Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་ཕྲེང་སེམས་ཀྱི་རེ་འབོད།

Posted on 2012-12-25 By ཁ་བརྡ་ 1 Comment on ཀ་ཕྲེང་སེམས་ཀྱི་རེ་འབོད།

སོག་མདའ་ནས།།

ཀ་ཁའི་རིག་གནས་སློབ་ལ་བརྩོན་པ་ཡི།།
ཀ་དག་རང་ལུགས་བཙན་པའི་མི་རིགས་ཞིག།།
ཀ་བ་བཞིན་དུ་འགྱུར་མེད་བརྟན་པ་ཡི།།
ཀ་རྡོ་རྨང་གཞི་བརྟན་དགོས་སྤུན་ཟླ་ཚོ།།

ཁ་ཚིག་ཙམ་གྱི་དོན་ལ་མི་གནས་པའི།།
ཁ་ཁོག་མེད་པའི་སྒོ་ནས་ལས་འགན་ཞིག།
ཁ་བ་ཅན་གྱི་ཆེད་དུ་བརྩོན་དགོས་པས།།
ཁ་བཤད་ཝུ་བའི་མི་ཕན་སྤུན་ཟླ་ཚོ།།

ག་ས་གང་དུ་བཀྲམས་པའི་མི་རིགས་འདི།།
ག་ལེར་གཞན་གྱི་མི་བུ་འགྱུར་ཉེན་པས།།
ག་ཚོད་རང་གིས་རང་ལ་གང་ཐུབ་ཀྱིས།།
གངས་རིའི་ལ་རྒྱ་ཉར་རོགས་སྤུན་ཟླ་ཚོ།།

ང་ཚོ་ཡོད་པའི་བཙན་པའི་སྐུ་མཁར་དེ།།
ང་ཚོས་རང་གི་བདག་སྐྱོང་བྱེད་པ་དེ།།
ང་དང་ཁྱེད་ལ་བབས་པའི་འོས་འགན་རེད།།
ང་རྒྱལ་མགོ་བོ་ཆོག་དང་སྤུན་ཟླ་ཚོ།།

ཅ་ལག་གཞན་གྱི་བཙོང་པའི་དོན་དག་ལ།།
ཅ་ཅོ་མང་པོས་ལུང་བ་བཀང་བ་ཡིས།།
ཅ་དངོས་ངོ་མ་རང་ས་རང་ཡུལ་ནས།།
ཅི་དགོས་བེད་སྤྱོད་གནང་རོགས་་སྤུན་ཟླ་ཚོ།།

ཆ་ལུགས་རང་ལ་འདི་འདྲ་ཡོད་བཞིན་དུ།།
ཆ་མེད་གཞན་ལ་གཡབ་རྒྱུགས་བྱས་ནས་ཅི།།
ཆ་ཡོད་རང་གི་སྲོད་རྒྱུན་སྤས་དག་པོ།།
ཆ་ཆུང་སེམས་་ཀྱི་འཚོས་དང་སྤུན་ཟླ་ཚོ།།

ཇ་ཆང་འཐུང་དབང་མེད་པའི་སྐལ་བ་འདིར།།
ཇ་ངན་གཅིག་ངན་སྤྲད་པའི་དུས་ཚོད་འདིར།།
ཇ་ཆང་འཐུང་ནས་སྐྱིད་ཉལ་བྱེད་དུས་མིན།།
ཇ་ཕོར་མཉམ་ཏུ་ཟུང་ཅིག་སྤུན་ཟླ་ཚོ།།

ཉ་མོ་ཆུ་ལ་་གནས་པ་ལས་ཀྱི་གྲུབ།།
ཉ་འཛིན་རྒན་པའི་ལྕགས་ཀྱུ་ཁྱེར་ནས་ཡོང།།
ཉ་ཆུང་སྙིང་རྗེ་མེད་པར་ཧམ་བཟས་བྱས།
ཉ་རིགས་མཉམ་ཏུ་ལངས་དགོས་སྤུན་ཟླ་ཚོ།།

ཏ་ལྟའི་རང་ས་རང་ཡུལ་ངོ་མ་ནས།།
ཏ་ལེན་ཁུར་ནས་འགྲོ་བའི་འབྲོག་པ་ཡི།།
ཏ་ཡིག་དབྱངས་ཡིག་བཞི་བོ་སློབ་སྦྱོང་ནས།།
ཏ་ཐའི་བསྟན་པ་ཤེས་དགོས་སྤུན་ཟླ་ཚོ།།

ཐ་སྙད་སྐད་ཀྱི་ཕྱུགས་པའི་མི་རིགས་ཞིག།།
ཐ་ཚིག་ལ་རྒྱ་ཡོད་པའི་འབངས་མི་རེད།།
ཐ་མལ་དོན་མེད་མི་ཚེ་མ་འདས་བར།།
ཐ་ཐོས་རིག་པ་སློབ་ཅིག་སྤུན་ཟླ་ཚོ།།

ད་ཆ་དུས་ཚོད་ངོ་མའི་ཛ་དྲག་རེད།།
ད་ལོ་སངས་ལོ་འགོར་འགྱངས་བྱེད་ཁོམ་མེད།།
ད་ལྟ་རང་ནས་རང་གི་ཕ་སྐད་བརྩོན།།
ད་དགོས་དེ་རིང་སྒྲུབ་ཞིག་སྤུན་གྲོགས་ཚོ།།

ན་བའི་ནད་རིགས་དེང་སང་ཧ་ཅང་མང་།།
ན་ཚ་ན་བའི་མི་ཚད་སྲོག་ལ་རྔམ།།
ན་གདོན་སྔར་ནས་་རང་ལ་་མི་འབྱུང་ཆེད།།
ན་གསོ་འཕྲོད་བསྟེན་བྱོས་དང་སྤུན་ཟླ་ཚོ།།

པ་ལགས་དགུང་ལོ་བགྲེས་པའི་ཞལ་གསུང་ལ།།
པ་ནི་ཕ་ཡུལ་ཕྱིར་ལ་་ཕེབས་འདོད་འདུག།།
པ་ཕ་ཕུ་ནུའི་སླར་ཡང་མཇལ་འདོད་འདུག།།
པ་ལགས་གདན་འདེྲན་བྱོས་དང་སྤུན་ཟླ་ཚོ།།

ཕ་ཡུལ་རི་ནས་བཞག་ནས་རྒྱང་ལ་བཞུད།།
ཕ་སྐད་ལབ་ས་མ་ལོན་ལོ་དགུ་འགོར།།
ཕ་མའི་བཀའ་གསུང་མ་ཐོས་མིག་ཆུ་བཞུར།།
ཕ་ས་མགྱོགས་པོ་ལོག་འགྲོ་སྤུན་ཟླ་ཚོ།།

བ་མོ་འབྲི་མོ་གཉིས་པོ་ཁ་ཁ་རེད།།
བ་གླང་གཡག་རྒོད་གཉིས་པོ་སོ་སོ་རེད།།
བ་ཕྱུགས་དུད་འགྲོ་ཡིན་པ་མཚུངས་མོད་ཀྱང།།
བ་གླང་འབྲི་གཡག་་མ་བརྗེ་སྤུན་ཟླ་ཚོ།།

མ་ཡི་རིགས་ནས་སྐྱེས་པ་འདྲ་འདྲ་ཡིན།།
མ་ཡི་རུས་རྒྱུད་དེད་ན་་སོ་སོ་ཡིན།།
མ་ཡུམ་རང་བདག་རང་གི་གཉོར་དགོས་པས།
མ་ཉམས་་བོད་ཡུལ་སྐྱོང་དགོས་སྤུན་ཟླ་ཚོ།།

ཙ་རིའི་གནས་འཁོར་འགྲོ་བ་བོད་ཀྱི་དཔེ།།
ཙ་གྲང་དཀའ་ཐུབ་བཟོད་པ་བོད་ཀྱི་མི།།
ཙ་ཙག་ཟང་ཟིང་ནོར་གྱི་བསླུ་བཞིན་པས།
ཙ་ཚའི་རིགས་པ་སྒྲིམ་དང་སྤུན་ཟླ་ཚ་ོ།།

ཚ་བའི་ལུང་ན་བཞུགས་པའི་བུ་སྤུན་ཚོ།།
ཚ་དྲོད་མི་བདེ་བཞུགས་པ་ཤེས་མོད་ཀྱང་།
ཚ་གྲང་སྙོམས་པའི་རང་ས་ཕྱུགས་མོ་ལ།།
ཚ་བོ་མཉམ་ཏུ་འཛོམས་ཡོང་སྤུན་ཟླ་ཚོ།།

ཛ་ཏི་སྨན་ནི་བོད་ཀྱི་གསོ་སྨན་རེད།།
ཛ་དྲག་ནད་པ་ཐོན་དུས་བཀོལ་ལ་རེམ།།
ཛ་རིའི་སྤང་གི་མེ་ཏོག་སྣ་བརྒྱ་དེ་།།
ཛ་བ་་བོད་པའི་ཡིན་ནོ་སྤུན་ཟླ་ཚོ།།

ཝ་བ་ཝོབ་བེ་བསམ་གཞིགས་མ་གནང་བར།
ཝུ་བ་བཞིན་ཏུ་དབུགས་ཀྱིས་ཁེངས་ན་ཡང།།
ཝ་མོ་ལྟར་གྱི་རྡར་མ་ཆགས་འགྲོ་བའི།།
ཝ་རིགས་འདུ་ཤེས་མ་འཛིན་སྤུན་ཟླ་ཚོ།།

ཞ་སེར་བསྟན་དང་རིས་མེད་ཆོས་རྒྱུད་རྣམས།།
ཞ་མོ་བཞིན་དུ་གཙུག་གི་རྒྱན་ལ་མཆོད།།
ཞ་ངན་གཞན་རིགས་མགོ་ལ་བསྐོན་དུས་སུ།།
ཞ་བོ་བཞིན་དུ་ལོག་འགྲོ་སྤུན་ཟླ་ཚོ།

ཟ་མ་ཟ་ན་བོད་ཀྱི་བོད་ཟས་ཟོ།།
ཟ་ཚོད་ཟིན་ན་ཕོ་བའི་ལུས་ཁམས་བདེ།།
ཟ་རིགས་ཚལ་རིགས་མང་པ་རྒྱ་ཡ་ཟས།།
ཟ་ཅང་མང་ན་གནོད་ཡོང་སྤུན་ཟླ་ཚོ།།

འ་འུར་འདུ་འཛི་ཆེ་བའི་དེང་གི་དུས།།
འུར་གྱིས་སྒོར་ལ་ཕྱོགས་པའི་ད་བར་ལ།།
འ་དང་འུ་ཐུག་ངང་ནས་སྒོར་གྱིས་ཉོ།།
འགྱུར་མེད་རང་ཚུགས་ཟིན་དགོས་སྤུན་ཟླ་ཚོ།།

ཡ་རབས་གཤིས་ཀྱི་ཕྱུགས་པའི་མི་རིགས་ཞིག།།
ཡ་མཚན་གོ་ལའི་ཁྱོན་ནས་འཚོ་དགོས་པས།།
ཡ་ལགས་ཙམ་གྱིས་དོན་གོ་མི་ཆོད་པས།།
ཡ་ཆུང་སེམས་པ་བཟང་དགོས་སྤུན་ཟླ་ཚོ།།

རྭ་བ་གངས་རིའི་བསྐོར་བའི་བོད་ཀྱི་ཡུལ།།
ར་ལུག་ནོར་གྱི་ཁེངས་པའི་ཞིང་ཁམས་འདིར།།
ར་རྩེ་རྣོ་ངར་ཅན་གྱི་་འོག་ཏུ་ཚུད།།
རང་རིགས་་མཐུན་སྒྲིལ་གྱིས་དང་སྤུན་ཟླ་ཚོ།།

ལ་རྒྱའི་གླུ་ཞིག་ལེན་པའི་དུས་ལ་སླེབས་།།
ལ་ལུང་གང་ན་བཞུགས་པའི་ཕུ་ནུ་་ཚོ།།
ལ་མོ་བྲེལ་བྲེལ་ངང་ནས་་འབད་དགོས་པས།།
ལ་གྱེན་འཛེགས་ལྟར་མ་གནང་སྤུན་ཟླ་ཚོ།།

ཤ་ཚའི་སྙིང་ནས་མཆེད་པའི་སྙིང་གཏམ་འདི།
ཤ་ཆུ་རྡོལ་བ་ལྟ་བའི་རང་སེམས་ནས།།
ཤར་མར་བྲིས་པ་ཡིན་པའི་སྤུན་ཟླ་དག།།
ཤ་ཞེན་སྙིང་ལ་ཉར་ཡོད་སྤུན་ཟླ་ཚོ།།

ས་ཆེན་འདི་ནས་ཡུན་རིང་འཚོ་བའི་ཆེད།།
ས་ཐོག་གནས་པའི་ཀུན་དང་མཐུན་དགོས་པས།།
ས་ཡུལ་་སྐྱིད་པོ་རང་གིས་ལུང་པ་ནས།།
ས་རྩོད་ཆུ་རྩོད་མ་གནང་སྤུན་ཟླ་ཚོ།།

ཧ་ཅང་གལ་ཆེན་དོན་ཆེན་ངང་རང་གིས།།
ཧ་ཧོ་ཚིག་གི་སྐྱོ་སེམས་ཙམ་མིན་པར།།
ཧ་ལོ་དུག་བཞིན་རང་ལ་གནོད་པ་ཡི།
ཧང་སངས་བྱ་ངན་དོར་དང་སྤུན་ཟླ་ཚོ་།།

ཨ་ཇོ་བཤད་པའི་དོན་གྱི་གནས་ལུགས་ལ་།།
ཨ་རོགས་ཚང་མའི་ཐེངས་གཅིག་གཟིགས་གནང་དང་།།
ཨ་མདོ་ཡུལ་ནས་ཡོང་བའི་སོག་འཁྱམས་ཀྱིས་།།
ཨ་མཚར་མང་མང་གླེང་བ་དོན་གོ་ཡོད།།

༢༠༡༢་༡༢་༢༥་ཉིན་རང་ཤག་ནས་ཚར།།

སྙན་ངག

Post navigation

Previous Post: སློབ་ཕྲུག་ལུང་རིག་རྡོ་རྗེས་རང་སྲེག་གཏོང་རྩིས་བྱས་པ།
Next Post: འབྲས་སྤུངས་ཞོ་སྟོན་དམག་གིས་བསྐོར་བ། ༼པར་རིས༽

Comment (1) on “ཀ་ཕྲེང་སེམས་ཀྱི་རེ་འབོད།”

  1. འདྲེ་རྐང་ཐོ། says:
    2012-12-25 at 10:02 pm

    ཀ་རྩོམ་ལམ་ནས་སྙིང་གཏམ་གླེང་ན་ཡང་། །
    ཁ་བ་ཅན་གྱིས་གོ་བ་མི་ནུས་པས། །
    ག་ལེར་ཇ་ཆང་ཞིམ་པོ་འཐུང་ཞོར་ལ། །
    ང་འདྲའི་མ་ཎི་འདོན་ནས་སྡོད་ལ་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme