Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ བཙན་བྱོལ་བོད་གཞུང་ ༽ཞེས་པའི་མིང་འདི་འཇོག་དགོས།

Posted on 2011-05-242011-05-24 By ཁ་བརྡ་ 35 Comments on ༼ བཙན་བྱོལ་བོད་གཞུང་ ༽ཞེས་པའི་མིང་འདི་འཇོག་དགོས།

dsc_2415
(དུས་བབ་ནས་བླངས།)
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་ནང་འདས་པའི་ལོ་རྒྱུས་རགས་བསྡུས་འགོད་རྒྱུ་དང་། བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་འཇོག་རྒྱུ། གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་བོ་དང་། བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་གང་རུང་གི་མཚན་གནས་འབུལ་དགོས་པ་བཅས་ལ་སྤྱི་མོས་བྱུང་ཡོད།དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་ཐོག་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཡོངས་སུ་མཇུག་བསྒྲིལ་སོང་། ཐེངས་འདིའི་ཚོགས་ཆེན་སྟེང་ཚོགས་བཅར་བ་རྣམས་ཚོགས་ཆུང་བཅུ་ལ་བགོས་ཏེ། གངས་སྐྱིད་ཁུལ་གྱི་ཚོགས་ཁང་དག་ཏུ་བཅའ་ཁྲིམས་བསྐྱར་བཅོས་ཐོག་ཉིན་ ༣ རིང་གོ་བསྡུར་སྦྱང་བཤད་གནང་ཡོད་ཅིང་། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག ཚོགས་བཅར་བ་ཡོངས་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཚང་འཛོམས་ཐོག ཚོགས་ཆུང་ཁག་གི་བསམ་འཆར་སྒྲོག་སྦྱོང་གནང་སོང་།

ཕྱི་དྲོའི་ཆུ་ཚོད་ ༥ སྟེང་ཐེངས་འདིའི་ཚོགས་ཆེན་སྟེང་གི་གྲོས་དོན་གཙོ་བོ་གཉིས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་དང་དོན་ཚན་དང་པོ་གཉིས་ལ་ལེགས་བཅོས་རེ་བྱས་ཏེ་སྤྱི་མོས་ཐོག་གཏན་འབེབས་བྱས་སོང་།

སྔོན་གླེང་ནང་ད་ལོའི་ཕྱི་ཟླ་གསུམ་པར་༧གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་གཞི་རྩར་བཟུང་སྟེ། བོད་བཙན་པོའི་རྒྱལ་རབས་ཐོག་མ་གཉའ་ཁྲི་བཙན་པོ་ནས་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་འགན་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་དག་ལ་བགོ་འགྲེམས་བྱེད་ཀྱིན་པའི་བར་གྱི་སྲིད་ཕྱོགས་ཀྱི་ལོ་རྒྱུས་རགས་བསྡུས་བཀོད་འདུག

དེ་མིན། གནད་དོན་གལ་ཆེན་གཞན་འགའ་ཞིག་ཟུར་དུ་བཏོན་འདུག དེ་དག་ནི་དང་པོ། སྔོན་གླེང་ནང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་ནས་བོད་གཞུང་ས་གནས་སྲིད་གཞུང་ལྟ་བུར་གྱུར་བའི་ཚིག་བརྗོད་བཀོད་ཡོད་པ་དེ་ཕྱིར་བསྡུ་དགོས་པ་དང་། གཉིས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་༧གོང་ས་མཆོག་གི་གསུང་འཕྲིན་གཞིར་བཟུང་། སྔོན་གླེང་ནང་བོད་རྗེ་གཉའ་ཁྲི་བཙན་པོ་ནས་དགའ་ལྡན་ཕོ་བྲང་བར་གྱི་བྱུང་རབས་གསར་དུ་བསྣན་དགོས་པ། གསུམ་པ། བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་འཇོག་རྒྱུ། བཞི་བ། ༧གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོ་དང་། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སོགས་ཀྱི་མཚན་གནས་གང་འོས་ཤིག་འབུལ་དགོས་པ། ལྔ་པ། ༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་པོ་དང་རྒྱལ་མོ་ལྟར། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་བཞེས་གནང་ཡོང་བའི་གསོལ་འདེབས་ཞུ་རྒྱུ། བཅས་ལ་སྤྱི་མོས་བྱུང་སོང་།

༧གོང་ས་སྐུ་ཕྲེང་རི་བྱོན་གྱིས་དབྱིན་ཡུལ་གྱི་རྒྱལ་པོ་དང་རྒྱལ་མོ་ལྟར། བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་དམ་མི་རིགས་དབུ་འཁྲིད་ཀྱི་མཛད་འགན་བཞེས་རྒྱུར་ཚོགས་ཆེན་འདིའི་ཐོག་ནས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། དེ་ལ་༧གོང་ས་མཆོག་གིས་ཞལ་བཞེས་མ་གནང་ཚེ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཅུང་གིས་བཟོས་པའི་དོན་ཚན་དང་པོ་དེར་ལེགས་བཅོས་ཀྱིས་རྒྱབ་གཉེར་ཞུས་སོང་།

ཚོགས་ཆེན་མཇུག་བསྡོམས་སྟེང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གཏམ་བཤད་གནང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་བཀུར་འོས་ཚོགས་གཙོ་ལྷན་རྒྱས་ནས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་དེ་ཆེད་འཛུགས་ཚོགས་ཆུང་གི་ངོ་བོར་བསྐོ་བཞག་གནང་བ་དེ་ཁྲིམས་དང་མཐུན་པ་ཞིག་དང་། ཚད་དང་ལྡན་པ་ཞིག་ལ་བཀའ་ཤག་གིས་མཐོང་གི་ཡོད། ཁྲིམས་བཟོ་ལྷན་ཚོགས་ཡོད་པའི་རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་ཡང་། ཁྲིམས་བཟོའི་ལས་དོན་དང་ལྷག་པར་དུ་བཅའ་ཁྲིམས་ཀྱི་ཁྲིམས་བཟོའི་ལས་དོན་ཟིན་བྲིས་ཚོགས་ཆུང་དེ་ངེས་པར་དུ་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་ཞིག་གིས་གནང་དགོས་པ་འཇིག་རྟེན་སྤྱི་ཚུལ་ལྟ་བུ་ཆགས་ཡོད། ད་རེས་བཀའ་ཤག་གི་ངོས་ནས་ཟིན་བྲིས་ཆེད་འཛུགས་ཚོགས་ཆུང་དེ་སྤྱི་འཐུས་ཁོ་ནའི་གྲུབ་པ་གནང་དགོས་ཞེས་སྙན་སེང་ཞུས་ཀྱང་། ཕྱིས་སུ་བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་བཙུགས་པ་རེད། ཅེས་གསུངས་བྱུང་།

བཀའ་ཁྲི་མཆོག་གིས་མུ་མཐུད་དུ་གསུངས་དོན། ཚོགས་འདུ་དབུ་འཛུགས་སྐབས་བཀའ་ཤག་གི་གཏམ་བཤད་ནང་རྒྱས་ཞིང་རྒྱས་པ་ཞིག་ཞུས་ཡོད་ཀྱང་། ཚོགས་ཆུང་ཁག་གི་དྲི་བ་ཕེབས་སྟངས་དང་ཚོགས་ཆུང་གཞན་པའི་བཀའ་མོལ་སོགས་ལས་ཐུགས་ངལ་ཡོད་པའི་ཚོར་སྣང་ཞིག་བྱུང་སོང་། ད་ལྟ་ང་ཚོས་༸གོང་ས་མཆོག་ལ་གསོལ་བ་བཏབ་པ་དེ་དོན་ཚན་དང་པོ་གསར་འཇོག་བྱས་པ་དེའི་སྐོར་རེད། དོན་ཚན་དང་པོ་གསར་འཇོག་བྱས་པ་དེ་༸གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དེ་འབུར་དུ་ཐོན་པ་ཙམ་ཞིག་མ་གཏོགས། བཅའ་ཁྲིམས་ཀྱི་ངོས་ནས་༸གོང་ས་མཆོག་ལ་སྐུ་དབང་འབུལ་རྒྱུ་དེ་ཁྲིམས་སུ་བཅས་པ་ཞིག་ཆགས་ཡོད་པ་མ་རེད། ཡིན་ནའང་། བགྲོ་གླེང་ནང་དོན་ཚན་དང་པོ་བཅུག་པ་ཡིན་ན། དེའི་ཐོག་ནས་༸གོང་ས་མཆོག་ལ་བཅའ་ཁྲིམས་ཀྱི་འཆར་ཅན་འོག སྐུ་དབང་གསར་བ་ཞིག་འབུལ་གྱིན་ཡོད་པའི་ངོ་བོ་ལ་ཚང་མས་ཐུགས་ངལ་བྱུང་བསྡད་པ་འདྲ་ཞིག་མཐོང་སོང་། དེའི་གནས་སྟངས་དེ་རང་ཆས་སུ་ཡོད་པ་ཞེས་པའི་ཚིག་དེ་ངེས་པར་དུ་གསལ་བོར་མཁྱེན་དགོས།

ལྷག་པར་དུ་བསྐྱར་དུ་ཞུ་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། ༸གོང་ས་མཆོག་ལ་བཅའ་ཁྲིམས་ཀྱི་ངོས་ནས་འབུལ་ལམ་ཞུས་པའི་སྐུ་དབང་ཞིག་ཡིན་ན། བཅའ་ཁྲིམས་བསྐྱར་བཅོས་ནང་ཆེད་འཛུགས་བྱས་པ་ཞིག་ཡིན་དགོས། ད་ལྟའི་ང་ཚོའི་དོན་ཚན་དང་པོའི་ནང་བགྲངས་ཡོད་པའི་སྐུ་དབང་དེ་དག་གི་རྒྱུ་མཚན་ཆ་ཚང་བཅའ་ཁྲིམས་ནས་ཕྱིར་འཐེན་བྱས་པ་ཡིན་ནའང་། ༸རྒྱལ་བ་རིན་པོ་ཆེར་སྐུ་དབང་ཞིག་རང་ཆས་སུ་གནས་ཀྱི་རེད། དེ་ལ་འགྱུར་བ་གཞན་པ་ཞིག་བཏང་བ་ཡིན་ནའང་། ༸གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་ལ་འགྱུར་བ་འགྲོ་བ་མ་རེད། ཅེས་བཀའ་ཤག་གི་གཏམ་བཤད་ནང་གསལ་བོར་ཞུས་ཡོད། ཡིན་ནའང་། དོན་ཚན་དང་པོ་དེ་བཅའ་ཁྲིམས་ཀྱི་ཆ་ཤས་སུ་སོང་བ་ཞིག་ཡིན་སྟབས། དེ་ག་དུས་ཡིན་ཡང་བསྐྱར་བཅོས་དང་ཕྱིར་ཕུད་བྱ་རུང་བ་ཞིག་རེད། ཅེས་གསུངས་སོང་།
ཡང་བཀའ་ཁྲི་མཆོག་གིས་ཁྲིམས་ཀྱི་ཡིག་ཆའི་ནང་ལུང་འདྲེན་དང་། བྱུང་རབས་སོགས་འགོད་མི་རུང་བའི་སྐོར་གསུངས་དོན། གནད་འགག་ཅན་གྱི་དགོངས་འཆར་མང་པོའི་ནང་དོན་ཚན་དང་པོ་མི་དགོས་པར་༸གོང་ས་མཆོག་གི་གསུང་འཕྲིན་བཅའ་ཁྲིམས་ནང་འཇུག་དགོས་ཟེར་པའི་དགོངས་འཆར་བྱུང་སོང་། ཁྲིམས་ཀྱི་འགྲོ་སྟངས་ལྟར་བྱས་ན། ༸གོང་ས་མཆོག་གི་བཀའ་གནང་བ་ཞིག་ཐད་ཀར་ཁྲིམས་ཀྱི་ཡིག་ཆའི་ནང་འཇུག་དགོས་པ་བཀའ་རྩ་ཁྱབ་བསྒྲགས་མ་གཏོགས་ཡོད་མ་རེད། བཀའ་རྩ་ཁྱབ་བསྒྲགས་ཡིན་ན། ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་ལམ་སྲོལ་ལྟར་ཁྱབ་བསྒྲགས་གནང་གི་ཡོད་པ་རེད། དེ་གྲོས་ཚོགས་ནང་མོས་མཐུན་བྱུང་བ་ཡིན་ན་ཇི་མ་ཇི་བཞིན་ཁྲིམས་ཡིག་ནང་འཁོད་འགྲོ་བ་རེད། ༸གོང་ས་མཆོག་གིས་གྲོས་ཚོགས་ལ་གསུང་བཤད་དང་གསུང་འཕྲིན་བསྩལ་བའི་བརྒྱུད་རིམ་གཞིར་བཟུང་ཁྲིམས་བསྐྱར་བཅོས་བྱ་དགོས་པ་རེད་མ་གཏོགས། ༸གོང་ས་མཆོག་གི་གསུང་བ་དེ་ཁྲིམས་ཡིག་གི་ཆ་ཤས་ཤིག་ཆགས་རྒྱུ་ཡོད་པ་མ་རེད་ལ། དེའི་ནང་ལ་ལུང་དྲངས་པ་ཡིན་ནའང་འགྲིག་གི་མ་རེད། ཁྲིམས་ཡིག་ནང་ལུང་འདྲེན་བྱེད་པའི་ལུགས་སྲོལ་ཡང་ཡོད་པ་མ་རེད། ཁྲིམས་ཀྱི་ཡིག་ཆ་བཟོ་སྐབས་བྱུང་རབས་དང་ལུང་འདྲེན། རྒྱུ་མཚན་སོགས་མི་དགོས་པའི་ཐོག་ནས་བཟོ་དགོས་པ་ཞིག་རེད། ཅེས་གསུངས་བྱུང་།

མཐར་བཀའ་ཁྲི་མཆོག་གིས་༧གོང་ས་མཆོག་གི་སྐུའི་འཚོ་བཞུག་སྐོར་གསུངས་དོན། ཉེ་ཆར་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པ་ཡོངས་རྫོགས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ཁོང་དགུང་ལོ་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་གནང་བྱུང་ལ། དེའི་སྔོན་གྱི་དགའ་ལྡན་ཕོ་བྲང་ལོ་སུམ་བརྒྱ་དྲུག་བཅུ་འཁོར་བའི་དུས་ཆེན་ཐོག་གཞུང་དམངས་བརྟན་བཞུགས་སྐབས་སུ་ཡང་༸གོང་ས་མཆོག་གིས་དགུང་ལོ་ ༡༠༨ བཞུགས་རྒྱུའི་ཞལ་བཞེས་གནང་བ་དེ་གནས་ཆུང་བཀའ་ཕེབས་པ་རེད། ཡིན་ནའང་ཞལ་བཞེས་ཏེ་དོན་ལ་གནས་པ་ཞིག་ཡོང་ཐུབ་དང་མ་ཐུབ་དེ་ཆོས་སྐྱོང་བཀའ་ལུང་གཞིར་བཟུང་བོད་རིགས་མང་ཚོགས་ཀྱི་བྱེད་ཕྱོགས་ལ་རག་ལས་ཡོད་སྟབས། མ་འོངས་པར་བོད་མི་ཚང་མ་མཐུན་ལམ་གྱི་ཐོག་ནས་བོད་མིའི་བཟང་སྤྱོད་དང་མཐུན་ལམ། ཆོས་དང་ལེགས་བྱང་མི་ཉམས་རྒྱུན་འཛིན་གྱིས་ཕྱོགས་གཅིག་ནས་བོད་པའི་བསོད་ནམས་གོང་མཐོར་གཏོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོའི་ངང་གནས་ཐུབ་པ་ཡིན་ན་ཞལ་བཞེས་གནང་བ་ལྟར་འགྲུབ་ཐུབ་ཀྱི་རེད་ལ། འགྲུབ་ཐུབ་པར་ང་རང་ལ་ཡིད་ཆེས་ཡོད། ཅེས་གསུང་བྱུང་།

གསར་འགྱུར།

Post navigation

Previous Post: ང་ཤི་རྗེས་སུ་མིག་ཆུ་འཕུད་སྲིད་མཁན་དག་ལ་ཕུལ་བ།
Next Post: ཆོས་སྲིད་ཟུང་འབྲེལ་སྐོར་གྱི་དཔྱད་པ་རགས་པ།

Comments (35) on “༼ བཙན་བྱོལ་བོད་གཞུང་ ༽ཞེས་པའི་མིང་འདི་འཇོག་དགོས།”

  1. ༜࿋དབྱངས་བུ། says:
    2011-05-24 at 4:29 pm

    central tibetan administration CTA ཞེས་པ་ད་བར་དུ་བེད་སྤྱོད་བཏང་དང་གཏོང་བཞིན་ཡོད་ཀྱང་སྤྱི་ཚོགས་ནང་གླེང་སློང་བྱེད་མཁན་བྱུང་མེད་ཀྱང་། ད་ལན་སྒྲིག་འཛུགས་ཞེས་འབོད་ན་འགྲིག་གི་མི་འདུག་ཞེས་ས་བསྒྲགས་གནམ་བསྒྲགས་བྱེད་དོན་གཙོ་བོ་གང་ཡིན་ནམ། མི་མང་ཚོ་གཞི་ནས་གཉིད་བསད་པ་རེད་དམ། བཙན་བྱོལ་བོད་གཞུང་ཞེས་བརྗོད་ན་བོད་རྒྱ་ཞི་མོལ་ལ་ཕན་ཐོགས་ཇི་ཙམ་ཡོད་དམ། ཡང་ན་སྒྲིག་འཛུགས་ཞེས་བརྗོད་ན་གནོད་སྐྱོན་གཙོ་བོ་གང་ཡིན་འཚོ་བའི་གཞན་དབང་ཙམ་མ་ཡིན་པར་རྒྱུ་མཚན་སྒྲུབ་བྱེད་ཡོད་པའི་བཀའ་ལན་གསུངས་དགོས་ཀྱི་མི་འདུག་གམ།

  2. སུ་མ་ཏི། says:
    2011-05-24 at 4:34 pm

    ཆོས་ཀྱི་རྒྱལ་པོ་ཟེར་བ་འདི་ནང་པའི་གཞུང་དང་། བོད་ཆོས་ལུགས་ལྔའི་འགྲོ་སྟངས་གང་གི་ཆ་ནས་དངོས་ཡོད་དང་འགལ་ཞིང་། རྙོག་གཞི་ཆེན་པོར་འགྱུར་བའི་གཞི་འདུག་ན། འདི་བེད་སྤྱོད་མ་བཏང་ན་ལེགས།

    དཔེར་ན། ཆོས་ཀྱི་རྒྱལ་པོ་ཟེར་ན། རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆོས་ལུགས་ཚང་མའི་ཁྲིའི་སྟེང་ལ་ཕེབས་ནས་བཀའ་བཀོད་གནང་རྒྱུ་རེད་དམ། ངེད་ཚོ་རྙིང་མ་ལ་རྙིང་མའི་དབུ་ཁྲིད་ཡོད་ལ། ས་སྐྱ་ལ་བདག་ཁྲི་རིན་པོ་ཆེ་ཡོད། དེ་བཞིན་ཀམ་ཚང་བཀའ་བརྒྱུད་ལ་རྒྱལ་དབང་ཀརྨ་པ་ཡོད་པས། ཆོས་ཀྱི་རྒྱལ་པོ་དེ་འགྲོ་ས་མིན་འདུག ད་ལྟ་རྒྱལ་བ་རིན་པོ་ཆེ་ལ་ཆོས་ལུགས་ཀྱི་བླ་མ་རྣམས་ཀྱིས་ཆོས་ཕྱོགས་ཐོག་ནས་མིན་པར་བོད་གཞུང་དང་མི་དམངས་ལ་གུས་ཞབས་ཀྱིས་ཆབ་སྲིད་ཐོག་ནས་བོད་ཀྱི་དབུ་ཁྲིད་ལ་གོང་བཀུར་ཞུ་བཞིན་ལགས། དཔེར་ན། རྙིང་མའི་འབྲེལ་ཡོད་ཀྱི་བྱ་བ་ཚང་མ་རྙིང་མའི་བླ་མ་རྣམས་ཀྱིས་ཐག་བཅད་པ་ལས་རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུག་དགོས་ཀྱི་མེད། བཀའ་བརྒྱུད་པ་ཡང་དེ་བཞིན་རེད། དཔེར་ན་རྒྱལ་བ་ཀརྨ་པ་སྐྱབས་རྗེ་སི་ཏུ་རིན་པོ་ཆེས་བཀའ་བརྒྱུད་བླ་མ་གཞན་ལ་གྲོས་འདྲིས་ནས་ཐག་གཅོད་པ་ལས་རྒྱལ་བ་རིན་པོ་ཆེ་ལ་བཀའ་ཞུ་དགོས་ཀྱི་མེད། 

    ཆོས་ཀྱི་རྒྱལ་པོ་ཟེར་བ་འདི་རྒྱ་མིའི་རྩ་ནས་ཡོང་བ་རེད། དེ་ལ་གོ་རྒྱུ་དང་ལེན་རྒྱུ་ཅི་ཡང་མེད། 

    དེ་ལས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཅེས་འབུལ་ན། འཚམས་པོ་འདུག

    བསམ་འཆར་ལས་གཞན་དམིགས་ཡུལ་གང་ཡང་མེད་དོ།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2011-05-24 at 4:45 pm

    དུས་བབ་ཚང་ནས་ཟླ་ཚེས་ནོར་བ་ཞིག་བརྒྱབས་འདུག་པ་ལྟར། འདི་ནས་ཀྱང་ཟླ་ཚེས་དེ་བཅོས་ན་ཡག་ས་རེད། ༢༤ཚབ་དུ། ༡༤བརྒྱབས་འདུག

    གང་ལྟར། འདིའི་སྐོར་ལ་བསམ་ཚུལ་ཞིག་གནས་ཚུལ་གཞན་དག་ཁ་གསལ་བོ་ཞིག་ཐོས་རྗེས་སུ་འབྲི་ངེས་ཡིན། ཐུང་ངུ་ཞིག་འདི་ནས་ཞུ་ཆོག གོང་དུ་སྤུན་ཟླ་ཞིག་གི་གསུངས་པ་ལྟར། ཆོས་ཀྱི་རྒྱལ་བོ་ཟེར་བ་དེ་ནི་དངོས་དབྱིན་ཡིག་དང་རྒྱ་ཡིག་སོགས། སྐད་ཡིག་གཞན་གྱི་ཤུགས་ཆེན་ཞིག་ཡིན་པ་དེ་ནི་དངོས་ནས་ཁོང་ཚོས་མ་ཤེས་པ་མིན་པར་རེ་བ་ཡོད་ཅེས་ཞུ་འདོད་བྱུང་སོང་།

  4. དཔལྡན་རྡོ་རྗེ། says:
    2011-05-24 at 5:00 pm

    ད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་ནང་འདས་པའི་ལོ་རྒྱུས་རགས་བསྡུས་འགོད་རྒྱུ་དང་། བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་འཇོག་རྒྱུ། གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་བོ་དང་། བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་གང་རུང་གི་མཚན་གནས་འབུལ་དགོས་པ་བཅས་ལ་སྤྱི་མོས་བྱུང་ཡོད།

    དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་ཐོག་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཡོངས་སུ་མཇུག་བསྒྲིལ་སོང་། ཐེངས་འདིའི་ཚོགས་ཆེན་སྟེང་ཚོགས་བཅར་བ་རྣམས་ཚོགས་ཆུང་བཅུ་ལ་བགོས་ཏེ། གངས་སྐྱིད་ཁུལ་གྱི་ཚོགས་ཁང་དག་ཏུ་བཅའ་ཁྲིམས་བསྐྱར་བཅོས་ཐོག་ཉིན་ ༣ རིང་གོ་བསྡུར་སྦྱང་བཤད་གནང་ཡོད་ཅིང་། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག ཚོགས་བཅར་བ་ཡོངས་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཚང་འཛོམས་ཐོག ཚོགས་ཆུང་ཁག་གི་བསམ་འཆར་སྒྲོག་སྦྱོང་གནང་སོང་།

    ཕྱི་དྲོའི་ཆུ་ཚོད་ ༥ སྟེང་ཐེངས་འདིའི་ཚོགས་ཆེན་སྟེང་གི་གྲོས་དོན་གཙོ་བོ་གཉིས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་དང་དོན་ཚན་དང་པོ་གཉིས་ལ་ལེགས་བཅོས་རེ་བྱས་ཏེ་སྤྱི་མོས་ཐོག་གཏན་འབེབས་བྱས་སོང་།

    སྔོན་གླེང་ནང་ད་ལོའི་ཕྱི་ཟླ་གསུམ་པར་༧གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་གཞི་རྩར་བཟུང་སྟེ། བོད་བཙན་པོའི་རྒྱལ་རབས་ཐོག་མ་གཉའ་ཁྲི་བཙན་པོ་ནས་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་འགན་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་དག་ལ་བགོ་འགྲེམས་བྱེད་ཀྱིན་པའི་བར་གྱི་སྲིད་ཕྱོགས་ཀྱི་ལོ་རྒྱུས་རགས་བསྡུས་བཀོད་འདུག

    དེ་མིན། གནད་དོན་གལ་ཆེན་གཞན་འགའ་ཞིག་ཟུར་དུ་བཏོན་འདུག དེ་དག་ནི་དང་པོ། སྔོན་གླེང་ནང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་ནས་བོད་གཞུང་ས་གནས་སྲིད་གཞུང་ལྟ་བུར་གྱུར་བའི་ཚིག་བརྗོད་བཀོད་ཡོད་པ་དེ་ཕྱིར་བསྡུ་དགོས་པ་དང་། གཉིས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་༧གོང་ས་མཆོག་གི་གསུང་འཕྲིན་གཞིར་བཟུང་། སྔོན་གླེང་ནང་བོད་རྗེ་གཉའ་ཁྲི་བཙན་པོ་ནས་དགའ་ལྡན་ཕོ་བྲང་བར་གྱི་བྱུང་རབས་གསར་དུ་བསྣན་དགོས་པ། གསུམ་པ། བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་འཇོག་རྒྱུ། བཞི་བ། ༧གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོ་དང་། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སོགས་ཀྱི་མཚན་གནས་གང་འོས་ཤིག་འབུལ་དགོས་པ། ལྔ་པ། ༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་པོ་དང་རྒྱལ་མོ་ལྟར། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་བཞེས་གནང་ཡོང་བའི་གསོལ་འདེབས་ཞུ་རྒྱུ། བཅས་ལ་སྤྱི་མོས་བྱུང་སོང་།

    ༧གོང་ས་སྐུ་ཕྲེང་རི་བྱོན་གྱིས་དབྱིན་ཡུལ་གྱི་རྒྱལ་པོ་དང་རྒྱལ་མོ་ལྟར། བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་དམ་མི་རིགས་དབུ་འཁྲིད་ཀྱི་མཛད་འགན་བཞེས་རྒྱུར་ཚོགས་ཆེན་འདིའི་ཐོག་ནས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། དེ་ལ་༧གོང་ས་མཆོག་གིས་ཞལ་བཞེས་མ་གནང་ཚེ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཅུང་གིས་བཟོས་པའི་དོན་ཚན་དང་པོ་དེར་ལེགས་བཅོས་ཀྱིས་རྒྱབ་གཉེར་ཞུས་སོང་།

    ཤོག་ངོས་འདི་ཐེངས་ ༡༤༥ ལ་བཀླགས་འདུག

  5. གཅན་བཟོད་རྒྱམ། says:
    2011-05-24 at 5:00 pm

    དུས་བབ་ཚང་གི་གསར་འགྱུར་འདིའི་མཇུག་ཏུ་ཆད་སྐྱོན་བྱུང་བ་བསྐྱར་བཀོད་བྱས་འདུག་པ་གཤམ་གསལ།

    དུས་བབ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས།
    ༢༠༡༡/༠༥/༢༤ ཉིན་འདོན་སྤེལ་བྱས། ༼ སྔོན་གླེང་ ༽ འདིའི་ནང་དུ་བོད་རྒྱལ་ཁབ་ཀྱི་སྲིད་ལུགས་དང་འབྲེལ་བའི་ལོ་རྒྱུས་རགས་བསྡུས་བཀོད་འདུག

    ༼ དོན་ཚན་དང་པོ ༽ འདིའི་ནང་དོན་གཤམ་གསལ་ལྟར་རེད།
    ” བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཆོས་ཀྱི་རྒྱལ་པོ་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་དང་འཇིག་རྟེན་ཞི་བདེ་དེད་དཔོན། བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་དེའི་ཆིག་སྒྲིལ་གྱི་མཚོན་རྟགས། གཞེས་བྱེས་བོད་མི་ཡོངས་ཀྱི་འབོད་སྒྲ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། རིག་གཞུང་། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།
    ༡ ༽ བོད་མིའི་བདེ་དོན་དང་བསམ་སྤྱོད་ཡར་རྒྱས། ཆོས་དང་རིག་གཞུང་། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛིགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།
    ༢ ༽ ༧གོང་ས་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང་། མགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་། བཀའ་སློབ་ལམ་སྟོན་གནང་རྒྱུ།
    ༣ ༽ བཙན་བྱོལ་བོད་གཞུང་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བོད་ཀྱི་རྩ་དོན་བསྒྲུབ་སླད་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཁག་དུས་ཡུན་རྒྱས་བཅད་དུ་བསྐོ་འཛུགས་གནང་རྒྱུ “

  6. སློབ་དཔོན་ཀརྡོ་ says:
    2011-05-24 at 10:07 pm

    “བཙན་བྱོལ་བོད་གཞུང་” ལ། “བཙན་བྱོལ་བོད་མིའི་སྒྲིག་འཛུགས་”ཞེས་བཅའ་དགོས་མེད་པ་དང་། “བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”གྱི་ཚབ་ལ་”བདེན་པ་ཉིད་རྒྱལ་འགྱུར་ཅིག” དགག་དགོས་མེད་པ་ཨ་ཡིན་ནམ་། དང་ཐོག་གཟབ་དོང་རིན་པོ་ཆེ་བཀའ་ཁྲི་ཐེངས་གསུམ་པར་མུ་མཐུད་བསྟུད་མར་མེད་པ་ལ་སེམས་ངལ་བྱས། ཐེངས་གསུམ་་པགནང་བ་ལས་ལྷག་པ་རྒྱ་བོད་འབྲེལ་མཐུད་ལ་ཕུག་རྒྱང་རིང་པོའི་ལས་འགུལ་པའི་ཚོགས་པའི་མིང་དང་། ལྟ་བ་དང་མཐུན་པའི་ཟིན་བྲིས་ལ་འདོད་བློ་མ་ཁེངས་ནས་མང་མོས་མ་ཐོབ་པ་མ་རེད་པེ། ད་ངས་ཅང་མེ་ཤེས་ཀྱང་། །དགེའོ། །

  7. གཞོན་ནུ་ཟླ་མེད says:
    2011-05-24 at 10:58 pm

    ཡ་མཚན། ད་ནང་ཞོགས་པ་ལས་ཀ་མ་སོང་སྔོན་ལ་རྩོམ་ཡིག་འདིའི་གཤམ་འོག་ལ་མཆན་ཞིག་རྒྱབ་ནས་སོང་པ་ཡིན་མོད། ད་ཕྱིར་ཡོང་ནས་བལྟས་དུས་མཆན་དེ་གར་སོང་ཆ་མེད་ཆགས་ཚར་འདུག དེ་ག་རེ་ཡིན་ནམ།

  8. སྐྱུ་རྩི་ནས། says:
    2011-05-25 at 1:54 am

    ༧གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་ཕུལ་ན་མི་འགྲིག་པའི་རྒྱུ་མཚན་ཅི་ཡོད། འཛམ་གླིང་ནང་རྣམ་དཔྱོད་ལྡན་པའི་སྐྱེས་བོ་ཀུན་གྱིས་འཚེ་མེད་ཞི་བའི་ལམ་སྟོན་དུ་བཀུར་ནས་ཞལ་མཇལ་གསུངས་ཐོས་མི་རག་པའི་དཀའ་ངལ་ཡོད། རང་ཅག་བོད་པ་ཚང་ལ་ནི་སྔ་ཕྱི་ཀུན་ཏུ་མགོན་པོ་ཁོང་ལས་བཀའ་དྲིན་ཆེ་བ་མེད།
    དཔེར་ན་འབྲས་ལྗོངས་རྒྱལ་པོ་ལ་འབྲས་ལྗོངས་ཆོས་རྒྱལ་དང་། དེ་བཞིན་ཐའི་རྒྱལ་པོར་མི་རྣམས་ཀྱིས་ལྷ་བཞིན་བཀུར་གྱི་ཡོད། འོ་ན་འབྲས་ལྗོངས་ཆོས་ཀྱི་རྒྱལ་པོས་ས་དགེ་ཀ་རྒྱུད་བོད་དང་བཅས་པའི་ཆོས་ཁྲིར་ཕེབས་ནས་མདོ་སྔགས་ཀྱི་དབང་ལུང་གནང་བ་བྱུང་ཡོད་དམ།

  9. ཨ་ཁུ་སྟོན་པ་ says:
    2011-05-25 at 4:38 am

    -༈ གོང་གི་མཆན་བཀོད་པ་སུ་མ་ཏི་ལ་རྒྱབ་སྐྱོར་ཡོད། བོད་འབངས་ཡོངས་ལ་བཀའ་འདྲིན་ཆེ་བ་ཅེས་པ་ནི། དམིགས་བསལ་གྱིས་༧རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཁོ་ན་ཡིན། དེ་མིན་༧རྒྱལ་བ་གོང་མ་རྣམས་ཀྱིས་ཆོས་ལུགས་ལ་འཐེན་འཁྱེར་ཆེན་པོ་ཞེ་དྲག་གནང་ཡོད། ༧རྒྱལ་བ་སྐུ་ཕྲེང་ ༡༣ པ་གོང་གི་རྣམ་ཐར་དང་ཆོས་བརྒྱུད་ཁག་གི་ཆོས་བྱུང་ལོ་རྒྱུས་སོགས་ལ་གཟིགས་ནས་མཁྱེན་པར་གྱུར། དེར་བརྟེན་༧རྒྱལ་བ་རིམ་བྱོན་ཚང་མ་ལ་བོད་ཀྱི་ཆོས་ཀྱི་རྒྱལ་པོའི་གོ་གནས་ཕུལ་ན་ཐལ། གང་ལ་ཞུས་ན་༧རྒྱལ་བ་སྐུ་འཕྲེང་ ༡༥ པ་མན་ཆད་ཀྱིས་ཆོས་ལུགས་རིས་མེད་ཀྱི་བྱ་བ་ལ་བཞུགས་དང་མ་བཞུགས་ཀྱི་གདེངས་ཚོད་སུ་ལ་ཡོད། རང་རང་སོ་སོའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་དེ་ཆོས་བརྒྱུད་སོ་སོའི་༧སྐྱབས་མགོན་རྣམ་པའི་མ་འཐུས་པ་མེད། དེ་བཞིན་ཆོས་ལྡན་ལས་ཁུངས་ནང་ཆོས་བརྒྱུད་ལྔ་བོན་དང་བཅས་པའི་འཐུས་མི་འདམ་ནས་ཆོས་བརྒྱུད་དང་ཆོས་ལུགས་ཀྱི་བདེ་སྡུག་ཞུ་ས་དེ་ཆོས་ལྡན་ལས་ཁུངས་རང་གི་འགན་གནད་བཞེས་ན་མ་འགྲིག་མིན་འདུག། དེ་ལྟར་མ་གནང་ན་མ་འོངས་པར་དུས་ནམ་ཞིག་ན་ཆོས་བརྒྱུད་དམ་ཆོས་ཀྱི་རྒྱལ་པོ་དེའི་ཐོག་རྙོགས་འཛིང་ཡོང་རྒྱུ་ངེས་བརྟན་ཁེལ་བ་ཡིན། །དེར་བརྟེན་དུས་ད་ལྟ་ནས་སྦྱང་བཤད་གང་ཟབ་གནང་ཐུབ་ན་གང་བཟང་བཟང་ཡིན་པ་སྙམ།
    དེ་བཞིན་བོད་གཞུང་ནས་དགའ་ལྡན་ཕོ་བྲང་གི་ལོ་འཁོར་དུས་དྲན་སྲུང་བརྩི་ཞུ་བ་དེ་ཡང་དུས་ད་ནས་བཟུང་མཚམས་འཇོག་གནང་དགོས། གང་ལ་ཞུས་ན་༧ཐམས་ཅད་མཁྱེན་པ་༧གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་གི་གཞུང་དེ་མཇུག་སྒྲིལ་བསྒྲུབས་པ་ཡིན། དཔེར་ན་སྡེ་སྲིད་དང་ཕག་གྲུ་སོགས་ཀྱི་གོང་གི་སྲིད་གཞུང་བཞིན་ནོ།། མི་མང་རྣམ་པ་དགོངས་པ་རྒྱ་ཆེན་བཞེས་དགོས། ངེད་འདིར་གོང་དུ་བཀོད་པ་རྣམས་འགྲན་སེམས་དང་ཕྲག་དོགས་ཀྱིས་མ་ཡིན་པར་ལྷག་བསམ་རྣམ་དག་ཐོག་ནས་མ་འོངས་པར་མི་རབས་ནས་མི་རབས་ང་རང་ཚོའི་བོད་དེ་བརྟན་པོ་དང་ཆོས་སྲིད་གཉིས་ཀའི་ལས་དོན་ཕུལ་དུ་ཕྱིན་པ་ཡོང་བའི་ཆེད་དུ་ཡིན།།
    ཐུགས་རྗེ་ཆེ།། བོད་རྒྱལ་ལོ།། །།

  10. རིག་འབྱུང་རྒྱ་མཚོ says:
    2011-05-25 at 8:35 am

    བོད་གཞུང་གི་ཐ་སྙད་འགྱུར་བ་མ་བཏང་ན་མ་འོངས་བ་མི་ལེགས་ཚུལ་ནི་འདྲེའི་སེམས་ལ་མ་ཤར་གོང་ནད་པའི་སེམས་ལ་ཤར་བའི་དཔེ་ལས་མ་འདས། ཁྲིམས་ལུགས་ནི་གནས་སྟངས་དུས་ཚོད་ལ་རྟེན་ནས་བཟོས་པས་གསན་ཚུལ་ལ་འགྱུར་བ་ཕྱིན་ཚེ་ཁྲིམས་ལུགས་ལ་འགྱུར་བ་འགྲོ་ངེས་རེད། རྒྱ་གར་གྱི་ཁྲིམས་ལ་ཡིན་རྟོན་ག་ལ་རུང་། དུས་ཚོད་དང་རྒྱ་གར་གྱི་ཁེ་ཕན། བོད་ཀྱི་འཇོན་ནུས་བ་རྟེན་ནས་རྒྱ་གར་གྱིས་ཐག་གཅོད་བྱེད་ངེས་རེད། ཟམ་གདོང་གི་ཡོད་ཚད་ཁྲིམས་ལུགས་བཟོ་དགོས་ཟེར་བ་གཞི་འཛིན་ས་མེད་དེ། རྒྱ་གར་ལ་ཁྲིམས་ལུགས་ངེས་ཅན་ཞིག་མེད་པས་སོ། མིའི་གནས་སྟངས་ལ་ལྟོས་ན་ཁྲིམས་ལུགས་རེ་ཡོད་པ་ཤེས་ན་ལེགས། ཟམ་གདོང་མགྱོགས་པོ་བཀའ་ཁྲི་ནས་ཐོན་པ་སྨོན། ཐོན་བཞིན་པ་ཡང་སྒུག་ཐབས་མི་འདུག

  11. འོད་ཡུག་པའི་འཁྱམས་པོ། says:
    2011-05-25 at 10:17 am

    སུ་མ་ཏི་སེམས་ཁྲལ་མ་བྱེད་༸གོང་ས་མཆོག་གིས་ས་རྙིང་དཀར་གསུམ་སོགས་ཀྱི་ཆོས་ཀྱི་དབང་ཆ་འཕྲོག་རྩིས་མིན་འདུག དེ་འདྲའི་སེམས་པ་ཆུང་བ་དང་གནས་ལུགས་མི་ཤེས་པའི་མི་གཅིག འཛམ་གླིང་ཞི་བདེའི་དེེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་མངའ་བདག་ཡིན་ཡིན་པ་མ་རེད་པས།

  12. དམ་ཆོས་རྒྱ་མཚོ། says:
    2011-05-25 at 3:38 pm

    ང་ལ་བསམ་ཚུལ་མདོར་བསྡུས་ཞིག་ཡོད། ༧གོངས་ས་མཆོག་ནས་སྐུ་དབང་དེ་ཡང་མ་འོངས་པའི་དམངས་གཙོའི་གཞུང་དང་དེའི་དབུ་ཁྲིད་ལ་གནང་གཏན་འཁེལ་བ་དེ། བོད་དང་བོད་མིའི་མ་འོང་པའི་མདུན་ལམ་ཐད་ཐུགས་དགོངས་རྒྱང་གཟིགས་མཛད་ནས་གནང་བ་རེད།  དེ་འདྲ་ཡིན་དུས། དེ་ལ་རྔམ་སྐྲག་བྱེད་ཡག་ཞིག་རྩ་བ་ནས་ཆག་གི་ཡོད་མ་རེད་ལ།  ཚ་གི་་ཚི་གི་ལ་ངང་ལམ་སང་དུས་ཚོད་ཐུང་ཐུང་ཞིག་ནང་ཁྲིམས་ལུགས་བསྒྱར་བཅོས་བཏང་བ་དང་། རྒྱལ་ཁབ་ཞིག་དང་མི་རིག་ཞིག་གི་ཆེད་དུ་ལ། མིང་དོན་གང་ལའང་མི་འཚམས་པའི་ཐ་སྙད་ཞིག་ཚབ་བཅུག་ནས་བཙན་བྱོལ་བོད་གཞུང་ཞེས་པ་དེས་མིང་དེ་བསྒྱུར་བཞག་ན། རྒྱ་ནག་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོག་མདུན་ལ་ཞབས་འདྲེན་ཆེན་པོ་ཞིག་ཆག་གི་རེད། 
    དེ་ལས་༧ གོངས་ས་མཆོག་ལ་དགོངས་བསྐོར་དང་འབྲེལ། ཡང་ན་འཆར་གཞི་སྤྱན་འབུལ་ཞུ་བ་སོགས་བྱས་ན་ལུགས་དང་མཐུན་པ་ཞིག་ཆག གི་རེད།༩ གོངས་ས་མཆོག་ནས་བགྲེས་ཡོལ་གནང་རྒྱུ་ཐུགས་གཏན་འཁེལ་ན་ཡང་ད་ལྟའི་འཆར་ཕྱག་ལས་གནང་བཞིན་པ་སོང་ཙང་། མུ་མཐུད་བཀའ་བསྡར་ཞུ་ཡུལ་དེ་༧ གོངས་ས་མཆོག་ལས་ལྷག་པ་ཞིག་གཏན་ནས་མི་རག། ༧གོངས་མཆོག་བཀའ་དང་བསྟུན་ནས་ཐག་བཅད་ན་མཚམས་ཤོས་ཆག་གི་རེད། 
    ༧གོངས་མཆོག་བགྲེས་ཡོལ་གནང་ན་ཡང། དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་གནང་བའི་སྲིད་དབང་དེ་འཇུགས་བསྒྲིལ་བ་མ་གཏོག། བོད་བཙན་བྱོལ་གཞུང་གནས་བསྡད་ཡོད་རེད། 

    ༧སྤྱི་མཐུན་ཚོགས་གཙོ་གསུང་གསལ། 

    དང་པོ་༧གོངས་ས་མཆོག་བཀའ་དང་མཐུན་མིན།
    གཉིས་པ་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་མིན། 
    གསུམ་པ་རྒྱ་ནག་གནོན་ཤུག་གི་རྐྱེན་གྱི་བྱས་པ། 

    དང་པོ། ༧གོངས་ས་མཆོག་ནས་ཆོ་འཕྲུལ་དུས་ཆེན་ཉིན་གསུང་པའི་བཀའ་སློབ་ལས་དབྱིན་ཡིག་ནང་ Government ཞེས་པ་དེ་་     
    Central Tibetan Administration ཞེས་བསྒྱུར་དགོས་ཞེས་དང་། ཡང་གོངས་ས་མཆོག་ནས་མུ་མཐུད་ནས་གསུང་དོན། བོད་ཡིག་ནང་གི་བོད་གཞུང་ཞེས་པ་དེ་མུ་མཐུད་བཞག་ན་འགྲིག་གི་རེད། གང་ཡིན་ཞེ་ན། དཔེར་ན་དགོན་པ་གཞུང་དང་གྲྭ་ཚང་གཞུང་ཞེས་བཏགས་སྲོལ་ཡོད་གསུང་གནང་སོང་།  

    དེ་འདྲ་ཡིན་དུས། ང་ཚོ་བོད་ཡིག་གི། གཞུང་ཞེས་པས་ཐ་སྙད་དེ་སྒྲིགས་འཛུགས་ཆེ་ཆུང་གང་ལའང་ཁྱབ་ཐུབ་པ་ཞིག་ཡིན་དུས་། མུ་མཐུད་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་བོད་སྐད་ཐོག་རང་འཇག་བཞག་དགོས་གི་རེད། 
    བོད་གཞུང་ཞེས་པ་དེ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་གཟུང་ད་བར་མི་ལོ་སྟོང་ཕྲག་གཉིས་དང་གཅིག་བརྒྱ་སུམ་ཅུ་སོ་བརྒྱད་བར་བོད་གཞུང་ཞེས་པའི་ཐ་སྙད་འདིའི་འོག་གནས་ཡོད་པ་དང་། མ་ཟད་
    ང་ཚོ་བཙན་བྱོལ་ལ་ཆགས་ནས་མི་ལོ་ལྔ་བཅུའི་རིང་ཡང་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་མུ་མཐུད་ནས་གནས་པ་རེད། 
    དེས་བྱས་ནས་ད་ལྟའི་བར། རྒྱ་མིའི་དབང་བསྒྱུར་བྱས་མིན་ལ་མ་ལྟོས་པའི་བོད་མི་ས་ཡ་དྲུག་གི་ངོས་ནས་བོད་རྒྱལ་ཁབ་དེ་ནམ་ཡང་གསོན པོ་གནས་བསྡད་པ་ཞིག་མཚོན་ཡོད།
     བསྒྲིགས་འཛུགས་ཞེས་པ་དེ་ལས་ཀའི་ངོ་བོ་ཞིག་མ་གཏོག་ཆབ་སྲིད་དང་གཞུང་གི་ངོ་བོ་གང་ཡང་མཚོན་མི་ཐུབ་ལ། དེས་ན་བོད་མའི་གཞུང་གི་བསྒྲིགས་འཛུག་ཞེས་པས་ཐ་སྙད་ཀྱི་གསལ་ཁ་ཞིག་གཏོད་པ་ཡིན་ན། རྒྱལ་ཁབ་ཞིག་དང་མི་རིགས་ཞིག་གི་གཞུང་གི་ངོ་བོ་བརླགས་འགྲོ་བ་མ་ཟད་། ཆབ་སྲིད་དང་ཁྲིམས་ཐོག་ནས་ཀྱང་ལས་ཁུང་ཞིག་མ་གཏོག། སྲིད་གཞུང་ཞིག་མིན་པ་ལྟར་བསྒྲིགས་འཛུག་ཞེས་པའི་ཐ་སྙད་དེས། རང་བཞིན་གྱིས་ནུས་མེད་ཞིག་དུ་འགྱུར་སྲིད།

    གཉིས་པ། 

     རྒྱ་གར་གཞུང་གི་ཁྲིམས་དང་མཐུན་མིན་ཐོག་བསྒྱུར་བཅོས་བཏང་བ་ཡིན་གསུང་ན། 

    དེ་ནས་རྩ་དོན་ལ་བསམས་བློ་གཏན་ནས་མ་གཏང་བ་རང་རེད། 

    གང་ཡིན་ཞེ་ན། རྒྱ་གར་གཞུང་ངོས་ནས། འདས་པའི་ལོ་ལྔ་བཅུ་ལ་གནས་ཐུབ་པ་དེ། མང་གཙོའི་ལུང་པའི་ནང་མི་ཁ་ཤས་ཀྱི་བཤད་སྲོལ་ལ་གཏམ་བརྗོད་རང་དབང་ཐོག་གང་དྲན་བཤད་པ་ངོས་འཛིན་བྱེད་རྒྱུ་མ་གཏོགས། བཤད་ཚད་འགྱུར་བ་བཏང་དགོས་ན་བཏང་ཚོད་གང་ཡང་ཡོད་མ་རེད།  དེ་ཙམ་ཞིག་ལ་གཏན་ནས་འགྱུར་བ་བཏང་བཅུག་གི་མ་རེད། 
    ཡིནའང་། སྤྱིར་བོད་མི་སྤྱི་དང་ལྷག་པར་གནད་ཡོད་མི་སྣའི་ངོས་ནས། རྒྱ་གར་གཞུང་གི་ཁྲིམས་དང་མི་མཐུན་པས་རིགས་ལ་ཐུགས་གཟབ་མ་གནང་ན། ལམ་སང་དེས་ཐོག་འགྱུར་བ་ཞིག་འགྲོ་མི་སྲིད་པ་མ་རེད། 
    དེ་མིན་༧གོངས་ས་མཆོག་སྐུ་དབང་ཡོད་རིང་རྒྱ་གར་ནང་མི་ལོ་ལྔ་བཅུའི་རིང་གནས་ཐུབ་པ་དེ། སྐུ་དབང་ལ་འགྱུར་བ་བཏང་མིན་ལ་མ་ལྟོས་པ། གོངས་ས་མཆོག་ད་ལྟ་སྐུ་འཚོ་ཞིང་བཞུགས་བསྡད་ཡོད་རེད། དེར་བརྟེན་བཙན་བྱོལ་བོད་གཞུང་ཞེས་པས་གནས་བབས་དང་ཐ་སྙད་དེ་གནས་ཐུབ་མདོག་ཁ་པོ་རེད།

     མ་ཟད་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཡང་འགྲན་རྩོད་དང་མི་མཐུན་པ་མི་ཉུང་བ་ཞིག་ཡོད་ཙང་། བཙན་བྱོལ་གཞུང་དེ་རྒྱ་གར་ལ་ཕན་མ་གཏོག་གནོད་པ་གཏན་ནས་མེད། གལ་སྲིད་ཐ་སྙད་དེ་མེད་པ་ཆགས་ན་རྒྱ་གར་གཞུང་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་བྱེད་དེ། ནུས་མེད་ཀྱི་ལག་ཆ་ཞིག་དང། རྒྱ་ནག་གཞུང་ངོས་ནས་དགོས་འདུན་གྱི་ཆ་རྐྱེན་དང་པོ་དེ་ཚང་གི་ཡོད། ང་ཚོ་བོད་མིའི་ངོས་ནས་རང་དབང་བསྐྱར་གསོ་བྱ྄ེད་པའི་ནུས་པ་ཆེ་ཤོས་དེ་ཉམས་ཡོད། 
    གང་ཡིན་ཞེ་ན། བོད་ཕྱི་ནང་གཉིས་རྡོག་རྩ་གཅིག་བསྒྲིལ་གནས་པ་ལ་བོད་བཙན་བྱོལ་གཞུང་ཞེས་པའི་ཐ་སྙད་མ་གཏོག་བོད་མིའི་བསྒྲིགས་འཛུགས་ཞེས་པ་དེའི་རྡོག་རྩ་གཅིག་བསྒྲིལ་གནས་པ་ཁག་པོ་ཞི་དྲག་རེད། 
    རྒྱ་ནག་གཞུང་ནས་ཡང་བོད་ནང་གི་བོད་མི་ལ་རྟག་པར་བོད་བཙན་བྱོལ་གཞུང་ཞེས་པ་དེ་ཁྲིམས་འགལ་གཞུང་ཞིག་རེད་བཤད་པ་དེ་ཡང་དོན་གནས་ལྟར་ཆག་ནས། བོད་ནང་གི་བོད་མི་དག་སེམས་ཤུགས་ཆག་གཞིའི་ཉེན་ཁ་ཞིག་ཏུ་ཡང་འགྱུར་སྲིད། 

    དེ་འདྲ་ཡིན་དུས། ༧གོངས་ས་མཆོག་བཞུགས་རིང་། བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་འདི་ཉིད་བསྒྱུར་དུ་མི་རུང་བ་མ་ཟད། མུ་མཐུད་གནས་ཡག་ཐད་བཀའ་ཤག་གསར་རྙིང་གཉིས་ནས་རྒྱ་གར་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནང་འབད་བརྩོན་གནང་ཡག་ཧ་ཅང་གི་གལ་འགངས་ཆེན་པོ་རེད་ལ། གོ་སྐབས་ཡག་ཤོས་དེ་ཡང་༧གོངས་ས་མཆོག་སྐུ་ཚུར་བཞུགས་སྐབས་རེད་ལ་། བཀའ་སྤྱི་གཉིས་གི་ལས་འགན་ཆེ་ཤོས་དང་ཁ་ཚ་དགོས་གཏུག་ཀྱི་ཕྱག་ལས་གཙོ་བོ་དེ་རེད། 

    མ་ཟད་རྒྱ་ནག་ངོས་ནས་བོད་ལ་འཛིན་པས་ཆབ་སྲིད་ལ་འགྱུར་བ་བཏང་གི་མེད་པ་མ་ཟད།སྲིད་ཇུས་འཁྲེགས་རུ་བཏང་བ་ཡིན་ན། ང་ཚོས་ངོས་ནས་རྒྱལ་སྤྱི་ཚོགས་ལ་བཙན་བྱོལ་བོད་གཞུང་ཁས་ལེན་བྱེད་རོག་གྱིས་ཞེས་འབོད་བསྐུལ་ཞུ་བའི་དུས་སྐབས་ཞིག་ལ་སླེབས་ཡོད། འགྱུར་བ་བཏང་ན་སྐབས་དེར་མཛུབ་གུ་ཁ་ལ་བཅུག་ནས་བས྄ད་དགོས་ཆག་ཡོང་། དེར་བརྟེན་བོད་གཞུང་ཞེས་པ་དེ་བསྒྲིགས་འཛུག་ཞེས་པའི་ཐ་སྙད་ཞིག་ལ་འགྱུར་བ་སོང་ཕྱིན་སོང་ན། རིན་ཐང་ཡོད་པ་དེ་མེད་པ་ཞིག་འགྱུར་སྲིད། 

    གསུམ་པ། གལ་སྲིད་སྤྱི་ལོ་༢༠༠༨ ལོའ་རྗེས་བོད་མའི་རྩ་ཁྲིམས་ལུང་བསྒྲངས་ནས་རྒྱ་ནག་གཞུང་ནས་རྒྱལ་ཁབ་ཁ་ཤས་ལ་གནོན་ཤུགས་སྤྲད་ཤག་དེས་བྱས་ནས་འགྱུར་བ་བཏང་ཡིན་གསུང་ན། དེ་ནི་དེ་བས་ཀྱང་མ་འཚམས་པ་ཞིག་རེད། གང་ཡིན་ཞེ་ན། བོད་མི་དམངས་སྤྱི་མཐུན་ལྷན་ཁང་དེ་བོད་མི་དམངས་ཀྱི་སྐུ་ཚབ་ལྷན་ཚོགས་ཞིག་རེད་མ་གཏོག། རྒྱ་ནག་གཞུང་གི་སྐུ་ཚབ་ཞིག་མ་རེད། དེས་ན་རྒྱ་ནག་གནོན་ཤུགས་ཙམ་ལ་སྐྲག་ནས་འགྱུར་བ་བཏང་ན། རྒྱ་ནག་གི་དགོས་འདུན་བསྒྲུབས་པ་རང་རེད། 
    རྒྱ་ནག་གཞུང་ནས་ཐོག་མཐའ་བར་གསུམ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་མཚམས་བཞག་མྱོང་མེད། དེ་ལ་བརྟེན་ནས་བསྒྱུར་བཅོས་བཏང་དགོས་ན། ད་ལྟའི་བཙན་བྱོལ་བོད་གཞུང་འདི་སྔ་ས་ནས་གནས་མ་ཐུབ་པ་ཞིག་ཆགས་བསྡད་ཡོད། ༥༩ ལོའི་གོང་དུ་བོད་གཞུང་ཞེས་རྒྱ་ནག་གཞུང་ནས་ཁས་མི་ལེན་ན་ཡང། བོད་ས་གནས་སྲིད་གཞུང་ཞེས་ད་ལྟའི་བར་རྒྱ་ནག་ཁོ་རང་ཚོའི་ཡང་བཤད་བསྡད་གི་ཡོད་རེད། 
    བཙན་བྱོལ་གཞུང་ལ་ཡང་། ཡུལ་གྱར་སྲིད་གཞུང་ཞེས་རྒྱ་ནག་གཞུང་གི་སྲིད་གཞུང་ཞིག་ཡོད་པ་ངོས་འཛིན་བྱེད་བསྡད་གི་ཡོད་རེད། 

    དེར་བརྟེན་ང་ཚོས་མིང་དེ་ནུས་མེད་ཞིག་དུ་བསྒྱུར་བཞག་ན། 
    རྒྱ་ནག་བསྡད་བསྡད་པ་རེ་འདོད་དེ་ང་ཚོས་བསྒྲུབ་བ་འདྲ་བོ་ཞིག་དང་། 
    ༧་གོངས་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་དེ་ལ་ཡང་། གཞུང་ཞབས་ལས་ཚོས་མ་དགའ་ནས་རྣམ་རྟོག་ཀོ་ལོང་དང་བཅས། རྩ་དོན་བློས་བཏང་བཞག་པ་འདྲ་བོ་ཞིག་ཆག་སྲིད། 
    དེས་ན་བོད་དང་བོད་མིའི་གནས་སྐབས་ཀྱི་རྩ་དོན་དང་འཕྲལ་ཕུག་གི་དམིགས་ཡུལ་ལ་དགོངས་ནས་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་འགྱུར་བ་བཏང་མི་དགོས་པ་ཞིག་ལ་འབད་རོགས་ཞུ། གལ་སྲིད་འགྱུར་བ་བཏང་བ་ཡིན་ན་མ་འོང་པ་བདེན་དོན་རྩོད་པའི་གཞི་རྩ་དེ་མ་གནས་པ་ལྟར་ཆག་སྟབས། དེ་ནས་སྒྲིག་འཛུགས་ཞེས་པ་དེའང་མ་འོང་པ་གང་ཞིག་ལ་འགྱུར་མིན་ཐེ་ཚོམ་རེད། 
    དེས་ན་རྩ་དོན་གཞི་ལ་བཞག་པའི་ཐོག་དཔྱད་པ་བྱེད་པ་བརྒྱུད། བཙན་བྱོལ་བོད་གཞུང་ཞེས་པས་ཐ་སྙད་ངེས་པར་དུ་གནས་དགོས་པའི་དགོངས་འཇགས་ཡོང་བར་ཞུ། 

    ། ཤར་སྤྲུལ་དམ་ཆོས་རྒྱ་མཚོ་ནས་ཕུལ།

    སྤྱི་ལོ་༢༠༡༡/  ༥ /༢༡ ལ་ཕུལ། 

     

  13. Gonpo says:
    2011-05-25 at 3:55 pm

    ང་ཚོའི་དགོངས་པ་དང་དགོངས་གཞི་ཤེས་དགོས།
    འཛམ་གླིང་ཞི་བདེའི་དེད་དཔོན་བདག་ཉིད་ཆེན་པོ་སྟན་འཛིན་རྒྱ་མཚོ་མཆོག་ནས་འཇིག་རྟེན་ཆོས་བརྒྱད་དང་བྲལ་བའི་འཇིག་རྟེན་ལས་འདས་བའི་ཡང་དག་པའི་ལྟ་བ་དང་། སེམས་པ་ཆེན་པོའི་ཐུགས་རྗེའི་རང་མདངས་ཞིག་རེད། ང་ཚོའི་འཇིག་རྟེན་བའི་བསམ་ཚུལ་དོར་ནས། མཐའ་བཞི་མཐའ་བརྒྱད་དང་བྲལ་བའི་དགོངས་པ་ལ་དགོངས་པ་དང་མི་འགལ་བའི་ཆོད་སེམས་དང་། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། ད་ལམ་འཛམ་གླིང་མི་དམངས་འདུན་རྒྱ་དམར་གི་གདོང་རིས་ཚ་ལམ་ལམ་ཡོང་བའི་ཞི་བའི་ཉི་འོད་དང་བདེན་པའི་རྒྱལ་མཚན་སྒྲེང་བ་རེད། མཚན་གནས་གང་བྱུང་ཕུལ་ན། རྣམ་པ་འགྱུར་བའི་རྒན་ཡོལ་ཟེར་ངེས་བས་ཟབ་ཟབ་གནང་དགོས། འཕགས་པའི་དགོངས་པ་གང་ཡིན་ཟེར་ན། མཚན་གནས་ཐོབ་པ་མེད། མཚན་གནས་མ་ཐོབ་པ་མེད་བ་དེ་རེད། འཇིག་རྟེན་པ་ནི་མཚན་གནས་ཐོབ་པ་མེད་ལ་། མཚན་གནས་མ་ཐོབ་པ་ཡང་ཡོད་དོ།

  14. མེ་ཏོག་དཀར་པོ། says:
    2011-05-25 at 4:02 pm

    མགོན་པོས་ཤེས་རབ་སྙིང་པོ་འདྲ་པོ་ཞིག་བྲིས་འདུག

  15. སུ་མ་ཏི། says:
    2011-05-25 at 9:10 pm

    འུ་ཡུག་པའི་འཁྱམས་པོ་ལགས།

    ང་སེམས་ཁྲལ་བྱ་དགོས་པའི་དོན་དེ་ཁྱེད་ཉིད་ཀྱི་མི་ཤེས་མོད། འདིར་གསལ་བཤད་ཐུང་ཐུང་ཞིག་འབུལ་རྒྱུ།

    ངས་རྒྱལ་བ་རིན་པོ་ཆེ་ཞུགས་ས་དང་ལས་ཀ་མེད་པའི་དབང་གིས་གཞན་གྱི་རྐུབ་སྟེགས་ལ་ཚང་ག་རྒྱབ་པར་བཤད་ཀྱི་མེད།
    ངས་གཞན་པ་ཚོས་རང་གི་ལས་འགན་འཁུར་མ་འདོད་པར་རྒྱལ་བ་རིན་པོ་ཆེར་ཁོང་ཚོའི་ལས་འགན་དེ་བཙན་འགེལ་བྱ་རྒྱུར་སེམས་ཁྲལ་ཡོད་སྟབས། ཆོས་ལུགས་རང་རང་སོ་སོས་འགོ་པ་བེད་སྤྱོད་བྱས་ནས་རྒྱལ་བ་རིན་པོ་ཆེ་དེ་ངལ་གསོར་འདུག་བཅུག་དགོས་པའི་རེ་བ་ཡིན། གསལ་པོ་བྱུང་མིན་འདུག་

    ང་ཚོ་བཙན་བྱོལ་བའི་ནང་ལ། ང་རང་ཚུད་པའི། གཤིས་ངན་སྡུག་ཤོས་དེ་ལེ་ལོ་དང་བག་ཁུམས་དེ་གཉིས་ཡིན། དེ་ན། ཚང་མ་རྒྱལ་དབང་རིན་པོ་ཆེའི་དབུ་ལ་གཡོགས་པ་དེ་རེད། ལྟོས་དང་། དངུལ་འདི་འདྲ་མང་པོ་བཏང་། དུས་ཚོད་འདི་འདྲ་མང་པོ་བཏང་། དཀའ་ལས་འདི་འདྲ་མང་པོ་བརྒྱབ། གནམ་ས་ཚང་མར་བཙལ་ནས། མི་བཞི་བརྒྱ་ལྷག་རྡ་སར་སྐད་བཏང་ནས་རིགས་པ་འདོན་ཤོག་ཟེར་དུས། ཆོས་ཀྱི་རྒྱལ་པོ་ཟེར་བ་ཚིག་དེ་རེད། ངུ་ན་ངུ་མི་ཤེས་གད་ན་བགད་མི་ཤེས་པའི་འཚོར་བ་མངར་སྐྱུར་འདི་འདྲ་སྤད་དུས་ཁོང་ཁྲོ་ལོས་ཟ།

    ཉེ་ཆར་མི་ལ་ལས་རྒྱལ་བ་རིན་པོ་ཆེར་ཆོས་ཀྱི་རྒྱལ་པོ་ཟེར་བ་འདི་བསྟོད་པ་མིན་གྱི་སྨད་པ་རེད། ཆོས་ཀྱི་རྒྱལ་པོ་ཟེར་དུས། ཆོས་ཤེས་མཁན་དང་ཤོད་མཁས་པོ་དེ་ཚོར་ཟེར། དཔེར་ན། ཆོས་ཀྱི་རྒྱལ་པོ་མང་པོ་ཡོད། ཆོས་ཚོགས་ཁག་གི་བླ་མ་དེ་ཚོར་ཡང་ཆོས་ཀྱི་རྒྱལ་པོ་ཟེར་གྱི་འདུག དེ་ལ་བྲོ་བ་དང་མྱངས་རྒྱུ་ཅི་ཡང་མིན་འདུག 

  16. སྐྱུ་རྩི། says:
    2011-05-26 at 12:55 am

    སུ་མ་ཏི་ལགས་བསྐྱངས་བསྐུམས་མཁས་པོ་འདུག

  17. ཨ་ཁུ་སྟོན་པ་ says:
    2011-05-26 at 5:01 am

    ༩༽ ཨ་ཁུ་སྟོན་པ་ནས། ཁྱེད་རང་གི་མཆན་བུ་དག་མཆན་ཐོབ་རྒྱུ་ལ་སྒུག་ཡོད།
    སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༥ གི་ཆུ་ཚོད་ ༤ སྐར་མ་ ༣༨

    -༈ གོང་གི་མཆན་བཀོད་པ་སུ་མ་ཏི་ལ་རྒྱབ་སྐྱོར་ཡོད། བོད་འབངས་ཡོངས་ལ་བཀའ་འདྲིན་ཆེ་བ་ཅེས་པ་ནི། དམིགས་བསལ་གྱིས་༧རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཁོ་ན་ཡིན། དེ་མིན་༧རྒྱལ་བ་གོང་མ་རྣམས་ཀྱིས་ཆོས་ལུགས་ལ་འཐེན་འཁྱེར་ཆེན་པོ་ཞེ་དྲག་གནང་ཡོད། ༧རྒྱལ་བ་སྐུ་ཕྲེང་ ༡༣ པ་གོང་གི་རྣམ་ཐར་དང་ཆོས་བརྒྱུད་ཁག་གི་ཆོས་བྱུང་ལོ་རྒྱུས་སོགས་ལ་གཟིགས་ནས་མཁྱེན་པར་གྱུར། དེར་བརྟེན་༧རྒྱལ་བ་རིམ་བྱོན་ཚང་མ་ལ་བོད་ཀྱི་ཆོས་ཀྱི་རྒྱལ་པོའི་གོ་གནས་ཕུལ་ན་ཐལ། གང་ལ་ཞུས་ན་༧རྒྱལ་བ་སྐུ་འཕྲེང་ ༡༥ པ་མན་ཆད་ཀྱིས་ཆོས་ལུགས་རིས་མེད་ཀྱི་བྱ་བ་ལ་བཞུགས་དང་མ་བཞུགས་ཀྱི་གདེངས་ཚོད་སུ་ལ་ཡོད། རང་རང་སོ་སོའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་དེ་ཆོས་བརྒྱུད་སོ་སོའི་༧སྐྱབས་མགོན་རྣམ་པའི་མ་འཐུས་པ་མེད། དེ་བཞིན་ཆོས་ལྡན་ལས་ཁུངས་ནང་ཆོས་བརྒྱུད་ལྔ་བོན་དང་བཅས་པའི་འཐུས་མི་འདམ་ནས་ཆོས་བརྒྱུད་དང་ཆོས་ལུགས་ཀྱི་བདེ་སྡུག་ཞུ་ས་དེ་ཆོས་ལྡན་ལས་ཁུངས་རང་གི་འགན་གནད་བཞེས་ན་མ་འགྲིག་མིན་འདུག། དེ་ལྟར་མ་གནང་ན་མ་འོངས་པར་དུས་ནམ་ཞིག་ན་ཆོས་བརྒྱུད་དམ་ཆོས་ཀྱི་རྒྱལ་པོ་དེའི་ཐོག་རྙོགས་འཛིང་ཡོང་རྒྱུ་ངེས་བརྟན་ཁེལ་བ་ཡིན། །དེར་བརྟེན་དུས་ད་ལྟ་ནས་སྦྱང་བཤད་གང་ཟབ་གནང་ཐུབ་ན་གང་བཟང་བཟང་ཡིན་པ་སྙམ།
    དེ་བཞིན་བོད་གཞུང་ནས་དགའ་ལྡན་ཕོ་བྲང་གི་ལོ་འཁོར་དུས་དྲན་སྲུང་བརྩི་ཞུ་བ་དེ་ཡང་དུས་ད་ནས་བཟུང་མཚམས་འཇོག་གནང་དགོས། གང་ལ་ཞུས་ན་༧ཐམས་ཅད་མཁྱེན་པ་༧གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་གི་གཞུང་དེ་མཇུག་སྒྲིལ་བསྒྲུབས་པ་ཡིན། དཔེར་ན་སྡེ་སྲིད་དང་ཕག་གྲུ་སོགས་ཀྱི་གོང་གི་སྲིད་གཞུང་བཞིན་ནོ།། མི་མང་རྣམ་པ་དགོངས་པ་རྒྱ་ཆེན་བཞེས་དགོས། ངེད་འདིར་གོང་དུ་བཀོད་པ་རྣམས་འགྲན་སེམས་དང་ཕྲག་དོགས་ཀྱིས་མ་ཡིན་པར་ལྷག་བསམ་རྣམ་དག་ཐོག་ནས་མ་འོངས་པར་མི་རབས་ནས་མི་རབས་ང་རང་ཚོའི་བོད་དེ་བརྟན་པོ་དང་ཆོས་སྲིད་གཉིས་ཀའི་ལས་དོན་ཕུལ་དུ་ཕྱིན་པ་ཡོང་བའི་ཆེད་དུ་ཡིན།།
    ཐུགས་རྗེ་ཆེ།། བོད་རྒྱལ་ལོ།། །།

  18. སློབ་དཔོན་ཀརྡོ་ says:
    2011-05-26 at 5:43 am

    དུས་བབ་ལས།
    ༸གོང་ས་མཆོག་གིས། “དེ་བས་ད་ལྟའི་ང་ཚོའི་སྒྲིག་འཛུགས་འདི་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས། “གངས་ལྗོངས་རང་དབང་དམངས་གཙོའི་སྒྲུག་འཛུགས” ཡང་ན། “ གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ལྟ་བུ་ཞིག་བཏགས་པ་ཡིན་ན། བོད་གཞིས་བྱེས་གཉིས་ཀ་མཚོན་གྱི་ཡོད་པ་རེད།”
    དེས་ན།
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲུག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲུག་འཛུགས” རྒྱལ་གྱུར་ཅིག །
    འདི་ངེས་པར་དུ་འཁོད་དགོས་འདུག་ལགས། །དགེའོ། དགེའོོ། དགེའོོོ།། །།
    མིང་འདི་ལ་རྟེན་འབྲེལ་བཟང་ཞིང་ཟབ་བརླིང་བབ་གསུམ་ཡོད་པས་ངེས་པར་དུ་མཚན་འདི་རང་ལ་ཐག་གཅོད་ཅི་ནས་ཡོངས་བ་མཁྱེན། མཁྱེེན། མཁྱེེེན། ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས།

  19. Gonpo says:
    2011-05-26 at 7:22 am

    ཐམས་ཅད་མཁྱེན་པ་ལས་རྒན་ཡོལ་གནང་སོ།

    བོད་གཞུང་ཡང་གསུངས་སོང་།
    དམངས་གཙོའི་སྒྲིག་འཛུགས་ཡང་གསུང་སོང་།
    ཕྱི་སྡོད་གུང་ཁྲན་ཏང་གི་སྒྲིག་འཛུག་ཟེར་ན་ཡག་ཤོས་རེད།

  20. Gonpo says:
    2011-05-26 at 7:22 am

    ཐམས་ཅད་མཁྱེན་པ་ལས་རྒན་ཡོལ་གནང་སོ།

    བོད་གཞུང་ཡང་གསུངས་སོང་།
    དམངས་གཙོའི་སྒྲིག་འཛུགས་ཡང་གསུང་སོང་།
    ཕྱི་སྡོད་གུང་ཁྲན་ཏང་གི་སྒྲིག་འཛུག་ཟེར་ན་ཡག་ཤོས་རེད།

  21. གཅན་བཟོད་རྒྱམ། says:
    2011-05-26 at 7:31 am

    མགོན་པོ་ལགས། དེ་འདྲ་རང་ད་གསུང་རྒྱུ་ཨེ་ཡོད་ན། བོད་ཀྱི་དུས་བབ་དང་བཙན་བྱོལ་བོད་གཞུང་གི་དྲ་རྒྱ་སོགས་ན་གནས་ཚུལ་ཧ་ཅང་ཁ་གསལ་གཏིང་གསལ་བཀོད་འདུག་ན། དེ་ཚོར་གཟིགས་ཙམ་གནང་རྗེས་གསུང་སྐད་སྐྱོན་ན་འགྲིག་ས་རེད། (ཕྱི་སྡོད་གུང་ཁྲན་ཏང་གི་སྒྲིག་)ལྟ་བུ་རང་གིས་རང་གི་གཞུང་ལ་འཕྱ་དམོད་བྱས་ན་ཡག་པོ་མི་འདུག སྐད་ཆ་འདི་ཚོ་རྒྱ་དམར་པོའི་སྐད་ཆ་ལས་ཀྱང་ཐུ་བ་འདུག་སྙམ།

  22. གཅན་བཟོད་རྒྱམ། says:
    2011-05-26 at 7:33 am

    དུས་བབ་ནས་ཟུར་འདོན་ཙམ་ཞུས་ན་འདི་ལྟར།

    ༧གོང་ས་མཆོག་གིས་ད་དུང་། སྔོན་མ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག བོད་རིགས་རྒྱ་ཆེའི་མི་མང་གིས་ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད། ཅེས་པའི་སྐད་ཆ་ཞིག་བྱུང་བ་རེད། སྐད་ཆ་དེ་ལ་བརྟེན་ཏེ། ད་ལྟའི་གནས་སྟངས་འདི་ལའང་མ་འོངས་པར་དཀའ་ངལ་འཕྲད་མི་སྲིད་པ་མ་རེད། ཅེས་གསུངས་སོང་ལ། ཁོང་གིས། དེ་བས་ད་ལྟའི་ང་ཚོའི་སྒྲིག་འཛུགས་འདི་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས། “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” ཡང་ན། “ གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ལྟ་བུ་ཞིག་བཏགས་པ་ཡིན་ན། བོད་གཞིས་བྱེས་གཉིས་ཀ་མཚོན་གྱི་ཡོད་པ་རེད། ཅེས་གསུངས་སོང་།

  23. གཅན་བཟོད་རྒྱམ། says:
    2011-05-26 at 7:35 am

    དྲ་ཐག་འདི་ནས་༸གོང་ས་མཆོག་གིས་བོད་སྤྱི་དོན་ལ་དགོངས་པ་ཇི་ལྟར་བཞེས་ཕྱོགས་དང་སྐུལ་ངལ་ཏུགས་འཁུར་ཅི་ཙམ་བྱེད་བཞིན་པ་མཁྱེན་ཐུབ་ཀི་རེད། དེ་བས་ཕར་ཙམ་ཞིག་ནས་བསྡད་དེ་སྐད་ཆ་ཚོད་མེད་དེ་འདྲ་མ་གསུང་ན་ཡག་པོ་འདུག་ཅེས་བསམ་པ་རྣམ་དག་གིས་རེ་བ་ཞུས་པ་ཡིན།
    http://www.tibettimes.net/news.php?showfooter=1&id=4476

  24. yum says:
    2011-05-26 at 8:03 am

    “གངས་ལྗོངས་རང་དབང་དམངས་གཙོ་ཕྱི་སྡོད་གུང་ཁྲན་བོད་ས་གནས་གཞུང་”

  25. yum says:
    2011-05-26 at 8:11 am

    “གངས་ལྗོངས་ རང་དབང་ དམངས་གཙོ་ ཕྱི་སྡོད་ གུང་ཁྲན་ ས་གནས་ རྒྱ་གར་ བོད་གཞུང་”

  26. གཅན་བཟོད་རྒྱམ། says:
    2011-05-26 at 8:13 am

    རེད་རེད། ཁྱོད་ཀྱང་སྙིང་ཁམས་ཅན་ཞིག་ཡིན་ས་རེད། “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” ཡང་ན། “ གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ལྟ་བུ་ཞིག་བཏགས་པ་ཡིན་ན། བོད་གཞིས་བྱེས་གཉིས་ཀ་མཚོན་གྱི་ཡོད་པ་རེད། ཅེས་འདི་གཉིས་གང་ལེགས་དཔྱོད་དགོས་པའི་དགོངས་པ་༸གོང་ས་མཆོག་གིས་གནང་བ་རེད།
    བསམ་གཟས་ནས་ཚིག་དེ་འདྲ་བཤད་པ་ཙམ་གྱིས་ཀྱང་མགོན་པོ་གང་གི་གསུང་ལ་རྒྱབ་འགལ་བྱས་པ་མ་ཡིན་ནམ། བསོད་ནམས་ཆེན་པོ་རེད་ཡ།

  27. yum says:
    2011-05-26 at 8:39 am

    ༧གོང་ས་མཆོག་གི་དགོངས་པ་དང་དགོངས་གཞི་ནི་ཁ་གསལ་གཏིང་གསལ་ཁྲིམས་མཐུན་དགོས་པ་དེ་ཡིན།

    “གངས་ལྗོངས་ རང་དབང་ དམངས་གཙོ་ ཕྱི་སྡོད་ གུང་ཁྲན་ ས་གནས་ བོད་གཞུང་ རྒྱ་གར་ སྒྲིག་འཛུགས”
    ལྟ་བུ་ཞིག་བཏགས་པ་ཡིན་ན།
    དང་པོ་༧གོངས་ས་མཆོག་གི་བཀའ་དང་མཐུན།
    གཉིས་པ་རྒྱ་གར་གཞུང་གི་ཁྲིམས་དང་མཐུན།
    གསུམ་པ་རྒྱ་ནག་ནས་གནོན་ཤུག་ཅི་ཡང་མི་འདུག

  28. yum says:
    2011-05-26 at 9:41 am

    ༧གོང་ས་མཆོག་གིས། གཞུང་ཟེར་བའི་ཚིག་འདི་བེད་སྤྱོད་གཏོང་རྒྱུ་ཡོད་པ་མ་རེད། ཁྱོད་ཚོས་གཟབ་གཟབ་གནང་དགོས་པ་རེད། ད་བར་ལོ་ངོ་ལྔ་བཅུ་ཕྱིན་པ་རེད། བོད་པ་ཚོ་སྣང་བ་དག་དྲགས་ཏེ། ད་དུང་ཡང་མུ་མཐུད་འདི་ལྟར་བསྡད་ན་འགྲིག་འགྲོ་རྒྱུ་རེད་བསམ་གྱི་ཡོད་པ་རེད། ང་ཚོ་རྒྱ་གར་གཞུང་གི་འོག་ཏུ་ཡོད་པ་རེད། གལ་སྲིད་གྲོས་ཚོགས་འཚོགས་བསྡད་ཡོད་པའི་སྐབས། ཁྱོད་ཚོའི་གྲོས་ཚོགས་སྒོ་རྒྱག་དགོས་ཟེར་ན་ག་རེ་བྱ་རྒྱུ་ཡིན། བཀའ་ཤག་སྒོ་རྒྱོབས་ཟེར་ན་ག་རེ་བྱ་རྒྱུ་ཡིན། དེའི་འགན་དེ་ངས་འཁུར་ཐུབ་པ་མ་རེད།

  29. གཅན་བཟོད་རྒྱམ། says:
    2011-05-26 at 10:27 am

    མཆན་བུ་འདི་རྩོམ་ཡིག་གཉིས་ཀྱི་གཤམ་ལ་བཀོད་ཡོད་པར་གཞིགས་ན་ཁྱོད་ཀྱིས་ཅིག་བཤད་ཡོད་དགོངས་ཡོད་དམ། ༸གོང་ས་མཆོག་གིས་དེ་ལྟར་གསུངས་པ་ཡིན་ན་ཁོང་གིས་(ང་མེད་པ་ནང་བཞིན་བྱོས་དང། ཡང་ཕ་ཟིག་དེར་ངས་བྱེད་དགོས་པ་འདྲ་བྱུང་ན་ང་ནི་ཡོད་ཡོད་པ་རེད།)ཟེར་བ་འདིའི་དགོངས་པ་ད་དུང་ཁྱོད་ཀྱིས་ལོན་མི་འདུག དེ་བས་༸གོང་ས་མཆོག་གི་ཐུགས་དགོངས་ཤེས་མདོག་གིས་༸གོང་ས་མཆོག་གི་ཚབ་ཏུ་སྐད་ཆ་བཤད་མདོག་མ་བྱས་ན་བཟང་སྙམ། གྲོགས་ཚོགས་དང་བཀའ་ཤག་སྒོ་རྒྱག་པའི་སེམས་ཁྲེལ་དེ་གང་ནས་སླེབས་སོང་། རྒྱ་གཞུང་གིས་བཤད་སོང་ངམ། རྒྱ་གར་གཞུང་གིས་རེ་འདོད་ན་དེ་འདྲ་ཞིག་འདུག་གམ། རྒྱ་ལ་དེ་འདྲ་བྱས་ཀྱང་༸གོང་ས་མཆོག་གིས་(དེའི་འགན་དེ་ངས་འཁུར་ཐུབ་པ་མ་རེད།)ཅེས་གསུང་གི་རེད་དམ།
    ཁྱོད་ཀྱིས་༸གོང་ས་མཆོག་ཚད་ངེས་ཅན་ཞིག་ལ་བཞག་འདུག་པས་བཀའ་དྲིན་ཆེ་ཞུའོ།།

  30. yum says:
    2011-05-26 at 10:51 am

    ངས༸གོང་ས་མཆོག་ཚད་ངེས་ཅན་ཞིག་ལ་བཞག་མེད། གཤམ་བཀོད་རྩོམ་ཡིག་ན་དེ་འདྲ་འདུག བཀའ་དྲིན་ཆེ།།
    http://www.tibettimes.net/news.php?showfooter=1&id=4476

  31. གཅན་བཟོད་རྒྱམ། says:
    2011-05-26 at 11:06 am

    འདི་ངས་ད་ནིང་ཞོགས་པ་ནས་བཀླགས་ཟིན་པ་ཡིན། བཀའ་དྲིན་ཆེ། ཡང་ན་ངའི་དོན་མ་གོ་བ་ཡིན་ནམ་སྙམ། གང་ལྟར་ཁྱོད་ཀྱིས་རྒྱ་དཀར་ནག་གི་སྐོར་དེ་ཚོ་མ་གསུང་རོགས། གཞན་ང་ལ་ཅང་བཤད་མེད།

  32. yum says:
    2011-05-26 at 2:52 pm

    བཙན་བྱོལ་བོད་གཞུང་ཞེས་པ་དེ་ནི་ཉིན་མ་ཁ་ཤས་ནང་ནས་འཛམ་གླིང་འདི་ནས་མཇུག་རྫོགས་གི་རེད་།
    http://www.youtube.com/watch?hl=en&v=iG_lNuNUVd4&gl=US

  33. སྐྱུ་རྩི། says:
    2011-05-27 at 2:33 am

    yum ལགས་དེ་འདྲའི་ཞེད་སྣང་ལ་མི་ཚེ་རིང་ན་་ལྷ་ཤི་བའི་རོ་མཐོང་ཞེས་པའི་དཔེ་ལྟར་ད་བལྟས་ངན་བརྒྱ་མཐོང་ས་རེད། ཉིན་ཤས་ནས་བཙན་བྱོལ་བོད་གཞུང་འཛམ་གླིང་འདི་ནས་མེད་པ་ཆགས་ན་གཞིས་ལུས་ས་ཡ་དྲུག་གི་དམར་ཆུང་སྙིང་ཁམས་ལ་རྨ་ཁ་བཟོ་ངེས་ལ། ང་ཡི་སྙིང་ཁོངས་རུས་པའི་གཏིང་གི་འདི་ཕྱི་གཉིས་ཀྱི་དགྲ་བོ་རྒྱ་དམར་གྱི་གདོང་ནས་རྒྱལ་ཁའི་འཛུམ་གདངས་སྟོན་སྲིད་ངས་དེ་འདྲ་མཐོང་འདོད་མི་འདུག དེ་རིང་ཤི་ན་ཤི་བ་རེད ་སང་ཉིན་ཤི་བ་རེད། ང་མ་ཤི་བར་དུ་བོད་རང་བཙན་ཡིན་ཞེས་ལབ་ཀྱི་ཡིན།
    མ་གཅིག་དཔལ་ལྡན་ལྷ་མོས་གཙོ་བྱས་པའི།
    གངས་ཅན་སྐྱོང་བའི་སྲུང་མའི་མཐུ་བོ་རྣམས།
    ནད་ཡམ་གདོན་དང་འབྱུང་པོའི་དགེག་ལ་སོགས།
    ལྟ་ངན་རྒྱ་བཅུ་རྩ་བཞིའི་སྒྱུ་འཕྲུལ་རྣམས།
    བསྟན་དགྲ་རྒྱ་དམར་ཁོ་ཡི་མགོ་ལ་རྒྱོབས།

  34. yum says:
    2011-05-27 at 4:11 am

    ཐུབ་པའི་བཀའ་ལུང་བསླུ་བ་མེད་པའི་མཐུས། །
    སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་སྡེར་གཏོགས་ཀུན། །

    སྡང་དང་གདུག་པའི་བློ་ངན་རབ་ཞི་ནས། །
    བླང་དོར་འབྱེད་པའི་བློ་མིག་མྱུར་ཐོབ་ཅིང་། །
    དུས་ཀྱི་རྒུད་པའི་མུན་པ་ཡོངས་སངས་ཏེ། །

    ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ། །
    འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ།

    རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །
    ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །
    ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། །
    སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། །

  35. ཟླ་བ་སིང་གེ says:
    2011-06-06 at 5:07 am

    ང་དེ་རིང་ནས་ཁ་བརྡ་ཚང་གི་གྲོགས་པོ་བྱ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme