཡ་སྲིན་ནག་པོའི་སྣ་འདྲེན་རེད།།
ཁ་ཤ་ཁུར་ཤ་ག་ནས་འཐེན་ཀྱང་རང་གི་ལུས་ཀྱི་ཆ་ཤས་རེད།།
ག་ནས་བལྟས་ཀྱང་རང་དོན་སྒྲུབ་ནས་གཞན་ལ་སྐྱོན་འཛུགས་བྱེད་མཁན་མང་།།
ང་ཚོ་ཁོང་ཚོའི་གླེང་གཞི་བཟོས་ནས་རང་བཙན་དབུ་མས་དུས་ཚོད་བསྣར།།
ཅ་ཅོ་མང་བའི་ཆོས་མེད་ཀླ་ཀློ་གུང་བྲན་སྲིད་གཞུང་ཆབ་སྲིད་རྣོ།།
ཆ་རྒྱུས་ཉམས་མྱོང་ཁ་མཐུན་མེད་པའིི་རྗེས་ལུས་སྤྱི་ཚོགས་ང་ཚོ་འདྲ།།
ཇ་ཆང་མ་ཅང་ཤོ་སྦག་རྒྱན་རྩེད་མགོ་བོ་འཁོར་སའི་རྒྱན་རྩེད་མང་།།
ཉ་མོ་ཆུ་ནང་འཁྱུག་ལ་མཁས་ཀྱང་སྐམ་སར་སླེབས་དུས་ཆུ་རླུང་འཐིམ།།
ཏ་ལའི་བླ་མས་དུས་གསུམ་གསལ་གཟིགས་མ་འོངས་བོད་ཀྱི་མདུན་ལམ་བསྟན།།
ཐ་མའི་ཐག་གཅོད་བོད་མིར་གནང་ཡང་ང་མཁས་ཁོ་མཁས་གླེང་གཞིར་བསྒྱུར།།
ད་ལྟའི་སྐབས་སུ་བོད་རྒྱའི་འབྲེལ་ལམ་ཆབ་སྲིད་སྟོང་པའི་མིང་ཙམ་ལྷག །
ན་གཞོན་མི་རབས་གསར་པའི་ལྷག་བསམ་རང་གི་ཕ་ཡུལ་ཕྱོགས་སུ་གཏོད།།
དཔའ་རྩལ་ཆེ་བའི་ཆོས་རྒྱལ་གོང་མས་འཛམ་གླིང་གསུམ་ཆ་དབང་དུ་བསྡུས།།
ཕ་ལམ་བཞིན་དུ་ཆོས་སྲིད་སྐྱོང་བའི་རྒྱལ་དབང་སྐུ་ཕྲེང་རིམ་བཞིན་ཕེབས།།
བ་དན་ཕྱོགས་བཅུའི་ནམ་མཁར་བསྒྲེངས་ནས་སངས་རྒྱས་བསྟན་པ་འཛམ་གླིང་ཁྱབ།།
མ་རབས་བྱ་བ་སྤེལ་མཁན་མེད་པའི་མི་ཡི་སྤྱི་ཚོགས་བོད་པ་ཙམ།།
རྩ་བ་བརྟན་པོའི་བོད་རྒྱའི་འབྲེལ་ལམ་ལོ་རྒྱུས་ངོ་སྤྲོད་བརྒྱུད་ན་བཟང་།།
ཚ་གྲང་ཇི་བྱུང་བཟོད་བསྲན་ཐུབ་ནས་མ་ནོར་ལམ་ལ་འཇུག་པར་འཚལ།།
ཛ་དྲག་བྱས་ནས་བོད་རྒྱའི་དཀའ་རྙོག་མ་སེལ་གྱོང་ཁ་བོད་དུ་ཆེ།།
ཝ་ལེར་སོམས་དང་གཞིས་བྱེས་མཉམ་འཛོམས་མགོན་པོ་གང་གི་སྐུ་དུས་འདིར།།
ཞ་ཉེ་ཧ་ཡང་ངོ་རྟགས་མ་ཆོད་རིན་ཚད་གཅིག་ལ་ཉོ་ཚོང་བྱེད།།
གཟའ་དང་རྒྱུ་སྐར་མུ་མཐའ་མེད་པར་འཁོར་རྒྱུགས་བྱེད་པ་རླུང་གིས་འདྲེན།།
འ་འུར་རྒྱབ་ནས་རྒྱལ་ཁབ་ཆབ་སྲིད་སྲ་བརྟན་ཐུབ་པའི་ལོ་རྒྱས་དཀོན།།
ཡ་རབས་མ་རབས་བློ་ཡིས་དཔྱད་པ་ཤེས་བྱ་རིག་པས་བསྟན་པའི་ལམ།།
ར་བ་ལྕགས་རིས་སྲུང་སྐྱོབ་ཐུབ་པ་འཛམ་གླིང་མི་ཡི་ལམ་ལུགས་འདྲ།།
ལ་རྒྱ་བརྟན་པོ་མེད་པའི་སྤྱི་ཚོགས་ཡུལ་ལུང་གང་སར་ནང་འཁྲུག་མང་།།
ཤ་མདོག་མི་འདྲའི་མི་རིགས་མང་ཡང་ལུས་ཀྱི་ཚེ་སྲོག་འབྱུང་བས་སྲུང་།།
ས་ཆ་སྐྱིད་པོ་བོད་ཡུལ་མངའ་རིས་ང་ཡི་སྐྱེས་ཡུལ་གཞུང་སྡེ་འབྲོག །
ཧ་ཅང་མང་བའི་ཚིག་རྙོག་ཐལ་ཡང་ལྟ་ཀློག་ཐུགས་དང་མ་འགལ་ལོ།།
ཨ་གསར་གཏམ་གྱི་ཀ་བཤད་སུམ་ཅུ་ལན་གཅིག་འདི་རུ་མཇུག་སྒྲིལ་ལོ།།

སླར་སྨྲས་པ།
རིང་ནས་སེམས་ལ་འཁོར་བའི་དྲན་པ་དང་།།
རྒྱུན་རིང་ལག་ཏུ་བཟུང་བའི་འབྲི་སྨྱུག་གཉིས།།
བློ་རྩེ་མཐུན་ནས་ཁ་བརྡ་དྲ་རྒྱར་འཛུལ།།
གཟུར་གནས་མཁས་པའི་སྤྱན་འོག་མ་ཚུད་ཤོག །

ལྟ་ཀློག་མཆན་འགོད་དྲ་གྲོགས་རྣམས་ལ་སྤྱི་ལོ་གསར་པར་འཚམས་འདྲི་ཞུ་བ་དང་། ཁ་བརྡ་དྲ་རྒྱ་བཀའ་དྲིན་ཆེ་བས་ཁ་སྟོང་མིན་ཙམ་གྱི་ཐུགས་རྗེ་ཆེ་ཞུ།
TA TA.„BYE BYE.

སྙན་ངག

Post navigation

Previous Post: ༼སྙིང་རྗེ།༽ ཞེས་པའི་གླུ་གཞས་གསཪ་པ།
Next Post: འབུམ་པ་ཞལ་དཀར་དྲན་གླུ

Comments (2) on “ཀ་བཤད་མཐའ་མ་སུམ་ཅུ་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-01-19 at 3:18 am

    ཀ་བཤད་མཐའ་མ་སུམ་ཅུ་པ། །
    ཁ་བཤད་གཞུང་པ་ཚར་བསོད་རེད། །
    ག་དུས་བལྟས་ཀྱང་ཁ་བརྡའི་ནང་། །
    ང་ལ་ཀ་ཕྲེང་གསར་ཀློག་རྙེད། །

  2. ཀརྡོ་གཉེར་ཕྱག་པ་ says:
    2015-01-19 at 7:27 am

    ཁ་བཤད་གཞུང་པ་ཚར་བསོད་རེད། །
    འདི་ནི།
    ཁ་བཤད་གཞུང་པ་ཚེ་བསོད་རེད། །
    ལ་བཅོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme